CLOSE WINDOW

N179: 'phags pa lha mo chen mo dpal lung bstan pa
Wyliee-texts produced with BDRC’s OCR application

འཕགས་པ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་ཤྲཱི་ཡ་མ་ཧཱ་དེ་བི་བྱཱ་ཀཱ་ར་ཎ། ་བོད་སྐད་དུ།འཕགས་པ་ལྷོ་མ་ཆེན་མོ་དཔལ་ལུང་བསྟན་པ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས ་པ་དུས་གཅིག་ན།བཅོམ་ལྡན་འདས་བདེ་བ་ཅན་ན་བྱང་ཆུབ་སེམས་དཔའི་དགེ་འདུན་མང་པོ་འདི་ལྟ་སྟེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར ་སེལ་བ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་།བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་པ་ཐམས་ཅད ་སྩོལ་བ་དང་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱེད་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས།། ་རྗེ་མཚན་ཐམས་ཅད་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཟླ་དང་འཇིག་རྟེན་གསུམ་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ ་སྟེགས་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་།དེ་དག་ལ་སོགས་པ་བསྐལ་པ་བཟང་པོའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལོ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།ལྷ་མོ་ཆེན་མོ་དཔལ་ཡང་བཅོམ་ལྡན་འདས ་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།ལན་གསུམ་བསྐོར་པོ་བྱས་ནས་བདེ་བཙུན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དེ་དག་ཐམས་ཅད་ལའང་མགོ་བོས་ཕྱག་བཙལ་ཏེ།ཕྱོགས་གཅིག་ཏུ་འདུག་གོ།དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་བརྒྱན་ཅིང་དེ་བཞིན ་གཤེགས་པ་བྱེ་བ་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ།བརྒྱ་བྱིན་དང་ཚངས་པ་དང་།འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པས་ལྷ་མོ་ཚན། ་མོ་དཔལ་ལྔ་གཟིགས་ནས།ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀྲའ་སྩལ་། ་སྤྱན་རུས་གཟིགས་དབང་ཕྱུག་རྒྱལ་པོའམ།བློན་པོ་འམ།དགེ་སློང་ངམ།དགེ་སློང་མ་འམ།དགེ་བསྙེན་ནམོ།དགེ་བསྙེན་མ་འམ།བྲམ་ཟེ་འམ།རྡུལ་རིགས ་རྗེའུ་རིགས་སམ།དམངས་རིགས་གང་ལ་ལ་ལྷ་མོ་ཆེན་མོ་དཔལ་གྱི་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་བསྟོད་པ་འཆང་ན།རྒྱལ་རིགས་ཀྱི་རྒྱལ ་པོ་དེའི་ཡུལ་དང་།སེམས་ཅན་དེ་དག་གིས་འཇིགས་པ་དང་།ཡམས་ཀྱི་ནད་དང་།གནོད་པ་ཐམས་ཅད་ཞི་བར་འགྱུར་ཞིང་ཆོམ་རྐུན་དང་།གཡོན་ཅན་དང་།མི ་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ།ནོར་དང་།འབྲུ་དང་།མཛོད་དང་།དང་བ་ཐམས་ཅད་རྣམ་པར་འཕྲལ་བར་འགྱུར་རོ།།རྒྱལ ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ ་བཅོམ་ལྡན་ལྡངས་རྒྱག་འདི་ལོགས་པ་བཀའ་སྙམ་པ།ལགས་ཀྱི་ལུགས་སོ།། མ་ཚན་མོད་པ་ས་ཀྱི་མེང་རྣམས་འཛིན་པ་དང་།ཟས་ནས་ས་སུ་ལན་པ་ག ་ལགས་པ་དེ་དག་གི་ཡོན་ཏན་དང་ཕན་ཡོན་ནི་དེ་དག་ཏུ་འགྱུར་ལགས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལྷ་མོ་ཆེན་མ་དཔལ་གྱིས་དགེ་བའི་རྩ་བ་གང་དུ་བསྐྱེད་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ལྷ་མོ་ཆེན་མོ་དཔལ་གྱིས་ནི་དེ་བཞིན་གཤེགས་པ་གངྒཱའི་ཀླུ་གི་བྱེ་མ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་དེ།སྤྱན་རས་གཟིགས་དབང་ཕྱུག་སྟོན་བྱུང་བ་འདས་པའི་དུས་ན་འཇིག ་རྟེན་གྱི་ཁམས་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བ་ན།དེ་བཞིན་གཽ་ཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱིས་རྒྱ་མཚོ་བཻ་ཌཱུརྱ་དང་གསེར་གྱི་རི་བི་མདོག་མཛེས་གསེར་འོད་དཔལ ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།དེ་དང་དེ་བཞིན་གཤེགས་པ་མང་པོ་གཞན་དག་ལའང་ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བོའི་རྩ་བ་བསྐྱེད་དོ།།དེ་བཞིན་གཤེགས་པའི་མཚན ་འདི་དག་ཀྱང་ལྷ་མོ་ཆེན་མོ་དཔལ་དེའི་དགེ་བའི་རྩ་བ་རྣམ་པར་འཕེལ་བ་དང་།འགྲུབ་པར་བྱེད་པ་དང་།རྟག་ཏུ་རྗེས་སུ་འབྲང་བ་ཡིན་ཏོ།།དེ་དག་ནི་འདིར་ལྷ་མོ་ཆེན་མོ་དཔལ ་གྱིས་ཡང་དག་པར་བརྗོད་པ་དང་།སྡིག་པ་ཐམས་ཅད་སེལ་བ་དང་།ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ་དང་།ལུས་ཐམས་ཅད་དྲི་མ་མེད་པར་བྱེད།། ་པ་དང་།ནོར་དང་འབྲུ་རྣམས་འདྲ་ཞིང་འཕེལ་བར་བྱེད་པ་དང་།དབུལ་བ་གཅོད་པར་བྱེད་པ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་བ་དང་།ལྷ་མ་ཡིན་དང་། ་མཁའ་ལྡིང་དང་།མིའམ་ཅི་དང་།ལྟོ་འཕྱེ་ཆེན་པོ་ཐམས་ཅད་འདུལ་ཞིང་འགུགས་པར་བྱེད་པ་དང་།སེམས་ཀྱི་ནང་དང་།གནོད་པ་དང་།འཐབ་པ་དང་།འཁྲུག་པ ་དང་།འབྱེད་པ་དང་།རྩོད་པ་ཐམས་ཅད་ཞི་བར་བྱེད་པ་དང་།ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱེད་པའོ།།འདི་ལྟ་སྟེ།དེ་བཞིན་གཤེགས་པ་དང་ལ་སྡུག་པ་ལ ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ་བཻ་ཌཱུརྱ་དང་གསེར་གྱི་རི་བོ་མདོག་མཛེས་གསེར་འོད་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན ་གཤེགས་པ་གདའི་མུ་སྟེགས་ཀྱི་སྐུ་ཐམས་ཅད་ཀྱི་བཀྲ་ཤིས་ཀྱི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཙནྡན་གྱི་མེ་ཏོག་གཟི་བརྗིད་སྐར་མའི་འོད་ཀྱི་དཔལ ་ལ་ཕྱག་འཚབ་ལོ།།དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བ་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྣང་བའི ་ན་ཤེགས་པ་གཤེགས་པ་མ་བུའི་རྡུལ་ཚུགས་ས་གག་མེད་པ ་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་དབང་ཕྱུག་ཆེན་པོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཉི་ཟླའི་འོད་དཔལ་ལ ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཟབ་མོའི་ཆོས་ཀྱི་འོད་ཀྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ནམ་མཁའི་སྒྲོན་མའི་འོད་བཟང་དཔལ ་ལོ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཉི་འོད་ཏོག་གི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་སྤོས་ཀྱི་སྒྲོན་མའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན ་གཤེགས་པ་རྒྱ་མཚོའི་སྙིང་པོ་ལས་བྱུང་བའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་སྤྲུལ་པའི་འབྲུག་སྒྲ་སྙན་པའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན ་གཤེགས་པ་ཆོས་ཀྱི་སྣང་བ་ཐམས་ཅད་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཤིང་གི་རྒྱལ་པོ་ལྟར་སྐྱེས་པའི་དཔལ་ལ་ཕྱག་འཚལ་ལོ།། ་དེ་བཞིན་གཤེགས་པ་རིན་ཆེན་འོད་ཕྲོའི་རི་བོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཡེ་ཤེས་འོད་འཕྲོ་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན ་གཤེགས་པ་སྨོན་ལ་མཚན་པོའི་ཤུགས་ཀྱི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ ་དྲན་པའི་ཏོག་གི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ ་ནོར་དང་འབྲུ་ཐམས་ཅད་སྡུད་པའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཞི་བ་འདྲེན་པའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ ་ཕུན་སུམ་ཚོགས་པ་འགུགས་པའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པའི་མཚན་འདི་དག་རིམ་གྲོར་བྱས་ཏེ་བཅད་པར་བྱའོ་བཀླག་པར་བྱའོ།།དེ་ལྟར་བྱས ་ན་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དེ་ལ་བསོད་ནམས་ཤིན་ཏུ་མང་དུ་འཕེལ་བར་འགྱུར་རོ།།ལྷ་མོ་ཆེན་མོ་དཔལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ལུང ་བསྟན་ཏོ།།ལྷ་མོ་ཆེན་མོ་དཔལ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་དཔལ་རིན་པོ་ཆེས་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་དཔལ་ནོར་བུ་རིན་པོ་ཆེ་ལྔས་འབྱུང་བ་ཞེས་བྱ་བར་འགྱུར་ཏེ།འཇིག་རྟེན་གྱི་ཁམས་དེའང་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་འགྱུར་རོ།།འཇིག་རྟེན ་གྱི་ཁམས་དེར་དེ་བཞིན་གཤེགས་པ་དེ་ཉིད་སྣང་བར་མཛད་པར་འགྱུར་ལ།འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རང་ལས་འོད་འབྱུང་ཞིང ་ཚེ་དཔག་ཏུ་མེད་པར་འགྱུར་རོ།།ནམ་མཁའ་ལས་ཀྱང་སངས་རྒྱས་དང་།ཆོས་དང་།དགེ་འདུན་གྱི་སྒྲ་འབྱུང་བར་འགྱུར་རོ།།སངས་རྒྱས་ཀྱི་ཞིང ་དེར་བྱང་ཆུབ་སེམས་དཔའ་གང་དྲག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་པདྨའི་སྙིང་པོ་དག་ལས་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།།དེ་ལ་མིང་བརྒྱ་རྩ་བརྒྱད་དྲི ་མཱ་མེད་པར་གྲགས་པ་ཞེས་བྱ་བའི་བསྟོད་པ་བརྒྱད་བཅུ་གཉིས་པ་གང་ཞེ་ན།འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམས་ཉོན ་ཅིག།འདི་ལྟ་སྟེ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ།ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ་ཐམས་ཅད་ཀྱི་མ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔལ།འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་ཀྱི་དཔལ།ཚངས་པ་དང་།ཁྱབ་འཇུག་དང་།དབང་ཕྱུག་ཆེན་པོ་ཐམས་ཅད་ཀྱི་དཔལ།ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ།གནས་ཐམས་ཅད་ན་ཡོད་པའི ་དཔལ།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ།རིག ་ཕྱོགས་སྤྱན་དང་།ལག་ན་རྡོ་རྗེ་དང་རྡོ་རྗེ་འཆང་བུ་ཐམས་ཅད་ཀྱི་དང་ལྔ།འཇིག་རྟེན་སྐྱོང་བ་བཞི་དང་ལྔའི་དཔལ།གཟའ་བརྒྱད་དང་།རྒྱུ་སྐར་ཉྩི་ཤུ་རྩ་བརྒྱད་ཀྱི་དང ་།ོཾ་ཉི་མའི་བྱའོ།།མ་མ་མུམ།རིག་བྱེད་བཞིའི་དཔལ།བཀྲ་ཤིས་མ།སེམས་ཅན་རྣམས་ཀྱི་མ།རྒྱལ་མ།རྣམ་རྒྱལ་མ།གྲཱངྒ་མཱ།མུ་སྟེགས་ཀྱི་སྒོ་ཐམས་ཅད ་བཀྲ་ཤིས་མ།དྲི་མ་མེད་པ།དྲི་མ་མེད་པར་བྱེད་པའི་དཔལ།སྡིག་པ་ཐམས་ཅད་འཕྲོག་མ།རྒྱགས་པ་མེད་པ།ཟླ་བའི་དཔལ།ཉི་མིའི་དཔལ་ཟླ་ཐམས་ཅད་ཀྱི་དཔལ ་སང་གེ་ལ་ཞོན་པ།པདྨའི་མཆོག་འབུམ་གྱིས་བཀབ་མ།པདྨ་པདྨ་ལ་གནས་པ།པྲདྡྷ་འཛིན་པ།པདྨ་ལས་བྱུང་བ་པདྨ་དང་ལྡན་པ།འོད་ཟེར་འབར་བ་དུ་མས་འཁོར་པ ་ནོར་སྦྱིན་མ།དཀར་མོ།དཀར་མོ་ཆེན་མོ།།ལག་དཀར་མ།བཀྲ་ཤིས་ཐམས་ཅད་འཛིན་པ།བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་ཀྱི་ལུས་ཅན།ཤེས་ཉིན་ཅན་གྱི་བུ་མོ ་ལག་པ་འབུམ་དང་ལྡན་མ་མིག་འབུམ་དང་ལྡན་མ།མགོ་འབུམ་དང་ལྡན་མ།ནོར་བུ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཅོད་པན་ཐོགས་པ།གཟུགས་བཟང་བ ་གཟུགས་སྣ་ཚོགས་ཅཅེན།རབ་གྲགས་མེ།ཤིན་ཏུ་གྲགས་མ།ཞི་བ་མ།སྦྱིན་མ།སྒྲ་གཙང་མ།ཟླ་བ་ལྟར་མཛེས་མོ།ཉི་མ་ལྟར་མཛེས་མ།དགེ་མ།དགེ་བྱེད་མ།སེམས ་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་མའི་དཔལ།འཕགས་མ།མེ་ཏོག་ལ་གནས་མ།མེ་ཏོག་གི་དབང་ཕྱུག་མ།རི་བོའི་རྒྱལ་པོ་རི་རབ་ཐམས་ཅད ་ཀྱི་དཔལ།རྦ་ཀླུང་དང་།མཚོ་ཐམས་ཅད་ཀྱི་དཔལ།ཆུ་ཐམས་ཅད་ཀྱི་རྒྱ་མཚོའི་དཔལ།མུ་སྟེགས་ཐམས་ཅད་དུ་མངོན་དུ་ཕྱོགས་པའི་དཔལ།སྨན་དང་།རྩི་ཏོག་དང་།། ་ཤིང་དང་།ནོར་དང་།འབྲུ་ཐམས་ཅད་ཀྱི་དཔལ།གསེར་སྦྱིན་མ།ཟས་དང་གོས་སྦྱིན་མ།འོད་གསལ་མ།སྣང་པོ་མ།ལུས་གཙང་མ།དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དབང་སྦྱར་མ།ལྷའི་ཚོགས་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལོ།གཤིན་རྗེ་དང་།ཆུ་ལྷ་དང་།ཀུ་བེ་ར་དང་།བརྒྱ་བྱིན་ལ་སོགས་པའི ་དཔལ་སྦྱིན་པ་མ།ལོངས་སྤྱོད་མ།གཟི་བརྗིད་ལྡན་མ།ཕུན་སུམ་ཚོགས་མ།འབྱོར་པ་མ།རྣམ་པར་སྐྱེ་བ་མཐོ་བ།ཆོས་ཀྱི་དཔལ།ཁྱབ་འཇུག་ལ་བརྟེན་པ།ཀུ་མུ ་ད་ལ་གོ་ནས་མ།བཟོད་ལྡན་མ།མཐུ་རྩལ་གྱི་གནས།དག་བྱེད་དང་བཀྲ་ཤིས་ཐམས་ཅད་ཀྱི་ལག་པ་དང་ལྡན་པ།བཀྲ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ་བསོད ་ནམས་ཐམས་ཅད་སྡུད་པའི་དཔལ།ས་ཐམས་ཅད་དང་།རྒྱལ་པོ་ཐམས་ཅད་ཀྱི་དཔལ།རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་དཔལ།འབྱུང་པོ་ཐམས་ཅད ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ཡི་དགས་དང་།ཤ་ཟ་དང་།གྲུལ་བུམ་དང་།ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ།ལྷའི་གནས་དང་ལྷ་ཐམས་ཅད་ཀྱི་དཔལ ་བཟླས་བརྗོད་དང་།བཟླས་བརྗོད་དུ་བྱ་བ་དང་།སྦྱིན་སྲེག་དང་།སྦྱིན་བསྲེག་ཏུ་བྱ་བ་དང་།བཀྲ་ཤིས་ཐམས་ཅད་ཀྱི་དཔལ།འོད་ལ་དགའ་བ།སྐལ་བ་དང་ལྡན་པར ་འདོད་པ།དྲང་སྲོང་ཐམས་ཅད་དག་ཕྱིར་བྱེད་པའི་དངོལ།བུད་མེད་ཀྱི་གནས་ཐམས་ཅད་ཀྱི་གཙོ་མོ་དང་།དཔལ་གྱི་མཆོག་མི་འམ་ཅི་མོ་ཐམས་ཅད་དང་ལྷ་མ་ཡིན་མི་ཐམས ་ཅད་ཀྱི་དཔལ་གྱི་མཆོག།ཁ་ན་མ་ཐོ་བ་མེད་པའི་གནས་ན་འདུག་པ།ཡིད་དུ་འོང་བ།སིམ་པར་བྱེད་པ།ཀུ་བེ་རའི་སྙིང་དུ་སྡུག་པ།ཆོས་ཀྱི་རྒྱལ་པོའི་དཔལ།ོཾ་སྡུག ་བསྔལ་ཐམས་ཅད་ལས་རྣམ་པར་གཟིགས་ཤིག།སྒྲོལ་ཅིག་ཐར་བར་མཛོད་ཅིག།བསོད་ནམས་ཀྱི་ཚོགས་ཐམས་ཅད་བདག་ལ་མངོན་དུ་གྱུར་པར་མཛོད་ཅིག་སྭཱ་ཧཱ། ་གཾ་གེ་སརྦྦ་ཏིརྡྷ་མུ་ཁི་སྭཱ་ཧཱ།ོཾ་སརྦྦ་བིཏྟི་སྭཱཧཱ།སརྦ་མི་ག་ལ་དྷཱ་རཱ་ཎཱི་སྭཱཧཱ།ཙ་ཏུརྦིདྱ་སརྦ་ནཀྵཱ་ཏྲ་གྲ་ཧྞ་ག་ཎ་ག་ཎ་ཨ་དྷི་མུཎྱེ་སྭཱ་ཧཱ།བྲཧྨཱ་ཡ~ཾ་སྭཱ་ཧཱ།བིཥྞུ་བེ་སྭཱ་ཧཱ།རུཾ་དྲཱ་ཡཱ ་སྭཱཧཱ།བིཥཱ་མུ་ཁཱ་ཡ་སྭཱ་ཧཱ།ོཾ་ཀླི་ནི་ཀླི་ན~ཾ་སརྦ་ཀརྱས་དྷ་ན་དྷ་ནི་སི་ནི། བ་ཧ་དེ་བི་ཤྲཱི།བི་སྲྀ་བཎཱ་ཡ་སྭཱ་ཧཱ།སུ་བནྡྷ་དཱ་ན་དྷཱ་ནྱེ་ཨཱ་ཀཻཪྵ་ནྱཻ་སྐྲྀ་ཧཱ།སརྦ་པུཾརྞ་ཨ་ཀོཌྜྷྱ ་སྭཱཧཱ།ཤྲཱི་དེ་བ་ཏཱ་ཨཱ་ཀཪྵ་ཎྱཻ་སྭཱ་ཧཱ།སརྦ་པཱ་པ་ནཱ་ཤ་ནྱོ་སྭཱཧཱ།སརྦ་ཨ་ཀཱ་ལཱ་མྲྀ་ཏྱུ་པྲཱ་ཏཱ་མ་ནྱོ་སྭཱ་ཧཱ།སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥོ་ཀ་ཏ་ཡེ་སྭཱཧྨ།སརྦ་དྭེ ་བ་ཏཱ་མུ་ཁ་ཤྲཱི་ཡེ་སྭཱ་ཧཱུཾ། ཡུརྦ་ལ་བརྞྞ་ཀཻ་ར་ཡེ་སྭཱ་ཧཱ།སརྦ་བི་ཏྲི་མཾ་ག་ལཾ་ཧཾསྟ་ཡེ་སྭཱ་ཧཱ།སིདྡྷ་པ་ཧི་ནེ་ཡེ་སྭཱ་ཧཱ།པདྨ་ས་རཱུ་དྷཱ་ཡེ་སྭཱ་ཧཱ།སརྦ་ཀྲ་ཏྱ་ཀ་ཁ་རྡི་བི་ན་ཤནྱཻ ་སྭཱཧཱ།།འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་གང་ལ་ལྡེ་ལྷ་མོ་ཆེན་མོ་དཔལ་གྱི་མིང་ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ།སྡིག་པ་ཐམས་ཅད་འཇོམས ་པར་བྱེད་པ།བསོད་ནམས་ཐམས་ཅད་སྡུད་པར་བྱེད་པ།བཀྵ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ།དཔལ་དང་།བདེ་བ་དང་།སྐལ་བ་བཟང་པོ་ཐམས་ཅད ་སྡུད་པར་བྱེད་པ།འདི་དག་དང་།དེ་བཞིན་གཤེགས་པའི་མཚན་འདི་དག་འཆང་བ་དང་།ཀློག་པར་བྱེད་པ་དེས་ནང་པར་ལངས་ཏེ་གཙང་མར་བྱས་ལ།སངས ་རྒྱས་ཐམས་ཅད་ལ་མེ་ཏོག་དང་བདུག་པ་གསོལ་ནས་ལྷ་མོ་ཆེན་མོ་དཔལ་ལའང་ཙནྡན་གྱི་བདུག་པ་ཕུལོ་ཏེ།བཀླགས་ན་དེས་དཔལ་ཐམས་ཅད་ཐོབ་པར་འགྱུར་ཞིང ་བདེ་བ་དང་།ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཏེ།ལྷ་ཐམས་ཅད་ཀྱང་བསྲུང་བ་དང་།བསྐྱབ་པ་དང་།སྦེད་པ་བྱེད་པར་འགྱུར་ལ་དེའི་དོན་ཐམས་ཅད་ཀྱང་། ་འགྲུབ་པར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དོ་ག་ཀྱིས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པསྤྱན་རས་གཟིགས་དབང་ཕྱུག་དང་།ལྷ་མཚན་རྨ།། ་དཔལ་དེ་དང་།འཁོར་དེ་དག་ཐམས་ཅད་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པས ་མངོན་པར་བསྟོད་དོ།།འཕགས་པ་ལྷ་མོ་ཚན་མོ་དཔལ་ལུང་བསྟན་པ་རྫོགས་སོ།།རྒྱ་གར་སྐད་དུ།ཨཱརྱ་ཛ་ཡ་མ་ཏཱི་ནཱ་མ་མཧཱ ་