CLOSE WINDOW

N193: 'phags pa sgra chen po zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བར་བསྟོད་དོ།།གླང་པོའི་རྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་མེ་ཧཱ་ར་ཎ་ནཱ་མ་མཱ་ཧཱ་ཡཱ་ན་སྱཱ་ཏྲ།བོད་སྐད ་དུ།འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས ་བ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་པུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས ་ཅིག་ཏུ་བཞུགས་སོ།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ།ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་།། ་མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ནི།ཚེ་དང་ལྡན་པ་ཀུན་དགའ་བོས་ཁང་པ་བརྩེགས་པ་ཆེན་པོ་ཕྱི་ནང་བྱུགས་ཤིང་བྱི་དོར་བྱས་པ།སྒོ་གཏན་ལེགས་པར ་བཅུག་པ།སྐུར་ཁུང་བཅད་པ་ཞིག་མཐོང་ངོ་།།མཐོང་ནུས་ཀྱང་འདི་སྙམ་དུ་སེམས་ཏེ།གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བྱས ་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལྔ་འབུལ་བར་བྱེད་པ་དང་།གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདུས་པའི་རིང་བསྲེལ་ཡུངས་འབྲུ ་ཙམོ་མཆོད་རྟེན་གྱི་བུམ་པ་བྷཨཱ་རྱ་ར་ཙམ་གྱི་ནང་དུ་བཅུག་སྟེ།སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱུ་ཤུག་གོ་ལོ་མ་ཙམ་འདོགས་པར་བྱེད་པ་འམ།དེ་བཞིན ་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་བྱེད་ན།དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕོལ་སྙམ་མོ།།དེ་ནས་ཚེ་དང་ལྡན་པོ་ཀུན་དགའ་བོ་མཉན། ་ཡོད་ནས་བསོད་སྙོམས་ལས་སླར་འཁོར་ནས་བླུན་ཟོས་ཏེ་ཟས་ཕྱི་མ་སྤངས་ནས་ལྷུང་བཟེད་དང་།ཆོས་གོས་བཞག་སྟེ་རྐང་པ་བཀྲུས་ནས།བཅོམ་ལྡན་འདས་ག་ནུ་བ ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་འདོན་བདག་ཅག་སྔོ་དྲོ་ཤམ་ཐབས་དང་།ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ ་བསོད་སྙོམས་ལ་མཆིས་ཏེ།བཙུན་པ་བྱངག་མཉན་ཡོད་དུ་བསོད་སྙོམས་ལ་མཆིས་པ་ན་ཁང་པ་བརྩེགས་པ་ཆེན་པོ་སྨད་ནད་བྱུགས་ཤིང་བྱི་དོར་བགྱིས་པ།སྒོ་གཏན་ལེགས་པར ་སྦྲུསྩལ་པ།སྐར་ཁུང་བཀུམ་པ་ཞིག་མཐོང་ལགས་སོ།།མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ།གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ་ཕྱོགས ་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བགྱིད་པ་དང་།གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི ་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་སྩལ་ཏེ།སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བགྱིད་པ་འམ།དེ་བཞིན་གཤེགས་པའི་སྐུ་གཟུགས ་མཚོན་གང་པ་ཙམ་ཞིག་བགྱིད་ན།དེ་གཉིས་ལས་གང་གིས་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ།བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་ལགས་སོ།།། ་དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀུན་དྲགའ་བོ་ལེགས་སོ་ལེགས་སོ།།ཀུན་དགའ་བོ་ཁྱོད ་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ།གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན ་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་རཱ་ཙམ་གྱི་ནང་དུ་བཅུག་སྟེ།སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་ཆུ་ཤུག་གི ་ལོ་མ་ཙམ་འདོགས་པར་བྱེད་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙོམ་ཞིག་བྱེད་ན།དེ་གཉིས་ལས་གང་བསོད་ནམས་ཆེས་མྱང་དུ་འཕེལ་ཞེས་པ་ནི་ཁྱོད་ཀྱི ་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་དཔྱོད་པ་དགེའོ།།ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉན་ལ་ཡིད་ལ་གཟུང་ཞིག་དང་ངས་བཤད་དོ།།ཀུན་དགའ་བོ་གང་ཞིག ་གོས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལྔ།གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས ་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟོན་གྱི་བུམ་པ་སྱཱ་དུ་ར་ཙམ་གྱི་ནང་དུ་བཅུག་སྟེ།སྲོག་ཤིང་ཁྱབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས ་པར་བྱེད་པ་འམ།དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་བྱེད་ན།ཀུན་དགའ་བོ་བསོད་ནམས་འདྲི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར ་མི་འགྲོ།སྟོང་གི་ཆ་དང་།འབུམ་གྱི་ཆ་དང་།གྲངས་དང་།ཆ་དང་།དཔེ་དང་།རྒྱུར་ཡང་ཉེ་བར་མི་འགྲོའོ།།དེ་ཅིའི་ཕྱིར་ཞེ་ན།དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ།ཚུལ་ཁྲིམས་དཔག་ཏུ་མེད་པ་དང་།ཏིང་ངེ་འཛིན་དཔག་ཏུ་མེད་པ ་དང་།ཤེས་རབ་དཔག་ཏུ་མེད་པ་དང་།རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།།ཀུན་དགའ ་བོ་ཛམྦུའི་གླིང་ཆུ་ཞེང་དང་རྒྱར་དཔག་ཚང་བདུན་སྟོང་ཡོད་པ་འདི་རྒྱུན་དུ་ཞུགས་པ་རྣམས་དང་།ལན་ཅིག་ཕྱིར་འོང་བ་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།དགྲ་བཅོམ་པ ་རྣམས་དང་།རང་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ།འབྲ་ས་སཱ་ལུའི་ཞིང་ངམ།ཏིལ་གྱི་ཞིང་ངམ།སྨྱིག་མའི་ཚལ་ལམ།འདམ་བུའི་ཚུལ་ལམ།བུ་རམ་ཤིང་གི་ཚལ ་བཞིན་དུ་གང་བར་གྱུར་པ་དེ་དག་ལ།མི་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་བསོད་སྙོམས་དང་།མལ་སྟན་དང་།ནད་ཀྱི་གསོས་སྨན་དང་།ཡོ་བྱད ་རྣམས་ཀྱིས་ཅི་འདོད་པ་བསྟབས་ཏེ།དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ།གདུགས་དང་།སེལ་སྙན་དང་།བ་དན་དང་།དྲི་དང་། ་བདུག་པ་དང་།ཕྲེང་བ་དང་།ཕྱེ་མ་དང་།བྱུག་པ་དག་གིས་མཆོད་པ་བྱེད་ལ།གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ།སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར ་བྱེད་པའམ།དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་བྱེད་ན།ཀུན་དགའ་བོ་བསོད་ནམས་འདི་ལྔ་བསོད་ནམས་སྣ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།། ་སྟོང་གི་ཆ་དང་།འབུམ་གྱི་ཆ་དང་།གྲངས་དང་།ཆ་དང་།དཔེ་དང་།རྒྱུར་ཡང་ཉེ་བར་མི་འགྲོའོ།།དེ་ཅིའི་ཕྱིར་ཞེ་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ།ཚུལ་ཁྲིམས་དཔག་ཏུ་མེད་པ་དང་།ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ་ཤེས་རབ་དཔག་ཏུ་མེད་པ་དང་།རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།།ཀུན་དགའ ་བོ་ཤར་གྱི་ལུས་འཕགས་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གྲང་བར་གྱུར་ཅེས་བྱ་བ་ནས་རྣམ་པར་གྲོལ་བའི་ཡེ་ཤེས ་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ།།ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་པ་རྒྱུན་དུ ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།།ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞེང་དུ་དཔག་ཚད་ཁྲི་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས ་ཀྱང་གང་བར་གྱུར་ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།།ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བ་ཞེས་བྱ་བ་ཀ་བ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་བརྟན་པ་དག ་ཡོད་དེ།ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བཻ་ཌཱུརྱ་སྔོན་པོ་ཡིན་ནོ།།ཀུན་དགའ་བོ་ཁང་བཟང་རྣམ་པར་རྒྱལ་བ་གསེར་གྱི་བྱེ་མ་བརྡལ་བ་ལ་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ།གསེར ་གྱི་དྲ་བས་གཡོགས་ཤིང་གསེར་གྱི་དྲིལ་བུ་གཡོར་ཀེས་བསྐོར་བ་སྟེ།ཀུན་དགའ་བོ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁང་བཟང་དེ་ལྟ་བུ་ཤ་སྟག་གིས་བཀང ་སྟེ།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ།གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ཞེས་བྱ་བ ་ནས་རྒྱ་ཚོར་སྔ་མ་བཞིན་དུ་སྦྱར་རོ།།ཀུན་དགའ་བོ་ལུས་འཕགས་པོའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་པ་རྒྱུན་དུ་ཞུགས་པ་བསད་ནས་དེ་དེ་བཞིན་གཤེགས་པའི་སྐུ་གདུང ་ལ་མཆོད་པ་བྱེ་བའི་ཕྱིར་སྐུ་གདུང་གི་བརྒྱད་ཆ་ལ་བཀུར་སྟིར་བྱ་བ་དང་།བླ་མར་བྱ་བ་དང་།རི་མོར་བྱ་བ་དང་།མཆོད་པར་བྱ་བ་དང་།རྗེད་པར་བྱ་བ་དང་།གསོལ་བར་བྱ་བ་ལ ་བརྩོན་པར་འགྱུར་རོ་ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་ལས་དེ་དེས་བྱས་པས་སེམས་ཅན་དམྱལ་བར་ལན་ཅིག་སོང་ནས་ལས་དེ་ཉིད་དང་དགེ་བའི་རྩ་། ་དེ་ཉིད་དང་།སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ནས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་མི་འགྱུར་ལ།སྒྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ།ཡང ་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ།རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ།།དེ་ཅིའི་ཕྱིར་ནི ་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏོ།།ཚུལ་ཁྲིམས་དཔག་ཏུ་མེང ་པ་དང་།ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་།ཤེས་རབ་དཔག་ཏུ་མེད་པ་དང་།རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག ་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།།ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ཕྱིར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་རྣམས ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པའང་དེ་ལྟར་དཔག་ཏུ་མེད་པར་ཤེས་པར་བྱའོ།།ཆོས་ཀྱི་རྣམ་གྲངས་འད་བཤད་པའི་ཚེ་ས་ཆེན་པོ་འདི་རྣམ་པ ་དྲུག་ཏུ་གཡོས་ཏེ།ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ།ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ།ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དཔའ།བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས ་དམའ།དབུས་མཐོ་ན་མཐའ་དམའ།མཐུའི་མཐོ་ན་དབུས་དམའོ་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྗོན་པོ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་བདག་གིས་ཇི་ལྟར་བཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི ་རྣམ་གྲངས་འདི་བདུད་རྩིའི་རྗེ་ཞེས་བྱ་བར་གཟུང་ཞིག།སྒྲ་ཆེན་པོ་ཞེས་བྱ་བར་ཡང་གཟུང་ཞིག།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།བཅོམ་ལྡན་འདས་ཀྱི ་སྤྱན་སྔ་ནུས་སོང་ངོ་།།འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིདྷ་དང་།ལོ་ཙཱ་བ ་བོནྡེ་དགེ་བ་དཔལ་གྱིས་བསྒྱུར།རྒྱ་གར་གྱི་མཁན་པོ་བིད་དྱ་ཀ་ར་སིདྷ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་ཞུས་ཏེ་གཏན་ལ་ཕབ་པ། ་