| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ།ཨཱརྱ་ཤཱ་ལི་སམྦྷ་བ་ནཱ་མཱ་མ་ཧཱ་ཡཱ་ནཾ་སཱུ་ཏྲ།བོདྲ་སྐད་དུ།འཕགས་པ་སཱ་ལུའི་ལྗང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང ་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེའི་ཚེ་ན་ཚེ་དྲང་ལྡན་པ ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ཕྱོགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱ་བའི་གཏམ ་རྣམ་པ་མང་པོ་བྱས་ནས་འདུས་ཏེ་གཉིས་ཀ་རྡོལ་བ་ལ་འཁོད་དོ།།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས ་པ་ལ་འདི་སྐད་ཅེས་སྨྲས་སོ།།བྱམས་པ་དེང་འདིར་བཅོམ་ལྡན་འདས་ཀྱིས་སཱ་ལུའི་ལྟུང་བ་ལ་གཟིགས་ནས་དགེ་སློང་རྣམས་ལ་མདོ་འདི་གསུངས་སོ།།དགེ་སློང་དོག་སུམ ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།།སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་དེ་སྐད་བཀྲའ་སྩལ་ནས།བཅོམ་ལྡན་འདས་ཅང་མི ་གསུང་བར་གྱུར་ན་བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་སྡེའི་དོན་ནི་ཅི།རྟོན་ཅིང་འབྲེལ་བར་འབྱུང་བ་ནི་གང་།ཆོས་ནི་གང་།སངས་རྒྱས་ནི་གང་། ་ཇི་ལྟར་རྟེན་ཅིང་འབྲལ་བར་འབྱུང་བ་མཐོང་ན་ཆོས་མཐོང་།ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་།དེ་སྐད་ཅེས་སྨྲས་པ་དང་།བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།།བཙུན་པོ་ཤཱ་རིའི་བུ་འདི་ལ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བདག་པོ་ཐམས་ཅད་མཁྱེན ་པས་དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།།སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ ་བར་འབྱུང་བ་གང་ཞེ་ན།རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ།འདི་ཡོད་དམ་འདི་འབྱུང་ལ།འདི་སྐྱེས་པའི་ཕྱིར་འདྲི་སྐྱེ་བ་སྟེ།གང་འདི་མ་རིག་པའི་རྐྱེན་གྱིས ་འདུ་བྱེད་རྣམས།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས།མིང་དྲང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག།སྐྱེ་མཆོད་དྲུག་གི ་རྐྱེན་གྱིས་རེག་པ།རེག་པའི་རྐྱེན་གྱིས་ཚོར་བ།ཚོར་བའི་རྐྱེན་གྱིས་སྲེད་པ།སྲིད་པའི་རྐྱེན་གྱིས་ལེན་པ།ལེན་པའི་རྐྱེན་གྱིས་སྲིད་པ།སྲིད་པའི་རྐྱེན་གྱིས་སྐྱེ་བ།སྐྱེ་བའི ་རྐྱེན་གྱིས་རྒ་ཤི་དང་།མྱ་ངན་དང་།སྨྲེ་སྔགས་འདྲོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་རྣམས་འབྱུང་སྟེ།དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ། ་འབྲའ་ཞིག་པོ་འདི་འབྱུང་བར་འགྱུར་རོ།།དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག།རྣམ་པར་ཤེས་པ་འགགས་པས ་མིང་དང་གཟུགས་འགོག།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགོག།སྐྱེ་མཆེད་དྲུག་འགགས་པས་རིག་པ་འགག།རེག་པ་འགགས་པས་ཚོར་བ་འགག།ཚོར ་བ་འགགས་པས་སྲེད་པ་འགག།སྲེད་པ་འགགས་པས་ལེན་པ་འགག།ལེན་པ་འགགོས་པས་སྲིད་པ་འགག།སྲིད་པ་འགགས་པས་སྐྱེ་བ་འགག།སྐྱེ་བ་འགགས་པས་རྒ་ཤི ་དང་།མྱ་ངནྡ་དང་།སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདྲེ་བ་དང་།འཁྲུག་པ་རྣམས་འགག་པར་འགྱུར་ཏེ།དེ་ལྟར་སྡུག ་བརྟུལ་གྱི་བྱུང་བ་ཆེན་པོ་འདི་འཞིག་པ་འདིའི་གག་པར་འགྱུར་།འདུན་བཅོམ་ལྡན་འདས་ཀྱིས་སྦྱིན་མྦྷིང་འདུལ་པར་འབྱུང་བ་ཟླས་གསུངས་སོ།།རློས་གླེ་གིནྟུ། ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ།འདི་ལྟ་སྟེ།ཡང་དག་པའི་ལྟ་བ་དང་།ཡང་དག་པའི་རྟོག་པ་དང་།ཡང་དག་པའི་ངག་དང་།ཡང་དག་པའི་ལས་ཀྱི ་མཐའ་དང་།ཡང་དག་པའི་འཚོ་བ་དང་།ཡང་དག་པའི་རྩོལ་བ་དང་།ཡང་དག་པའི་དྲན་པ་དང་།ཡང་དྲག་པའི་ཏིང་ངེ་འཛིན་ཏོ།།འདི་ནི་འཕགས་པའི་ལམ་ཡིན། ་ལག་བརྒྱད་པ་ཞེས་བྱ་སྟེ།འབྲས་བུ་ཐོབ་པ་དང་མྱ་ངན་ལས་འདས་པ་གཅིག་ཏུ་བསྡུས་ཏེ།བཅོམ་ལྡན་འདས་ཀྱིས་ཆོས་སྔོ་ཞེས་བཀའ་སྩལ་ཏོ།།དེ་ལ་སངས་རྒྱས ་བཅོམ་ལྡན་འདས་གང་ཞེ་ན།སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ།དེས་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་།ཆོས་ཀྱི་སྐུ་དང་ལྡན ་པ་དང་།སློབ་པ་དང་མི་སློབ་པའི་ཆོས་དེ་དག་གཟིགས་པའོ།།དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན།འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟེན ་ཅིང་འབྲེལ་བར་འབྱུང་བ་རྟག་པ་དང་།སྲོག་མེད་པ་དང་།སྲོག་དང་བྲལ་བ་དང་།ཇི་ལྟ་བུ་ཉིད་དང་།མ་ནོར་བ་དང་།མཱ་སྐྱེས་པ་དང་།མ་བྱུང་བ་དང་།མ་བྱས་པ་དང་།། ་འདུས་མ་བྱས་པ་དང་།ཐོགས་པ་མེད་པ་དང་།དམིགས་པ་མེད་པ་དང་།ཞི་བ་དང་།འཇིགས་པ་མེད་པ་དང་།མི་འཕྲོགས་པ་དང་།རྣམ་པར་ཞི་བ་མ་ཡིན་པའི་རང།། ་བཞིན་དུ་མཐོང་བ་སྟེ།གང་གིས་ཚུལ་འདི་འདྲ་བར་ཆོས་ལའང་རྟག་པ།སྲོག་མེད་པ་དང་།སྲོག་དང་བྲལ་བ་དང་།ཇི་ལྟ་བུ་ཉིད་དང་།མ་ནོར་བ་དང་།མ་སྐྱེས་པ་དང་། ་མ་བྱུང་བ་དང་།མ་བྱས་པ་དང་།འདུས་མ་བྱས་པ་དང་།ཐོག་མ་མེད་པ་དང་།དམིགས་པ་མེད་པ་དང་།ཞི་བ་དང་།འཇིགས་པ་མེད་པ་དང་།མི་འཕྲོགས་པ་དང་།། ་རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེ་འཕགས་པའི་ཆོས་མངོན་པར་རྟོགས་ཏེ།ཡང་དག་པའི་ཡེ་ཤེས་དང་ལྡན་པས་བླ་ན་མེད་པའི་ཆོས་ཀྱི་སྐྱེར་སངས་རྒྱས ་མཐོང་ངོ་ཞེས་གསུངས་སོ།།སྨྲས་པ།ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ།སྨྲས་པ།རྒྱུ་དང་བཅས་རྐྱེན་དྲང་བཅས་པ་ལ་བྱའོ།རྒྱུ་མེད་རྐྱེན་མེད་པ་ལ་ནི ་མ་ཡིན་ཏེ།དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།།དེ་ལ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་མདོར་བསྡུས་ཏེ་བཀའ་སྩལ་པ་རྐྱེན་འདི།། ་ཉིད་ཀྱི་འབྲས་བུ་སྟེ།དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་།མ་བྱུང་ཡང་རུང་།ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའོ་ཞེས་བྱ་བ་ནས་གྲང ་འདྲི་ཆོས་ཉིད་དང་།ཆོས་གནས་པ་ཉིད་དང་།ཆོས་མི་འགྱུར་བ་ཉིད་དང་།རྟེན་ཅིང་འབྲེལ་པར་འབྱུང་བ་མཐུན་པ་དང་།དེ་བཞིན་ཉིད་དང་།མ་ནོར་བ་དེ ་བཞིན་ཉིད་དང་།གཞན་མ་ཡིན་པ་དེ་བཞིན་ཉིད་དང་།ཡང་དག་པ་ཉིད་དང་།བདེན་པ་ཁོ་ན་དང་།མ་ནོར་པ་ཉིད་དང་།ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི ་བར་དུ་གསུངས་སོ།།འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ།གཉིས་གང་ཞེ་ན།འདི་ལྟ་སྟེ།རྒྱུ་དང་འབྲེལ་བ་དང་།རྐྱེན་དང ་འབྲེལ་བའི་ཕྱིར་རོ།།དེའང་ཕྱིའི་དང་།ནང་གི་དང་རྣམ་པ་གཉིས་སུ་བལྟའོ་དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་བ་གང་ཞེ་ན།འདི་ལྟ་སྟེ།ས ་བོན་ལས་མྱུ་གུ།མྱུ་གུ་ལས་འདབ་མ།འདབ་མ་ལས་སྡོང་བུ།སྡོང་བུ་ལས་སྦུ་བུ།སྦུ་བུ་ལས་སྙིང་པོ།།སྙིང་པོ་ལས་མེ་ཏོག།མེ་ཏོག་ལས་འབྲས་བུའོ།ས ་བེན་མེད་ནི་མྱུ་གུ་མི་འབྱུང་སྟེ།མེ་ཏོག་མེད་ན་འབྲས་བུའི་བར་དུའང་མི་འབྱུང་ངོ་།།ས་བོན་ཡོད་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ།དེ་བཞིན་དུ་མེ་ཏོག་ཡོད་ན ་འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།།དེ་ལ་ས་བོན་ནི་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།།མྱུ་གུའང་འདི་སྙམ་དུ་བདག་ནི་ས ་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ།།དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། ་འབྲས་བུའང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད་ཀྱི།འོན་ཀྱང་ས་བོན་ཡོད་ན་མྱུ་གུ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ ་ནནུས་དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུའང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ།དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ།། ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བ་ཇི་ལྟར་བལྟ་ཞེ་ན།ཁམས་དྲུག་འདུས་པའི་ཕྱིར་ཏེ།ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན།འདི་ལྟ་སྟེ། ་སོ་དང་།ཆུ་དང་།མེ་དང་།རླུང་དང་།ནམ་མཁའ་དང་།དུས་ཀྱི་ཁམས་རྣམས་འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ།།དེ ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད་དོ།།ཆུའི་ཁམས་ནི་ས་བོན་བརླན་པའི་བྱ་བ་བྱེད་དོ།།མེའི་ཁམས་ནི་ས་བོན་ཡོངས་སུ་དྲོ་བའི་བྱ་བ་བྱེད་དོ།།རླུང་གི་ཁམས ་ནི་ས་བོན་འབྲུ་བའི་བྱ་བ་བྱེད་དོ།།ནམ་མཁའི་ཁམས་ནི་ས་བྲོན་ལྔ་མི་སྒྲིབ་པའི་བྱ་བ་བྱེད་དོ།།དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ།།རྐྱེན་འདི་རྣམས ་མེད་པར་ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པར་མི་འགྱུར་གྱི།ནམ་ཕྱི་རོལ་གྱི་སེའི་ཁམས་མ་ཚང་བ་མེད་པར་གྱུར་ལ་དེ་བཞིན་དུ་ཆུ་དང་།མེ་དང་།རླུང་དང་།ནམ ་མཁའ་དང་།དུས་ཀྱང་མ་ཚང་བ་མེད་པར་གྱུར་ཏེ།ཐམས་ཅད་འདུས་པ་ལས་ས་བོན་འགགས་པ་ན་དེ་ལས་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ།།དེ་ལ་སའི་ཁམས ་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།དེ་བཞིན་དུ་ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརླན་པར་བྱའོ་སྙམ་དུ་མི ་སེམས་སོ།།མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་སྭ་བོན་ཡོངས་སུ་དྲོ་བར་བྱའོ་སྙམ་དུ་མི་སེམས་སོ།།རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་འབུ་བར ་བྱའོ་སྙམ་དུ་མི་སྙེམས་སོ།།ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།དུས་ཀྱང་འདི་སྙམ་དུ་བདག་གིས ་སོ་བོནི་བསྒྱུར་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།།མྱུ་གུའང་འདི་སྙམ་དུ་བདག་ནི། ་རྐྱེན་འདི་དག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད་ཀྱི།འོན་ཀྱང་རྐྱེན་འདི་དག་ཡོད་ལ་ས་བོན་འགག་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ།།དེ་བཞིན ་དུ་མེ་ཏོག་ཡོད་ན་འབྲ་ལྟ་བུའི་བར་དུའང་མངོན་པར་འགྲུབ་པར་འགྱུར་ཏེ།མྱུ་གུ་དེའང་བདག་གིས་མ་བྱས།གཞན་གྱིས་མ་བྱས།གཉིས་ཀས་མ་བྱས།དབང་ཕྱུག ་གིས་མ་བྱས།དུས་ཀྱིས་མ་བསྒྱུར།རང་བཞིན་ལས་མ་བྱུང་།རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ།འོན་ཀྱང་ས་དང་།ཆུ་དང་།མེ་དང་།རླུང་དང་།ནམ་མཁའ་དང་།། ་དུས་ཀྱི་ཁམས་རྣམས་འདུས་ནས་ས་བོན་འགག་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ།དེ་ལྟར་ཕྱི་རོལ་གྱིས་རྟེན་ཅིང་འབྲེལ་པར་འགྱུར་བ་རྐྱེན་དང་འབྲེལ་བར་བལྟའོ།།། ་དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ།ལྔ་གང་ཞེ་ན།རྟག་པར་མ་ཡིན་པ་དང་།ཆད་པར་མ་ཡིན་པ་དང་།འཕོ་བར་མ་ཡིན་པ་དང་།རྒྱ་ཆུང ་དུལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པ་དང་།དེ་དང་འདྲ་བའི་རྒྱུད་ངུའོ།།ཇི་ལྟར་རྟག་པར་མ་ཡིན་ཞེ་ན།གང་གི་ཕྱིར་མྱུ་གུའང་གཞན་ལ་ས་བོན་ཡང་གཞན་ཏེ།མྱུ་གུ ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལ།ས་བོན་འགགས་པ་ལས་མྱུ་གུ་འབྱུང་བ་མ་ཡིན།མ་འགགས་པ་ལས་ཀྱང་མ་ཡིན་གྱི།ས་བོན་ཡང་འགག་ལ་དེ་ཉིད་ཀྱི་ཚེ་མྱུ་གུའང ་འབྱུང་སྟེ།དེའི་ཕྱིར་རྟག་པར་མ་ཡིན་ནོ།།ཇི་ལྟར་ཆད་པར་མ་ཡིན་ཞེ་ན།སྔོན་འགགས་པའི་ས་བོན་ལས་མྱུ་གུ་སྐྱེ་བ་མ་ཡིན།མ་འགགས་པ་ལྔས ་ཀྱང་མ་ཡིན་གྱི།ས་བོན་ཡང་འགག་ལ་དེ་ཉིད་ཀྱི་ཚེ་སྲང་མདྲའི་མཐོ་དམའ་བཞིན་དུ་མྱུ་གུ་སྐྱེ་བས་དེའི་ཕྱིར་ཆད་པར་མ་ཡིན་ནོ།།ཇི་ལྟར་འཕོ་བར་མ་ཡིན་ཞེ་ན།གང་གི ་ཕྱིར་མྱུ་གུའང་གཞན་ལ་ས་བོན་ཡང་གཞན།མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ།དེའི་ཕྱིར་འཕོ་བར་མ་ཡིན་ནོ།།ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན ་པར་འགྲུབ་ཅེ་ན།ས་བོན་ཆུང་ངུ་བཏབ་པ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པར་འགྱུར་ཏེ།དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ།།ས་བོན ་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་པས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ།དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་ལྟར་བལྟའོ།།དེ་བཞིན ་དུ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའང་གཉིས་ཀྱི་ཕྱིར་འབྱུང་སྟེ།གཉིས་གང་ཞེ་ན།འདི་ལྟ་སྟེ།རྒྱུ་དང་འབྲེལ་པ་དང་།རྐྱེན་དང་འབྲེལ་པའོ།།དེ་ལ་ནང་གི་རྟེན ་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བ་གང་ཞེ་ན།གང་འདི་མི་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུའོ།།གལ་ཏེ། ་མ་རིག་པ་མ་བྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན་པ་ཞིག།དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུའང་མི་མངོན་པ་ཞིག་ན།འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད ་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།།དེ་ལ་མ་རིག་པའང་འདྲ་སྙམ་དུ་བདག་གིས་འདུ་བྱེད་རྣམས ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།།འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་དེ་བཞིན་དུ་སྐྱེ་བའང ་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་ཤིང་།རྒ་ཤིའང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བོར་དུ་སྟེ། ་འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས་དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འབྱུང་བར ་འགྱུར་ཏེ།དེ་ལྟར་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ།།ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་བལྟ་ཞེ་ན།ཁམས ་དྲུག་འདུས་པའི་ཕྱིར་ཏེ།ཁམས་དྲུག་པོ་གང་དགེ་འདུས་པའི་ཕྱིར་ཞེ་ན།འདི་ལྟ་སྟེ།ས་དང་།ཆུ་དང་།མེ་དང་།རླུང་དང་།ནམ་མཁའ་དང་།རྣམ་པར་ཤེས ་པའི་ཁམས་རྣམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ།།དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སའི ་ཁམས་གང་ཞེ་ན།གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ།།གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི ་ཁྲིམས་ཞེས་བྱའོ།།གང་ལུས་ཀྱིས་ཟོས་པ་དང་།འཐུངས་པ་དང་།འཆོས་པ་དང་།མྱངས་པ་རྣམས་འཇུ་བར་བྱུང་པ་འདི་ནི་མེའི་ཁམས་ཞེས་བྱའོ།།གང་ལུས ་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ།།གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནེམ་མཁའི་ཁམས་ཞེས་བྱའོ།།གང་མདུང ་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་།ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ ་པར་ཤེས་པ་གང་ཡིན་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།།རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི།ནམ་ནང་གི་སའི་ཁམས་ཚང་ཞིང་དེ ་བཞིན་དུ་ཆུ་དང་།མེ་དང་།རླུང་དང་།ནམ་མཁའ་དང་།རྣམ་པོར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ལ།ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར ་འགྲུབ་པར་འགྱུར་རོ།།དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།།ཆུའི་ཁམས་ཀྱང་འདི།། ་སྙམ་དུ་བདག་གིས་ལུས་ཀྱི་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།མོའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ཟོས་པ་དང་།འཐུངས་པ་དང་།འཆོས་པ་དང་། ་མྱངས་པ་རྣམས་འཛུ་བར་བྱའོ་སྙམ་དུ་མི་སོམས་སོ།།རླུང་གི་ཁམས་ཀྱང་འདི་སྙམ་དུ་བདུག་གིས་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།ནམ ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ནང་སྦུབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ།།རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི ་མིང་དང་གཟུགས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།།ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དྲག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི།འོན་ཀྱང་རྐྱེན་འདི ་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ།།དེ་ལ་སཱིའི་ཁམས་ནི་བདག་མ་ཡིན།སེམས་ཅན་མི་ཡིན།སྲོག་མ་ཡིན།སྐྱེ་བྲོ་མ་མ་ཡིན།ཤེད་ལས་སྐྱེས་པ་མ་ཡིན།ཤིང་བུ ་མ་ཡིན།བུད་མོད་མ་ཡིན།སྐྱེས་པ་མ་ཡིན།མ་ནིང་མ་ཡིན།ང་མ་ཡིན།བདག་གི་མ་ཡིན་ཏེ།གཞན་སུའི་ཡང་མ་ཡིན་ནོ།།དེ་བཞིན་དུ་ཆུའི་ཁམས་དང་། ་མེའི་ཁྱམས་དང་།རླུང་གི་ཁམས་དང་།ནམ་མཁའ་ཁམས་དང་།རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན།སེམས་ཅན་མ་ཡིན།། ་སྲོག་མ་ཡིན།སྐྱེ་བ་པོ་མ་ཡིན།ཤེད་ལས་སྐྱེས་པ་མ་ཡིན།ཤེད་བུ་མ་ཡིན།བུད་མེད་མ་ཡིན།སྐྱེས་པ་མ་ཡིན།མ་ནིང་མ་ཡིན།ད་མ་ཡིན།བདག ་གྲི་མ་ཡིན།གཞོན་སུའི་ཡང་མ་ཡིན་ནོ།།དེ་ལ་མ་རིག་པ་གང་ཞེ་ན།ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་།རིལ་པོར་འདུ ་ཤེས་པ་དང་།རྟག་པར་འདུ་ཤེས་པ་དང་།བརྟན་པར་འདུ་ཤེས་པ་དང་།ཐེར་ཟུག་ཏུ་འདུ་ཤེས་པ་དང་།བདེ་བར་འདུ་ཤེས་པ་དང་།བདག་ཏུ་འདུ་ཤེས ་པ་དང་།སེམས་ཅན་དང་།སྲོག་དང་།སྐྱེ་བ་པོ་དང་།གསོ་བ་དང་།སྐྱེས་བུ་དང་།གང་ཟག་ཏུ་འདུ་ཤེས་པ་དང་།ཤེད་ལས་སྐྱེས་པུ་དང་།ཤིད་བུར ་འདུ་ཤེས་པ་དང་།ང་ཞེས་བྱ་བ་དང་།བདག་གི་ཞེས་བྱ་བར་འདུ་ཤེས་པོ་སྟེ།འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ།།། ་དེ་ལྟར་མ་རིག་པ་ཡོང་བས་ཡུལ་རྣམས་ལ་འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་འཇུག་སྟེ།དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་།ཞེ་སྡང་དང་།གཏི ་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།།དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ།།རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང ་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགས་སོ།།མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ།ཆོས་གསུམ་འདུས་པ་ནི་རེག ་པའོ།།རེག་པ་མྱོང་བ་ནི་ཚོར་བའོ།།ཚོར་བ་ལ་ཞེན་པ་ནི་སྲེད་པའོ།།སྲིད་པ་འཕེལ་བ་ནི་ལེན་པའོ།།ལེན་པ་ལྟོས་སྐྱེས་པའང་བསྐྱེད་པའི་ལས་ནི་སྲིད་པའོ།།རྒྱུ ་དེ་ལས་ཕུང་པོ་བྱུང་བ་ནི་སྐྱེ་བའོ།།སྐྱེས་ནས་ཕུང་པོ་སྨིན་པཱ་ནི་རྒ་བའོ།།རྒས་ནས་ཕུང་པོ་ཞིག་པ་ནི་འཆི་བའོ།།འཆི་ཞིང་མྱོས་ཏེ་མངོན་པོར་ཆགུས་པ་དང་བཅས་པའི་ནང ་གི་ཡོངས་སུ་གདུང་བ་ནི་མྱ་ངན་རྟོ།།མྱོ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ།།རྣམ་པར་ཤེས་པ་ལྔའི་ཚུགས་དང་ལྡན་པའི་མི་བདྲེ་བ་མྱོང་བ་ན་སྡུག ་བསྔལ་ལོ།།ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ།།གཞན་ཡང་འདི་ལྟ་བུ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུགས ་པ་ཞེས་བྱའོ།།དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པོའི།།མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ།།རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ།།རྟེན་པའི་ཕྱིར། ་མིང་དང་གཟུགས་སོ།།སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ།རེགུ་པའི་ཕྱིར་རེག་པའོ།།མྱོང་བའི་ཕྱིར་ཚོར་བའོ།།སྐོམ་པའི་ཕྱིར་སྲེད་པའོ།།ཉེ་བར ་ལེན་པའི་ཕྱིར་ལེན་པའོ།།ཡང་སྲིད་པ་སྐྱེ་བོའི་ཕྱིར་སྲིད་པའོ།།ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ།།ཕུང་པོ་སྨོན་པའི་ཕྱིར་རྒ་བའོ།།འཇིག་པའི་ཕྱིར་འཆི་བའོ།།མྱ་ངན ་བྱེད་པའི་ཕྱིར་མྱ་དྲན་ཏོ།།ཚིག་གིས་སྨེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།།ལུས་ལ་གནོ་དྲ་བའི་ཕྱིར་སྡུག་བལྡིལ་ལའོ།།སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ།། ་ཉོན་མོངས་པའི་ཕྱིར་འཁྲུག་པའོ།།གཞན་ཡང་དེ་ཁོ་ན་མི་རྟོག་མ་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མི་རིག་པའོ།།དེ་ལྟར་མ་རིག་པ་ཡོད་ནོ་འདུ་བྱེད་རྣམ་གསུམ ་མངོན་པར་འགྲུབ་སྟེ།བསོད་ནམས་སུ་ཉེ་བར་འགྲོ་བ་དང་།བསོད་ནམས་མ་ཡིན་པར་ཉོ་བར་འགྲོ་བ་དང་།མི་གཡོ་བར་ཉེ་བར་འགྲོའོ།།དེ་ལ་བསོད་ནམས་སུ་ཉེ་བར ་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་།བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས ་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་།མི་གཡོ་བར་ཉེ་བར་འབྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ ་ཉིད་དུ་འགྱུར་བ་འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།།རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་དང་།གཟུགས ་གྲང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱར།།མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ཞེས་བྱ་བ་བྱེད་པ་རྣམས་འབྱུང་སྟེ།། ་དེདྲི་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ།།སྐྱེ་མཆུང་དྲུག་པོ་དག་ལ་རེག་པའི་ཚོགས་དྲུག་འབྱུང་སྟེ།དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རིག་པ་ཞེས་བྱའོ།། ་ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟར་བུར་ཚོར་བ་འབྱུང་སྟེ།དྭེ་ནི་རེག་པའི་རྐྱེན་གྱིས་ཚོར་བུ་ཞེས་བྱའོ།།ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་།མངོན་པར་དགའ་བ་དང་།ལྷག ་པར་ཞེན་པ་དང་།ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།།མྱོང་བ་དང་།མངོན་པར་དགའ་བློ་དང་།ལྷག་པུར་ཞེན་པུ་དང་།ལྷག་པར ་ཞེན་ནས་འདུག་པ་ལས་བདག་སྡུག་པའི་ངོ་བོ་དང་།བདེ་བའི་ངོ་བོ་དང་འབྲལ་བར་མ་གྱུར་ཅིག་སྙམ་དུ་ཡོངས་སུ་མི་གཏོང་བ་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ ་ཞེས་བྱའོ།།དེ་ལྟར་སྨོན་ཅིང་ཡང་སྲིད་པ་བསྐྱེད་པའི་ལས།ལུས་དང་།ངག་དང་།ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལོན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།།ལས་དེ ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།།སྐྱེས་ནས་མངོན་དུ་འགྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ ་བ་ཡོངས་སུ་སྨིན་པ་དང་།འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ།།དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི ་རྒྱུ་གཞན་དང་གཞན་ལས་བྱུང་བ།རྐྱེན་གཞན་དང་གཞན་ལས་བྱུང་བ།རྟག་པ་མ་ཡིན།མི་རྟག་པ་མ་ཡིན།འདུས་བྱོས་མཱ་ཡིན།འདུས་མ་བྱས་མ་ཡིན།རྒྱུ་མེད ་པ་མ་ཡིན།རྐྱེན་མེད་པ་མ་ཡིན།མྱོང་བ་ཡོད་པ་མ་ཡིན།ཟད་པའི་ཆོས་མ་ཡིན།འཇིག་པའི་ཆོས་མ་ཡིནི།འགོག་པའི་ཆོས་མ་ཡིན་ཏེ།ཐོག་མ་མེད་པའི ་དུས་ནས་ཞུགས་པ།རྒྱུན་མ་ཆད་པར་ཀླུང་གི་རྒྱན་བཞིན་དུ་རྗེས་སུ་ཞུགས་པའོ།།རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་རྒྱུ་གཞན་དང ་གཞན་ལས་བྱུང་བ།རྐྱེན་གཞན་དང་གཞན་ལས་བྱུང་བ།རྟག་པ་མ་ཡིན།མི་རྟག་པ་མ་ཡིན།འདུས་བྱོས་མ་ཡིན།འདུས་མ་བྱས་མ་ཡིན།རྒྱུ་མེད་པ་མ་ཡིན།། ་རྐྱེན་མེད་པ་མ་ཡིན།མྱོང་བ་ཡོད་པ་མ་ཡིན།ཟདདེ་པའི་ཆོས་མ་ཡིན།འཇིག་པའི་ཆོས་མ་ཡིན།འགོག་པའི་ཆོས་མ་ཡིན་ཏེ།ཐོག་མ་མེད་པའི་དུས་ནས་ཞུགས་པ།། ་རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་མོད་ཀྱི།འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་བང་བྱ ་པོའི་རྒྱུར་འགྱུར་རོ།།བཞི་གང་ཞེ་ནརྀ།འདི་ལྟ་སྟེ།མ་རེག་པ་དང་།སྲེད་པ་དང་།ལས་དང་།རྣམ་པར་ཤེས་པའོ།།དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞོད་གྱིས ་རྟ་བྱེད་དོ།།ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་དོ།།མ་རིགུ་པུ་དྲང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ།།དེ་ལ་ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ ་པིར་ཤེས་པ་སྐྱེད་དོ།།དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ།།སྒྲེང་བ་ནི་ས་བོན་རྣམ་པར་ཤེས་པ་བརླན་པར་བྱེད་དོ།།མ་རིག་པ་ནི་ས་བོན་རྣམ་པར ་ཤེས་པ་འདེབས་ཏེ།རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ།།དེ་ལ་ལས་ཀྱང་འདྲི་སྙམ་དུ་བདག་གིས་སྔ་བོན་རྣམ་པར་ཤེས་པའི་ཞིང ་གྲི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།སྲེད་པའང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ།།མ་རིག་པའང་འདི་སྙམ་དུ་བདག ་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས་སོ།།ས་བོན་རྣམ་པར་ཤེས་པའང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ།འོན ་ཀྱང་ས་བློན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་པ།སྲེད་པའི་རླན་གྱིས་བརླན་པ།མ་རིག་པའི་ལུས་ཀྱིས་བྲན་པ།སྐྱེ་བ་ན་སྐྱེ་བའི་གནས་ཉིད ་མཚམས་སྦྱོར་བ།མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ།མིང་དང་གཟུགས་ཀྱི་མྱུ་གུ་དེའདྲ་བདག་གིས་མ་བྱས།གཞན་གྱིས་མ་བྱས།། ་གཉིས་ཀས་མ་བྱས།དབང་ཕྱུག་གིས་མ་བྱས།དུས་ཀྱིས་མ་བསྒྱུར།རང་བཞིན་ལས་མ་བྱུང་།བྱེད་པ་ལ་རག་ལས་པ་མ་ཡིན།རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ།འོན ་ཀྱང་ཕ་དང་མ་ཕྲད་པ་དང་།ཟླ་མཚན་དང་ལྡན་པ་དང་།རྐྱེན་གཞན་ཡང་འཚོགས་ན་བདག་པོ་མེད་པའི་ཆོས།བདག་གི་མེད་པ།འཛིན་པ་མེད་པ།ནམ་མཁའ་དྲང ་མཚུངས་པ།སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིད་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་པའི ་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ།།འདི་ལྟ་སྟེ།མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ།ལྔ་གང་ཞེ་ན།མིག་ལཱ་བརྟེན ་པ་དང་།གཟུགས་དང་།སྣང་བ་དང་།ནམ་མཁའ་དང་།དེ་སྐྱེད་པའི་ཡིད་ལ་བྱེད་པ་ལའང་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་།།དེ་ལ་མིག་ནི་མིག་གི ་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ།།གཟུགས་ནི་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱེད་དོ།།སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ།།ནམ་མཁའ་ནི་མི་སྒྲིབ་པའི་བྱ་བ ་བྱེད་དོ།།དེ་དང་འབྱུང་བ་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ།།རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི།གང་གི་ཚེ་ནང་གི་སྐྱེ་མཆེད་མིགོ་མ ་ཚང་བར་མ་གྱུར་ལ།དེ་བཞིན་དུ་གཟུགས་དང་།སྣང་བ་དང་།ནམ་མཁའ་དང་།དེ་དང་འབྱུང་བ་ཡིད་ལ་བྱེད་པ་དྲག་མ་ཚང་བར་མ་གྱུར་ཏེ།ཐམས་ཅད་འདུས་པོ་དེ་ལས་མིག་གི ་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ།།དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མ་སེམས་སོ།།གཟུགས་ཀྱང་འདི་སྙམ་དུ་བདག ་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།སྣང་བའང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི ་སེམས་སོ།།ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།དེ་དང་འབྱུང་བའི་ཡིད་ལ་བྱེད་པའང་འདི་སྙམ་དུ ་བདག་གིས་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།།མིག་གི་རྣམ་པར་ཤེས་པའང་འདི་སྙམ་དུ་བདག་ན་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ ་མི་སེམས་ཏེ།འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ།།དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ཀྱང་ཅི་རིགས་སུ་སྦྱར་རོ།། ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི།རྒྱུ་དང་རྐྱེན་མོ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པའང་ཡོད་དོ།།འདི་ལྟ་སྟེ། ་དཔེར་ན་རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བའང་བཞིན་མེ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོད་ཀྱི།རྒྱུ་དང་རྐྱེན་མ་ཚང་བ་མེད ་པའི་ཕྱིར་བཞིན་དུ་མངོན་པའང་ཡོད་དོ།།དེ་བཞིན་དུ་འདི་ནས་ཀྱང་སུའང་ཤི་འཕོས་པ་མེད་ལ་གཞན་དུའང་མ་སྐྱེས་ཏེ།རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར ་ལས་ཀྱི་འབྲས་བུ་མངོན་པའང་ཡོད་དོ།།འདི་ལྟ་སྟེ།དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ།འོན་ཀྱང་སྣོད་ཆུད་ངུ་ཆུས་གྲང་བར་ཟླ ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བའང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནསྔ་མ་འཕྲོས་ཏེ།སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བའང་མེད་མེད་ཀྱི།རྒྱུ་དང་། ་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པའང་ཡོད་དོ།།དེ་བཞིན་དུ་འདི་ནས་ཀྱང་སུའང་ཤི་འཕོས་པ་མེད་ལ་གཞན་དུའང་མ་སྐྱེས་མོད་ཀྱི།རྒྱུ ་དང་རྐྱེན་རྣམས་མ་ཆང་བ་མེད་པའི་ཕྱིར་ལུས་ཀྱི་འབྲས་བླ་མངོན་པ་འང་ཡོད་དོ།།འདི་ཝཱཿ།དཔེར་ན་མི་ནི་རྒྱུ་དངདུ་རྟེན་མཚ་ན་མི་འབྱུ་རྒྷ་དང་ནནུ་འཇིགས་པ་ལས་ང། ་རོ།།དེ་བཞིན་དུ་བདྲག་པོ་མེད་པའོ་ཆོས།བདག་གི་མེད་པ།འཛིན་པ་མེད་པ།ནམ་མཁའ་དང་མཚུངས་པ།སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་ནྡྷ་དང་རྐྱེན་རྣམས ་མཚུང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པ་མིང་དང་གཟུགས་ཀྱི་མྱུ་གུ ་མངོན་པར་འགྲུབ་སྟེ།དེ་ལྟར་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ།།དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ།ལྔ་གླང་ནི ་ན།རྟག་པར་མ་ཡིན་པ་དང་།ཆུད་པར་མ་ཡིན་པ་དང་།འཕོ་བར་མ་ཡིན་པ་དང་།རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་།དེ་དང་འདྲ་བའི་རྒྱུང་ངུའོ།།ཇི་ལྟར ་རྟག་པར་མ་ཡིན་ཞེ་ན།གང་གི་ཕྱིར་ཐ་མཱའི་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ།སྐྱེ་བོའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ།ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་རྗེ ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་གྱི།ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགོག་ལ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན ་ནོ།།ཇི་ལྟར་ཆུད་པར་མ་ཡིན་ཞེ་ན།ཐ་མའི་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན། ་མ་འགགས་པ་ལས་ཀྱང་མ་ཡིན་གྱི།ཐ་མྲའི་འཆི་བའི་ཕུང་པོ་རྣམས་འགགས་ལ།དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོ་དམའ་བཞིན་འབྱུང ་བར་འགྱུར་ཏེ།དེའི་ཕྱིར་ཆུད་པར་མ་ཡིན་ནོ།།ཇི་ལྟར་འཕོ་བར་མ་ཡིན་ཞེ་ན།སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་མངོན་པར་སྒྲུབ ་པས་དེའི་ཕྱིར་འཕོ་བར་མ་ཡིན་ནོ།།ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན།ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། ་དྲིདེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པུར་འགྲུབ་བོ།།ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི ་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ།།བཙུན་པ་ཤཱ་རིའི་བུ་རྟུན་ཅིང་འབྲེལ་པར་འབྱུང་བ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པའི་དྲི་གང་ལི་ལ་ཞིག་གིས་ཡང ་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པ་དང་།སྲོག་དང་བྲལ་བ་དང་།ཇི་ལྟ་བུ་ཉིད་དང་།མ་ནོར་བ་དང་། ་མ་སྐྱེས་པ་དང་།མ་བྱུང་བ་དང་།མ་བྱས་པ་དང་།འདུས་མ་བྱས་པ་དང་།ཐོགས་པ་མེད་པ་དང་།དམིགས་པ་མེད་པ་དང་།ཞི་བ་དང་།འཇིགས་པ་མྱེད་པ ་དང་།མི་འཕྲོགས་པ་དང་།ཟད་པ་མེད་པ་དང་།རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དང་།མེད་པ་དང་།གསོག་དང་།གསོབ་དང་།སྙིང་པོ་མེད ་པ་དང་།ནད་དང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དྲང་།བདག་མེད་པར་ཡང་དག་པར་རྗེས་སུ་མཐོང ་བ་དེ་ནི་ཅི་བདག་འདས་པའི་དུས་ན་འབྱུང་བ་ཞིག་གམ།འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག།བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག།བདག་འདས་པའི་དུས ་ན་ཇི་ལྟ་བུར་གྱུར་པ་ཞིག་གུ་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག་གོ།ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ།འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར།མ ་འོངས་པའི་དུས་ན་ཅིར་འགྱུར།མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་མི་རྟོག་གོ།འདི་ཅི་ཞིག།འདི་ཇི་ལྟ་བུ་ཞིག།ཅི་ཞིག་ཡོད།ཅིར་འགྱུར།། ་སེམས་ཅན་འདི་དག་གང་ནས་འོངས།འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལའང་མི་རྟོག་གོ།འཇིག་རྟེན་ན་དགེ་སྦྱོང་ངམ།བྲམ་ཟེ་དག ་གི་ལྟ་བར་སོང་བ་ཐ་དད་པ་གང་དག་ཡོད་པ་འདི་ལྟ་སྟེ།བདག་ཏུ་སྨྲ་བ་དང་ལྡན་པའམ།སེམས་ཅན་དུ་སྨྲ་བ་དང་ལྡན་པ་འམ།སྲོག་ཏུ་སྨྲ་བ་དང་ལྡན ་པ་འམ།གང་ཟག་ཏུ་སྨྲ་བ་དང་ལྡན་པ་འམ།དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དྲང་ལྡན་པ་དག་ཀྱང་རུང་སྟེ།ལྷག་པར་གཡོ་བ་དྲང་བྲལ་བར་གུ་ཡོ་བ་དེ་དག་དེའི ་ཚེ་ན་དེས་སྤངས་པར་འགྱུར་ཏེ།ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ།ཏི་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར ་རོ།།བཙུན་པ་ཤཱ་རིའི་བུ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ཏེ།རྟེན་ཅིང་འབྲེལ་བར་འབྱུང་བའང་ཡང་དག་པར་ཁོང་དུ་ཆུད་ན་དེ་ལ་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།རིག་པ་དང་ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁ ་ཁ་ལོ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས།ཚེ་དང་ལྡན་པ་ཤཱ་རིའི་བུ ་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་བྲལ་མངོན ་པར་བསྟོད་དོ།།འཕགས་པ་སཱ་ལུའི་ལྡང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱོ་གར་སྐད་དུ།པྲ་ཏཱི་ཏྱ་ས་མུད་པ ་