CLOSE WINDOW

N181: 'phags pa spyan ras gzigs zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བསྟོད་དོ།།འཕགས་པ་རྒྱལ་བའི་བློ་གློས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།རྒྱ་གར་སྐད་དུ།ཨཱརྱ་ཨ་བ་ལོ་ཀ་ན་ནི་ནཱ་མ ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྤེལ་པ།བློ་གྲོས་རྣམ ་པར་དག་པ་ཚུལ་ཁྲིམས་ཡོངས་སུ་དག་པས།དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིན་ཡོངས་སུ་དག་པ་དང་།བཟོད་པ་ཡོངས་སུ་དག ་པ་དང་།ཕན་པའི་དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤོགས་པ་ཡོངས་སུ་དག་གོ།བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས་དེ ་བཞིན་གཤེགས་པ་ཡོངས་སུ་དག་གོ།།བློ་གྲོས་རྣམས་པར་དག་པ་སྙིང་རྗེ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངསུ་དག་གོ།།བློ་གྲོས་རྣམས་པར་དག་པ་དགའ་བ་ཡོངས་སུ་དག་པ་དང་། ་བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།བློ་གྲོས་རྣམ་པར་དག་པ་རྣམ་པར་གྲོལ་བ་ཡོངས་སུ་དགྲ་ལཱ་དང་།རྣམ་པར་གྲོལ ་བའི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།བློ་གྲོས་རྣམ་པར་དག་པ་སྟོབས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ ་དག་གོ།བློ་གྲོས་རྣམ་པར་དག་པ་མི་འཇིགས་པ་ཡོངས་སུ་དག་པ་དང་།སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་དང་།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེམྦ་ཡོངས ་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།བློ་གྲོས་རྣམ་པར་དག་པ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་།ཕྲེང་བ་དང་། ་སྤོས་དང་།གདུགས་དང་།རྒྱལ་མཚན་དང་།བ་དན་དང་།རོལ་མོའི་སྒྲ་དང་།བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས ་བར་མི་ནུས་ཏེ།དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདའ་བའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར ་ཡང་ཟད་པར་མི་ནུས་སོ།།དེ་ཅིའི་ཕྱིར་ཞེ་ན།བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས ་པ་ལ་ཡོན་ཕུལ་བའང་ཚད་མེད་དོ།།མཐའ་ཡས་སོ།།བསམ་གྱིས་མི་ཁྱབ་བོ།།མཚུངས་པ་མེད་དོ།།དཔག་ཏུ་མེད་དོ།།གྲངས་མེད་དོ།།དཔག་གིས་མི་ལང་ངོ་།།བརྗོད་དུ ་མེད་དོ།།བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ།འཚོ་ཞིང་གཞེས་པ་ལ་བསྟི་སྟང་བྱེད་པ་དང་།བླ་མར་བྱེད་པ་དང་།རི་མོར་བྱེད ་པ་དང་།མཆོད་པ་དང་།བརྗོད་པ་དང་།ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་མཐའ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་རིང་བསྲེལ་ཡུངས ་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་།བླ་མར་བྱེད་པ་དང་།རི་མོར་བྱེད་པ་དང་།མཆོད་པ་དང་།བརྗེད་པ་དང་།ཡང་དག་པར་སེམས་ཉེ་བར་བཞག་སྟེ་བྱང་ཆུབ་ཏུ་གཞོལ ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་།ཕྱག་བྱེད་པ་དང་།བསྟི་སྟང་བྱེད་པ་དང་།བླ་མར་བྱེད་པ་དང་།།རི་མོར་བྱེད་པ་དང་།མཆོད་པ་དང་།བརྗོད་པ་དང་།གསོལ་བ ་དང་།སྔགས་པ་དང་།སྐོར་བ་བྱེད་པ་དེས་ཕན་ཡོན་ལྔ་ཡོངས་སུ་བཟུང་བར་འགྱུར་ཏེ།ལྔ་གང་ཞེ་ན།དྲན་པ་དང་ལྡན་པར་འགྱུར་བ་དང་།རྟོགས་པ ་དང་ལྡན་པར་འགྱུར་བ་དང་།ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་།མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐིང་བར་འགྱུར་བ་དང་།མཐོང་ནས ་ཀྱང་དད་པ་སྐྱེད་པར་འགྱུར་བ་སྟེ་ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ།།དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ།བཞི་གང་ཞེ་ན།དེ་བཞིན་གཤེགས་པའི ་བསྟན་པ་འཛིན་པ་དང་།དེའང་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་དང་།བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་།མྱུར་དུ་སངས ་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ།ཆོས་བཞི་པོ་དེ་དག་གོ།།བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་དམ་བདུད་ཀྱི ་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བརྫི་བར་འགྱུར་ཏེ།བཞི་གང་ཞེ་ན།རིགས་མཐོ་ཞིང་རིགས་ཆེ་བ་དང་།བཙས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ ་བྱེད་པ་དང་།ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པ་དང་།རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས ་ས་པདུན་རྒྱུན། ས་རྣམ་པར་དག་པ་བྱང་ཆུབ་སེམས་དང་འཚས་ཅན་པ་དེ་དག་དང་།ན་ནུ་བདུད་དམ་དུ་རྣམ་ས་བ་གྱུང་། ་ལྡན་འདས་ཀྱི་མ་དེའི་རྣཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།སྲོག་ཆགས་ཀུན་ལ་ཕྱིན་དུ་ར། ཆུ་ཏུན་སྙོམས་བསྟོད་དུས།།འཇིག་རྟེན་མགོན་གྱི་ཛོད ་ཨུ་ཊཱིགན་བ་བྱེད་པ་ནི།། རབས་དག་རྣམས་ཅད་དུ།།བྱང་ཆུབ་སྐྱེད་པ་སྨོད་པ་།།དུན་དང་ལྡན་ད་མས་ལྡན།།བསོ་ནམས་ནཱ~ཾ་འཇིགས ་ད་རྟེན་བསྐོར་པོ་བྱས་ན་ནི།།ཆརབས་དནན་ཐམས་པ་དྷི།།ལྷོ་ད་ཊྭ་ད་གནང་སྦྱིན་དང་།།སྨན་པ་ནི་མས་ཀྱིས་མཆོད་པར་འགྱུར།།དུས་ནི་གང་དག་བསྦྱིན་པ ་མི་ན་པ་དེ་དག་སློང་།།ངས་རྒྱས་འབྱུང་བ་འཇིག་ག།ས་པར་བྱེད་འདྲི་མ་པམ།།བདག་ལྡན་གཅུགས་ནི་ལྡན་སུམ་རྫོགས།ད ་ལྡན་པ་དང།བུ་དང་ས་སྦྱིན་པ་འགྱུར།། ཌྱན་དཱི་མཱི་།།ན་བྷྱ་འགྱུར་ན་ན ་མཁས་པར་འགྱུར།།ཚོང་དཔོན་ཁྱིམ་དང་རྒྱས་པཱ་དང་།།ཕྱུག་པོ་རྣམས་སུ་སྐྱོ་བར་འགྱུར།།དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར།།གཏོང་བ་བཏང་ན ་སེར་སྣ་མེད།།ཛམྦུའི་གླིང་ན་གང་ཡང་རུང་།།ཁྱད་པར་ཅན་གྱི་རིགས་མཛེས་པ།།དེར་ནི་བརྟན་པ་དེ་སྐྱེ་སྟེ།།དམའ་བདག་ནི་རྣམ་པར་སྤངས།།མཆོད་རྟེན་བསྐོར་བ ་བྱས་ནཱ་ནི།།སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་།།དབང་ཆེར་གྲགས་པའི་ཁྱིམ་བདག་དང་།།དཔལ་དྲུང་གཟི་བརྗོད་ལྡན་པར་འགྱུར།།བྲམ་ཟེ་སཱ་ལ་ཆེ་འདྲ་དང་།།ཚུལ་ཁྲིམས ་ལྡན་ཞིང་མང་ཐོས་དང་།།རྒྱལ་རིགས་སྦལ་ཆེ་འདྲ་དང་།།ཕྱུག་ཅིང་ནོར་ཚུར་ལྡན་པར་འགྱུར།།རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི།།ས་ཀུན་ལ་ནི་གང་སྨོན་པ།།གླིང་བཞི ་དག་གི་དབང་ཕྱུག་བླ།།རྒྱལ་པོ་ཆོས་དང་ལྡན་པར་འགྱུར།།འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ།།རིན་ཆེན་བདུན་དང་ལྡན་པར་འགྱུར།།རྒྱལ་སྲིད་གནས་ནས་སངས་རྒྱས་ལ། ་ཡང་དང་ཡང་དུ་བསྟི་སྟ་དབྱེད།།འདི་ནས་ཤི་འཕྲོས་མཐོ་རིས་སུ།།སོང་ནས་སངས་རྒྱས་བསྟན་ལ་དང་།།ལྷུན་པོའི་ཟོམ་གྱི་དབང་ཕྱུག་གོ།ལྷའི་དབང་པོ་བརྒྱ་བྱིན་འགྱུར།། ་དབང་ཤིན་ཏུའི་བྲིལ་དང་།།དེ་བཞིན་དུ་ནི་དགྲའ་ལྡན་ད།། བང་ཤིན་ཏུ་འཕྲུལ་དག་།།དབང་སྨྲར་འརྗེསས་པ་མེད་པར་འགྱུར།།མཆོད་རྟེན་པསྐུར ་ནན།།དེ་ནི་ཚངས་པའི་འཇིག་རྟེན་དུ།།ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་།།ལྷ་རྣམས་བྱེ་བས་མཆོད་པར་འགྱུར།།འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།།མི་གྲང་སྐོར་བ ་བྱེད་པ་ཡིས།།བསྔགས་པ་བསྒྲལ་པ་བྱེ་བར་ཡང་།།བརྗོད་པས་ཟད་པར་བྱ་མི་ནུས།།སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས།།སྟོན་པའི་མཆོད་རྟེན་ཕྱག་འཚལ་བ།།དེ་ནི་བསྐལ་པ ་བྱེ་བར་ཡང་།།ནམ་ཡང་ལོང་ཞིང་འཐེང་མི་འགྱུར།།འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།།མངོན་དུ་སྦྱོར་བ་བྱེད་པ་ནི།།བུང་བ་སྔོན་པོ་མཛེས་འདྲ་ཡི།རྣམ་པར་དག་པའི་མིག ་འཐོབ་འགྱུར།།མཆོད་རྟེན་བསྐོར་བ་བྱེད་ན་ནི།།དེ་ནི་ངེས་པར་རྟག་ཏུ་ཡང་།།མཐུན་པའི་དོན་ཀུན་ཐོབ་འགྱུར་ཞིང་།།དོན་མིན་རྣམས་ནི་སྤངས་པར་འགྱུར།།མཆོད་རྟེན་བསྐོར ་བ་བྱས་ན་ནི།།མཐུ་དང་སྟོབས་དང་ལྡན་པར་འགྱུར།།དེ་ནི་ལེ་ལྷོ་མེད་འགྱུར་ཞིང་།།རྟག་ཏུ་བག་ཡོད་ལྡན་པར་འགྱུར།།མཆོད་རྟེན་བསྐོར་དུ་བྱས་ན་ནི།།བརྩོན་འགྲུས་བརྟན ་ཞིང་མཐུ་བརྟན་ལ།།བརྟན་ཞིང་རྣམ་པར་གནོན་བརྟན་དང་།།དེ་ནི་མྱུར་དུ་མཁས་པར་འགྱུར།།མཾ་དང་དྲུག་དང་མཚོན་གྱིས་དེ།ནམ་ཡང་འཆི་དུས་བྱེད་མི་འགྱུར།།མཁས་པ་ཆེ ་ནི་རྫོགས་རྫོགས་སུ།།ཟད་པར་བྱས་ནས་འཆི་དུས་བྱེད།།མཆོད་རྟེན་བསྐོར་བ་བྱས་ན་ནི།།ཕོ་བྲང་འཁོར་དང་ཡུལ་འཁོར་དང་།།གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་།།གཟུགས ་ཀྱིས་ཁྱད་པར་འཕགས་པར་འགྱུར།།བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།།དེ་ནི་འདོད་པ་མི་བརྟེན་ཅིང།།ལུས་ཐང་གཙོ་ལ་གོས་གཙང་ཞིང་།།གཙང་མའོ ་ཆོས་ལ་གནས་པར་འགྱུར།།བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གྲོང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས ་དད་པ་བསྐྱེད་དེ།པུས་མོ་གཉིས་གཱའི་ལྷ་དཱ་ས་ལ་བཙུ་གྲསྟྲེ་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ།།དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས ་སྐུ་ལེགས་པར་བརྒྱན་པ་དེ་ཅི་འདྲ་བར་བདག་གི་ལས་ཀྱང་དེ་འདྲེ་བར་གྱུར་ཅིག་ཅེས་དེ་ལ་མོས་པ་སྐྱེད་ནི།བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད ་པར་མི་ནུས་ཏེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ།།བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ།བརྒྱ་བྱིན་ཉིད་དམ།ཚངས་པ ་ཉིད་དམ།རང་སངས་རྒྱས་ཉིད་དམ།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐོག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ།།དེ་ཅིའི་ཕྱིར་ཞེ་ན།བློ་གྲོས་རྣམ་པར ་དག་པ་རིགས་ཀྱི་བུ་དེས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བའི་ཕྱིར་ཏེ།བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ།དཔེར་ན་དེ་བཞིན་གཤེགས་པ ་བྲ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པརྭ་སངས་རྒྱས་པ་གྲོང་ཁྱེར་རམ།གཙུག་ལག་ཁང་ངམ།གྲོང་དུ་འཇུག་ཀྱང་རུང་།འཆག་ཀྱང་རུང་།འགྲོང ་ཡང་རུང་།འདུག་ཀྱང་རུང་།ཆོས་སྐྱོན་ཀྱང་རུང་།།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྷོའམ།ཀླུ་འམ།གནོད་སྦྱིན་ནམ།དྲི་ཟ་འམ།ལྷམ ་ཡིན་ནམ།ནམ་མཁའ་ལྡིང་ངེམ།མི་འམ་ཅི་འམ།ལྟོ་འཕྱེ་ཆེན་པོ་འམ།མི་འམ།མི་མ་ཡིན་པ་འམ།སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཤིང་ངམ།རི་འམ།ཁུང་བུ ་འམ།བུ་ག་འམ།བྱ་སྐྱིབས་ཀྱང་རུང་སྟེ།དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་འདུད་པ་དང་།རབ་ཏུ་འདུད་པ་དང་།ཀུན་ཏུ་འདུད་པ་མི་བྱེད་པ་དེ་གང་ཡང་མེད་དེ།ཇི ་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ལ་བྱེད་པ་དེ་བཞིན་དུ།རིགས་ཀྱི་བུ་དེ་དག་གྲོང་ངམ།གྲོང་ཁྱེར་རམ།གྲོང་རྡལ་ལམ།ཡུལ་འཁོར་རམ ་ཕོ་བྲང་འཁོར་ནུ་རྒྱུ་བ་ལ་སེམས་ཅན་རྣམས་འདུད།རབ་ཏུ་འདུད།ཀུན་ཏུ་འདུད་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ ་སྩལ་ཏོ།།འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མོས་པ་བསྐྱེད།།སངས་རྒྱས་མཆོད་རྟེན་ལ་ནི་པུས་མོ་གཉིས་འཛུགས་དང་།།སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས ་རྣམས་ཀུན་འགྲོབ།།དེ་འགྲོ་ཚོན་འཇིག་རྟེན་གསུམ་པོ་འདུད་པ་བྱེད།།མི་རྣམས་གཙོ་བོ་རང་བྱུང་གང་དུ་འགྲོ་བྱེད་པ།།དེ་ལོགས་སུ་ནི་རྩ་དང་ཤིང་དང་། ་སྡོང་བཅུག་དང་།།སྨན་དང་ཤྲིང་ལོ་རྣམས་དང་འབྲས་བུ་འདབ་མ་དང་།།ཡིད་འོང་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར།།བཅོམ་ལྡན་མཆོད་རྟེན་རྣམས་ལ ་པུས་མོ་བཙུགས་པ་ནི།།དེ་ལ་མིའི་དབང་པོ་ཀུན་ཀྱང་འདུད་པར་འགྱུར།།གནོད་སྦྱིན་དབང་དང་ཀླུ་དང་ལྷའི་རྒྱལ་པོ་དང་།།ཚངས་པའི་དབང་པོ་ཐམས་ཅད་རྐང་པར་གཏུགས ་པ་བྱེད།།བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་བྱས་ན།།དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར་བར་འགྱུར།།གསེར་གྱི་མདོག་ལྡན ་མཚོན་རྣམས་ཀྱི་ནི་གོ་ཆར་འགྱུར།།མཐུ་ཆེ་བླ་མར་བྱ་ཞིང་ཐུབ་པར་དཀའ་བར་འགྱུར།།དེ་ཡི་ཡུལ་ན་སེམས་ཅན་གླང་དག་གནས་གྱུར་པ།།དེ་དག་ཐམས་ཅད་བྱམས ་པའི་སེམས་དང་དགའ་བར་འགྱུར།།དེ་ལ་སེམས་ཅན་གང་ཡང་སྡིག་པ་མི་སྐྱེད་དེ།།སྐྱེ་བོ་ཚོགས་ཆེན་དགའ་ཞིང་ཡིད་དུ་འོང་བར་འགྱུར།།བཅོམ་ལྡན་མཆོད་རྟེན་དག ་ལ་བུས་བཙུགས་ཕྱག་འཚལ་བ།།དེ་ལ་འཇིག་རྟེན་ཀུན་གྱི་རྒྱལ་པོ་རབ་ཏུ་འདོད།།ལྷ་དང་ཀླུ་དང་མི་དང་ལྟོ་འཕྱེ་ཆེན་པོ་འདུད།།བསྐལ་པ་མཐའ་ཡས་རྣམས་སུ་དབུགས ་ཕྱི་ཐོབ་པར་འགྱུར།།བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ།།གང་ཚེ་རྒྱལ་བ་དམ་པ་བྱུང་བར་གྱུར་པའི་ཚེ།།དེ་བཞིན་གཤེགས་པ་རྣམས་དང་ཉེ ་བཻར་འགྱུར་བ་ཐོབ།།འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར།།འཇིག་རྟེན་སངས་རྒྱས་འགྱུར་ཅེ་སོ་མོས་པ་བསྐྱེད་ནས་ནི།།བཅོམ་ལྡན་མཆོད་རྟེན ་རྣམས་ལོ་པུས་བཙུགས་ཕྱག་འཚལ་བ།།བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་གྲངས་ཟད་འགྱུརན།།དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་མོཚུངས་མེད་འཐོབ།།གང་ཞིག་སྤངས ་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ།།བསྐལ་པ་བྱེ་བ་གཞལ་ཡས་བསྟི་སྟོང་བྱེད་པ་བྱས།།གང་ཞིག་ཕྱི་དུས་མི་ཟད་བསྐལ་པ་འདི་ལྔ་ནི།།མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད ་ནོམས་ཆེས་མེང་ངོ་།།སངས་རྒྱས་དམ་པ་སྦྱིན་གཽནས་མཚུངས་པ་མེད་གྱུར་པོ།།སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བརྙེས་གྱུར་པ།།མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས ་ན།།རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར།།བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ།།མེ་ཏོག་ཕྲེང་བ་བྱས་ནས་སུ།།མཆོད་རྟེན་དག་ལ་སུ་འབུལ་བ།།དེ་ནི་ནམ ་ཡང་ཕོངས་མི་འགྱུར།།མིའི་ནང་ནས་ཤི་འཕོས་ནས།།སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར།།དེར་ནི་རིན་ཆེན་སྣ་ཚོགས་ཀྱི།།གཞལ་མེད་ཁང་པ་ཐོབ་པར་འགྱུར།།མཆོད་རྟེན ་ཕྲེང་བ་འདི་དབུལ་ན།།ཁང་བཟང་རྔནདང་ཁང་བརྣོགས་པ།།ལྷའི་བུ་མོས་བསྟན་པ་རྣམས།།སུམ་ཅུ་གསུམ་དུ་སྤྱོད་པར་འགྱུར།།ཡན་ལག་བརྒྱད་ལྡན་ཆུས ་གང་ཞིང་།།གསེར་གྱི་བྱེ་མ་བརྡལ་གྱུར་པ།།བཻ་ཌཱུརྱ་དང་ཤེལ་དག་གི།ལྷའི་རྫིང་བུ་ཐོབ་པར་འགྱུར།།དེར་ནི་ལྷའི་དགའ་སྤྱད་ནས།།མཁས་པ་ཚེ་ཚད་རྫོགས་པར་འགྱུར།། ་ལྷའི་འཇིག་རྟེན་ཤི་འཕོས་ནུས།།མི་ནང་ལོངས་སྤྱོད་ལྡན་པར་འགྱུར།།དགེ་བའི་རྩ་བ་དེ་ཉིད་ཀྱིས།།མཁས་པ་བག་ཡོད་གྱུར་ནས་ནི།།དེ་བཞིན་གཤེགས་པ་མཉེས ་བྱས་ཏེ།།རྐང་གཉིས་མཆོག་ལ་མཆོད་པ་བྱེད།།མཆོད་རྟེན་ཕྲེང་བ་འབུལ་བྱེད་པ།།དེ་ནི་འདོད་ཆགས་མི་འཕྲོགས་ཤིང་།།ཞེ་སྡང་གིས་ཀྱང་འཕྲོགས་མི་འགྱུར།།དེ་ནི་ནམ ་ཡང་རྨོངས་མི་འགྱུར།།རྐང་གཉིས་མཆོག་ལ་མཆོད་བྱས་ན།།དེ་ནི་ཚེ་རབས་ཐམས་ཅད་དུ།།ཆགས་པ་མེད་ཅིང་ཞེ་སྡང་མེད།།བརྐམ་པ་མེད་ཅིང་དབང་པོ་བསྡམས།།མཆོད ་རྟེན་ཕྲེང་བ་འབུལ་བྱེད་པ།།ཚེ་རབས་བྱེ་བ་སྟོང་རྣམས་དང་།།ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པ།།ཀུན་ཏུ་བཀུར་སྟི་བྱས་པར་འགྱུར།།མཆོད་རྟེན་ཕྲེང་བ་འབུལ་བྱེད་པ།།དེ་ནི ་འཁོར་ལོས་སྒྱུར་བར་འགྱུར།།བརྒྱ་བྱིན་ལྷའི་དབང་ཕྱུག་འགྱུར།།ཚངས་པའི་འཇིག་རྟེན་ཚངས་པར་འགྱུར།།འཇིག་རྟེན་མགོན་པོ་སྐྱོབ་པ་ལ།།དར་གྱི་འབུལ ་བ་ཕུལ་བྱས་ནས།།ལྷའི་ངག་དང་མི་རྣམས་ཀྱི།།དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།།དམའ་བའི་རིགས་ནི་རྣམས་སྤངས་ཏེ།།དེར་ནི་དེ་སྟེ་འགྱུར་མ་ཡིན།།ཕྱུག་ཅིང་ནོར། ་ཆེན་ལྡན་པ་དང་།།འཇིག་རྟེན་དབང་ཕྱུག་དེ་འགྱུར་རོ།།དེ་བཞིན་གཤེགས་ལ་མཆོད་བྱས་ན།།གཟུགས་དང་དོན་དང་ལོངས་སྤྱོད་དང་།།ཁ་དོག་དང་ནི་འབྱོར་པ་དང་།།ཀུན་ཏུ ་གྲགས་དང་ལྡན་པར་འགྱུར།།དེ་ནི་ཚེ་རབས་དྲན་འགྱུར་ཞིང་།།འདོད་ཆགས་ཀྱིས་ཀྱང་འཕྲོགས་མི་འགྱུར།།འདོད་པ་རྣམས་ཀྱི་སྐྱོན་ཤེས་ཤིང་།།ཚངས་པར་སྤྱད་པ་སྤྱོད་པར ་འགྱུར།།དེ་བཞིན་གཤེགས་པ་མཆོད་བྱས་ན།།གཟུགས་རྣམས་དང་ནི་སྒྲ་དག་དང་།།རོ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་།།སྡིག་པའི་ལས་ནི་བྱེད་མི་འགྱུར།།རྣམ་པར་འདྲེན ་པ་མཆོད་བྱེད་ན།།དེ་ནི་སྤོས་དང་མེ་ཏོག་གོས།།ནམ་ཡང་འཕྲོགས་པར་མི་འགྱུར་ཞིང་།།དྲན་ལྡན་ཤེས་རབ་ལྡན་པར་འགྱུར།།དེ་བཞིན་གཤེགས་ལ་སུ་མཆོད་པ།།དེ་ཡི ་ནོར་གྱི་ཕུང་པོ་ལ།།རྒྱལ་པོ་དང་ནི་ཆོམ་རྐུན་དང་།།མེ་དང་ཆུས་ཀྱང་རེག་མི་འགྱུར།།འཇིག་རྟེན་མགོན་པོའི་མཆོད་རྟེན་ལ།།དར་གྱི་དབུལ་བ་སུ་འབུལ་བ།།དེ་ནི་སྐམ་དང་མྱ ་ངན་དང་།།ནད་བུ་ཅན་དུ་གཞར་མི་འགྱུར།།འཇིག་རྟེན་སྒྲོན་མ་མཆོད་བྱེད་པ།།ཚེ་རབས་དག་ནི་ཐམས་ཅད་དུ།།མྱ་ངན་མེད་ཅིང་གནོད་མེད་དང་།།འཁོར་ལོས་སྐྱེར་བ ་འབྱོར་ཆེན་འགྱུར།།འདྲེན་ལ་མཆོད་པ་བྱས་ན་ནི།།རྐང་པ་ལག་པ་མཉེན་འགྱུར་ཞིང་།།ཡན་ལག་རྣམ་པར་དག་འགྱུར་ལ།།གཟུགས་དང་ཁ་དོག་ལྡན ་པར་འགྱུར།།སྡིག་པའི་ལས་ནི་རྣམ་སྤངས་ཏེ།།བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད།།གང་དག་འཇིག་རྟེན་རབ་དཀོན་པ།།རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར།།བསྐུལ ་བ་བྱེ་བ་སྟོང་རྣམས་དང་།།ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པརོ།།མཆོད་ཅིང་བདེ་ལ་ཤེས་རབ་ལྡན།།བྱང་ཆུབ་དམ་པ་འཚང་ཡང་རྒྱ།།འཇིག་རྟེན་མགོན་པོ་སྐྱོབ་པ་ལ།།ཕྲེང ་བའི་ཁང་པ་བྱས་ན་ནི།།དེ་ནི་གཡོག་འཁོར་མི་ཕྱེད་ཅིང་།།རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར།།འཕགས་པ་རྣམས་ཀྱིས་གང་སྤངས་པ།།སྡིག་པའི་ལས་ནི་སྤོང་བར་བྱེད།། ་རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི།།དགེ་བའི་ལས་ལ་བསྟེན་པར་བྱེད།།ལྷ་འམ་འོན་ཏེ་ཀླུ་རྣམས་སམ།།འཇིག་རྟེན་དག་ན་གང་མཁས་པ།།དེ་དག་དགའ་ཞིང་མགུ་བ ་དང་།།བསྟི་སྟང་བྱས་ཤིང་བསྔགས་པར་འགྱུར།།བརྟན་པ་དེ་ནི་གར་སྐྱེས་པ།།བསོད་ནམས་གཟི་བརྗིད་རབ་ཏུ་བརྗིད།།ཡུལ་འཁོར་དག་དང་གྲོང་ཁྱེར་དང་།།རིགས་དེར ་བསྟི་སྟང་བྱེད་པར་འགྱུར།།སངས་རྒྱས་གཞན་གྱིས་མི་ཐུབ་པ།།རྐང་གཉིས་མཆོག་ལ་སུ་མཆོད་པ།།དེ་དག་མཐུ་སྟོབས་ཆེ་བ་དང་།།གཡོག་འཁོར་ཆེན་པོས་མཛེས་པར ་འགྱུར།།བྱང་ཆུབ་ཏུ་ནི་ཡོངས་བསྔོས་ཏོ།།ཕྲེང་བའི་གཙུག་ལག་ཁང་བྱས་ན།།སངས་རྒྱས་རྣམས་ཀྱིས་གླེང་བསྔགས་པའི།།འབྱོར་པ་དག་ནི་དེས་འཐོབ་བོ།།དེ་ནི་འཐེང་དང ་ཞར་བ་དང་།།དམན་དང་མ་རུངས་མི་འགྱུར་གནས།།གྲང་དང་གང་དུ་སྐྱེས་པར་ཡང་།།མཚན་རྣམས་ཀྱིས་ནི་བརྒྱན་པར་འགྱུརརོ།།སེམས་ཅན་དབུལ་པོ་རྣམས་མཐོང་ན།། ་དེ་ནི་ནོར་གྱིས་སྡུད་པར་བྱས།།དེ་ནི་ནོར་དང་ལྡན་འགྱུར་ཞིང་།།དེ་ནི་བྱང་ཆུབ་སྤྱད་པ་སྤྱོད།།བློ་གྲོས་ཆེན་པོས་ས་འདི་ཀུན།།ཡོངས་སུ་བཏང་བ་བྱས་ནས་ཀྱང་།།དམན་པའི ་དེམས་སུ་མི་འགྱུར་ཞིང་།།དེ་ནི་ནམ་ཡང་ཕོངས་མི་འགྱུར།།གང་དག་བྱང་ཆུབ་མངོན་ཞུགས་པ།།དེ་དག་བུ་དང་བུ་མོ་དང་།།ཆུང་མ་དགེ་ཞིང་བཟང་མོ་དག།བཏང་ནས་མྱ་ངན ་བྱེད་མི་འགྱུར།།དེ་ནི་སྔོན་དུ་འགྲོ་འགྱུར་ཞིང་།།བཀྲི་བ་མེད་ལ་མཐོང་ན་དགའ།།ཕྲག་དོག་དང་ནི་ང་རྒྱལ་གྱིས།།ནམ་ཡང་དེ་ལ་གནོད་མི་འགྱུར།།གང་དག་བྱང་ཆུབ་རབཞུགས ་པོ།།དེ་དག་ཕྲག་དོག་མེད་ཅིང་དེས།།བཟོད་པའི་ཕ་རོལ་ཕྱིན་པར་འགྱུར།།ཕན་པ་འདོད་ཅིང་ཡོན་ཏཱན་ལྡན།།གང་དག་བྱང་ཆུབ་མངོན་ཞུགས་པ།།འཇིག་རྟེན་ཀུན་ན་དེ་རིན ་ཆེན།།དེ་དག་འབྱུང་བ་ཤིན་ཏུ་དཀོན།།དམེད་པ་མེད་པའི་སྦྱིན་གནས་འགྱུར།།ས་འདི་དག་ནི་རིམ་གྱིས་སུ།།བགྲང་བར་བྱ་ཞིང་དཔག་པར་ནུས།།དེ་དག་རྣམས་ཀྱི་ཡོན་ཏན ་མཐའ།།ཚིག་གིས་བསྟན་པར་མི་ནུས་སོ།།སེམས་ཅན་དག་ནི་ཐམས་ཅད་ཀྱི།།དུས་གསུམ་སེམས་ནི་ཤེས་པར་ནུས།།དེ་དག་རྣམས་ཀྱི་ཡོན་ཏན་མཐའ།། ་ཚིག་གིས་བསྟན་པར་མི་ནུས་སོ།།རྒྱ་མཚོ་ཆེན་པོ་བཞི་པོ་དག།མཱ་ནི་བྱེ་བ་སྟོད་ག་ཤེགས་པའི།།རྒ་ཡིས་ཟད་པར་བྱ་བར་ནས།།དེ་དག་སོན་ཏན་ཟད་མི་ནུས།།ས་རྣམས་ཐམས ་ནད་བྱེར་བརླགས་པ།།རབ་ཏུ་ཕྲ་རྡུལ་ཤེས་པར་ནུས།།སངས་རྒྱས་སྲས་པོ་དེ་དག་གི།ཡོན་ཏན་མཐའ་ནི་བརྗོད་མོ་ནུས།།ཆུ་ཀླུང་ཐམས་ཅད་རབ་འབབ་བ།།རྒྱུན་པས་བཟློག ་འགྲོ་ཡང་སྲིད།།སངས་རྒྱས་སྨྲས་པོ་དེ་དག་།ཡོན་ཏན་མཐའ་བརྗོད་དེ་ལྟཆེན།།སེམས་ཅན་དག་ནི་མས་ད་ཀྱི།།སྔོན་གྱིས་ལུས་རྣམས་ཇི་སྐྱེད་པ།།གྲང་བར ་ང་དཔག་པ་རླ་ནུས།།དེ་དག་ཡོན་ཏན་ཟད་མི་འགྱུར།།སྔོན་གྱིས་ལུས་རྣམས་ཐམས་ཅད་ལ།།སྐྱེ་ཕྲེང་ཇི་སྙེད་ཡོད་པ་རྣམས།།བགྲང་བར་བྱ་ཞིང་དཔག་པར་ནུས།།དེ་དག ་སྨོན་ཏན་ཟད་མི་འགྱུར།།འགྲོ་བ་ལྔ་བྱོར་འཁོར་བ་ཡི།།སེམས་ཅན་ཀུན་གྱི་སྒྲ་རྣམས་ནི།།འགྲེང་བར་བྱ་ནིང་དཔག་པར་རུས།།དེ་དག་ཡོན་ཏན་ཟདདེ་མི་འགྱུར།།ས ་ཇི་སྤྱོད་ཐམས་ཅད་པོ།།ཆུའི་ཕུང་པོར་གནས་གྱུར་ཀྱང་།།དེ་ནི་བགྲང་ཤིང་དགག་པར་ནུས།།དེ་དག་ཡོན་ཏན་བརྗོད་མི་ནུག།མར་མི་མཛད་ནས་བཟུང་ནཔོ་ནི། འོངས། ་བསྐལ་པ་ད་པ།།དེ་ཡོ་བར་དུ་ཤོང་ལྡན་རྣམས།།ཇི་སྙེད་མ་འོངས་འབྱུང་འགྱུར་བ།དེ་དག་འབྲས་བུ་མེ་ཏོག་རྣམས།།དེ་དག་ཟད་པར་ཤེས་པར་ནུས།།བསྐལ་བ་བྱོབ ་རྣམས་དང་།།ཁྲག་ཁྲིག་དགོནི་གཏུ་གྲངས་པར།།བཙུན་བཞིག་གིས་དེ་དག་གིས།།སྔགས་ཕྲེང་ཡོད་དུ་འོང་བརྗོད་ཀྱང་།།སངས་རྒྱས་སྲས་པོ་དེ་དག་གི།ཡོན་ཏན་མ ་ནཱི་རྗོད་མི་ནུས།།སངས་རྒྱས་སྲས་བདྨད་དགུལ།།མིག་མྱོ་གའབྱེད་པ་དེ།།ལྕེ་དང་མ་ནི་སྦྱངས་ནས་སུ།།དེ་དག་དམྱལ་བསྤྱད་ཡུལ་འགྱུར།།བྱང་ཆུབ་སེམས་དཔའ་རྣས ་ལེནྡི།།མི་གང་ལ་ལ་གནོད་བྱེད་པ།།མིག་མེད་པ་འམ་ལོང་བ་དང་།།སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར།།ཤི་འཕོས་ནས་ནི་མནར་མེད་འགྲོ།དེ་ནི་འབར་ནི ་འཇིགས་སྐྲག་འགྱུར།།ལུས་ནི་ཆེན་པོར་གྱུར་ནས་ཀྱང་།།སྡུག་བསྔལ་ཆེར་བ་མྱོད་པར་འགྱུར།།ཚེ་རབས་དེ་དང་དེ་དག་ཏུ།།དེ་ལུས་དཔག་ཚད་ཙམ་འགྱུར་ཏེ།།དེ་དག ་ཕྲུམ་ལྟར་ཟླུམ་གྱུར་ལ།།ཀུན་ནས་ཡོངས་སུ་བཟའ་བར་འགྱུར།།དེ་ཚེ་ལུས་ལ་མགོ་བོ་ནི།།ལྷ་སྐྱོང་ཡོད་པར་འབྱུང་འགྱུར་ཞིང་།།མགོ་བོ་དེ་དག་རེ་རེ་ལའོང་།།ལྕེ་ནི་ལྔ ་ཐམ་པ་ཡོད།།གཅིག་ལའང་ཐ~ཾང་གཤོལ་བརྒྱ་དག་གིས།།སྐྱོ་ནི་རབ་ཏུ་རྨོ་བར་འགྱུར།།སྡིག་པའི་ལས་ཀྱི་རྣམ་སྨིན་གྱིས།།མི་བཟད་ཆེན་པོར་གཤེགས་པར་འགྱུར།།མན ་མེད་དེ་ནུས་ཤི་འཕོས་ནས།།དེ་ནི་ཚེ་དང་རབ་ཆུ་བར།།བློ་གྲོས་ངན་པ་ཚོ་རླབ་མྱོང་།།དེ་སྟོན་ཉེས་བྱས་འབྲས་བུ་ཡིན།།བྱང་ཆུབ་སེམས་དཔའ་རྣམས། ་ལ་ནི།།མ་བསྡམས་གང་ཞིག་གནོད་བྱེད་པ།།དེ་ལ་དུད་འགྲོའི་སྐྱེ་གནས་དང་།།དམྱལ་བའི་ས་ནི་དཀོན་མ་ཡིན།།ཚེ་རབས་བྱེ་བ་སྟོང་རྣམས་དང་།།ཁྲག་ཁྲིག་དག་ནི ་བརྒྱ་བགྲང་བར།།སྡུག་བསྔལ་ཚོར་བ་མྱོང་འགྱུར་ཞིང་།།དེ་ནི་བཟང་པོ་ནམ་མི་མཐོང་།།སྤངས་རྒྱས་སྲས་པོ་སྐྱོབས་རྣམས་ལ།།གནོད་པ་དག་ནི་བྱས་གྱུར་ན།། ལ ་གར་རྟ་འཇིགས་པ་ཡི།།ཤིན་ཏུ་གདུག་པའི་སྤྲུལ་དུ་སྐྱེ།།དེ་ནི་བཀྲེས་དང་སྐོམ་པས་ཉེན།།སྡིག་པའི་ལས་རྣམས་བྱེད་པར་འགྱུར།།དེ་ནི་ཟས་ཀྱང་མི་རྙེད་དེ།།ནམས ་ཀྱང་འགྲངས་པར་ཟ་མི་མྱོང་།།ཤི་འཕོས་གཤིན་རྗེའི་འཇིག་རྟེན་དུ།།དེ་ནི་རྟག་པར་གཏུན་དུ་བརྡུད།།དགེ་སློང་དག་ལ་གནོད་བྱས་པས།།ནམ་ཡང་སྐབས་ནི་རྙེད་མི་འགྱུར།། ་དེ་ནས་ཤི་འཕོས་དུས་བྱོས་ཏེ།།མཱི་ཡཱི་ལུས་ནི་ཐོབ་གྱུར་ན།།བློ་ངན་དེ་ནི་དམུས་ལོར་འགྱུར།།གནོད་སེམས་ལྡན་ཞིང་སྡོམ་པ་མེད།།དེ་ནི་ཉེས་པར་སྨྲས་བྱས་ཏེ།།འཕགས ་པ་རྣམས་ལ་སྐུར་བཏོབ་པས།།མི་ཡི་ནང་ནས་ཤི་འཕོས་ནས།།ངན་སོང་དག་ཏུ་མྱུར་དུ་འགྲོ།།བྱང་ཆུབ་སེམས་དཔའ་རྣམས་ལ་ནི།།མེ་བསྡམས་གང་ཞིག་གནོད་བྱེད་པ།། ་བསྐལ་པ་པྱོ་བ་སྟོད་དག་ཏུ།།ནམ་ཡང་སངས་རྒྱས་མཐོང་མི་འགྱུར།།རྫོགས་སངས་རྒྱས་ཀྱི་སྒྲས་རྣམས་ལ།།གང་ཞིག་ཆོས་བཞིན་སྲུང་བྱེད་པ།།དེས་ནི་དྲན་འགྲོ་ཀུན་སྤངས་ཏེ།། ་མྱུར་དུ་བཟོད་འགྲོ་འགྲོ་བར་འགྱུར།།ཕྱུག་ཙོང་ནོར་ཆེན་ལྡན་པ་དང་།།སྟོབས་དང་ལྡན་ཞིང་འཇིགས་པ་མེད།།དྲན་དང་ལྡན་ཞིང་ཤེས་རབ་ལྡན།།བདེ་ཞིང་ངོ་ཚ་ཁྲོལ་ལྟས་ལྡན།། ་གང་དུ་འཇིག་རྟེན་རྣམས་ཀྱི་སྒྲོན།།ཡོངས་སུ་མྱ་ངན་འདས་གྱུར་པ།།སངས་རྒྱས་མཆོད་རྟེན་མཐོང་ནས་ནི།།ཡང་དང་ཡང་དུ་བསྟི་སྟང་བྱེད།།རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི།། ་འདི་འདྲའི་ཆོས་འདི་ཐོས་གྱུར་ནས།།སངས་རྒྱས་སྲས་པོ་རྣམས་ལ་ནི།།སུ་ཞིག་ཕྱི་ཕྱིར་དང་མི་བྱེད།།གང་གིས་སངས་རྒྱས་སྟོང་རྣམས་དང་།།བརྒྱ་དང་བྱེ་བ་བགྲངས་དག་ལ།།བསྐུལ ་པ་གངྒཱའི་བྱེ་མ་སྙེད།།དེ་སྙེད་བསྐུལ་པར་བཀུར་བ་བྱས།།འཇིག་རྟེན་མགོན་གྱིས་གསུངས་པ་ཡི།།དམ་ཆོས་འཇིག་ཆོ་གང་ཞིག་གིས།།ཉིན་དང་མཚོན་དུ་འཛིན་བྱེད་པ།།དེ་ནི་བསོད ་ནམས་ཁྱད་པར་འཕགས།།ཆོས་འཇིག་དུས་ན་ཆོས་འཛིན་པ།།སྔོན་གྱི་སངས་རྒྱས་ཐམས་ཅད་དང་།།སངས་རྒྱས་ཡེ་ཤེས་རབ་གནས་པ།ང་ལ་དེས་ནི་མཆོད་པ་བྱེད།།དམ་པའི ་ཆོས་ནི་འཇིག་པའི་ཚེ།སྟོན་པའི་བསྟན་པ་སྲུང་བྱེད་ལ།།བསྐལ་པ་བྱེ་བ་སྟོང་རྣམས་སུ།།དེ་ནི་ནམ་ཡང་རྒུད་མི་འགྱུར།།ལུས་ཀྱིས་བདེ་བ་མྱོང་འགྱུར་ཞིང་།།དེ་ནི་ནད་ཀྱིས ་བཏབ་མི་འགྱུར།།དེ་ནི་ཡིད་དུ་མི་འོང་བས།།ནམ་ཡང་འཕྲོགས་པར་མི་འགྱུར་རོ།།སྟོན་པའི་བསྟན་པ་བསྲུང་བྱས་ན།།བཟོད་པ་ཕུན་སུམ་ཚོགས་པ་དང་།། ་ངེས་དང་གསལ་དང་མཉེན་པ་དང་།།སེམས་ཅན་རྣམས་ལ་བྱམས་སེམས་འགྱུར།།འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།།བདེ་དང་དགའ་འཐོབ་མཛོད་ནི་མང་བར ་འགྱུར།།སྔོན་གྱི་རིམ་གྲོ་བྱ་བ་འཐོབ་འགྱུར་ཞིང་།།མི་ཁོ་མོ་བརྒྱད་པོ་མ་ལུས་ཟད་པར་སྤོང་།།འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།།དཔེར་ན་ནམ་མཁའ་སྐར་མས ་ཡོངས་གང་ལྟར།།རྟག་ཏུ་མཚན་གྱིས་གོ་ཆར་བྱས་པ་དང་།།རབ་ཏུ་ཚིག་སྙན་ཡིད་འོང་དབྱངས་ལྡན་འགྱུར།།འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།།གང་ན་ཡིད ་བདེ་མེད་ཅིང་རབ་སྡུག་པ།།རིགས་དམན་དེ་ནི་དེ་ཡིས་སྤང་བར་འགྱུར།།ཕྱུག་ཅིང་ཤིན་ཏུ་བདེ་ལ་ལོངས་སྤྱོད་ལྡན།།འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བ།།མཐུ་དང ་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན།།མི་དམན་པ་རྣམས་ཀུན་ཏུ་རྣམ་པར་རྒྱུ།།སངས་རྒྱས་བརྒྱ་སྟོང་དགོ་ལ་བསྙེན་བཀུར་བྱེད།།འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང ་བས།།མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན།།མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་འགྱུར།རྒྱལ་པོ་མཁས་པ་འཛངས་པ་རྣམས་ཀྱིས་བསྔགས།།འཇིག ་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།།མཆོག་ཏུ་གཟུགས་མཛེས་བལྟ་ན་སྡུག་པ་དང་།།སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་།།བདེ་ཞིང་མུཁས་ལ་བསྔགས་ཤིང་ཤེས་རབ ་ལྡན།།སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས།།གང་གི་མདུན་དུ་མདོ་འདི་རབ་བཤད་པ།།མི་དེ་ལག་ཏུ་མདོ་སྡེ་འདི་འདྲ་འདི།།ཕྱི་མའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར།།གང་ཞིག ་སྟོན་པ་མི་མཆོག་གཟུགས་བྱེད་པ།།རས་འདྲ་རྩིག་ངོས་འདྲི་འམ་གསེར་ལས་བྱས།།དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ།།དེ་དག་མི་ལུས་རབ་ཏུ་བསྟན་གྱིས་ཉོན།།དེ་ནི་བལྟ་མིན ་ལོང་བར་གཞར་མི་འགྱུར།།སྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན།།དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན།།སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།།ལུས་ནི་རྣམ ་པར་དག་ཅིང་ཁྱད་པར་འཐོབ།།སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་།།ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ།།དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར།། ་སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན།།གཡོ་མེད་མི་རྐུ་རྒྱལ་པོ་འཁྲུག་མི་བྱེད།།མཐུ་དང་ལྡན་ཞིང་དབང་ཆེར་གྲག་པར་འགྱུར།།བྱམས་ལ་གནས་ཤིང་མེ་དམན་སེམས་དང ་ལྡན།།འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།།དེ་ནི་མཆོག་འགྱུར་སྐྱེ་བོ་མོང་མཆོད་འོས།།བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན།།དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ ་པོར་འགྱུར།།འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།།ལྷ་ཡི་དབང་པོ་དབང་ཕྱུག་དབང་ཐོབ་པོ།།ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར།།བདག ་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོན།།དེ་ནི་དྲན་དང་བློ་གྲོས་མི་ལྡན་མིན།།དེ་ནི་རྟོགས་མོས་ཤེས་རབ་ཆིངས་པར་འགྱུར།།འཇིག་རྟེན་ཀུན་ན་དབུགས་བྱོན་ཐོབ་འགྱུར་ཏེ།།། ་འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས།།སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན།།དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ།ངན་འགྲོ་གསུམ་པོ་ངས་ནི་རྣམ ་སྤངས་ཏེ།།བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར།།འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།།དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ།།མི་དམན་དགའ ་བའི་སེམས་ཀྱིས་སངས་རྒྱས་མཆོད་།།རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར།།ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར།།ཡིད་འོང་ཤིན་ཏུ་མཛེས་པའི ་སྤོས་དྲད་ཅན།།ཛམྦུ་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི།།གཞལ་མེད་ཁང་མཆོག་བལྟ་སྡུག་ཐོབ་པར་འགྱུར།།དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པ་པོ།།སེམས ་ཅན་སྙིང་པོ་མཚུངས་འདྲ་མེད་པ་ཐོབ།།ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ན་གསལ།།གསེར་སྟོང་རིན་ཆེན་བཻ་ཌཱུརྱ་དང་མཚུངས།།སུ་ཞིག་དགའ་བའི་ཡིད་ཀྱིས་མེ་ཏོག ་བླངས།།དང་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར།།དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན།།རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་བཀུར་འགྱུར།།མྱ་ངན་བསྐམས ་ཤིང་ཐ་བ་དྲི་ལྡན་ལུས།།ཡན་ལག་ལེགས་གནས་མཚུངས་མེད་ཐོབ་པར་འགྱུར།།སྐྱེ་བོ་མེད་བྱོས་བལྟ་བའི་འོས་ཡིན་ཏོ།།དམྱལ་བ་དགྲ་ཅི་འདོད་པ་སྤོང་བར་འགྱུར།།སྤྱང ་པ་རྣམ་པར་སྐྱེད་ཆེ་འདོད་པ་ལ།།ངན་སྐྱུགས་ཁུང་ལྷུར་སྨད་པར་ཤེས་པར་འགྱུར།།ཚངས་སྤྱོད་དགེ་བ་ཁྱད་པར་འཕགས་ལ་སྤྱོད།།དགའ་བའི་སེམས་ཀྱིས་རྟག་ཏུ ་པར་འགྱུརརོ།།བསྐལ་པ་མཐའ་ཡས་མང་དུ་དེ་ཁོ་ནས།།རབ་མཛེས་ཨུཏྤལ་བསུད་ནི་འབྱུང་པོར་འགྱུར།།དེ་ཡི་ལུས་ནཱི་གསེར་གྱི་མདོག་འདྲ་ཞིང་།།ཙནྡན་ལྟ་བུར་དྲོ་ཞིམ ་དད་ཀྱང་འབྱུང་།།སྤྱད་པ་རྣམ་པར་སྤྱོད་ཚེ་ཁྲོ་བ་དང་།།ཟ་བ་དྲི་སྟོན་གཏི་མུག་གནོད་མི་བྱེད།།དམན་ཕྲ་མེད་པའི་སེམས་ཀྱིས་དབུགས་ཕྱིན་རྙེད།།བག་ཡོད་ལྷ་ཡི་ནང་ན་རྒྱུལ ་པོ་འཐོབ།།གང་ཚེ་རྒྱལ་བ་མྱ་ངན་འདས་པ་ན།།དེ་ནི་གུས་པས་དེ་དག་ཆོས་ཀྱང་འཛིན།།མི་དམན་དགའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན།།བཅོམ་ལྡན་མྱ་ངན་འདས་པའི ་རིང་བསྲེལ་མཆོད།།རྒྱལ་བ་མཆོག་གི་བསྟན་པ་འཇིག་དུས་ཚེ།།རབ་ཏུ་དགའ་བས་སྟོན་པའི་ཆོས་ཚུལ་འཛིན།།དེས་ནི་ཆོས་མཆོག་མཛེས་པ་དེ་སྤྱོད་པས།།གནོད ་པས་འཆི་བའི་དུས་བྱེད་གཞར་མི་འགྱུར།།གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་།།ཉོན་མོངས་མེད་པ་གསེར་མདོག་སྟོབས་བཅུར་གྱུར།། ་དེ་དག་བསྐལ་བྱེ་ཁྲག་ཁྲིག་བརྒྱ་སྟོང་དུ།།རྒྱལ་བ་མཆོག་ལ་མཆོད་པའི་བསྔགས་བརྗོད་ནུས།།འཇིག་རྟོན་ཀུན་ཏུ་སྡིག་པའི་ལས་སྤངས་ཏེ།།དགའ་བའི་སེམས་ཀྱིས ་མཆོག་གི་ལས་བྱས་ཤིང་།།རླབས་ཆེན་སྤྱོད་ཚེ་དོན་ནི་ལེགས་བྱས་ནས།།འཇིག་རྟེན་མཐུ་ཆེན་རྫོགས་པའི་སངས་རྒྱས་འགྱུར།།གང་གིས་སྤོས་ཆུ་ཡུངས་འབྲུ་ཙམ ་བླངས་ཏེ།།བཅོམ་ལྡན་མཆོད་རྟེན་རྣམས་ལོ་བདུག་བྱེད་པ།།ང་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང་།།རྡུལ་དང་དྲི་མ་སྤོངས་ལ་མཉན་པར་གྱིས།།དེ་ནི་བསོད ་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ།།ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལ།།སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ།།སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་།།རྒྱལ་པོ་ཐོབ ་ནས་རྒྱལ་བ་མཆོག་བཀུར་འགྱུར།།མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ།།གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན།།འཇིག་རྟེན་ཀུན་ན་ཡིད་འོད་དྲི་ལྡན ་འཐོབ།།དེ་ལ་ཡིད་མི་བདེ་དང་སྡུག་བསྔལ་མེད།།སྤྱད་པ་སྤྱོད་ཚེ་ལོངས་སྤྱོད་ཉམས་མི་འགྱུར།།ཕྱུག་ཅིང་ནོར་ལྡན་མཛོད་ནི་རབ་ཏུ་མང་།།མྱ་ངན་མེད་གྱུར་འཇིག་རྟེན་ཀུན ་ཏུརྒྱུ།།སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་འདྲི།།རྒྱལ་བ་མཆོག་གི་བསྟན་པ་ཁྱུད་འཕགས་ཆོས།།ཚིག་རབ་བརྗོད་ཅིང་ཐེ་ཚོམ་སེལ་བར་བྱེད།།ཆོས་ཐོས་ཡིད་བདེ་སླར་ཡང་སྐྲ། ་བར་བྱེད།།སྡིག་པའི་ལས་མེད་བློ་རྒྱ་ཆེ་དང་ལྗོན།།རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད་འཕགས་པ།།དགའ་བར་འགྱུར་ལ་རྟག་ཏུ་མཁས་བྱས་ཏེ།།མིག་ཀྱང་སྤྱོད་ཞིང ་མུན་པོ་སེལ་བར་བྱེད།།འདོད་ཆགས་མི་ཆེ་ཞེ་སྡང་ཆེ་མ་ཡིན།།མི་ཡི་འཇིག་རྟེན་གཏི་མུག་ཆེ་མ་ཡིན།།དེ་ནི་ཚངས་སྤྱོད་དག་པ་མཆོག་འདི་སྤྱོད།།མི་ཡི་དོན་ནི་དཔག་ཏུ་མེད་པ ་བྱེད།།བཅོམ་ལྡན་མཆོད་རྟེན་རྣམས་ལ་སྤོས་བདུགས་ན།།དེ་ལ་གནོད་པར་སེམས་པ་སུ་ཡང་མེད།།དེ་ནི་ནམོས་ཀྱང་ལོངས་སྤྱོད་ཉམས་མི་འགྱུར།།བལྟ་བར་འོས་ཤིང ་ནོར་ཆེན་ལྡན་པར་འགྱུར།།བསྐུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་རྣམས་སུ།།སེམས་ནི་རྣམ་དག་སྡིག་པ་རྣམ་དག་ཅིང་།།ཞི་ཞིང་རབ་ཞི་ཞི་དུལ་ལྡན་གྱུར་ནས།།མི་དམན་སེམས་ཀྱིས ་བྱང་ཆུབ་མཚུངས་མེད་འཐོབ།།སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།།མྱ་ངན་མེད་བདེ་ཞི་བ་མཆོག་བཀོད་ཅིང་།།འཁོར་ལོ་མཚུངས་མེད་འཇིག་རྟེན་ཀུན་བསྐོར་ནས།།ཕྱི ་ནོས་ཉོན་མོངས་རྡུལ་མེད་མྱ་ངན་འདས།།སུ་ཞིག་དགའ་མགུ་སེམས་ཀྱི་གོས་ཀྱིས་ནི།།བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱས་པ།།དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་། ་ཁྲག་ཁྲིག་བརྒྱ་གྲངས་མཐའ་ཡས་རྟག་ཏུ་རྙེད།།བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།།དེ་ནི་བཅས་མ་ཐག་ཏུ་གོས་མཆོག་འཐོབ།།ལྷ་ཡི ་ཁྱད་འཕགས་པར་གྲོས་རབ་བཟང་རྙེད།།བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བྲེད།།གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་།།འདྲེན་པ་མཚུངས་མེད་རྣམས་ལ ་མཆོད་བྱེད་པ།།དེ་འདིར་མཚུངས་པ་མེད་པའི་ལུས་འཐོབ་སྟེ།།སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས།།བཅོམ་ལྡན་མཆོད་རྟེན་གོས་ཀྱི་དཀྲིས་བྱས་ན།།ལེག་མཐིལ ་ནས་ནི་མུ་ཏིག་ཕྲེང་མཛེས་པ།།སྣ་ཚོགས་དག་དང་སེང་གེའི་ཕྲེང་བ་དང་།།གསེར་སྐུད་རབ་མཛེས་བསྐལ་པ་མཐའ་ཡས་འབྱུང་།།བཅོམ་ལྡན་མཆོད་རྟེན་གྲོས་ཀྱི་ས་དཀྲིས ་བྱས་ན།།ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ་ཆེ།།སུ་ཡང་དེ་ལ་མ་དང་སྐྱེད་མི་བྱེད།།རྟག་ཏུ་ཚངས་པར་སྤྱོད་པ་མཆོག་འདི་སྤྱོད།།བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས ་བྱས་ན།།སྟོང་གིས་འཇིག་རྟེན་ཁམས་ཀུན་ཟིལ་གནོན་ཏེ།།ཛམ་ཀླུང་གསེར་གྱིས་གསེར་ནི་ཟིལ་མནོན་བཞིན།།སྐྱེ་དགུ་དོན་ནི་དཔག་ཏུ་མེད་པ་བྱེད།།གལ་ཏེ་རིན་ཆེན ་རབ་མཆོག་སྣ་བདུན་གྱིས།།སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི།།དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི།།རྒྱལ་པོའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན།།ནོར་བུ ་རིན་ཏན་ཟླ་བའི་འོད་རྣམད་ཀྱིས།།བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ།དེ་འདྲའི་དཔའ་འོད་ཟད་པར་བྱ་ནུས་ཀྱི།།རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན།།འཇིག་རྟེན ་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ།།བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ནི།།དེ་ནི་སྐྱེ་བོ་མང་པོའི་མཆོང་འོས་འགྱུར།།བྱང་ཆུབ་མཆོག་སྤྱོད་དམ་པ་ཞི་བ་སྤྱོད།།བཅོམ ་ལྡན་མཆོད་རྟེན་པ་དྲན་ཕུལ་བྱས་ན།།དག་ཅིང་མཆོག་གི་ལུས་ནི་འཐོབ་འགྱུར་ཏེ།།དཔེར་ན་གསེར་ལྟར་ཤིན་ཏུ་དགར་འགྱུར་ཞིང་།།ལྷ་ཡིས་བསྡོགས་ལ་མཆོད་ཅིང་བླ་མར ་བྱེད།།དེ་ཡི་ལུས་ནི་གསར་གྱི་མདོག་འདྲར་འགྱུར།།རས་ཀྱི་གོས་དང་ལ་བ་བཟང་རབ་དང་།།དུ་གུ་ལ་དྲང་ཀ་ཤི་ཀ་རྣམས་དང་།།ཤིན་ཏུ་མཛེས་པའི་གོས་ཀྱང་རྙེད་པར ་འགྱུར།།ཛམྦུའི་གླིང་ན་རིགས་མཆོག་དམ་པ་གང་།།ཕྱུག་ཅིང་ཆེ་ཉིད་བདག་དབང་ནོར་མང་བ།།དྲི་དག་ཏུ་ནི་རྟག་ཏུ་དེ་སྐྱེ་སྟེ།།དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས།།དེ་ལ ་སེནུས་ཅན་སུ་ཡང་ཕྲེགུ་དོག་མེད།།སེམས་ཅན་གནོད་པས་སེམས་པ་གཞན་མི་འབྱུང་།།གཞན་གྱི་སྡིག་པའི་ལས་ལ་དེ་སྨོད་དེ།།རྟག་ཏུ་བག་ཡོད་ཚུལ་ཁྲིམས་རྣམ་དག་འགྱུར།། ་འཛིན་པ་མེད་ཅིང་སེར་སྣ་མེད་པར་འོས།།གཏོང་བ་རབ་བཏང་མྱ་ངན་མེད་པ་འཐོབ།།དེ་ནི་སྲོག་ཕྱིར་གཞན་ལ་སྦྱིན་མི་བྱེད།།ཕོངས་པ་མེད་བྱེད་རྟག་ཏུ་བག་ཡོད་འགྱུར།།སངས་རྒྱས ་སྟོབས་བཅུ་དེད་དཔོན་མཐོང་ནས་ནི།།དགའ་བའི་སེམས་ཀྱི་གདུགས་དང་བ་དུན་དང་།།མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད།།བྱང་ཆུབ་སྤྱོད་མཆོག། ་འདི་ནི་རྟག་པར་སྤྱོད།།མི་ཡི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད།།ལྷ་ནང་ལྷ་ཡི་དག་དང་མི་ཡི་གཙོ།།ཡིད་འོང་སྤོས་མཛེས་བལྟ་ན་སྡུག་པ་དང་།།ནོར་བུ་ཤེལ་འདྲ་སྣ་ཚོགས ་ལྡན་པ་འཐོབ།།རོ་རབ་རྩེ་མོར་ལྷ་ནང་རབ་ཏུ་གསལ།།ལྷ་ཀུན་སློབ་མར་གྱུར་ནས་མངོན་དུ་འདུད།།ཆོས་ཀྱིས་དེ་དག་ཡིད་བདེ་སྐྱེད་པར་བྱེད།།དེ་ལ་དང་མཆོག་གཞི་ནི་གསང ་ཐོབ་པར་འགྱུར།།དེ་ནས་ཤི་འཕོས་མི་ཡི་འཇིག་རྟེན་དུ།།རྒྱལ་པོ་དམ་པ་སྟོབས་ལྡན་འཁོར་ལོས་སྒྱུར།།དེ་ལ་སེམས་ཅན་སུ་ཡང་སྡིག་མི་སྐྱེད།།སྐྱེ་བོ་མང་པོ་དགའ ་ཞིང་ཡིད་འོང་འགྱུར།།རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ།།རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར།།ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་།།སེམས ་ཆུད་མི་འགྱུར་དམན་པའི་སེམས་མི་འགྱུར།།ལོངས་སྤྱོད་རྙེད་ནས་བགོད་ཅིང་བདག་ཀྱང་སྤྱོད།།དེ་ནི་འཇིག་མེང་ཡིད་མི་འདྲེ་བ་མེད།།རྒྱལ་པོ་དགའ་ནས་གྲོང་དང་ཡུལ ་འཁོར་བགོད།།དེ་ལ་སེམས་ཅན་སུ་ཡང་སྡིག་མི་སྐྱེད།།གཙོ་བོ་ཁྱད་པར་འཕགས་པ་མཛོད་མང་ཞིང་།།ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་བརྒྱན་འགྱུར།།རྒྱལ ་པོའི་བུའམ་དེ་བཞིན་བློན་པོར་འོང་།།རྒྱལ་བློར་གྱུར་ན་སྟོབས་ལྡན་རྫོབ་མེད།།བརྙས་པའི་རིགས་དམའ་ཐམས་ཅད་ཡོངས་སུ་སྤོང་།།ལོངས་སྤྱོད་ཁྱད་འཕགས་རིགས་མཆོག ་རྙེད་ནས་ནི།།རྟག་ཏུ་བག་ཡོད་སེམས་ནི་དུ་མ་མི་འགྱུར།།འདོད་པ་རྣམས་ནི་དྲན་སྐྱུགས་ཁུང་ལྟར་སྤོང་།།ཁྱད་འཕགས་གཟུགས་དང་མཚོན་རྣམས་རབ་ཏུ་འཐོབ།།ཁྱད ་འཕགས་རིགས་དང་དེ་བཞིན་དབང་ཕྱུག་ཉིད།།དེ་ཡི་གཡོག་འཁོར་རྟག་ཏུ་མི་ཕྱེད་འགྱུར།།སྐྱེ་བོ་མང་པོས་མདུན་དུ་བདར་བར་འོང་།།དེ་ནི་གཞན་ལ་གནོད་པའི་སེམས་མི ་སྐྱེད།།སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན།།དེ་ལ་མེ་དང་དུག་དང་མཚོན་མི་ཚུགས།།སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར།།རབ་ཏུ་དགའ་ཞིང་ཐུབ་པའི་ཆོས ་པོ་སྤྱོད།།ཤེས་བཞིན་ལྡན་ནས་ཡིད་བདེ་སྐྱེད་པར་བྱེད།།འཛིན་པ་མེད་ཅིང་ཆགས་མེད་སེམས་དང་ལྡན།།ཆགས་མེད་གྱུར་ནས་དེ་ལ་མི་མཐུན་མེད།།དེ་ཡི་ལུས་གཙང་ཀུན ་ནས་ཉོན་མོངས་མེད།།རྣམ་དག་སེམས་ལྡན་དེ་ནི་བདེན་པར་སྨྲ།།འཇིགས་པས་ཉེན་པ་རྣམས་ལ་ཡིདྲ་བདེ་སྐྱེད།།སེམས་ཅན་རྣམས་ཀྱི་སྐྱབས་དང་དཔུང་གཉེད་འགྱུར།།དེ་ནི། ་བདག་དོན་རྒྱ་ཆེན་བྱས་ནས་སུ།།གཞན་ཡང་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད།།ཤིང་དབང་ཤིང་མཆོཚིག་དམ་པ་དྲུང་སོང་ནས།།མཚུངས་མེད་མཆོག་ཞི་བྱང་ཆུབ་འཆང ་ཡང་རྒྱ།།སངས་རྒྱས་མཆོད་རྟེན་མར་མོ་གཅིག་ཕུལ་ན།།འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར།།སངས་རྒྱས་ཞིང་ནི་ཛམ་ཀྲུང་གསྔོར་གྱིས་གང་།།དེ ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།།བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན།།དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར།།གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ ་འདྲ།།སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།།གལ་ཏེ་རྒྱལ་བ་དམ་པ་བྱུང་གྱུར་ན།།དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར།།ཉེ་དུར་འགྱུར་རམ་ཡང་ན ་བུར་ཡང་འགྱུར།།དེ་ནི་ཡེ་ཤེས་ཕུང་པོ་མྱུར་དུ་འཐོབ།།གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་།།ཡུངས་འབྲུ་དག་གིས་བྱུར་བུར་གང་འགྱུར་བ།།བགྲང་བ་དང་ནི ་གཞལ་ཞིང་བརྗོད་པར་ནུས།།བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན།།སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས།།སྤྱོད་པ་མཆོག་སྤད་ཁྱད་པར་བརྙེས ་གྱུར་པ།།མི་མཆོག་དེ་ལ་མཆོད་པ་འདིར་བྱས་པ།།རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར།།གལ་ཏེ་མི་མཛད་འཇིག་རྟེན་ཁམས་འདི་ཀུན།།ནོར་བུ་རིན་ཆེན་པོ ་ཌཱུརྱས་གང་པ།།ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།།མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།།ཀཱར་ཤཱ་པ་ཎཾས་མི་མཇེད་འཇིག་རྟེན་ཁམས།།འོག་ནས ་སྲིད་པའི་རྩེ་མོའི་བར་གང་བ།།ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།།མར་མེ་གཅིག་ཕུལ་དཔལ་དྲི་ཟད་མི་འགྱུར།།སངས་རྒྱས་ཞིང་སྟོང་དེ་དག་ཙནྡན་གྱིས།།འོག་ནས་སྲིད ་པིའི་རྩེ་མོ་བར་གང་བ།།ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།།མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།།ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རིས་ཀྱི།།གོས་ཀྱིས་སངས་རྒྱས ་ཞིང་སྟོང་གང་གྱུར་པ།།ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།།མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།།ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ།།ལྷ་ཡི་ལྷ་རྫས་ནོར་བུ་རིན་། ་ཆེན་མང་།།ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།།མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།།ལྷ་ཡི་འཇིག་རྟེན་ཡོད་པའི་ལྷ་ཡི་སྤོས།།དེ་དག་མི་མཛོད་འདི་ཀུན་གང་། ་གྱུར་པ།།ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།།མར་མེ་གཅིག་ཡུལ་དཔལ་དེ་ཟད་མི་འགྱུར།།ཕྱོགས་དང་ཕྱོགས་མཚམས་ཚད་ནི་ཤེས་པར་ནུས།།ནམ་མཁའི་། ་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས།།སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་བའི།།དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།།སངས་རྒྱས་དམ་པ་མི་མཆོག་བཞུད་པའོ།། ་ཚེ།།འདྲེན་པ་མཚུངས་པ་མེད་ལ་དད་བྱས་ཏེ།།སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར།།མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ།།དེ་ནི་ལས་མཛེས་དམ་པ་གུས་བྱོས་པས།། ་ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་གྱུར།།འཇིག་རྟེན་ཀུན་ཏུ་ཚངས་པའི་བདག་པོར་གྱུར།།རྒྱལ་བའི་མཆོད་རྟེན་ལ་ནི་བུམ་ཕུལ་ནས།།འཁོར་ལོས་སྒྱུར ་བའི་རྒྱལ་པོ་སྟོབས་ལྡན་གྱུར།།སྟོང་ཕྲག་བཅུ་ལྔ་དབང་བར་ང་གྱུར་ཏེ།།ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར།།ཁྱིམ་བདག་བློ་ལྡན་བསོད་ནམས་ལྡན་པར་གྱུར།། ་བདེ་གཤེགས་མི་མཆོག་བྱེ་བ་ཉི་ཤུ་དག།ངས་ནི་མཉེས་བྱས་གཟིམས་ཆན་བཟའ་ཡིས།།མི་མཆོག་དག་ལ་བླ་མར་བསྟི་སྟང་བྱས།།དེ་དག་གཙུག་ལག་ཁང་ལ་སྤྲོས ་ཀྱིས་བསྡུས།།ང་ཡི་ཁ་དོག་དྲན་པ་ཀུན་མེད་གྱུར།།ངས་ནི་ཆ་དང་གྲང་དང་ངལ་བ་སྤངས།།སངས་རྒྱས་སྤྱན་སྔར་དམན་མོད་སེམས་གྱུར་ཅིང་།།དེ་དག་མཆོད་པ་དམ་པ ་མཆོག་གོས་མཆོད།།རྒྱན་གྱིས་བརྒྱན་པའི་གདུགས་མཛེས་བལྟ་སྡུག་པ།།སུ་ཞིག་བཅོམ་ལྡན་མཆོད་རྟེན་འབྲུལ་བྱེད་པ།།དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། ་སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།།གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་།།ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་དང་།།ཛམ་གླིང་གསེར་ལྟར ་རབ་མཛེས་བལྟ་ན་སྡུག།མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང་།།མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེན་གྲགས།།བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད།། ་ནི་ནམ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར།།ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོང་།།བརྟན་པ་འདོད་པའི་ལོངས་སྤྱད་གཞར་མི་དཀའ།།ཚུལ་ཁྲིམས་རྣམ་དག་རབ་མཁས ་ནོངས་པར་སྤྱོད།།ཡི་དམ་བཅས་ནས་ནགས་དང་ནགས་མད་བསོང་།།མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར།།བཅོམ་ལྡན་མཆོད་རྟེན་རྣམས་ལྔ་གདུགས་འདྲུལ ་བ།།ཇི་ལྟ་བུ་ཡང་བྱང་ཆུབ་སེམས་མི་འདོར།།བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར།།དེ་ཡི་ཤེས་པ་རྣམས་ཀྱང་ཉམས་པ་མེད།།རོལ་མོའི་སྒྲ་ཡིས་མི་མཆོག ་མཆོད་བྱས་ན།།མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་།།མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར།།དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་།།བཅོམ་ལྡན་མཆོད་རྟེན་རོལ ་མོའི་སྒྲ་བྱས་ན།།ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར།།རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དགའ།།སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར།།དེ་ཡི་ལྕེ་ནི་རབ ་མཛེས་བོལྟ་ན་སྡུག།ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང་།།དཔེར་ན་ལྷ་ཡི་རིན་ཆེན་བྷཱ་རུ་འདྲ།།སྐྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན།།བཅོམ་ལྡན་མཆོད་རྟེན ་རོལ་མོའི་སྒྲ་བྱས་ན།།ནམ་ཡང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན།།ཞར་བ་སྐུར་པ་ཡ་ཡོ་ཅན་མི་འགྱུར།།ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས།།བཅོམ་ལྡན ་མཛོད་རྟེན་རམ་འོས།བྱསན།།སྒྲའམ་ཀླུ་འང་སྟུ་བྱོན།།སུ་ལུང་རྡོ་ལ་མ་དང་སྤྱོད་སྷོ་འགྱུར།།དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་དྷཱ་རྨྱ། ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།།དོ་ནི་མ་ནིང་ཟམར་གྲི་ཟླར་མི་འགྱུར།།ནམི་ཡང་མཛེ་དང་ཤི་བོཀ།མི་འབྱུང་ཞིང་།།བསྡོགས་པར་འོས་པའི་ལུས་ནི་ཐོབ་པར ་འགྱུར།།བཅོམ་ལྡན་མཆོད་རྟེན་རོ་ཁྲོ་མོའི་སྒྲ་བྱས་ན།།ལྕེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར།།གསེར་གྱི་གཟུགས་ལྟར་ཁ་དོག་འབར་བུརརཱ་འད།།ཏིང་འཛིན ་ཞིང་ཤིན་ཏུ་རྟོགས་པར་འགྱུར།།བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།།ལྷ་ནང་བདག་པར་འགྱུར་ཞིང་དབང་ཕྱུག་འགྱུར།།མི་ཡི་འཇིག་རྟེན་སྐྱེས ་ན་དགའ་བར་འང་།།ཛིན་འགྲུས་ལྡན་ཞིང་བག་སྣོད་འབར་བར་འགྱུར་ཅོམ་ལྡན་མཛོད་རྟེན་རོས་མྱུ་སྐྱེ་བྱ་ན།།དེ་མས་ཡང་མེད་མི་འདེ་མི་སྐྱེད་།། ས ་ཡང་ཚིག་རླུབ་སྨྲབ་མེད།།ཕྲ་མ་ཐམས་ཅད་སྤངས་ཤིང་ཡང་དག་སྒྲ།།བསོད་ནམས་འདོད་པ་སུ་ཞིག་ཕྱུགས་ཐོགས་ཏེ།།བཅོམ་ལྡན་མཆོད་རྟེན་གུས་པར་འཕྱོག་བྱེད་པ།། ་ནི་སྲུང་ང་སུས་མི་འགྱུར།།བསུ་ཧྲེ་ནས་བརྫུན་དྲི་དེ་བྱུང་།།བཅོམ་ལྡན་མྱ་ངན་འདམ་འིམཆོད་རྟེ་ཕྱོགས།།གརྣལེ་པ་བྱེ་བོ་ཁྲིག་ཁྲིག་པ་སྤྱོ་ཧཱུ~ཾ།ན ་ན་སུན་མ་དུ།ངས་ས་སུནག་རྣམས་པ་འཇུག།ཟླས་རྒན་མྱ་ན་འདས་པརྣམ་ན་གས།སྒྱུསྨོསས ་འི།།གཤཱ་པ་མེད་འང་རྒྱན་དི་ལྡན་འག་ནི་ས་མཽང་ས་ཅོམ་ལྡན་མྱ་ངན་འདས་ས་ན་རྒྱུནས།། ་སྟུག་པའི།། མི་མ་བྱ་བ་སྟེང་འདུ་ཚོང་།།དན་དེ་ནམ་ཡང་ཆགས་མི་བྱུང་།།ཙུམྦྷ་ལྡན་མྱ་ན་འདས་པའི་མཆོད་ཏན་ཕྱིནས།།བསྒྲུད་མ ་།།ཡན་ལ་ངྒེབ་ལྡན་ཆུགས་ཡངས་ལ་ན་ས་ལྡན་མྱ་ངན་འདས་བྱས། ་ས་འབྱུ་། ནསམས་ས་། རྣམས་ཀྱི་ས་སྤྱན་མས་ལྡན་མྱ་ངན་འདས ་ན་པ་བྱིསས་ངས་རྒྱས་པ་ག་རྫོགས་པ་བ་བ་ནས།ཤིབའི་དུས་བྱས་འི་གླིང་དུ་ས།།བཅོས་ན་མྱང་ན་འདས་ཀྱི ་བཅས་མ་ཐག་ཏུ་བསྐལ་པ་མཐའ་ཡས་དྲན།།སྔོན་གྱི་སངས་རྒྱས་གཙོ་རྣམས་བཀུར་བ་དང་།།དེ་དག་མཚན་དང་ཡོན་ཏན་ཆོས་ཀྱང་དྲན།།འཇིག་རྟེན ་སངས་རྒྱས་ཇི་ལྟར་འགྱུར་ཞེས་ཏེ།།མོས་པ་སྐྱེས་ནས་མཆོད་རྟེན་རྩཝ་སྐྱེས་སེལ།།དེ་ཡི་ཕན་ཡོན་དེ་དག་ངས་བ་ཤད་ཀྱིས།།ཐ་བ་དྲི་སོལ་དང་བའི་སེམས་ཀྱིས་ཉོན།།མཐུ ་ཆེན་སྐྱེས་བུ་དམ་པ་ཁྱད་འཕགས་པ།།རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་།།དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།།དེ་ནི་གཞར་ཡང་དད་པ་དམ་པ་འཐོབ།། ་སངས་རྒྱས་སྟོབས་བཅུ་དེད་དཔོན་དེས་མཐོང་ནས།།འདྲེན་པ་མཚུངས་པ་མེད་པ་མཆོད་པ་བྱས།།མཚན་གྱིས་གོ་ཆར་བྱས་པའི་སངས་རྒྱས་སུ།།འགྱུར་ཞེས་ཐུགས ་དགྱེས་དེ་དག་ལན་ཡང་སྟོན།།གྲོང་ཁྱེར་ཡངས་པ་ཉམས་དགའ་མཆོག་གནས་ཤིང་།།ང་ནི་ཆོས་སྟོན་གང་གིས་མཐོང་གྱུར་པ།།དེ་དག་ཕྱི་དུས་རབ་ཏུ་འཇིག་པའི ་ཚེ།།རྒྱལ་མཆོག་མྱ་ངན་འདས་པའི་ཆོས་འཛིན་འགྱུར།།མཆོད་རྟེན་རྩཝ་སྐྱེས་སེལ་བར་བྱེད་པ་ནི།།རྒྱལ་བ་དམ་པ་མི་ཐུལ་མཐོང་འདོད་པའི།།རྒྱུ་དང་ས་བོན་འགྱུར ་པ་འདི་ཡིན་ནོ།།འདོད་དང་དམྱལ་དང་དུད་འགྲོའི་སྐྱེ་གནས་སྤོང་།།བྱང་ཆུབ་སེམས་དཔའ་གང་གིས་མདོ་མཆོག་འདི།།ཕྱི་མ་རབ་འཇིག་དུས་ན་འཛིན་བྱེད་པ།།དེ་ནི་འཇིག ་རྟེན་སངས་རྒྱས་ལྷ་ཡི་ལྷ།།བསོད་ནམས་ཁྱད་འཕགས་མཚུངས་མེད་ཞིང་དུ་འགྱུར།།འདྲི་བཤད་ཚེ་ན་གང་དག་འདིར་མཆོད་དང་།།ཚུལ་འདི་བཤད་པ་གང་དག་པོས ་པ་དང་།།གང་དག་མདོ་མཆོག་འདི་ནི་འདིར་བཟུང་བ།།དེ་དག་ཕྱི་མའི་དུས་ནི་འདིར་འདི་འཛིན།།གྲང་དག་ཕྱིན་ཆད་མདོ་མཆོག་འདི་འཛིན་པ།།དེ་དག་རྟག་ཏུ་ང་དང་མཐུན ་པའི་སྲས།།སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་།།དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར།།གང་དག་ཕྱི་དུས་རྒྱལ་བའི་ཆོས་འཛིན་པ།།སངས་རྒྱས ་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།།བསྐལ་པ་བྱེ་བར་བཞུགས་པ་དེ་དག་གི།བསྔགས་པ་བརྗོད་ཀྱང་མཐའ་མར་ཕྱིན་མི་ནུས།།དྲི་ཞིམ་ཡིད་འོང་སྤོས་ཀྱི་ཆོ་ག་བཞིན།། ་སངས་རྒྱས་མཆོད་རྟེན་ལ་ནི་སུ་སྐུད་པ།།དེ་ནི་འཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ།།དེ་ནི་ས་འདིར་སྙིང་པོ་བླངས་པར་འགྱུར།།རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། ་བཅོམ་ལྡན་འདས་ཀྱི་བསྟན་པ་འཛག་འགྱུར་ཚེ།།ཛམྦུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་།།ང་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར།།རྒྱལ་བའི་མཆོད་རྟེན་སྤྲོས་བྱུག་ཕུལ ་བྱས་ན།།དྲི་མི་ཞིམ་དང་མི་གཙང་སྤྲད་པ་རྣམས།།རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས།།དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདིར་སྤྱོད།།རྒྱལ་བའི་མཆོད་རྟེན་སྤྲོས ་བྱུག་ཕུལ་བྱས་ན།།འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར།།རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག།ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད།།། ་རྒྱལ་བའི་མཆོད་རྟེན་སྤྲོས་བྱུག་ཕུལ་བྱས་ན།།གང་གི་ཚེ་ན་མི་ཡི་འཇིག་རྟེན་ནོ།།ཞེ་སྡང་མེད་སེམས་འཇམ་ཞིང་མཉེན་གྱུར་པ།།དེའི་ཚེ་དེ་ན་ཛམྦུའི་གླིང་དུ ་གནས།།རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།།ཁྱད་འཕགས་ཚིགས་ལྡན་སྒྲ་དབྱངས་ཡིད་འོང་འགྱུར།།སྐྱེ་བོ་མང་པོ་ཡིད་འོང་དགའ་ཞིང་བཀུར།།དེ་ཡི ་ཁ་བཞིན་རྟག་ཏུ་གསལ་བར་འགྱུར།།རྒྱལ་བའི་མཆོད་རྟེན་སྨོས་བྱུག་ཕུལ་བྱས་ན།།དེ་ནི་དོན་སོང་ས་རྣམས་མ།ལུས་སྤོང་།།དེ་བཞིན་གཤེགས་དང་ཉེ་བ་ཐོབ་པར ་འགྱུར།།དད་པ་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ།།རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།།རྒྱལ་པོ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར།།བློན་པོ་ཚོང ་དཔོན་ཁྱིམ་བདག་བསོད་ནམས་ལྡན།།ཆོས་རྗེ་འོད་མཛད་སངས་རྒྱས་སུ་ཡང་འགྱུར།།དགའ་བའི་སེམས་ཀྱིས་མགུ་བའི་ཤུགས་བསྐྱེད་དེ།།བཅོམ་ལྡན་མཆོད་རྟེན ་ནོར་བུའི་དྲ་བ་འབུལ།།དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན།།མཐུ་ཆེ་བླ་མ་འཁོར་ལོས་སྒྱུར་བར་འགྱུར།།བལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ནས།།གཞལ་མེད ་ཁང་ཚོན་རབ་མཛེས་ལྟ་སྤྲུག་པ།།ཁ་དོག་སྣ་ཚོགསྤུ་དཔག་མོད་ལྡན་པ་དང་།།རིན་ཆེན་ཁང་བཟང་ཚེ་འོས་དག་པ་འཐོབ།།རྒྱལ་པོ་ཕོ་བླང་ཁྱད་པར་འཕགས་གྱུར་པ། ་སྐྱེས་པ་བུད་མེད་དག་གིས་གང་བ་དང་།།མཉམ་ཞིང་ལེགས་བྱས་རབ་མཛེས་ལྟ་སྡུག་པ།།དྲ་བ་སྣ་ཚོགས་བདེ་བྱེད་བདེ་འཇུག་འཐོབ།།རྒྱལ་མཚན་བ་དན ་གསལ་བར་མཛེས་བྱས་ཤིང་།།གདུགས་བྲེས་ཤིན་ཏུ་མཛེས་ལ་བལྟ་སྡུག་དང་།།མུ་ཏོག་དྲ་བ་ཕྲེང་བ་དེ་འདྲ་བའི།།རྒྱལ་སྲིད་ཡོན་ཏན་ཁྱུད་འཕགས་གཞན་ཡང་འཐོག ་དེ་ཡི་ཡུལ་ན་གཞུན་ནོར་འཇིག་བྱེད་པ།།ཆོམ་རྐུན་གཡོ་ལྡན་གཡོན་ཅན་གནས་མོ་འགྱུར།།སེམས་ཅན་རྒྱ་ཆེན་བློ་མཆོག་ལྡན་པ་དང་།།ཕྲན་བྱེད་བྱམས་སེམས་ལྡན་པ ་དེ་ན་གནས།།ཤི་འཕོས་བག་ཡོད་དེ་ནི་ལྷར་འགྲོ་སྟེ།།དཀར་གནག་གང་ཡིན་བདག་ཅག་ཇི་ལྟར་གནས།།འདི་ནས་ཤི་འཕོས་ཇི་ལྟར་མིར་སྐྱེ་ཞེས།།བློ་ལྡན་དེ་ནི་མཐོ ་རིས་འདྲི་གནས་འགྱུར།།སངས་རྒྱས་སྦྱིན་གནས་མྱུར་དུ་མཐོང་འགྱུར་ཏེ།།མཐོང་ནས་མཆོད་ཅིང་མཚུངས་མེད་བསྟི་སྟང་བྱེད།།སངས་རྒྱས་མཐོང་ནས་བྱང་ཆུབ་མོས་སྐྱེད་ཅིང ་རྡུལ་བྲལ་རྣམས་ལ་ཕྱིར་ཞིང་བསྟི་སྟང་བྱེད།།ཡེ་ཤེས་མཐའ་ཡས་ལྡན་དང་མཐུ་ཆེན་འགྱུར།།ཁྱད་པར་ས་གནས་འཕགས་པའི་སེམས་ཅན་འགྱུར།།བཅོམ་ལྡན་འདས ་ལ་དད་པའི་སེམས་བསྐྱེད་ནས།།འདི་འདྲའི་དབུལ་འདི་ཕྱིར་ཞིང་མྱོང་བར་འགྱུར།།ང་ཡི་བྱ་བ་འདི་ནི་བརྗོད་པར་བྱ།།ངས་བརྗོད་འདི་ལ་ཐེ་ཚོམ་མ ་སྐྱེད་ཅིག།སངས་རྒྱས་བཀའ་སྤངས་མནོར་མེད་འགྲོར་འགྱུར་ཞིང་།།ཕྱིན་ཆད་སྡུག་བསྔལ་ཉོན་མོངས་གྱུར་ཏ་རེ།།འཇིག་རྟེན་སྒྲོན་མ་མཚུངས་མེད་བསོད་ནམས ་ཞིང་།།དེ་ཡི་མཆོད་རྟེན་བརྒྱ་སུ་སེལ་བ།།བག་ཡོད་གྱུར་ནས་དེ་ནི་བདུད་རྒྱོ་འདྲལ།།དུས་རྣམས་ཀུན་ཏུ་ངན་སོང་ས་ཡང་སྤོང་།།རྟག་ཏུ་སངས་རྒྱས་རྡུལ་བྲལ་བསྟི་སྟང ་བྱེད།རྟག་ཏུ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར།།མི་ཡི་འཇིག་རྟེན་སྐྱེས་ནས་བསོད་ནམས་ལྡན།།རྒྱལ་པོ་ཀུན་གྱི་མཆོད་པའི་གནས་སུ་འགྱུར།།ལྷ་ནང་ལྷ ་ཡི་དབང་པོ་མཆོད་གནས་འགྱུར།།དེར་ནི་མྱུར་དུ་ལྷ་ཡི་ཚེ་ཡང་འཐོབ།།དཔལ་ལྡན་གསེར་གྱི་གཞལ་མེད་ཁང་པ་རྙེད།།ལྷ་ཡི་བདེ་བ་མཚུངས་མེད་དབང་ཕྱུག་ཉིད།། ་གཟུགས་དང་སྒྲ་དང་དྲི་དང་རོ་མཆོག་དང་།།རེག་བྱ་དཔལ་ལྡན་ལྷ་ཡི་འཇིག་རྟེན་འཐོབ།།མཐུ་ཆེན་ལྡན་ཞིང་བལྟ་བའི་འོས་སུ་འགྱུར།།ལྷ་མོ་རྣམས་ལ་འདོད་པའི་སྲེད་མི ་བསྐྱེད།།བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།།འདི་ནས་ཤི་འཕོས་མི་ཡི་འཇིག་རྟེན་འགྲོ།ཡན་ལག་ལེགས་གནས་ཁྱད་པར་འགྲོ་བར་འགྱུར།།ནམ་ཡང ་བསྟན་བཅོས་མི་ཉུང་མང་པོ་འཐོབ།།བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།།དོ་ན་མ་ཁམ་བརྒྱད་བློ་ཀུན་སྤོང་ཞིང་།།དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས།།ད་ནི།། ་སྤངས་རྒྱས་མཚུངས་མེད་མཆོད་པ་བྱེད།།བཅོམ་ལྡན་མཆོད་རྟེན་བརྒྱོ་བསལ་བྱས་ན།།བག་ཡོད་བློ་གྲོས་བརྟན་ལྔ་དཔའ་བོར་འགྱུར།།འདོད་པའི་ཡོན་ཏན་དག་ལ་དག ་མི་སྐྱེད།།མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།།བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།།དེ་ནི་ནམ་ཡང་བྱང་ཆུབ་སེམས་མི་འདོར།།ཚུལ་ཁྲིམས ་སྟོན་མེད་ཤིན་ཏུ་བསྡམས་པར་འགྱུར།།རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ།།བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།།དེ་ཡི་མདོག་ངན་དུས་རྣམས ་ཀུན་ཏུ་སྤོང་།།འཆལ་པའི་ཤེས་རབ་མ་ལུས་རྣམ་པར་སྤོང་།།ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས།།བཅོམ་ལྡན་མཆོད་རྟེན་པ་རྒྱབསལ་བྱས་ན།།ཁ་ཟས་གཙ ་མདག་ཀྱང་རྙེད་འགྱུར་ལ།།ཁྱད་འཕགས་ཁ་དོག་ལྡན་ཞིང་བལྟ་སྡུག་ལ།།རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ།།དད་པའི་ཤུགས་སྐྱེས་བཅོམ་ལྡན་མཆོད ་རྟེན་ལ།།མེ་ཏོག་སྐམ་པོ་ཉ་ལ་ཉི་ལ་ཕྱགས་བྱས་ན།།འདོད་པ་སྨད་བི་སྡུག་བསྔལ་བྱེད་པ་སྤོང་།།སྟོབས་བཅུ་མངའ་བའི་དེད་དཔོན་མཉེས་པར་བྱེད།།མཆོད་རྟེན་མ་ཏོག ་རྣས་པ་སྐུ་འཕྱང་བྱ།།དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།།སྐྱེ་བོ་མང་པོས་མཆད་འས་ལྟ་འོས་འགྱུར།།དེ་ལ་རྒྱལ་པོ་གནོད་པར ་སེམས་མི་འགྱུར།།བཅོམ་ལྡན་མཆོད་རྟེན་དག་ལ་སྔ་རབ་སེ་མིས།།མེ་ཏོག་ཕུལ་བ་སྦོམ་པོ་ཕྱགས་བྱས་ན།།ངན་སོང་ས་ཡི་ལུས་ངན་ཐམས་ཅད་གཅོད། ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས།།མཆོད་རྟེན་མེ་ཏོག་རྙིད་པ་སུ་འཕྱག་པ།།བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་།།ནད་རྣམས་དུ ་མོ་མ་ལུས་རྣམ་པར་སྤོང་།།བསྐལ་པ་མཐའ་ཡས་རྣམས་སུ་དབུགས་ཕྱིན་ཐོབ།།མཆོད་རྟེན་མེ་ཏོག་རྙིང་པོ་སུ་འཕྱག་པ།།སྦྱིན་གནས་མཚུངས་མེད་སངས ་རྒྱས་ཐོབ་པར་འོང་།།མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར།།རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར།།ལྷ་ཡི་མེ་ཏོག་རབ་མཛེས་མནྡ་ར། ་མཚུངས་མེད་པ་ཏ་ལ་ཡང་སུ་འབུལ་དང་།།མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ།།དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར།།མཆོད་རྟེན་མེ་ཏོག་རྙིང་པེ་མུ ་འཕྱག་པ།།དེ་ལུས་དུག་གིས་མི་ཚུགས་མཚོན་མི་ཚུགས།།མེ་འབར་འོད་འཕྲོ་ཕུང་པོ་ཆེས་མི་ཚུགས།།ནོར་གྱི་ཕུང་པོ་རྐུན་པས་བརྐུ་མི་འགྱུར།།མགུ་ཞིང་རབ་ཏུ ་དགའ་བའི་ཤུགས་བསྐྱེད་དེ།།བཅོམ་ལྡན་མཆོད་རྟེན་མེ་ཏོག་སྐམ་འཕྱག་ན།།དེ་ཡི་བསོད་ནམས་བཟུང་བར་གང་གྱུར་པ།།གྲངས་སམ་ཆ་ཡང་བརྗོད་པར་སླ་མ་ཡིན།།མཆོད། ་རྟེན་མེ་ཏོག་རྙིད་པ་སུ་འཕྱག་པ།།སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།།མི་ཡི་འཇིག་རྟེན་ན་ནི་རྟག་ཏུ་དགའ།།མཐུ་དང་ལྡན་ཞིང་ཡིད?འི་རེ་སྒྲ་སྐད་འབྱུང་།། ་མཆོད་རྟེན་མེ་ཏོག་རྙེད་པ་སུ་འཕྱག་པ།།ཆོས་མཆོག་རབ་མཛེས་ཡང་དག་སྤྱོད་བྱེད་ཅིང་།།དེ་ལུས་རྣམ་པར་དག་ལ་ཆེན་པོར་འོང་།།རིང་པོར་མི་ཐོགས་འཇིག་རྟེན ་སངས་རྒྱས་འགྱུར།།འཇིག་རྟེན་སངས་རྒྱས་འགྱུར་བྱས་མོས་བསྐྱེད་དེ།།སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།།འཇིག་རྟེན་དགྲ་ན་བླ་མར་བཀུར་སྟིར་བྱ།།དེ་ནི ་མཛེས་ཤིང་བལྟ་ན་སྡུག་པར་འགྱུར།།དེ་འདིར་རྒྱལ་སྲིད་ཐོབ་ནསོ་ལྷ་ཀླུ་མི།།ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད།།སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། ་དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན།།དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ།།དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད།།དེ་ནི་ངན་སོང་ས་ཡང་རྣམ་པར ་སྤོང་།།དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད།།བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར།།དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།།དེ་ཡི་གཡོག ་འཁོར་ཡིད་འོང་སྒྲ་སྐད་ལྡན།།བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད།།སེམས་ཅན་རྣམས་ལ་མི་ལྕོང་ཞི་ཚིག་སྟོན།།དེ་ལ་སུ་ཡང་དབང་ཕྱུག ་མེད་མི་བྱེད།།སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར།།དེ་ཡི་གཡོག་ཀྱང་སྐྱེ་དབྱངསོ་ཡན་ལག་དྲག།སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།།སྦྱིན ་དང་སྙན་པར་སྨྲ་དང་དྲོན་སྤྱོད་དང་།།དྲོན་མཐུན་པ་དག་སྐྱེ་བོ་མ་ལ་བྱེད།།སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད།།སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ ་བ།།མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར།།མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འོང་།།དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར།།སངས་རྒྱས ་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།།དེ་ནི་གཞར་ཡང་དྲན་སྲོང་ཕྱིས་མི་ལྟུང་།།འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤོང་།།ནུར་ཅན་ནང་ན་ཕྱུག་ཅིང་མཛོད་མང ་འགྱུར།།ཡོན་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་བ།།དེ་ནི་མི་རིགས་སྔགས་ལ་གཞུར་མི་སྤྱོད།།མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར།།དེ་ལ་སེམས་ཅན ་མི་ངོམས་དགའ་བར་འགྱུར།།ཡིད་འོང་དབྱངས་ལྡན་ཕོ་བྲང་འཁོར་གཤེགས་ཤིང་།།འཇིག་རྟེན་མགོན་པོ་སྒོ་སྟན་བཞུགས་པའི་ཚེ།།སུ་ཞིག་ཤུགས་བསྐྱེད ་མེ་ཏོག་བླངས་ཏེ་གཏོར།།དེ་ནི་བརྒྱན་ནས་རྒྱལ་བ་དམ་པ་ཐོབ།།རང་གིས་ཁྱིམ་དུ་སྟོབས་བཅུ་བསྙེན་བཀུར་བྱེད།།དེ་ཡིས་བཤོས་གསོལ་ཆོས་བཟང་སྟོན་པ་མཛད།། ་དྲད་པ་སྐྱེས་ནས་མི་མཆོག་བསྙེན་བཀུར་བྱེད།།གོས་ཀྱང་ཐོགས་ཏེ་རྣམ་པར་འདྲེན་ལ་འབུལ།།སངས་རྒྱས་བྱང་ཆུབ་མཚུངས་མེད་མཆོག་ཐོབ་ནས།།སྟོབས་བཅུ་ལྡན། ་ཞིང་གཡོ་བ་མེད་གྱུར་ལྔ།།བྱང་ཆུབ་སངས་རྒྱས་སྡུག་བསྔལ་སྐྱེ་བོ་འགྲོལ།།འཇིག་རྟེན་ཀུན་ཏུ་མཚུངས་མེད་སངས་རྒྱས་ཤོག།དེ་ཡི་སྨོན་ལམ་འདི་འདྲ་འདི་དང་ནི།། ་སངས་རྒྱས་ཡེ་ཤེས་དེ་སེམས་དགའ་མཁྱེན་ནས།།སྟོབས་བཅུ་འཛུམ་མཛད་འཇིག་རྟེན་ཐམས་ཅད་དུ།།མཚུངས་མེད་སངས་རྒྱས་འགྱུར་ཞེས་ལུང་སྟོན་ཏོ།།སྐྱེས་བུ ་དམ་པ་མཆོག་གི་གསུང་ཐོས་ནས།།བདེ་གཤེགས་མཆོག་གསུང་གཞན་དུ་མི་འགྱུར་ཏེ།།བདག་ནི་རྒྱལ་བ་མཆོག་འགྱུར་དྲོགས་མེད་ཅེས།།དགའ་ཞིང་མགུ་ནོས་པར ་སྣང་ཀུན་ཏུ་རྒྱུ།།འཇིག་རྟེན་ལྷ་ཡི་ལྷར་གྱུར་སངས་རྒྱས་སུ།།ཁྱད་འཕགས་མཚུངས་མེད་སྦྱིན་གནས་འགྱུར་བ་དང་།།དེ་སེམས་སྤྱོད་དང་འགལ་བར་གནས་མཁྱེན་ནས།།། ་དེ་ལ་སྟོབས་བཅུ་མངའ་བས་བཞེས་པར་འགྱུར།།བདེ་གཤེགས་མཆོག་གིས་གོས་ནི་བཞེས་རིག་ནས།།དེ་ནི་ཤུགས་སྐྱེས་རབ་དགའ་སེམས་མགུ་སྟེ།།མཚུངས་མེད ་འཇིག་རྟེན་མགྲོན་ལ་བལྟས་ནུས་ནི།།འཇིག་རྟེན་སངས་རྒྱས་བདག་འགྱུར་མོས་པ་བསྐྱེད།།སྐྱེ་ཤི་ཕ་རོལ་སེམས་ཅན་བསྒྲལ་བར་བྱ།།གྲོལ་ནས་སྐྱེ ་བོཔོ་མང་པོ་འདུས་བྱས་དགྲོལ།།འཇིག་རྟེན་ཀུན་ན་ལོང་བའི་མིག་བདག་གྱུར།།སྣང་རྩ་ཐོབ་ནས་མུན་པ་རབ་རི་བོ་བསལ།།དེ་ལྟས་ཕན་ཡོན་དམ་པ་འདི་ཐོས་ནས།།མེ་ཏོག་ཕྲེང ་བ་རྒྱལ་མཚན་གོས་མཆོག་དང་།།རོལ་མོ་སྒྲ་དང་གདུགས་དང་བྱུག་བདུག་གིས།།མགོན་པོ་མཆོད་ལ་སངས་རྒྱས་འགྱུར་བར་གྱིས།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀྲའ་སྩལ་ནས།དགེ་སློང་དེ་དགུ་དང་།བློ་གྲོས་རྣམ་པར་དག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས ་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིསྲ་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས ་སོ།།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།དཱ་ན་ཤཱི་ལཱ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས ་ནས་གཏན་ལ་ཕབ་པ།རྒྱ་གར་སྐད་དུ།ཨཱརྱ་མཉྫུ་ཤཱི་བི་ཧ་ར་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོདེ་སྐད་དུ།འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བ ་