| Wylie | e-texts produced with BDRC’s OCR application |
བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།།།།རྒྱ་གར་སྐད་དུ།ཨཱརྱ་ཤྲཱི་བ་སུ་རི་པྲིཙྪ་ནཱ་མ་མི་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འབིགས་པ་དང་ལེ་དབྱིག་གིས་ཞུས ་ཞེས་བྱ་བ་སྡིག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔང་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག། ་ན།བཅོམ་ལྡན་འདས་བཱ་རོ་ཎཱ་སི་ན་དྲང་སྲོང་སྨྲ་བ་དགས་ཀྱི་ནགས་ན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་།ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས ་ཏེ།དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ་བ་ར་ཎཱ་སིའི་གྲོང་ཁྱེར་ཚོན་པོ་ནས་བྱུང་ནས།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི ་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལོན་གསུམོ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།ཕྱོགས་གཅིག་ཏུ་འདུག་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་བཅོམ་ལྡན ་འདས་ཀ་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་བོདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགེ ་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་འདས་ཤིང་གཤེགས་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཆུང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་འདས་ཤིང་གཤེགས་ཏེ།དཔེར་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་དོ།།གསོལ་པ།བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དྲུག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བར་འགྱུར་ལགས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ཙམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་དེ་ལྟར་བཞུགས་ཏེ་འཚོ་ཞིང་བཞི་ས་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཚོང་དཔོན་གྱི་བུ་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ།དཔེར་ན་ཀཱངྐའི་ཀླུང་གི་བྱེ་མ་སྙེད་དོ།།ཚོང་དབེན་གྱི་བུང ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་ད་ལྟར་བཞུགས་ལ་འཆི་ཞིང་གཞེས་ཏེ།དཔེར་ན་པདྨའི་ཀླུང་གི་བྱེམ་སྙེད ་ངོ་།།དེ་སྐད་ཅེས་བཀྲའ་སྩལ་པ་དང་།བཅོམ་ལྡན་འདས་ལ་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་ལྟར་མི་བརྒྱ་འམ།མི་སྟོང་། ་ངམ?།མི་འབུམ་གྱིས་སྔོན་འབྲང་དེ་བཙལ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ན།བཅོམ་ལྡན་འདས་བདག་གིས་ཀྱང་འབད་དེ་བཙལ་ན་ཅིའི་སླད་དུ། ་དེ་མི་ཐོབ།མ་རྟོགས་ཀྱིས་དེའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་དེ་ཕྱེ་བ་དང་།ཇི་ལྟར་གནས་པར་བགྱི་བ་དང་།ཇི་ལྟར ་བསྒྲུབ་པར་བྱབྲི་བབམ་ལྡན་འདས་ཀྱིས་བདག་ལ་དུ་ལྟར་ལེགས་ཕྱུར་བསྟན་དུ་གསོཔ།དེ་སྐད་ཅེས་གསོ་པ་དང་།བཅད་ལྡན་འདས་ཛཱ ་དཔོན་གྱི་བུ་དཔལ་དབྱིག་ལ་འདི་སྐད་ཅེ་སཱ་བཀའ་སྩལ་ཏོ།།ཚོང་དཔོན་གྱི་བུ་ལེགས་སོ་ལེགས་སོ།།ཁྱོད་ཀྱིས་རྟག་པ་མཛེས་སོ།།སྤོབས་པ་དགེའོ།།ཚོང་དཔོན་གྱི ་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་།ལས་དང་པོ་པའི་བྱང་ཆུབ་སེམས་དཔོས་ཇི་ལྟར་བྱ་བ་དང་།ཇི་ལྟར་གནས་པར་བྱ་བ་དང་།ཇི་ལྟར ་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ།།བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཚོང་དཔོན་གྱི་བུ་དཔལ་དབྱིག་བཅོམ་ལྡན་འདས་ཀྱིས་ལྟོར་ཉན་པ་དང་།བཅོམ ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་ཉོན་གཅིག་བཞིན་དུ་སྙིང་ཐག་པ་རུས་པའི་ཁོང་ནས ་ཡིད་ལ་བྱས་ཏེ།སེམས་ཅན་ཐམས་ཅད་ཀྱི་ས་བས་ན་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་རིམ་གྲ་བྱ་བ་མི་གཏང་བར་བྱའོ།།ཚང་དཔོན་གྱི་བུ ་གཞན་ཡོང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁང་ནས་ཡིད་ལ་བྱས་ཏེ།སེམས་ཅན་ཐམས་ཅད་ཀྱིས་བསམ་ནོས་དུས་གསུམ་དུ་དནན ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཡཱི་དམ་མི་གཏང་བར་བྱའོ།།ཆང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཟག་པ་རུས་པའི་ཁོད་ནས་ཡང ་ལ་བྱས་ཏེ།སེམས་ཅན་ཐམས་ཅད་ཀྱིས་བསམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་མི་སྟོང་པར་དུས་གསུམ་དུ་གསོལ་བ་གདྲབ་པ་མི་གཏ ་བར་བྱའོ།།འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་བསྐལ་པ་དུ་མར་གནས་པར་དུས་གསུམ་དུ་གསོལ་བ་གདབ་པར་མི་གཏང་བར་བྱའོ།།འཇིག་རྟེན་གྱི ་ཁ་མོས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྐལ་པ་དུ་མར་ཚེས་བསྟན་པར་དུས་གསུམ་དུ་གསལ་བ་གདབ་པར་མི་གཏང་བར་བྱའོ།།འཇིག་རྟེན་གྱི་ཁམས་ཐམས་ཅད ་དུ་སེམས་ཅན་ཐམས་ཅད་ལ་ཅི་ནུས་པ་དང་།ཅི་ལྕོགས་པ་དང་།ཇི་ལྟར་གསོལ་བ་འདེབས་པ་བཞིན་དུ་ཐེག་པ་གསུམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་དུས་གསུམ་དུ ་གསོལ་བ་གྲང་བ་པོ་མི་གཏང་བར་བྱའོ།།འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཙོད་བསྒྲལ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད ་མྱུར་ཞིང་རིངས་པར་ཡོངས་སུ་རྫོགས་པར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པར་མི་གཏང་བར་བྱའོ།།འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་ཁོངས་སུ་གཏོགསཏེ། ་པའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་གསུམ་ཐོབ་པར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།།འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ངོན་འགྲོར་སྐྱེས་པ་ཐམས་ཅད་ངན་འགྲོ་ཐམས་ཅད་ནས་གདོན་པར་རུས་གསུམ་དུ་གསོལ་བ་གདབ་པར་མི་གཏང་བར ་བྱའོ།།འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པོའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ ་མི་གཏང་བར་བྱའོ།།འཇིག་པ་ཐམས་ཅད་སྤོང་བར་འགྱུར་བར་གསོལ་བ་གདབ་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་སྤོང་བར་འགྱུར་བ ་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།།འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་དང་།རང་སངས ་རྒྱས་དང་།འཕགས་པ་ཉན་ཐོས་ལ་སོགས་པ་བྱེབས་ཅད་དང་།སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དུས་གསུམ་དུ་རྗེས་སུ་ཡི་རང་བ་མི་གཏང་བར ་བྱའོ།།ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལས་བྱས་ཏེ།སེམས་ཅན་ཐམས་ཅད་ཀྱིས་བསམ ་ནས་དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དང་།བདག་ཉིད་སྡིག་པ་སྤྱོད་པ་ལ་རྣམ་པར་སྨོད་པ་དང་།སྡིག་པ་སྤྱོད་པ་ལ་བཤུང་བ་དང་།སྡིག་པ་ལས་ངེས་པར་འབྱུང ་པབ་དང་།དགེ་པ་ཐམས་ཅད་འདོད་པ་དང་།དགེ་བ་ཐམས་ཅད་བླང་བ་དང་།ཚེ་རབས་ཚེ་རབས་སུའང་དཀོན་མཆོག་གསུམ་ལ་བསྙེན་བསྒྱུར་བྱེ་བར་གསོལ་བྱ་གདབ ་དང་།གཅིག་ཏུ་ངེས་པར་རྣམ་པར་དག་པའི་དབྱེ་བའི་སྤྱད་པ་སྤྱོད་པར་གསོལ་བ་གདབ་པ་དང་།ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ ་བྱར་གསོལ་བ་གདབ་པ་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་གསོལ་བ་གདབ་པ་དང་།ཆོས་ཀྱི་འཁོར་ལོ་བསྐོར་པོར་གསོལ་བ་གདབ་པ་དང་།བསྐལ་པ་དུ་མོར ་ཆོས་བསྟན་པར་གསོལ་བ་གདབ་པ་མི་གཏོང་བར་བྱའོ།།ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་ཕ་མའི་གནོད་པ་མེད་བྱ་དང་།བུ་དང་།ཆུང ་མཱ་དང་།དྲན་དྲོ་དང་།བྲན་མོ་དང་།ལས་སྤྱོད་པ་དང་།ཞོ་ཤས་འི་ཆུ་བ་དང་།མཛའ་བོ་དང་།བློན་དྲོ་དང་།ཉེ་དུ་དང་།རྒན་རབས་ལ་གནོད་པ་མེད་པར་ཇི་ལྟར ་མོས་པ་དང་།ཅི་ནུས་པར་ངེས་དུས་སུ་སྦྱིན་པ་སྦྱིན་པར་བྱའོ།།ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་ངོ་པའི་བྱང་ཆུབ་སེམས་དཔས་ནི་བསླབ་པའི་གཞི་ལྔ་ལ་གནས་ཤིང ་དྲུག་པ་དང་།གླན་པོར་འཇུག་པ་དང་།མི་ལྷོད་པར་ཇུག་པར་བསླབ་པར་བྱའོ།།གལ་ཏེ་བསྒྲུབ་པའི་གཞི་ལྔ་ལ་སློབ་མི་ནུས་ནའང་།དེས་བཞིལྡམ། ་གསུམ་མམ།གཉིས་སམ་དེའི་ནང་ནས་བསླབ་པའི་གཞི་ཅིག་ཙམ་ལའང་བ་སླབ་པར་བྱའོ།།གལ་ཏེ་བསླབ་པའི་གཞི་ཅིག་ཙམ་ལ་སྤྱོད་ཀྱང་མི་ནུས་ན་དེ་སྡིག་པའི ་ལས་མི་དགེ་བ་གང་དང་གང་ཀུན་ཏུ་སྤྱོད་པ་དེ་ལ་ཞེན་པ་མ་ཡིན་པ་དང་།དྲག་པོ་མ་ཡིན་པོའི་སེམས་དང་།མི་དགའ་བཞིན་པ་དང་།ལྡད་བ་དང་།ཡང་བའི་སེམས ་དང་།དོན་གྱི་དབང་དང་དྲེགས་པའི་དབང་གིས་སྤྱད་པར་བྱ་སྟེ།དེ་མི་དགེ་བ་བཅུའི་ལས་ཁྲོ་བའི་དབང་དུ་གྱུར་པ་དང་།འཁོན་དུ་འཛིན་པའི་དབང་དུ་གྱུར་པ་དང་།དགའ ་བ་དང་མཆོག་ཏུ་དགའ་བའི་དབང་དུ་གྱུར་པས་ཀུན་ཏུ་སྤྱོད་པར་མི་བྱའོ།།ཀུན་ཏུ་སྤྱད་པར་འདོད་པ་ནའང་རྣམ་པར་སྨད་པར་བྱ།རྣམ་པར་བཤུང་བར་བྱའོ།།སྤྱོད་ཅིང ་འདུག་པ་ནའང་རྣམ་པར་སྣད་པར་བྱ།རྣམ་པར་བ་ཤུ་བར་བྱའོ།།སྤྱད་ཟིན་པ་ནིའང་རྣམ་པར་སྤད་པར་བྱ།རྣམ་པར་པོ་ཤུང་བར་བྱའོ།།སོ་སོར་པོ་ཤགས་པར ་བྱའོ།།ངེས་པར་བཏུང་བར་བྱའོ།།ལེགས་པ་དགེ་བ་ཅིའང་རུང་བཞིག།ཀུན་ཏུ་སྤྱོད་པ་ན་ནི་དེས་ནི་དེ་ལོ་སེམས་ཞེན་པ་དང་།དྲོག་པའི་སེམས་དང་།ཚིམ་པ་དང་། ་མགུ་བ་དང་།ལྷོད་པ་མ་ཡིན་པ་དང་།ཡང་བ་མ་ཡིན་པ་དང་།བར་ཆད་མེད་པ་དང་།དྲད་པ་དང་།དགའ་བ་དང་།དང་པ་དང་།མཆོག་ཏུ་དགང་བའི་དབང་དུ ་གྱུར་པའི་སེམས་ཀྱིས་ཀུན་ཏུ་སྤྱད་པར་བྱའོ།།ཀུན་ཏུ་སྤྱོད་པར་འདོད་པ་ནའང་སྙིང་ཐགཱ་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ།སེམས་ཅན་ཐམས་ཅད་ཀྱིས་བསམ་ནས་སེམས ་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་།དགྲོལ་བའི་ཕྱིར་དང་།དབུགས་དབྱུང་བའི་ཕྱིར་དང་།ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་དང་།ཐམས་ཅད་མཁྱེན་པ་ཉིད་ཐོབ ་པར་བྱ་བའི་ཕྱིར་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བོར་བྱའོ།།དེས ་དགེ་བོ་ཀུན་ཏུ་སྤྱོད་པ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བ་ཐམསོ་ཅད་ལོའང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལོ་བྱས་ཏེ།སེམས་ཅན་ཐམསོ་ཅད་ཀྱིས ་སམ་ནས།མངོན་པར་བསྡུས་ཏེ་བརྣམ་ནས་རྗེས་སུ་ཡི་རང་པོར་བྱའོ།།རྗེས་སུ་ཡི་རང་བའི་མཆོག་དང་།ཕུལ་དང་།གཙོང་དོང་།རབ་དང་།རབ་མཆོག་དང་།གྱ ་ནོམ་པ་དང་།དམ་པ་དང་།མཉམ་པ་མེད་པ་དང་།མི་མཉམ་པ་དང་།མཉམ་པ་དང་།ནམ་མཁའ་དང་མཉམ་པ་དང་།མྱ་ངན་ལས་འདས་པ་དང་།མཉམ་པའི་རྗེས་སུ་ཡི་རང ་པས་རྗེས་སུ་ཡི་རང་བར་བྱའོ།།རྗེས་སུ་ཡི་རང་ནས་ཀྱང་དགེ་བ་ཀུན་ཏུ་སྤྱད་པ་དེའང་སངས་རྒྱས་དང་།བྱང་ཆུབ་སེམས་དའ་དང་།རང་སངས་རྒྱསྔ་དང་།ཉན ་ཐོས།ཐམས་ཅད་ལ་དབུལ་བར་བྱའོ།།ཕུལ་ནས་ཀྱང་སེམས་ཅན་ཐམས་ཅདད་ཐུན་མོང་དུ་བྱ་ཞིང་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་།དཀྲོལ་བའི་ཕྱིར་དང་། ་དབུགས་དབྱུང་བའི་ཕྱིར་དང་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་།ཐམས་ཅད་མཁྱེན་པ་ཉིད ་ཐོབ་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།།དེས་ཀཽ་ཤི་ཀའི་གོས་དང་།ཙནྡན ་དང་།ོཾ་ག་རུའོ་བདུག་པ་ལ་སོགས་པ་དང་།ཡོ་བྱད་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ངམ།འདོད་པའི་ཡོན་ཏན་ལྔ་ལ་དགའ་མགུར་སྤྱོད་དམ།ལམ་དུ་འགྲོ་བ་འམ་འདུ ་བྱེད་དམ།བྱ་བ་ཐམས་ཅད་བྱེད་ན་འདྲ་བླ་ན་མི་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདུན་པ་དང་།དད་པ་དང་།དོན་དུ་གཉེར་བ་དང་།སྨོན་པ་དེ་འདའ་ཞོག་རྟག་ཏུ་རྒྱུན། ་མི་ཆེད་པར་རྗེས་སུ་དྲན་པར་བྱའོ།།ཡིད་ལ་བྱའོ།།བསྡོམ་པར་བྱའོ།།ལན་མང་དུ་བྱའོ།།དེ་ལྟར་བྱས་ན་དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ལྷོད་པ ་འགྱུར།ཡང་བར་འགྱུར།ཆུང་བར་འགྱུར།སྲབ་པར་འགྱུར།གསོག་ཏུ་འགྱུར་རོ།།ལེགས་པར་དགེ་བའི་ལས་ཀུན་ཏུ་སྤྱོད་པ་རྣམས་ལ་ནི་སེམས་ཞེན་པར་འགྱུར།དྲག་པར ་འགྱུར།མི་ལྷོད་པར་འགྱུར།མི་ཡང་བར་འགྱུར།མི་ཆུང་བར་འགྱུར་རོ།།ཇི་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་ལྷོད་པར་འགྱུར།ཡང་བར་འགྱུར།ཆུང་བར་འགྱུར། ་སྲབ་པར་འགྱུར།གསོག་དུ་འགྱུར།མེད་པར་འགྱུར་བ་དང་།ལེགས་པ་དགེ་བའི་རྩ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ཞེན་པར་གྱུར་པས་སྲིད་པའི་འགྲོ་བ་གང་དང་ཕྲད་པ་དག་ཏུ ་ཆུང་བར་མི་འགྱུར་རོ།།འཁུ་པ་དང་།གསོད་པ་དང་།འཆིང་བ་དང་།རྣམ་པར་འཚེ་བ་གང་ཡིན་པ་རྣམས་ལེགས་པར་སྤངས་པ་དང་།འཇིག་རྟེན་གྱི་ཁམས་མཐའ་ཡས ་མུ་མེད་པའི་ཁོངས་སུ་གཏོགས་པའི་སེམས་ཅན་མཐའ་ཡས་མུ་མེད་པ་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་བསགས་པ་དུས་མཐའ་ཡས་པར་ཉམས་སུ་མྱོང་བར་འགྱུར་བའི་སྐྱེ་བ ་དང་།རྒ་བ་དང་།ན་བོ་དང་།འཆི་བའི་སྡུག་བསྔལ་དང་།།མི་སྡུག་པ་དང་ཕྲད་པ་དང་།སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་།འདོད་པས་ཕོངས་པའི་སྡུག་བསྔལ ་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དུད་འགྲོ་དང་།ཡི་དགས་དང་།སེམས་ཅན་དམྱལ་བའི་སྡུག་བསྔལ་དང་།འདོད་ཆགས་དང་།ཞེ་སྡང་དང་།གཏེ ་རུག་ག་སྡུག་བསྔལ་གཅད་པར་བྱ་བ་དང་།དགག་པར་བྱ་བ་དང་།རྣམ་པར་བྲི་བར་བྱ་བའི་ཕྱིར་ཞུགས་པ་དང་།བྱམས་པའི་སེམས་སུ་གྱུར་པ་དང་།སྙིང ་ཆེན་པོའི་སེམས་སུ་གྱུར་པ་དང་།གོ་ཆ་ཆེན་པོ་བགོས་པ་དང་།ཐེག་པ་ཆེན་པོ་ལ་ཞུགས་པ་དང་།སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་དང་།སངས་རྒྱས་དང་།ཆོས ་དང་།དགེ་འདུན་མི་གདུང་མི་འརྗེད་པར་ངེས་པར་བྱེད་པའི་ཕྱིར་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དང་།ཆུང་བར་འགྱུར་བ་ནས་སྲབ་པའི ་བར་དུ་འགྱུར་རོ།།ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པོ་རྣམས་ནོ་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའི་བར་དུ་འགྱུར་རོ།།དེ་ནས་བྱང་ཆུབ་སེམས་དཔའི་བསམ་པ་སྩོགས་ཤིང ་སྒོམ་པའང་ཡོངས་སུ་རྫོགས་པ་དང་།སྲ་བཱ་དང་།བརྟན་པ་དང་།རྡོ་རྗེ་ལྟ་བུར་འགྱུར་རོ།།ཚོང་དཔོན་གྱི་བུ་དེ་ལྟ་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་གོ་རིམས་འདི ་ལྟ་བུས་མཐར་གྱིས་སྲིད་པ་འདི་དང་།སྲིད་པ་ཕྱི་མ་དང་།སྐྱིད་པ་ལན་གྲངས་གཞན་དག་ལ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་འགྲིབ་པར་བྱེད་པ་དང་།ཆུང་ངུར་བྱེད་པ་ནས་གསོག་ཏུ ་བྱེད་པའི་བར་དང་།ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའི་བར་དུ་འགྱུར་བ་དང་།བྱང་ཆུབ་སེམས་དཔའ་བསམ་པའང་སོགས ་ཤིང་སྒོམ་པར་བྱེད་དེ།ལེགས་པ་དགེ་བ་ཀུན་ཏུ་སྤྱད་པ་རྣམས་ཡོངས་སུ་སྦྱིན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འང ་བར་འགྱུར་རོ།།དེ་ནས་དེའི་ཚེ་ཡུལ་ད་ར་ད་ན་སྭ་དཾ་ར་དྲིའི་རྒྱལ་པོ་སིན་དུ་གི་རི་ཞེས་བྱ་བའི་བུ་བཅོམ་ལྡན་འདས་ལ་བལྟ་བ་དང་།ཕྱག་བྱ་བ་དང་།བསྙེན་བཀུར་བྱ་བའི་ཕྱིར་བ་ར་ཎ ་སིར་སོང་ནས་དེ་བཅོམ་ལྡན་འདས་དང་ཐག་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ།།དེ་ནས་ད་ར་དྭའི་རྒྱལ་པོ་སིན་དུ་གི་རིའི་བུ་སྟན་ལོས་ལངས་ཏེ།བླ་གོས་ཕྲག་པོ་གཅིག་ཏུ་གཟ་རེ་ནས ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱོར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན ་འདྲས་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ།།བདེ་དར་གཤེགས་པ་ཁྱོད་ཀྱིས་ལགས་པ་རོ་བཀའ་སྩལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་གསོལ་བར་འདེབས ་ཤིང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིས་ཏེ།སེམས་ཅན་ཐམས་ཅད་ཀྱིས་བསམ་ནས་དུས་གསུམ་དུ་གསོལ་བར་འདེབས་ཤིང་བརྗོད་པ་གང་ལགས་པ་དེ ་ཙམ་ཡང་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་འཕེལ་བར་འགྱུར་ཞིང་ཡང་དག་པར་རབ་ཏུ་འཕེལ་བར་འགྱུར།སོགས་པར་འགྱུར།གྲངས་མ ་མཆིས་པར་བགྱིད།བྱང་ཆུབ་སེམས་དཔའི་བསམ་པའང་སོགས་ཤིང་སྒོམ་པ་དང་།ཡོངས་སུ་རྫོགས་པར་འགྱུར་ཞིང་སྲ་བ་དང་།བརྟན་པ་དང་རྡོ་རྗེ་ལྟ ་བུར་འགྱུར་ན་གོང་དུ་རྩོལ་ཞིང་བརྩོན་པ་མི་གཏོང་བ་ལྟ་ཅི་སྨོས་ལགས།བཅོམ་ལྡན་འདས་བདག་ཀྱང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིད་དེ།སེམས་ཅན ་ཐམས་ཅད་ཀྱིས་བསམ་ནས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་།དགྲོལ་བར་བགྱི་བ་དང་།དབུགས་དབྱུང་བ་དང་།ཡོངས་སུ་མྱ་ངན་ལས་འདའ་བྱ་དང་།སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་།ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱི་བའི་སླད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས ་ཏེ།སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་།མ་གྲོལ་བ་རྣམས་དགྲོལ་བ།དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ།ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས ་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག།ཡང་དང་ཡང་དུ་ལན་བརྒྱར་བརྟུན་ཏེ།མཐའ་ཡས་པ་མཐའ་ཡོས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་སྨོན་ལམ་འདེབས་ལགས་སོ།།དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་ཀྱང་དེའི་རྗེས་ཐོགས་སུ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན ་ལམ་བཏབ་བོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚོང་དཔོན་གྱི་བུ་དཔལ་དབྱིག་དང་།དར་དེའི་རྒྱལ་པོའི་བུ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།དགེ ་སློང་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟེར་བཅས་པའི་འཇིག་རྟེན་ཡིར་ངོས་ཏེ།བཅོམ་ལྡན་འོངས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ ་དཔལ་དབྱིག་གོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་གྱི་མཁན་པ་སུ་རེནྡྲ་བོ་དྷི་དང་།པྲཛྙཱ་བར་མ་དང་།ཞུས་ཆེན་གྱི་པོ་ཙཱ་བ་བཱནྡེ་ཡེ་ཤེས་སྡེ ་ལྔ་སོགས་པས་བསྒྱུར་དྲིང་སུ་སོ་ཏེ་གཏཱན་ལ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་རཏྣ་ཛྭ་ལི་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡ་ནཱ་སཱུ་ཏྲ།བོད་སྐད་དུ།འཕགསྲ་པ་རིན་ཆེན་དྲ་བ་ཅ་ན། ་