| Wylie | e-texts produced with BDRC’s OCR application |
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།རྒྱ་གར་སྐད་དུ།ཨཱརྱ་དྷརྨ་མུ་དཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ།བོད་སྐད་དུ།འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐེག ་པ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང་ལྔ་སྟོང་ཐ་མ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་མཐུས་སྟན་ལས་ལངས་ཏེ།བླ་གོས ་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་གཱ་ལ་བཾ་དེ་ལོགས་སུ་ཐལ་མོ་སྦྱར་བུ་བཏུད་ནས།བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རབ་ཏུ་བྱུང་བ་ཞེས་བགྱི་ན་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དགེ་སློང་རབ་ཏུ་བྱུང་བ ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཤཱ་རིའི་བུ་སོ་སོའི་སྐྱེ་བོའི་ཆོས ་རྣམས་ལས་ཀྱང་མ་འདས་ལ།ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས ་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི ་དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།།ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། ་གོས་དང་ཟས་དང་མལ་ཆ་དང་།སྟན་དང་།ན་བའི་གསོས་སྨན་དང་།སྙུན་ཟོང་རྣམས་ལོངས་སྤྱད་པར་འོས་སོ།།ཤཱ་རཱིའི་བུ་གཞན་ཡང་བརྩོན་པ་མི ་གཏོང་བྱའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ།དེ ་ཙམ་གྱི་ནི་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན། ་ཏེ།དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི།དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལྡོག་པར་རབ་ཏུ་བྱུང ་བ་ཡིན་ནོ།།ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ།གོས་དང་ཟསྟེ་དང་།མལ་ཆ་དང་།སྟན་དང་།ནུ་བའི་གསོས་སྨན་དང་།། ་སྨན་ཟོང་རྣམས་ལངས་སྤྱད་པར་འོས་སོ།།དེ་ནུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།།ཚེ་དང་ལྡན་པ་ཤཱ་རིའི་བུ ་བཅོམ་ལྡན་འདས་ཀྱི་ཅི་ལོ་དགོངས་ཏེ།སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ།ཟག་པ་མེད་པོའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེ་ད ་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྟོན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང ་བ་གྲང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི།དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལྡོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ་ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ།གོས་དང་།ཟས་དང་།མལ་ཆུ་དང་སྟན་དང་ན་བའི་གསོས་སྨན་དང་།སྨན་ཟོང་རྣམས་ལོངས ་སྤྱད་པར་འོས་སོ་ཞེས་དེ་སྐད་ཅེས་བཀའ་སྩལ།ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུ་སྟེ།དེ་དག་ནི་འདའ་བར་བྱ་བར ་མི་ནུས་སོ།།ཚེ་དང་ལྡན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཡོངས་སུ་མེ་གྲུབ་པ་སྟེ།དེ་དག་ནི་འདའ་བར་བྱ་བར་སླ་བ་མ་ཡིན་ནོ།།ཚེ་དང་ལྡན་པ་རབ་འབྱོར ་སེམས་ཅན་གྱི་ཁམས་ནི་ནང་ནུའང་མི་དམིགས།ཕྱི་རོལ་ནའང་མི་དམིགས།གཉིས་ཀ་མེད་པར་ཡང་མི་དམིགྲོས་ཏེ།སེམས་ཅན་གྱི་ཁམས་ཀྱི་རང་བཞིན་གང ་ཡིན་པ་དང་།སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་དག་ནི་འདའ་བར་བྱ་བར་སླ་བ་མ་ཡིན་ནོ།།ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་འདི ་སྐད་དུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ་ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་བུའི ་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པའི་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང་བ་གླང་དག་ཡིན ་པ་དེ་དགྲ་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱིས།དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནཱི་ལེག་པར་རབ་ཏུ་བྱུང་བ་ཡིན་ནོ།།ཤཱ་རིའི་བུ་དགེ་སློང ་དེ་ལྟ་བུ་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ།གོས་དང་།ཟས་དང་།མལ་ཆ་དང་།སྟན་དང་།ན་བའི་གསོས་སྨན་དང་།སྨན་ཟོང་རྣམས་ལོངས་སྤྱད་པར ་འོས་སོ་ཞེས་གང་གསུངས་པ་དེའོང་ཚེ་དང་ལྡན་པ་རབ་འབྱོར་གང་དག་གི་རྟེན་ནུམ།གནས་མེད་པ་དེ་དག་ནི་ཇི་ལྟར་ཐོབ་པར་རུང་།ཚེ་དང་ལྡན་པ་རབ་འབྱོར ་གལ་ཏེ་ཟག་པ་མེད་པའི་ཆོས་རྣམས་ཐོབ་ཏུ་རུང་ན་ནི་དམིགས་པ་ལས་དགྲ་བཅོམ་པ་འབྱུང་བར་འགྱུར་རོ།།དྲི་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི་ལྟོས་པ་མེད་པ་སྟེ།ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་འདི་སྐད་དུ་སོ་སོའི་སྐྱེ་བོའི་ཆོས ་རྣམས་ལས་ཀྱང་མ་འདས་ལ།ཟག་པ་མེད་པའི་ཆོས་རྣམས་ཀྱང་མཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པ་རུ་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི།དེ་ལྟར ་མ་ཡིན་པ་རབ་ཏུ་བྱུང་བ་གང་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།།ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལ་ལོངས་སྤྱད་པར་འོས་ཏེ།གོས་དང་། ་ཟས་དང་།མལ་ཆ་དང་།སྟན་དང་།ན་བའི་གསོས་སྨན་དང་།སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ་ཞེས་བཀའ་སྩལ་ཏོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།།ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི ་གཟུགས་གཏོང་བར་མི་བྱེད།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ།དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས ་པིའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འོངས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན ་པ་དེ་དགྲ་ནི་ཡང་དྲུག་པར་རབ་ཏུ་བྱུང་བ་ཡིན་གྱི།དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལྡོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ།གོས་དང་།ཟས་དང་།མལ་ཆ་དང་།སྟན་དང་།ནུ་བའི་གསོས་སྨན་དང་།སྨན་ཟོང་རྣམས་ལོངས ་སྤྱད་པར་འོས་སོ་ཞེས་དེ་སྐད་བཀའ་སྩལ།ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ལས་དགོངས་ནས་འདི་སྐད་དུ་བརྩོན་པ ་མོ་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་གཏོང་བར་མི ་བྱེད་ཅེས་བཀའ་སྩལ་ཏོ།།ཚེ་དང་ལྡན་པ་རབ་འབྱོར་ཆོས་ཀྱི་དབྱིངས་ནི་ནང་ནའང་མི་དམིགས།ཕྱི་རོལ་ནའང་མི་དམིགས།གཉིས་ཀ་མེད་པར་ཡང་མི་དམིགས་སོ།། ་ནང་གདགས་པ་ན་གདགས་སུ་མེད་པ་དང་སྐྱེ་བ་མེད་པའི་གདགོས་པའོ།།དེ་ལྟར་ན་སེམས་ཅན་གྱི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དོ།། ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་སེམསོ་ཅན་གྱི་ཁམས་མཉམ་པ་ཉིད་དོ།།དེ་ལྟར་ན་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་དེ་གཉིས ་སུ་དབྱེར་མྱེད་དོ།།གང་ལ་གཉིས་སུ་མེད་པ་དེ་གཉིས་སུ་དབྱེར་མེད་པ་དེ་ལ་ནི་གསལ་བའང་མེད།གཞུག་པའང་མྱེད་དོ།།གང་ལ་གསལ་བྱའང་མེད།གཞག་པའདུ ་མེད་པོ་དེ་ནི་འདྲེའ་བའམ་འཐོབ་པར་བྱར་མི་ནུས་ཏེ།ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་འདི་སྐད་དུ་བརྩོན་པ་མི་གཏོང་བའི་དགེ་སྦྱོང ་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ།དེ་ཙམ་གྱིས་ན་དགེ་སློང ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང ་བ་གང་དག་ཡིན་པ་དེ་དག་ནི་ཡང་དགེ་པར་རབ་ཏུ་བྱུང་བ་ཡིན་གྱི།དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོགས་པར་རབ་ཏུ་བྱུང་བ་ཡིན་ནོ།།ཤཱ་རིའི་བུ ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་ཕྱིར་འོས་ཏེ།གོས་དང་།ཟས་དང་།མོལ་ཆ་དང་།སྦྱིན་དང་།ན་བའི་གསྤོས་སྨན་དང་།སྨན་ཟིང་རྣམས་ལོངས་སྤྱད་པར་འོས ་སོ་ཞེས་བཀའ་སྩལ་ཏོ།།དོགས་པ་མེད་པའི་དགེ་སློང་ནི་དོགས་པ་ཁས་མི་ལེན་ཏོ།།ཡི་གེ་མེད་ཅིང་ཡི་གེ་ལས་འདས་པའི་དགེ་སློང་གང་ཡིན་པ་དེ་ནི་བགྲང་བ་ལས་བསྟན ་བར་མི་ནུས་ལ་དེ་ལ་ནི་འོང་བའང་མེད་འགྲོ་བའང་མེད།འགྲེང་བའང་མེད།འདུག་པའང་མེད།ཉལ་བའང་མེད་དོ།།རྟོག་པ་ཅན་མ་ཡིན་པའི་དགེ ་སློང་ནི་བརྟགས་པ་ལ་ལོངས་སྤྱོད་པའོ།།རྟོག་པ་ཅན་གྱི་དགེ་སློང་ནི་མ་བརྟགས་པ་ལ་ལོངས་སྤྱོད་པ་སྟེ།ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་ལ ་དགོངས་ནས་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྟེན་པས ་རྫོགས་པར་བསྙེན་པ་ཡིན་ཏེ།དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི།དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང ་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།།ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལངས་སྤྱད་པར་འོས་ཏེ།གོས་དང་།ཟས་དང་།མལ་ཆ ་དང་།སྟན་དང་།ན་བའི་གསོས་སྨན་དང་།སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་བཀའ་སྩལ་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།ཤཱ་རིའི་བུ་ལེགས་སོ་ལེགས་སོ།།ཁྱོད་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་ངས་དེ་ལས་དགོངས་ནས་བསྟན་པ་ཡིན་ཏེ།འདི་ནི་ལེགས ་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན་ནོ།།ཤཱ་རིའི་བུ་ཕྱག་རྒྱ་འདིས་མངོན་པའི་ང་རྒྱལ་ཅན་བརྟག་པར་འདོད་པས་ནི་ཕྱག་རྒྱ་དེའི་མདུན་དུ་བརྗོད་པར་བྱའོ།། ་ཤཱ་རིའི་བུ་ཤིན་ཏུ་གརྟག་པ་ནི་ཕྱག་རྒྱ་འདས་ནི་མངོན་པའི་ང་རྒྱལ་ཅན་མང་པོ་བརྟག་པར་ནུས་སོ།།ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་དགེ་སྦྱོང་བདུན་བརྒྱ་ལེན་པ་མེད་པར ་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།།སྲིད་པ་ཐ་མ་པའི་དགེ་སློང་བརྒྱ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མ་ཞུགས་ཤིང་མ་རྟོགས་ལ་མ་མོས་ནས་སྟན་ལས་ལངས་ཏེ་དོང ་ངོ་།།དགེ་སློང་ལྔ་ནི་སྤོང་བར་བྱས་ཤིང་བཟློག་པར་བྱས་ནས་རང་གི་ལུས་དང་བཅོས་ཏེ་སེམས་ཅན་དུ་མྱལ་བ་ཆེན་པོར་ལྷུང་ངོ་།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཤཱ་རིའི་བུ་ངས་ཀྱེ་མ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་སྙམ་སྟེ།དེ་ལ་དགོངས་ནས་དེ་སྐད་བསྟན་མོད་ཀྱི་འོན་ཀྱང་གང་དང་ཡང་མི་མཐུན་པ་མེད་དེ།ཤཱ་རིའི་བུ། ་དཔེར་ན་མི་ལ་ལ་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་ཁྱོད་ལ་ངས་ཆོས་བཤད་པར་བྱའོ།།ཆོས་དེའང་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས་ཚིག། ་ཏུ་སྨྲ་ན།ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས།ཆོས་དེའང་མི་མཐུན་པ་གང་དག་ཡིན་པའི་མི་དེ་དག་ཡོད་པ་ཡིན་ནམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས ་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཤཱ་རིའི་བུ་དེ་བཞིན་དུ་ངའང་ཀྱེ་མ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས་དེ་སྐད་དུའང ་སྟོན་ལ་དེ་འཇིག་རྟེན་དེའང་ཡང་དག་པར་མ་མཐོང་ངོ་།།འཇིག་རྟེན་མེད་པ་ལ་ན་ཆོས་ཀྱང་བགྲང་དུ་མེད་དོ།།འཇིག་རྟེན་གདགས་པའང་མེད་དོ།།ཤཱ་རིའི་བུ་འཇིག ་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་བྱ་བ་ནི་ཆོས་རྣམས་མ་འདྲེས་ཤིང་ཆོས་རྣམས་འདྲེ་བ་མེད་པ་ལ་བྱ་བར་གསུངས་སོ།།གསོལ་པ།བཅོམ་ལྡན་འདས་མ་འདྲེས ་པ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས།བཀའ་སྩལ་པ།ཤཱ་རིའི་བུ་མ་འདྲེས་པ་ཞེས་བྱ་བ་ནི་ཆོས་རྣམས་རོ་གཅིག་པར་གདགས་པ་ཡིན་ཏེ།གཅིག་པུ་ཁོ་ནའང ་མ་ཡིན་ཏེ།ཐ་དད་པ་ཁོ་ནའང་མ་ཡིན་ནོ།།ཤཱ་རིའི་བུ་མ་འདྲེས་པ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ།།གསོལ་པ།བཅོམ་ལྡན་འདས་སྟོང་པ་ཉིད ་ཅེས་བགྱི་བའི་ཚིག་གི་དོན་གང་ལགས།བཀའ་སྩལ་པ།ཤཱ་རིའི་བུ་སྟོང་པ་ཉིད་ཅེས་བྱ་བ་ནི་གདགས་སུ་མེད་པའོ།།གང་གདགས་སུ་མེད་པ་དེ་ནི་གདགས་པར་མི་ནུས་སོ།། ་གང་གདགས་པར་མི་ནུས་པ་དེ་ནི་འཇིག་རྟེན་པའང་མ་ཡིན།འཇིག་རྟེན་ལས་འདས་པའང་མ་ཡིན་ནོ།།ཤཱ་རིའི་བུ་གང་འཇིག་རྟེན་པའང་མ་ཡིན་འཇིག་རྟེན་ལས། ་འདས་པའང་མ་ཡིན་པ་དེ་ནི་སྟོང་པ་ཉིད་ཅེས་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཤཱ་རིའི་བུ་དང་།དགེ་སློང་གི་དགེ་འདུན་ཐམས ་ཅད་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན ་