CLOSE WINDOW

N197: 'phags pa rten cing 'brel bar 'byung ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བའི་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་ཞེས་བྱ་བའི་མདོ་རྫོགས་སོ།།།།རྒྱ་གར་སྐར་དུ།ཨཱརྱ་པྲ་ཏཱི་ཏྱ་ས་མུད་པཱ་ར་ནཱ་མ་མ་ཧཱ་ལཱ་ན་སཱུ་ཏྲ། ་བོད་སྐད་དུ།འཕགས་པ་རྟོན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་ན།ར་མོ་ནིག་ལྟ་བུའི་རྡོ་ལེབ་ལ་རྟ་ཐུལ་ལ་སོགས་པོ་ཉན་ཐོས་ཆེན་པོ ་རྣམས་དང་།འཕགས་པ་བྱམས་པ་དང་།འཕགས་པ་སྤྱན་རཱས་གཟིགས་དབང་ཕྱུག་དང་།ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་དང་།མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དང་།སྲེད་མེད་ཀྱི་བུ་དང་།དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ ་རྣམས་དང་།ལྷའི་དབང་པོ་བརྒྱ་བྱིན་དང་།དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན ་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟིར་ནས།པུས་མོ་གཡས་པའི་ལྷ་ང་རི་རབ་ཀྱི་རྩེ་མོ་ལ་བཙུགས་ཏེ།བཅོམ་ལྡན་འདས་ག ་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལྷ་འདི་དག་ནི་མཆོད་རྟེན་བགྱིད་པར་འཚལ་བ་ཤ་སྟག ་སྟེ།འཁོར་གྱི་དཀྱིལ་འཁོར་འདྲིར་མཆིས་ན།ཅི་ནས་ཚངས་པའི་བསོད་ནམས་འཕེལ་བ་དང་།ལྷ་དང་བཅས་པ་བདུད་དང་བཅས་པ།ཚངས ་པ་དང་བཅས་པའི་འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དྲག་བསོད ་ནམས་ཤིན་ཏུ་མུང་དུ་འཕེལ་བར་འགྱུར་བ་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་དུ་གསོལ།དེ་ནུས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ ་པར་འབྱུང་བའི་ཚིགས་སུ་བཅད་པ་བཀའ་སྩལ་པ།ཡེ་དྷརྨྨ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱ་ན་ཏ་ཐཱ་ག་ཏོ་ཧྱ་བ་དཏ།ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ།ཆོས་གང ་རྒྱུ་བྱུང་དེ་དག་གི།རྒྱུ་དང་དེ་འགོག་གང་ཡིན་པའང་།།དེ་བཞིན་གཤེགས་པས་བཀའ་སྩལ་ཏེ།།དགེ་སློང་ཆེན་པོས་དེ་སྐད་གསུངས།།སྤྱན་རས་གཟིགས ་དབང་ཕྱུག་འདི་ལྟ་སྟེ།རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ།སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས ་དེ་བཞིན་གཤེགས་པ་མཐོང་ངོ་།།སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ཕྱོགས་སུ ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ་སྲོག་ཤིང་ནི་ཁབ་ཙམ་གདུགས་ནི་བ་ཀུ་ལཱའི་མེ་ཏོག་ཙམ་ཞིག་བྱས་ལ།རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚོགས་སུ་བཙོང། ་པ་ནང་དུ་བཅུགི་ན་དེ་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ།འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དྲག་ཏུ་སྐྱེ་བར་འགྱུར་རོ།། ་དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་ནས་ཉན་ཐོས་དེ་དག་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དག།ལྷ་དང་མི་དང་།ལྷ་མ་ཡིན་དང་དྲི་ཟར་བཅས་པོའི ་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་མངོན་པར་བསྟོད་དོ།།འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ ་རྫོགས་སོ།།།ཡེ་དྷརྨྨ་ཧེ་ཏུ་པྲ་བྷ་བཱ་ཧྭེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ།ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ།སརྦྦ་བཱ་བཱ་སྱ་ཀ་རཱ་ཎི་ཀུ་ཤཱ་ལ་སྱོ ་བས་མ་པ་དམ།སྭ་ཙིཏྟཾ་པ་རི་ད་མ་ནུ་མེ་ཏཪྻུ་དྷཱ་ནུ་ཤཱ་ས་ནི་ཤུ་བྷ་མསྟུ་སརྦྦ་ཛ་ག་ཏཾ།རྒྱ་གར་སྐད་དུ།ཨཱརྱ་ཨཾ་གུ་ལི་མཱ་ལཱི་ཡཾ་ནཱ་མོ ་