CLOSE WINDOW

N152: 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བདྨོར་ཅིང་ཞུས་ཏེ་གཏནཱ་ལོ་པབ་པ།།རྒྱ་གར་སྐད་དུ།ཨཱརྱ་རཱཥྚ་པཱ་ལ་པ་རྀ་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད། ་དུ།འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམསྡེ་ཙོད་ལ་ཕྱག་འཚལ་ལི།།འདི ་སྐེད་བདག་གིས་ཐོས་པ་དུས་གཅོག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱེ་རྒོད་ཕུང་པོའི་རི་ལ་དགེ་སློང་སྐྱོང་ཉིས་བརྒྱ་ལྔ་བཅུའི་དགེ་སྦྱོང་གི་དགེ་འདུན་ཆེན་པོ་དང་། ་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས།པུས་མོ་གཡས་པའི་ལྷ་ངས་ལ ་བཙུགས་ཏེ།བཅོམ་ལྡན་འདས་ཀྱི་ཞབས་ལེ་མགོ་བོས་པག་བཙལ་ནས།བཅོམ་ལྡན་འདས་ག་ལཱ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཅུད་ནས་བཅོམ་ལྡན་འདས ་ལི་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འོདི་ནུབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག་ཅིག ་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཡུལ་འཁོར་སྐྱོང་གནས་འདྲ ་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་བྱ་སྟེ།གཉིས་གང་ཞེ་ན།དགེ་སློང་གི་གནས་དངོ་།ལྷོད་པའི་གནས་སོ།།དྲོ་ལ་དགེ་སྦྱོང་གི་གནས་ནི་ཚུལ་ཁྲིམས ་དང་ལྡན་པའི་ཕྱོགས་གང་ཡིན་པའོ།།ལྗོ་དྲཝ་པའི་གནས་ནི་ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ།།ཡུལ་འཁོར་སྐྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ ་བཱར་འདོད་པའི་དགེ་སློང་གིས་ནི་གནས་གཉིས་ལ་བསླབ་པར་བྱའོ།།གཉིས་ག་ཞེ་ན།ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་དུ་བསྲུང་བར་བྱ་བ་དང་།དདག ་ཉིད་ལ་ངེས་པར་དྲསམ་པར་བྱ་བའི་ཕ་རོལ་ལ་ངེས་པར་བསམ་པར་མི་བྱའོ།།དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱ་བའི་ཕ་རོལ་ལི་ངེས་པོར་བསམ་པར་མི་བྱ ་ཞེན་ངེས་འདི་ལྟར་བརྟག་པར་བྱ་སྟེ།ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོད་པ་ཡིན་ནམ།བོན་ཏེ་བློ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་དེར་འཚང་རྒྱོ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ།།གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན ་ན་ནི་དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ནྡྲ་ལ་བསླབ་པར་བྱ་སྟེ།སོ་སོ་ཐར་པའི་སྡོམ་པས་བསྡམ་པར་བྱའོ།།ཚོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས ་པར་བྱའོ།།ཁང་མ་ཐོ་བ་དྲ་རབ་ཙམ་དག་ལའང་འཇིག་པར་ལྟ་བསོ་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ།།བསླབ་པའི་གཞི་རྣམས་ལའང་ལུས་ཀྱི་ལས་དང་། ་ངག་གི་ལས་དང་།ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ།།འཚོ་བ་ཡོངས་སུ་དགེ་པ་དང་།སྨད་དུ་མེད་པར་ཡང་བྱའོ།།བརྐམ་པ་མེད་ཅིང་རོ་རྣམས་ལ་འཆུམས ་བ་མེད་པ་དང་།ཆོས་གོས་ལ་ཆོད་ཟིན་པར་ཡང་བྱའོ།།ལྷུང་བཟེད་ལ་ཆོད་ཟིན་པར་ཡང་བྱའོ།།དེས་ཁེ་ཟླས་ཡོ་གོ་དྲོད་ཀྱིས་བཟའ་བར་ཡང་མི་བྱ་སྟེ།ལྟོ་མ ་བཀྲེས་ཙྱམྲ་དུ་ཁྭ་ཟས་བསྲུངས་པ་དེས་བསླབ་པར་བྱའོ།།དེས་ཁ་ཟས་ལ་རྟག་ཏུ་རྒྱུན་མི་ཆད་པོར་མཱི་གཙང་བའི་འདུ་ཤེས་བསྐྱེད་པར་བྱའོ།།འདྲི་ལྟ་སྟེ།ཕྱིས ་དང་།གཅིན་གྱི་འདུ་ཤིས་དང་།རྣག་གི་འདུ་ཤེས་དང་།སྔགས་པའི་འདུ་ཤཾསྟྲ་དང་།མི་གཙང་བའི་འདུ་ཤེས་དང་།རྨོ་བསྲུ་བ་ལྟ་བུའི་འདུ་ཤེས ་དང་།དམན་པའི་འདུ་ཤེས་དང་།མི་མཐུན་པའི་འདུ་ཤེས་དང་།ཤུ་བ་ལྟ་བུའི་འདུ་ཤེས་དང་།དོར་བའི་འདུ་ཤེས་དང་།སྤང་བའི་འདུ་ཤེས་དང་། ་དྷཱི་ནི་ཞིམ་པའི་འདུ་ཤེས་བསྐྱོད་པར་བྱ་སྒོ།ངས་ལྟ་དུའི་ཚུལ་དུ་བརྡལ་ཞིང་ཚོད་རིག་པར་བྱའོ།།ངོས་ཆགས་པ་མེད་པ་དང་།སྣང་བ་མེད་པ་དང་།རྨོངས ་པ་མེད་པ་དང་།རྟག་ཏུ་དབེན་པ་ལོ་མངོན་པར་དགའ་བར་བྱ་སྟེ།དྲི་མོ་གཏམ་ལ་དགའ་བར་མི་བྱའོ།།རི་དྭགས་འཆི་བ་ལྟ་དུ་དང་དུ་བླང་བར་བྱའོ།།དབེན ་པར་བྱའོ།།དབེན་པ་ལྔ་མངོན་པར་དགའ་བར་བྱའོ།།དབེན་པ་ལ་མངོན་པར་དགའ་ཞིང་མོས་པོ་དང་།བཟོད་པ་དང་ལྡན་པར་བྱའོ།།ངེས་པོ་དང་འགྲོགས ་ན་བོང་བར་བྱའོ།།འཇིག་རྟེན་གྱི་གཏམ་ལ་མི་རྟོན་པར་བྱའོ།།ཉོ་ཚོང་སྤྱོད་པ་སྤོང་བར་བྱའོ།།སྨན་དཔྱད་ལ་དགའ་བ་དང་།དྲིན་པོ་ལ་དགའ་བྱ་དང་།ཁྱིམ་གྱི ་བྱ་བ་དང་འབྲེལ་བར་མི་བྱའོ།།འདུག་པ་དང་།འགྲོང་བ་དང་།འཚོ་བྲི་བ་དང་།ཉོལ་བ་ལ་མི་ཁྲོ་སོ་པར་བྱའོ།།རབ་ཏུ་དབེན་པ་དང་།དགོན་པར་དགོའ་བ ་དང་།ཞི་བའི་གནས་སྒྲ་ཆུང་བ།སྐད་རུང་བ།འཇིགས་པའི་ཡིད་ལ་བྱེད་པ་མེད་པ།སྡིག་སྤྲུལ་མེད་པ།མི་མང་པོ་མེད་པ།མིས་དབེན་པ།ནང ་དུ་ཡང་དག་པ་འཇིག་དང་འཚོམ་པ་བསྟེན་པར་བྱའོ།།བདག་བསྟོད་པར་ཡོང་མི་བྱ།གཞན་སྨད་པོར་ཡང་མོ་བྱའོ།།ཚུལ་འཆོས་པ་དང་ཁ་བསག་མི་དྱའོ།། ་རྟག་ཏུ་རྒྱུན་མི་ཆད་པར་སྐྱོ་བའི་སེམས་བསྐྱེད་པར་བྱའོ།།དེས་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་འདྲུ་ཞིང་འདྲིས་པར་མི་བྱའོ།།སྟོང་པར ་ཆོས་རྣམས་ཀུན་ཏུ་བསྟན་པར་བྱ།བསྒོམ་པར་བྱ།མང་དུ་བྱའོ།།དེས་རིག་པོ་དང་མི་ལྡན་པའི་དགེ་སློང་དང་ལྷན་ཅིག་ཕྲད་པ་སྤང་བར་བྱའོ།།དགེ་སློང ་མཱ་དང་འདྲིས་པར་མི་བྱའོ།།འདོད་པ་ཆུང་བར་ཡོད་བྱའོ།།རྟག་ཏུ་བདག་ཉིད་ཀྱི་འཁྲུལ་པ་རྣམས་ལ་སོ་སོར་བརྟག་པར་བྱའི་གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར ་མི་བྱའོ།།བ་མ་ལ་ཡིད་བརྟན་པར་མི་བྱ་ན་རིགས་གཞན་ལྟ་ལ་ཅི་སྨོས།ཤིན་ཏུ་ཡང་དག་པར་བསྡམ་པ་ཅན་དུ་བྱའོ།།ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་པ་དག ་བྱའོ།།དམིགས་པ་ལ་མཁས་པར་བྱའོ།།དབེན་པའི་གནས་མྱལ་དུ་གནས་པར་བྱའོ།།མཐུན་པའང་གཞན་དག་ལ་སྐྱོ་བར་མི་བྱ་ན་མི་མཐུན་པ་ལྟ་ཅི་སྨོ་ས།དེས ་ཚྭས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས།ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག་པར་བྱའོ།།ཆོས་ཟབ་མོ་རྣམས་ལ་བརྟོག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། ་མིག་མི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།།དེའི་སྐྱེ་བ་དང་འཇིག་པ་ལའང་སོ་སོར་བརྟོག་པར་བྱའོ།།དེ་ལ་སྐྱེ་བ་དང་།འཇིག་པ་ལ་སོ་སོར་རྟོག་པ་དང ་ཡིན་པ་དེ་ནི་མེད་པ་ལ་སོ་སོར་རྟོག་པའོ།།དྭ་ཅིའི་ཕྱིར་ཞེ་ན།མིག་ཅེས་བྱ་བ་ནི་མིག་ཅེས་བྱ་བའི་ཕྱིར་རོ།།མིག་དང་།གཟུགས་དྲང་མིག་གི་རྣམ་པར་ཤེས་པ་ནི ་དམིགས་པ་མ་ཡིན་གྱི་མེད་པར་དམིགས་པ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ།།དེས་རྣ་བའི་རྟེན་པསམ་པ་དང་།མགོ་དང་། ་སྣ་དང་།ལྕེ་དང་།ལུས་དང་།ཡིད་ཀྱི་རྟེན་བསམ་པར་མི་བྱའོ།།ཅིའང་རུང་བའི་རྟེན་བསམ་པར་མི་བྱའོ།།དེ་ལྟར་བྱས་ནི་ཅི་ཞིག་བསམ་པ་ཡིན།དེ་བཞིན ་དུཆོས་རྣམས་སྟོང་པར་ཡང་བརྩོན་པར་བྱའོ།།དེ་ལྟར་བརྩོན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།།ཏིང་ངེ་འཛིན་གྱི་ཕུང་པོ་དང་།ཤེས་རབ་ཀྱི་ཕུང ་ཡོངས་སུ་དག་པར་བྱེད་དོ།།རྒྱན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་རོ།།ལན་ཅིག་ཕྱིར་འོང་བའི་འབྲོས་བུ་དང་།ཕྱིར་མི་འོང་བའི་འབྲས་བུ་དང་།དགྲ་བཅོམ ་པ་ཉིད་ཐོབ་པར་འགྱུར་ཏེ།དེ་ལྟ་བུའི་འདུ་འཛི་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་ཡིན་ཏེ།དེ་དེ་དག་གོས་ཟུག་པ་ཟད་པ་ཐོབ་པར་འགྱུར་རོ།།དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ ་ན།ཡུལ་འའི་སྐྱོང་འདི་ན་དགེ་སློང་དེ་དག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ།དེ་ནི་ཆུའི་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན།ཆོས་གོས་ག ་པར་འཛིན་པ་དང་།ལྷུང་བཟེད་གཅེས་པར་འཛིན་པ་ཡིན།ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ།དེ་ནི་མི་སྨྲ་བ་སྤངས་ནས་ངན་སོང་དུ་གྱུར ་བའི་མལ་ཆ་དང་།སྟན་དང་།མགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད།བུད་མེད་དང་འདྲིས་པར་བྱེད།དགེ་སློང་མ་དང་འདྲིས་པར་བྱེད།རྒྱལ་པོས ་བཀྲབས་པ་དང་འདྲིས་པར་བྱེད་དེ།དེ་འདྲེས་པོར་གྱུར་ནས་རྒྱུན་མི་འཆད་པར་མིག་གྲིས་གཟུགས་རྣམས་ལ་ངེས་པར་སེམས་སོ།།དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས ་ཉོན་མོངས་པར་འགྱུར་རོ།།ཀུན་ནས་ཉོན་མོངས་པོའི་སེམས་དང་ལྡན་ན་གནས་འདི་ལྟ་བ་ཡོད་དེ།ཉེས་པ་ལྕི་བདེ་བྱེད་པའམ།ཡང་ནི་ཆུང་ངུ་བྱེད་ཅིང་འཇུག་པ ་འགྱུར་ཏེ།ཡུལ་འཁོར་སྐྱོང་འི་དེ་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ།།ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་ཏྲོཅེས་པ་ཡིན་ཞེ་ན།དགེ་སློང་ལྟར་བཅོས་པ་དེ་དེ ་བཞིན་གཤེགས་པས་མལ་ཆ་དང་སྟན་གནང་བ་ཐ་མ་ལྔ་པ་གང་ལ་དགེ་སྦྱོང་གནས་པོའི་མལརྒྷ་དང་སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ན་ཆོས་གོས་ལ་ཞེན ་ཅིང་ཟང་ཟིང་ལ་ཞེན་ནས་བུད་མེད་དང་འདྲིས་པར་བྱེད་ཅིང་།ཁྱིམ་པ་དང་འདྲེས་པར་བྱེད་ན་འདྲིས་པར་འབྱུང་བའི་མདྲུན་པོ་དེ་ལ་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད ་དེ།དྲིའི་སྟེང་དུ་ཆོས་ཟབ་མོ་རྣམས་ལའང་སུན་འབྱིན་ཅིང་གཤེ་བར་བྱེད་ལ་དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།།དགོན་པའི་བསྔགས ་པ་མ་ཡིན་པ་བརྗོད་པར་བྱེད་དོ།།གྲང་ལ་དེའི་སེམས་མངོན་པར་དགོའ་བའི་འདོད་པ་རྣམས་འབའ་ཞིག་གིས་བསྔགས་པ་བརྗོད་པར་བྱེད་ཅིང་གང་ལ་དེའི་སེམས་མངོན ་པར་དགའ་བའི་བྲི་མོའི་གཏམ་འབའ་ཞིག་གི་བསྔགས་པ་བརྗོད་པར་བྱེད་ལ།དགེ་སློང་གི་གནས་གང་ཡང་རུང་བ་དེ་དག་གི་བསྡིགས་པོ་མ་ཡིན་པ་བརྗོད་པར་བྱེད་དོ།། ་གང་ལ་ལས་དེ་བཞིན་གོ་ཤེགས་པས་མདོའི་ཚིག་ཁྱིམ་ན་གནས་པོ་དང་།རབ་ཏུ་བྱུང་བ་རྣམས་དང་།འདུ་འཛིར་མི་འབྱུང་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་ང ་བཻ་རརཱ་ནས་དགེ་སྦྱོང་གི་ཚུལ་མི་འདོད་ཅིང་དགེ་སློང་གི་དངོས་པོ་མི་འདོད་དེ།གཅིག་བུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་པྱོད་ལ་གཞན་དག་ལའང་དེ་ལྟ་བུའི ་གཞི་རྣམས་སུ་ལུང་འབོགས་པར་བྱེད་པའོ།།དེ་ཅིའི་ཕྱིར་ཞེ་ན།དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པར་གསུངས་ཏེ།སོ་སོར་ཐར་པ་སྤངས་ནས ་གཅིག་པུར་འདུག་ཅིང་བུད་མེད་ལོ་ཆོས་འཆང་པའི་ཕྱིར་རོ།།མི་བླུན་པོ་དེ་དག་ནི་བཅོས་མ་སྟེ།མགོ་བྲགས་ངེས་བཅོས་པ་དང་།གོས་ངུར་སྨྲིག་བྱོན་པས ་བཅོས་པའོ།།རྒྱུ་གང་གིས་བཅོས་མ་ཡིན་པར་ཤེས་པར་བྱ་ཞེ་ན།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨད་པ་གང་ཡིན་པ་མི་བླུན ་བོ་དེ་དག་གི་གནང་བར་བྱེད་དེ།།ལཱྀ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པ་བྱེད།རང་གི་འོག་གིས་ལེན་པར་བྱེད།མ་བརྟགས་པ་ལ་ལོངས་སྤྱོད་པ ་བྱེད།རང་འདྲུག་གྲོས་དང་འཚེད་པའི་ལས་བྱེད།གསེར་དང་དྲངུལ་བདག་གིར་བྱེད།ཁྲེ་རྒོད་དང་།འབྲུ་ལ་སོགས་པ་བསྡོགས་པར་བྱེད།ཁྱིམ་གྱི་གཞི ་དེདང་།ཞིང་གི་གཞི་དང་།ཀུན་དགའ་ར་པོའི་གཞི་ཉོ་ཚོང་བྱེད་ཅིང་ཚལ་ཟླའི་འཚོ་བོ་སྦྱོར་བར་བྱེད།ཁྱིམ་གྱི་གཞི་དང་།ཞིང་གེ་གཞི་དང་།ཀུན་དགའ་ར ་བའི་གཞི་ལེན་པར་བྱེད།ལས་ཀྱི་རྣམ་པར་སྨིན་པ་ལའང་ཡོད་མི་ཆེས་ཤིང་སོ་སོར་བར་པ་ལ་འོང་མི་དདོ་ནས་དེ་ལ་གཞོལ་དེ་ལ་འབབ་དེ་ལ་བབ་དེ་ལ་བདེན་པར ་འཛིན་དེའི་སྤྱོད་ལ་མོ་བྱེད།དགེ་སྦྱོང་དུ་འདྲ་བར་འཛིན་ཅིང་གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་པ་དང་མཚུངས་པར་སྟོན་པར་བྱེད།གང་ཟག་ཏུ་ལྟ་བ་བསྔགས ་པར་བྱེད།གང་ཟག་ཏུདུ་ལྟ་བ་དང་།གཅེར་བུ་པ་དང་མཚུངས་པར་སྟོན་པས།སྐྱེ་བོ་མང་པོའི་འཛུད་པར་བྱེད་ཅིང་འགེད་པོར་བྱེད།སངས་རྒྱས་ཀྱི་སྤྱོད་ཡུལ ་དེ་བཞིན་གཤེགས་པའི་གནས་བྱ་སྟོང་པ་ཉིད་ལ་དམིགས་ནས་སུན་འབྱིན་པར་བྱེད།ག་ཤེ་བར་བྱེད་ཤེས་པར་བྱའོ།།ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག ་འབྱུང་བར་འགྱུར་ཏེ།དེ་དག་ནི་ཁྱིམ་པའང་མ་ཡིན།དགེ་སྦྱོང་ཡོང་མྱ་ཡིན་ཏེ།དེ་དག་གིས་ནི་དེ་བཞིན་གཤེགས་པའི་བསྟན་པའོདྲི་ནུབ་པར་བྱེད་དོ།།དེ་ནུས ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དྲག་བཀའ་སྩལ་ཏོ།།དགེ་སློང་ཚུལ་ཁྲིམས་རྣམས་ལ་བསྡམ།།ཞི་ཞིང་ཞི་བའི་གནས་ལྀ་དགའ།། ་སོར་ཐར་པ་སློབ་བྱེད་པ།།དེ་དག་དགེ་སློང་བྲམ་ཟེ་ཡིན།།ཆོས་རྣམས་གཙོ་བོ་བླངས་ནས་ནི།།ཅི་ཡང་མེད་པའི་དགེ་སློང་བ།།བས་མཐའ་དགོ་ནང་རྣམས། ་སུ་དགའ།།དེ་དག་དགེ་སློང་བྲམ་ཟེ་ཡིན།།དེ་དག་བྱེ་མོ་གཏམ་མི་དགའ།།སོ་སོར་ཐར་རྣམས་ལེགས་པར་བསླབས།།གང་ཟག་མཆོག་ལ་ཉིན་མཚན་དུ། ་བཀུར་སྟི་ཆེན་པོ་བྱེད་པ་ཡིན།།ཞིང་ཡང་མི་རྨེད་ཚོང་མི་བྱེད།།ལྷུང་བཟེད་ཆོས་གོས་རྙེད་མི་ཚོལ།།ལེན་པ་མེད་པར་བརྩོན་པ་གང་།།དེ་དག་སངས་རྒྱས ་ཉན་ཐོས་ཡིན།།དེ་དག་བུད་མེད་བརྟེན་མི་བྱེད།།བུ་དོ་མེད་རྣམས་དང་འདུ་བ་མེད།།ཤིང་དྲུང་རྣམས་ནི་བསྔགས་པར་བྱེད།།དེ་དག་སངས་རྒྱས་ཉན་ཐོས་ཡི ་ཟས་དང་སྐོམ་གྱི་དོན་གྱི་ཕྱིར།།གཙམ་གསག་དག་ཀྱང་ཡོངས་མི་བྱེད།།དེ་འདྲར་གྱུར་པ་དེ་དག་ནི།།དགེ་སློང་མ་ལ་བརྟེན་མི་བྱེད།།མཚོན ་རྣོ་ཇི་ལྟར་བརྡར་བྱ་བཞིན།།བུད་མེད་རྣམས་ནི་དེ་འདྲར་ཤེས།།སོ་སོར་ཐུར་ལས་བྱུང་བ་བཞིན།།བུད་མེད་འདུ་ཤེས་སྤོང་བར་བྱེད།།ངེས་པ་དེ་དག་ཟས ་ཕྱིར་དང་།།སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར།།ཁྱིམ་ཁྱིམ་དག་དུ་འགྲོ་བྱེད་ཅིང་།།ཆོས་རྣམས་སྟོན་པར་མི་བྱེད་དོ།།དགེ་སློང་རྣམས་ཀྱིས་བུད་མེད་རྣམས།། ་པོལྟ་བར་མི་བྱ་རྫོགས་སངས་རྒྱས།།དེ་ལ་ཤེས་ལྡན་སུ་ཞིག་སྟོན།།དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན།།དེ་དོག་གིས་ནི་མེད་པར་སྨྲས།།རོ་དང་ཉལ་བ་བཞིན་དུ ་ཉྫལ།།དོ་ཕྱིར་སྤངས་རྒྱས་ཐམས་ཅད་མཁྱེན།།འདུ་འཛི་བསྡིགས་པར་མི་མཛད་དོ།།ཆོས་རྣམས་སྲོག་མེད་གསོ་བླ་མེད།།གསོག་དང་གསོབ་དང་སྙིང་བ ་མིང་།།སྟོང་པ་ཉིད་ལ་མོས་བྱེད་པ།།དེ་ནི་དགེ་སློང་ཆོས་ཉིད་དོ།།རྟག་ཏུ་བརྩོན་འགྲུས་ཕུན་སུམ་ཚོགས།།གཅིག་པུ་དགོན་པར་གནས་བྱེད་དང་།།འཇིག ་རྟེན་ན་ནི་རྟེན་མེད་སེམས།།དེ་ནི་དགེ་སློང་ཆོས་ཉིད་དོ།།སེང་གེ་བཞིན་དུ་འཇིགས་པ་མེད།།ཚངས་པར་སྤྱོད་ལ་གཞོལ་བར་བྱེད།།སྡུག་བསྔལ་ཀུན ་ལས་ཐར་བྱའི་ཕྱིར།།ཤེས་རབ་ལྡན་པས་ལམ་ལ་བསྒོམ།།མིག་དང་གཟུགས་ནི་ཚོལ་བ་ན།།དེ་དག་གིས་ནི་རྣམ་ཤེས་རྙེད།།དངོས་པོ་དེ་ཡང་ཚོལ་བ ་ན།།བཙོ་ལ་བ་གང་ཡིན་མི་རྙེད་དོ།།སྔོན་ཡང་མེ་བྱུང་ཕྱིས་མྱི་འབྱུང་།།དབུས་ནུའང་ཡོད་པ་མ་ཡིན་ཏེ།།དེ་ལྟ་བུ་ཡི་དོན་གྱིས་ནི།།ཆོས་ཀུན་མཉམ ་པ་ཉིད་ཀྱིས་ཕྱིར།།ངེས་པ་དེ་དག་ཟས་ཕྱིར་དང་།།སྐོམ་གྱི་ཕྱི་རོ་དང་གྲོས་ཀྱི་ཕྱིར།།ཁྱིམ་ཁྱིམ་དག་དུ་འགྲོ་བྱེད་ཅིང་།།ཆོས་རྣམས་སྟོན་པར་མི་བྱེད་དོ།།རྒྱུ་མེད་དེས ་པུ་བཟང་པོ་ཡིན།།དེ་དགྲ་སངས་རྒྱས་བསླབ་པ་རྣམས།།འདའ་ཞིང་འཇོག་པར་མི་བྱེད་དོ།།བརྟུལ་བཟོང་སྟོང་ཉིད་སྐྲག་པ་མེད།།འཇིག་པོ་མེད་པར་འཇུག་པར ་བྱེད།།ལྔ་བྲ་མི་བཟང་འཇིག་མི་བྱེད།།སེམས་ཅན་གང་ཟག་དངོས་མི་འཇིག།དོཀར་པོའི་ཆོས་རྣམས་ཐམས་ཅད་ལ།།ཤིན་ཏུ་བརྟན་པར་གནས་པ་ཡིན།།བརྟན ་པི་དེ་དག་འཇིག་རྟེན་ན།།མྱ་ངན་འདྲེས་པའང་རེག་གྱུར་ནས།།མཆོད་པའི་གནས་སུ་འོས་པར་འགྱུར།།གང་དག་ཤེས་རབ་འཆ་ལྔ་པ་དང་།།ལེ་ལོ་ཅན་དང ་དམན་ལ་བརྩོན།།རྔོས་ང་ཉུང་དང་སྡིག་པ་འདོད།།ང་རྒྱལ་ཐབ་ཁྲོ་འབྱུང་གནས།།མགོ་ལ་སྤྲེ་བྲི་བརྟེན་བྱེད་ཅིང་།།ཤིང་གི་ཁ་བསྡུར་ཆོས་གོས་གྱོན།། ་སྟོང་པ་ཉིད་ནི་དོན་མྱེད་པ།།དེ་ནི་མ་ངས་པ་སྒོམ་མི་བྱེད།།རྗེས་ལ་སུན་འབྱིན་ཐེག་ཆེན་གྱི།།བསྔགས་པ་མ་ཡིན་རྗོད་པར་བྱེད།།གང ་ཞིག་ཆོས་འདི་བསྟན་པ་རྣམས།།ཇི་ལྟར་བསྟན་པ་དེ་བཞིན་དུ།།ནོག་པའི་ཕྱོགས་ལ་ཀུན་ཏུ་ཚོགས།།དེས་ནི་ངན་འགྲོར་འགྲོ་བར་འགྱུར།།ཐེཅོམ་ལྡན་འདུས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་།དགེ་སློང་དེ་དག་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི ་འཇིག་རྟེན་ཡི་རླངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི ་མདོ་རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱཱ་བྷི་ཀུརྦ་ན་རཱ་ཛ་བ་རི་བྲྀནྡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ ་