| Wylie | e-texts produced with BDRC’s OCR application |
རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་ནཻ་ར་ཨད་མ་པ་རི་པྲི་ཙ་ན་མ་མ་ཧཱ་ཡཱ་ན་སཱུཥྚ།བོད་སྐད་དུ།འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པ ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།དེ་ནས་དམིགས་པའི་ལྟེ་བ་ཅན་རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར ་དཔྱོད་པ་དང་བཅས་པའི་མུ་སྟེགས་པ་དེ་དག་རྣམས་ཐཾ་རྨ་ཆེན་བློའི་ནང་དུ་སོང་སྟེ། ཞེ་སོ་དང་བཅས་ཤིང་ཐལ་མོ་སྦྱར་ནས་བདག་མེད་པའི་དྲི་བི་དག་ཡོངས་སུ་དྲིས་པ། ་རིགས་ཀྱི་བུ་ཐམས་ཅད་མཁྱེན་པས་ནི་ལུས་ལ་བདག་མེད་དོ་ཞེས་གསུངས་ལ།གལ་ཏེ་ལུས་ལ་ཡང་དག་པར་བདག་མེད་ན་ཇི་ལྟར་ན་དེ་ལས་བརྩེ་བ་དང་།དགད་པ་དང་།ངུ་བ་དང་། ་རོལ་བྱ་དང་།ཁྲོ་བ་དང་།ང་རྒྱལ་དང་།ཕྲག་དོག་དང་།ཕྲ་མ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར།ཅི་ལུས་ལ་ཡང་དག་པར་ན་བདག་ཡོད་དམ་མེད་པ་ཡིན།བདག་ཅག ་གི་ཐེ་ཚོམ་དྲི་དག་ཁྱོད་ཀྱིས་བསལ་བའི་རིགས་སོ།།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།གློགས་པོ་དག་ལུས་ལ་ནི་བདག་ཡང་དག་པར་ཡོད་དོ་ཞེ་འམ།མེད་དོ་ཞེས་གཉིས ་ཀར་ཡང་འདིར་བརྗོད་པར་མི་བྱ་སྟེ།ཡང་དག་པར་ཡོད་དོ་ཞེས་བརྗོད་པ་ན་མེད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།།གལ་ཏེ་ཡོད་ན་ཇི་ལྟར་ན་དེ་སྐྲ་དང་སེན་མོ་དང་པགས་པ ་དང་།མགོ་བོ་དང་།ཤ་དང་།རུས་པ་དང་།རྐང་དང་།ཚལ་དང་།རྒྱུས་པ་དང་།མཆིན་པ་དང་།སྒྱུ་མ་དང་།མེད་པ་དང་།ལག་པ་དང་།རྐང་པ་དང་།ཡན་ལག་དང་།ཉིད ་ལག་ལ་སོགས་པ་ལུས་ཐམས་ཅད་ཀྱི་ཕྱི་དང་ནང་དུ་བཅས་བྱ་ལ་རྣམ་པར་བརྟགས་ན་བདག་ཡང་དགྲ་པོར་མི་སྣང་ངོ་།།མུ་སྟེགས་པ་རྣམས་ཀྱིས་སྨྲས་པ།ལྷའི་མིག་དང་ལྡན་པ ་འགའ་ཞིག་གིས་མཐོང་གིས།བདག་ཅོག་རྣམས་ནི་ཤའི་མིག་ཅན་ཡིན་པས་བདག་ཡང་དག་པར་ཇི་ལྟར་མཐོང་།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།ལྷོའི་མི་དང་ལྡན་པ ་རྣམས་ཀྱིས་ཀྱང་མི་མཐོང་སྟེ།གང་ལ་ཁ་དོག་མེད་པ་དང་།གཟུགས་མེད་པ་དང་།དབྱིབས་མེད་པ་དང་ལྟར་མཐོང་བར་འགྱུར།མུ་སྟེགས་པ་རྣམས་ཀྱིས ་སྨྲས་པ།ཅི་བདེ་བ་ཡིན་ནམ།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།མེད་དོ་ཞེས་བརྗོད་པ་ན་ཡོད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།།གལ་ཏེ་མེད་ན་ཇི་ལྟར་འདི་མངོན ་ཡུམ་དུ་ཡོད་པར་བརྩེ་བ་དང་།དགོད་པ་དང་།ངུ་བཱ་དང་།རོ་ལཱཾ་པ་དང་།ཁྲོ་བོ་དང་།ང་རྒྱལ་།ཁྲག་དོག་དང་།ཕྲ་མཱཾ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར།དེ་བས ་ན་མེད་དོ་ཞེས་པར་ཡང་མི་རུང་སྟེ།ཡོད་དཱ་མ་མེད་ཅེས་གང་འདི་ལྟར་བརྗོད་པར་མི་བྱ་སྟེ།ཉེས་པ་འདི་ཡོད་པས་ནི་ཡོད་པའི་ཞེ་འམ།མེད་པའི་ཞེས་བརྗོད་པར་མི་བྱའོ།། ་མུ་སྟེགས་པ་རྣམས་ཀྱིས་སྨྲས་པ།འོ་ན་འདིར་གང་ཞིག་དམིགསོ་པར་འགྱུར།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།དམིགས་པར་གྱུར་པ་ནི་ཅིའང་མེད་དོ།།མོ་སྟེགས ་པ་རྣམས་ཀྱིས་སྨྲས་པ།ཅི་ནི་མ་མཁའ་ལྟར་སྟོང་པ་ཉིད་ཡིན་ནམ།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།གྲོགས་པོ་དག་དེ་དེ་བཞིན་དེ།ནམ་མཁའ་ལྟར་སྟོང་པ་ཉིད་ཡིན ་ནོ།།མུ་སྟེགས་པ་རྣམས་ཀྱིས་སྨྲས་པ།གལ་ཏེ་དེ་ལྟར་ཡིན་ནི་རྩེ་བ་དང་།དགོད་པ་དང་།ངུ་བ་དང་།རོལ་པ་དང་།ཁྲོ་བ་དང་།ང་རྒྱལ་དང་།ཕྲག་དོག་དང་།ཕྲ་མ ་ལ་སོགས་པ་ཇི་ལྟར་བལྟ་བར་བགྱི།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།སྒྱུ་མ་དང་།རྨི་ལམ་དང་།མིག་འཕྲུལ་དང་འདྲ་བ་ཡིན་ནོ།།མཱུ་སྟེགས་པ་རྣམས་ཀྱིས་སྨྲས་པ།སྒྱུ་མ་ནི ་ཇི་ལྟ་བུ་ལགས།རྨི་ལམ་དང་།མིག་འཕྲུལ་ནི་ཇི་ལྟ་བུ་ལགས།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།སྒྱུ་མ་ནི་མཚོན་པ་ཙམ་མོ།།རྨི་ལམ་ནི་སོ་སོར་སྣང་བ་ཙམ་སྟྭཾ།གཟུང་བར ་བྱ་བ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པ།ཡོད་པ་མ་ཡིན་པའི་ངོ་བོ་ཉིད་དོ།།མིག་འཕྲུལ་ནི་བཅིས་མ་ཙམ་དུ་དགོས་པའོ།།གྲོགས་པོ་དག་དེ་དེ་བཞིན་དེ།དངོས་པོ་ཇི་སྙེད་པ ་ཐམས་ཅད་ནི་སྒྱུ་མ་དང་།རྨི་ལམ་དང་།མིག་འཕྲུལ་དང་འདྲ་བར་ཤེས་པར་བྱའོ།།གཞན་ཡང་ཀུན་རྫོབ་དང་།དོན་དམ་པ་དག་བསྟན་པར་བྱ་སྟེ།དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི ་འདི་ནི་དེ་དག་གོ།འདི་ནི་གཞན་ནོ་ཞེས་བྱ་བ་དང་།སྲོག་དང་།སྐྱེས་བུ་དང་།གང་ཟག་དང་།བྱེད་པ་པོ་དང་།ཚོར་བ་པོ་དང་།ནོར་དང་།བུ་དང་།ཆུང་མ་དང་།མཛའ་བཤེས ་དང་།ཉེ་དུ་ལ་སོགས་པར་རྟོག་པ་དེ་ནི་ཀུན་རྫོབ་ཅེས་བྱའོ།།གང་ལ་བདག་མེད་པ་དང་།གཞན་མེད་པ་དང་།སྲོག་མེད་པ་དང་།སྐྱེས་བུ་མེད་པ་དང་།གང་ཟག་མེད་པ་དང་། ་བྱེད་པ་པོ་མེད་པ་དང་།ཚོར་བ་པོ་མེད་པ་དང་།ནོར་མེད་པ་དང་།བུ་མེད་པ་དང་།ཆུང་མ་མེད་པ་དང་།མཛའ་བ་ཤེས་མེད་པ་དང་།ཉེ་དུ་ལ་སོགས་པ་མེད་པ་དེ་ནི་དོན་དམ་པ ་གོས་བྱའོ།།བདི་ལ་ཞིན་གྱིས་དངོས་པོ་མས་དང་དུ་ཡོངས་སུ་བཏགས་ཤིད་།།བླ་།དགེ་བའི་འབྲས་བུ་དང་།སྨྱོ་བ་དང་།དགས ་པ་ནི་ཀུན་རྫོབ་བོ།།དགེ་བ་དང་མི་དགེ་བའི་འབྲས་བུ་མེད་པ་དང་།སྐྱེ་བ་མེང་པ་དང་།བླགག་པ་མེད་པ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། ་རྣམ་པར་བྱུང་བ་མེད་དེ།དེ་ནི་དབུམྦུའི་ཆོས་རྣམས་ཀྱི་སྒྲིབ་པ་ལྷུར་ལོན་པའོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།ཀུན་རྫོབ་དང་ནི་དོན་དམ་སྟེ།།དབྱེ་བ་གཉིས་སུ་ཡང་དག ་ཤད།།ཀུན་རྫོབ་འཇིག་རྟེན་པ་ཡི་ཆོས།།དོན་དུ་མི་འཇིག་རྟེན་འདས་པའོ།།ཀུན་རྗེའི་ཆོས་ལོ་ཞུགས་པ་ཡི།།སེམས་ཅན་ཉོན་མོངས་དབང་དུ་འགྲོ།།དོན་པས ་ཡོངས་སུ་མ་ཤེས་པས།།འཁོར་བར་ཡུན་རིང་འཁོར་བར་འགྱུར།།ཀུན་ཙྪབ་འཇིག་རྟེན་ཆོས་རྣམས་ལ།།མི་མཁས་པ་དག་རྟོག་པར་བྱེད།།ཀུན་ཏུ་རྟོག་པ ་ཡིས་ནི།།སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར།།ཇི་ལྟར་ས་སོའི་སྤྱི་བ་ཡི།།བྱིས་པས་གྲོལ་ལམ་མི་ཤེས་པས།།མི་ཟད་པ་ཡི་སྟག་བསྔལ་དག།མང ་རྗེས་སུ་མྱོང་བར་འགྱུར།།གང་དུ་སྲིད་པ་འགག་འགྱུར་བའི།།དོན་དམ་དག་ནི་མོ་ཤེས་པས།།སྐྱེ་བ་དང་ནི་འགག་འགྱུར་ཞིང་།།སྐྱེ་མེད་འགྲོ་དེང་འོང་བར་འགྱུར།། ་ཅན་ན་ལྔ་གནས་།།སྨྱན་ལ་མ་ས་བཞིན་དུ་མདོ།།སྡུག་བསྔལ་གནས་ཅན་ལ་ང་།།ཡང་ང་སྐང་དུ་བྱུང་བ་ཨུཔ། ན་པ་། ་སླར་ཡང་འོང་ཞིང་འགྲོ་བར་བྱེད།།དེ་བཞིན་སྲིད་པར་འབྲི་བོ་ན།།སླར་ཡང་འོང་ཞིང་འགྲོ་བར་འགྱུར།།འཁོར་བ་ཐམས་ཅ་མི་རྟག་ཅིང་།།མི་བརྟེན་སྐད་ཅིག་པ ་དབས་དོན་དམ་ཤེས་པ་ཡིས།།ཀུན་རྫོབ་བདྲེན་པའི་གླུནས་སྤྱང་དོ།།མནོ་རྗེས་གནས་ནས་ལྷ་རྣམས་དང་།།དྲི་ཟ་མ་རྣམས་ཀཱར་ནི།།ཀུན་པ་འཕོ་བ་མྱོད་རྒྱང་། ་ཀུན་ཀྱང་ཀུན་རྫོབ་འབྲས་བྱ་ཡིན།།གྷུབ་དང་རིགས་འཛིན་གནདེ་སྦྱིན་དང་།།དྲི་ན་དང་ནི་ལྟོ་རྣམས།།སླར་ཡང་དམྱལ་བར་འགྲོའ་གྱུར།། ཀྱང་ཀུན ་བུ་ཡིནྡ།།གང་ཞིག་བརྩོན་དག་ལྕེ་རྣམས་དང་།།ཡོན་ཏན་འབྱུང་གནས་ལ་གནས་གང་།།མཐོ་རིས་ལས་འཕོ་ལྟུང་གྱུར་པ།།ཐམས་ཅད་ཀུན་རྫོབ་འབྲས་བུ་ཡིན། ་བཛྲ་བྱིན་ཁོར་ལོས་ཀྵ་ཉིད་དེ།།གང་གིས་དམ་པའི་གནས་ཐོབ་ནས།།སྐུར་ཡང་བྱོལ་སོང་སྐྱེས་ནས་འཇུག།ཐམས་ཅད་ཀུན་རྫོབ་འབྲས་བུ་ཡཱན།།དེ་བསམ ་ལྷ་རྣམས་ཀྱི།།བདེན་པ་ཟང་པོ་ཀུན་སྤོང་ལ།།བྱང་ཆུབ་སེམས་ནི་འདི་གསལ་བ།།རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ།།དངོས་པོ་མེད་ཅིང་དམིགས་སུ་མེད།།རྣམས ་།ཅང་སྟོང་པ་གྲཝ་ནས་མེད་པ།།སྤྲོས་པ་རྣམས་ལས་ཡང་དྲག་འདས།།བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན།།སྨྲ་བ་མ་ཡིན་འཇམ་པ་མིན།། ་དྲོ་བ་མ་ལིནྟ་གྲང་བ་མིན།།དེ་ནི་རེག་མིན་བཟུང་བྱ་མེད།།བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།།རིང་པོ་མ་ཡིན་ཐུང་བ་མིན།།ཟླུམ་པོ་མ་ཡིན་གྲུ་གསུམ་མིན།།ཕྲ ་བ་མ་ཡིན་སྒོམ་པའང་མིམ།།བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།།སྒོམ་པ་རྣམས་ལས་རྣམ་འདས་ཤིང་།།མུ་སྟེགས་རྣམས་ཀྱི་སྤོང་ཡུལ་མིནྡ།།ཤེས་རབ་པ ་རོལ་ཕྱིན་སྦྱོར་བ།བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།།དཔེ་མེད་བསྒོམ་དུ་མེད་པ་དང་།།མཐོང་མིན་གནས་ཀྱི་མཆོག་གྱུར་ལ།།རང་བཞིན་གྱིས་ནི་རྣམ་དག་པ།།བྱང ་ཆུང་སེམས་ཀྱི་མཚན་ཉིད་ཡིན།།ཐམས་ཅད་དབུ་བ་ལྟ་བུ་སྟེ།།ཆུ་བུར་ལྟ་བུར་སྙིང་པོ་མེང་།།རྟག་པ་མ་ཡིན་བདག་མེད་ཏེ།།སྒྱུ་མ་མིག་རྒྱུ་དག་དང་མཚུངས།།གྲོང་བུ ་བཞིན་དུ་བསྡུས་གྱུར་པ།།སྤྲོས་པ་རྣམས་ཀྱིས་ཡོངས་སུ་གང་།།འདོད་ཆབྲས་ཞི་སྡང་ལ་སོགས་ལྟར།།དེ་ནི་སྐྱེ་མཚུངས་འབའ་ཞིག་ཡིན།།ཇི་ལྟར་ནང་ན་ཐིག་ལེ ་ནི།།སྐད་ཅིག་དེ་ལ་མི་མཐོང་སྟེ།།ཤེས་རབ་ཕ་རོལ་ཕྱིན་མཐོང་ན།།དེ་བཞིན་བློ་ནི་འདུས་མ་བྱས།།རྟག་ཏུ་དགོད་ཅིང་རྩེ་བ་དང་།།སྨྲ་ཞིང་གླུ་དང་རོལ་མོ་དང་།། ་གཞི་ལ་སོགས་པའི་བདེ་བ་རྣམས།།དེ་དག་ཐམས་ཅད་རྨི་ལཱམ་མཚུངས།།ལུས་ཅན་ཀུན་གྱིས་འདུས་བྱས་པ།།འདི་ཀུན་རྨི་ལམ་དང་མཚུངས་ལ།།རྨི་ལམ་སེམས་ཀྱིས ་ཀུན་རྟོག་སྟེ།།སེམས་ཀྱང་ནམ་མཁའ་ལྟ་བུ་ཡིན།།གང་ཞིག་ཚུལ་འདི་རྟག་སྒོམ་པ།།ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ།།གང་ཞིག་འདི་ནི་རྟག་སྒོམ་པ།།དངོས་པོ་ཀུན་ལས ་རྣམ་གྲོལ་ནས།།གོ་འཕང་མཆོག་ནི་ཐོབ་པར་འགྱུར།།བླ་ན་མེད་པའི་བྱང་ཆུབ་གང་།།སངས་རྒྱས་ཀུན་གྱིས་རྣམ་བསྒོམས་པ།།བསྒོམས་དང་བཅས་པས་འཛིན་ན་ནི།།ཐེག ་ཆེན་འབྲས་བུ་འཐོབ་པར་འགྱུར།།འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གྲུབ་ཏུ ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ།།།།འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི ་