| Wylie | e-texts produced with BDRC’s OCR application |
།རྒྱ་གར་སྐད་དུ།།ཨཱརྱ་བྲ་བ་རི་བཱིཙྪནྟུ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ། ་འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དའི ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ན་ཚལ་ཆེན་པོ ་ཁྱ་བ་བརྩེགས་པའི་གནས་ན་དགེ་སློང་ཁྲི་ཉིས་སྟོང་གྲོ་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམསྣང་པལ ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་མི་ཉེལ་ཙམ་གྱི་ནམ ་ཀྱི་གུང་ཐུན་ལྔ་སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ།རྟོག་པ་དང་བཅས་པ།དཔྱོད་པ་དང་བཅུས ་བའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གྲཏཱན་དང་པོ་ལ་སྙོམས་པར་ཞུགས་སོ།།བཅོམ ་ལྡན་འདས་དེ་ལས་བཞེངས་ནས་རྟོག་པ་མེད་པ།དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ ་ཅན་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ།།བཅོམ་ལྡན་འདས་དེ་ལས་བཞེངས་ནས་དགའ་བའི་འདོད་ཆགས་དང་བྲལ་བ།བཏང་སྙོམས་པ ་དྲན་པ་དང་ལྡན་པ།བདེ་བར་གནས་པ་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ།།བཅོམ་ལྡན་འདས་དེ་ལས་བཞེངས་ནས་བདེ་བའང ་སྤངས་ཏེ།སྡེ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བའང་ནུབ་ཕྱིས་ཕྱིར་སྡུག་བསྔལ་ཡང་མེད་བདྲེ་བའང་མེད་པ་བཏར་སྙོམས་དང ་དྲན་པ་ཡོངས་སུ་དགེ་པ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ།།དེ་ནས་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས་བཞེངས་ནས་བསམ ་ད་ཏན་གསུམ་པ་ལ་ཞུགས་སོ།།བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་ཞུགས་སོ།།བསམ་གཏན་གཉིས་པ་ལས་བཟེངས ་ནས་བསམ་གཏན་དང་པོ་ལ་ཞུགས་སོ།།བསམ་གཏན་དང་པོ་ལས་བཞེངས་ནས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི ་སུ་སྣརོན་པ་ས་བྱབྱུ་ང་དུ་ཛིན་ལ་སྙོམས་པར་ཞུགས་སོ།། སྐྱེ་ལྡན་འདས་གདུལ་བྱ་རྗེ་ལྟ་བ་ལྡན་དུ་སེམས ་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པའི་ཏོང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཤིན་ཏུ་ལྷམ་མེ ་ལྷན་ནེ་ལྗང་ངེར་བཞུགས་ཏེ།མི་མཛོད་ཀྱི་བདག་པོ་ཚངས་པས་ཚངས་པའི་གནས་ན་འདུག་བཞིན་དུ་བཅོམ་ལྡན་འདས་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྷང ་ངོ་བ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་།།མཐོང་ནས་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར ་ནས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཧ་ཅང་ཡང་མི་རིང་བ་ཞིག་དུ་འདུག་གོ།།དེ ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྙམ་དུ་བསམས་ཏོ།།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་རྣམ་པར་ཤེས་པ ་དཀའ་བ་ཡིན་ན་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུད་བྱ་བསིལ་བྱའི་སྒྲ་ངམ་སྨྲ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག ་གི་ཆ་མ་ཡིན་གྱིས་བདག་པོས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ།བོར་མི་ཆག་སྙམ་སྟེ།དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་འདུག་བཞིན་དུ་བཅོམ་ལྡན་འདས་གྲལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཅུད་དེ་མགོ་འདུད་ནས།བཅོམ་ལྡན་འདས་ལ་ཚིགས ་སུ་བཅད་པ་དག་གིས་བཞེངས་པར་གསོལ་ཏོ།།མགོས་དྲི་མ་མ་མཆིས་རྣམ་པར་དག།ལྷ་དང་མི་མཆོག་རྣམས་དང་དྲི་ཟ་དང་།།ཀླུ་དང་ལྷ་མིན་རྣམས་ཀྱིས ་ལེགས་མཆོད་པ།།སེམས་ཅན་སྨན་སྨད་མགོན་པོ་ཁྱོད་ལ་མཆོད།།དཔེར་ན་རེ་ནི་རབ་ཏུ་མི་གཡོས་དང་།།ཇི་ལྟར་རྒྱ་མཆོག་ཏིདྲོ་ནི་མི་དཔོགས་ལྟར།། ་བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡོས་ལ།།ཐོ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད།།ཟང་ཟིང་མི་མངར་མཚན་མ་མི་མངའ་ཞིང་།།ཐ་དད་མི ་མདོ་བརྟེན་ང་མི་མངའ་ལ།།གནས་མི་མངའ་ཞིང་སྣང་བ་མི་མངའ་བ།།ཐུབ་པ་སྐྱེས་བུ་དང་པ་བསམ་གཏན་མཛད།།རྟོག་གེ་རྒྱུས་ཀྱི་ཡུལ་ནི་མ་ལགས ་ཤིང་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པ།།སེམས་དང་སེམས་ལས་བྱུང་བས་རབ་འདས་པ།།བསམ་གཏན་ཕ་རོལ་གཤེགས་པ ་བསམ་རཏན་མཛད།།མགོན་པོ་སེང་གེ་བཞིན་དུ་གསུང་ཡང་སྤྲོག།།ཐུབ་པ་འབྲུག་བཞིན་སྒྲོགས་པ་རབ་ཏུ་མཛད།།དཔའ་བོ་རྣ་བ་བཞིན་དུ་ར་རང་མཛེས། ་སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ།།དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདགེ་བོ་ཚངས་པས་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ ་བར་ཐུགས་སུ་ཆུད་ནས་ཇི་ལྟར་རྨིཟིལ་མོ་ཀྲུང་བཅས་པ་དེ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལས་བཞེངས་སོ།།བཞེངས་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ ་ལཐུན་པའི་ཕྱི་མེ་འུར་བསལ་བའི་སྒྲ་མཛད་པ་དང་།མི་མཛོད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལེས་བཞེངས་ཏེ།ཇི་ལྟར་སྐྱིལ་མོ་ཀྲུང་བཅས ་བདེ་ཉིད་ཀྱིས་བཞུགས་པ་མཐོང་ངོ་།།མཐོང་ནས་ཀྱང་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ལ་ལན་གསུམ་བསྦྱོར་བ་བྱས་ཏེ།བཅོམ ་ལྡན་འདས་ཀྱི་ནངེས་ལ་མགོ་ཁོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འདུག་གོ།།ཕྱོགས་གཅིག་ཏུ་འདུག་ནས་པི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།།གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ།བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གྲནང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།།ཚངས་བཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་བྱེས།ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས ་ཤིག་དང་།ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་མི་རཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སོམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས།དེ་སྐད་ཅེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བ་དགེ་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཚོངས ་པི་བྱང་ཆུབ་སེམས་དཔའ་སེམས་དོཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།།ཆོས ་གཅིག་གང་ཞེ་ན།འདི་ལྟ་སྟེ།ལུས་ཀྱི་རྗེས་སུ་སོང་བའི་དྲན་དུའོ།།ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ཅི་ལྟ་བུ་ཡིན་ཞེ་ན། ་ཆུངས་པ་འདི་ལ་བྱང་ཆུབ་སེམས་དསྡེ་ནི་འགྲོའི་སྙམ་པའི་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཞེས་སོ།།ལྡོག་གོ་སྙམ་དུ་དྲན་པ་དང་ལྡན་པ ་ཡིན་ཞིང་ཡང་དོག་པདེ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།།ཉལ་ལོ་སྙམ་པ་དང་།ལྡང་ངོ་སྙམ་པ་དང་།འཆགའོ་སྙམ་པ་དང་།དྲེག་གོ་སྙམ་དུ་དྲན་པ་དང་ལྡན་པ ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།།དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དགྲ་བཞག་ནས་འཁྲུག་པ་མེད་པའི་ཡིད་ཀྱི་ལུས་འདི་ཉིད་ལ་འདི་ལྟ་སྟེ། ་ཀྱེ་མ་ལུས་འདི་ནི་མི་བརྟན་པཾ།མི་རྟག་པ།རང་བཞིན་གྱིས་ཉྫམ་ཆུང་བ།སྙིང་པོ་མེད་པ།པེར་ཟུག་མ་ཡིན་པ།རྣམ་པར་འཐོར་བའི་ཆོས་ཅན།རྣམ་པར་འཛག་པའི་ཆོས་ཅན ་རྟེན་ཅིང་འབྲེལ་བར་འབྱུང་བ།སྒྱུ་མ་དང་འདྲ་བ།ཟིལ་པའི་ཐེག་པ་དང་འདྲ་བ།གཡོ་བ་མི་གནས་པ།མི་གཙང་གི། རྣག་གི་དྲི་མ་ཅན།རླུང་དང་ཉིམས་མཐར་ཟག་པ།མ ་དྲུལ་ལ།མཐར་རྡུལ་དུ་འགྱུར་པོ།ངན་སྔགས་ཀྱི་མཐར་ཐུག་པ།ནད་རང་བ།གནོད་པ་ཅན།འཕོ་བའི་ནད་མང་བ།ན་བ།འཇིག་པའི་ངང་ཅན།རུས་པ་བསོགས་པ། ་དག་འཛག་པ་ཅན་བསྒྲིམས་ཏེ་རིམ་འགྲོ་བྱེད་དགོས་པ་ཡིན་པར་ཡང་དག་པའི་ངན་པས་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ།།དེ་དེ་ལྟརྱ་ཡང་དག་པའདྲན་པས ་ལུས་ཀྱི་སྐྱོན་རྣམས་ཡང་དག་པར་ཇི་ལྟ་བ་བཞོན་དུ་རང་ཏུ་ཤེས་པས་ལུས་ལ་ཆགས་པ་དང་།ལུས་ལགུན་ཏུ་འདོད་ཆགས་དང་།ལུས་ལ་བདག་གི་ཉིད་ཡིན་པ་མི་བསྐྱེད་དེ། ་དེ་ལུས་ལ་མི་ལྟ་བས་སྲོལ་ལ་ཆགས་པ་དང་།སྲོག་ལ་ཀུན་ཏུ་འདོད་ཆགས་དང་།སྲོག་ལ་བདག་གི་ཉིད་ཡིན་པ་མི་བསྐྱེད་དོ།།དེ་ལུས་དང་སྲོག་ལོ་མི་ལྟ་བར་ཆོས་གྲོས་ངན ་དོན་དང་།ཁ་ཟས་ངན་ངོན་དང་།མལ་ཆ་དང་།སྤྱན་ངན་ངོན་དང་།ན་བའི་གསོས་སྨན་དང་།ཡོ་བྱད་ངན་ངོན་ཙམ་དག་གིས་ཆོག་པར་འཛིན་པ་ཡིན་ནོ།།དེ་ཚངས ་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བྱ་བ་གང་དྲུག་ཡིན་པ་དོན་དང་ལྡན་པ་རྣམས་སམ།དགེ་བ་དང་ལྡན་པ་རྣམས་ཀྱང་དེ་དག་ལ་སྟོང་བར་བྱེད་དེ།ཡོངས་སུ་མི་སྐྱོ་ཞིང་ཡོངས ་སུ་ཡིད་འཆང་པོ་མེད་ལ་ཡོངས་སུ་སྐྱོ་བའི་དྲི་མས་མི་བསྐྱེད་དོ།།དེ་མ་ངན་པོ་དང་སློབ་དཔོན་གྱི་གླེན་དུ་འགྲོན་དྲན་པ་དང་ལྡན་ཞིང་འདི་སྙམ་དུ་སེམས་ཏེ།མངོན་པོ་དག ་ནི་བསྙེན་པར་དཀའ་བ།སློབ་དཔོན་དག་ནི་བསྙེན་པར་དཀའ་བ་སྟེ།བདག་དེར་སོང་བ་ན་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་འདའ་ཞིག་གིས་བདག་ལ་གླེངས་ཤིང་དྲན་པར་བྱས ་ན་མི་རུང་དུ་སྒྱུམ་ནས་དེ་རྱ་དང་ཆེན་དེ་དང་གཞི་དེས་བསླབ་པ་རྣམས་ལ་བུས་པ་བྱེད་པར་འགྱུར་ཏེ།མུན་པར་བྱེད་པ་དང་།ལོགས་པར་བྱ་བ་བྱེད་པ་དང་། ་ཞི་བ་རྣལ་དུ་བྱེད་པ་དང་།ཤིན་ཏུ་ཡོངས་སུ་མཐར་ཐུག་པར་བྱེད་པ་ཅན་དུ་འགྱུར་རོ།།དེ་ལ་བསླབ་པ་རྣམས་ལ་བུས་པོ་བྱེད་བྱ་ཉིད་དང་བདུན་པར་བྱེང་པོ་ཉིད་དང་། ་ལེམས་པར་བྱ་བ་བྱེད་པ་ཉིད་དང་།ཞི་བ་རྣལ་དུ་བྱེད་པ་ཉིད་དང་།ཤིན་ཏུ་ཡོངས་སུ་མ་བར་ཐུག་པར་བྱེད་པ་ཉིད་ཀྱིས་མ་ངན་པོ་དང་།སློབ་དཔོན་གྱི་གན་དུ་འགྲོ་བ་ན་བག ་བ་མེད་པ་ད་ངོ་།བགའ་ཁུམ་པ་མེད་པར་འགྲོ་ཞིང་མི་འཇིགས་པ་དང་།ལྷན་ཅིག་ཏུ་བྱུང་བའི་རྒོད་པའིངོ་མི་སྟེན་སྟེ།དེ་ཅིའི་ཕྱིར་ཞེ་ན།ལུས་པ་དང་བཅས་ཤིང་ཞེས་དང ་བཅས་པ་ཡིན་ལ།རིགས་ཀྱི་ག་མ་བཞིན་དུ་འཛེམ་པ་དང་ལྡན་པའི་ཕྱིར་རོ།།དེ་ལ་འཇེབ་པ་དང་ལྡན་པས་ལུས་ཀྱི་སྐྱོན་དང་།ལུས་ཀྱི་ཉེས་པར་སྤྱོད་པ་གང་དག་ཡིན་པ་དེ ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྣང་ངོ་།།ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་སྐྱོན་དང་ལུང་ཀྱི་ཉེས་པར་སྤྱོད་པ་དེ་དག་དང་ཞེ་ན།ཚངས་པ་སྲེག་གཅོད་པ་ན ་བྱང་ཆུབ་སེམས་དངའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།།ཚངས་པར་བྱིན་པ་ལེན་པ་དང་།མི་ཚང་སོ་པར་སྤྱད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང ་ལྕས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།།ཚངས་པ་བྱང་ཆུབ་སེམས་དཔའ་ཅི་ལྟར་ན་སྲོག་གཅོད་པ་སྤྱོང་བ་ཡིན་ཞེ་ན།ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་དབང ་གོས་སྲོག་ཆགས་ཀྱི་སློབ་གཅོང་པར་མི་བྱེད།ཞེ་སྡང་བི་དབང་དང་གཏི་མུག་གི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད་དོ།།དེ་སེམས་ཅན་གཞན་དག་དང ་གླང་ཟག་གཞན་རྣམས་ལ་བདག་ཙམ་དུ་འདུ་ཤེས་པར་བྱེད་ཅིང་སྡུག་པ་ཙམ་དུ་འདུ་ཤེས་པར་བྱེད་དེ།བདག་ཉིད་ཀྱི་སེམས་ཅན་གཞན་དག་དང་།གང་ཟག་གཞན་རྣམས ་ཀྱི་སྲོག་གཅོད་པར་མི་བྱེད་དོ།།གཞན་དག་ཀྱང་སྲོག་གཅོད་དུ་མི་འཇུག་གོ།།གཞན་དག་སྲོག་གོ་ཅོད་པ་ལ་ཡང་དག་པར་རྗེས་སུ་ཡི་རངས་པར་མི་བྱེད་དོ།།བདག་གིས ་ཀྱང་མི་གཅོད་དོ།།གཞན་དག་ཀྱང་གཅོད་དུ་མི་འཇུག་གོ།།གཞན་དགྲ་གཅོད་པ་ལའང་རྗེས་སུ་ཡི་རངས་པར་མི་བྱེད་དོ།།བདག་ཀྱང་མི་རྡེགཱའོ།།གཞན་དག་ཀྱང་རྔག། ་དུ་མི་འཇུག་གོ།།གཞན་དག་རྡེག་པར་བྱེད་པ་ལའང་རྗེས་སུ་ཡིད་རང་བར་མི་བྱེད་དོ།།ཇི་ལྟར་ན་མ་བྱིན་པ་ལེན་པ་སྤོང་བ་ཡིན་ཞེ་ན།ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ ་ནི་སེབས་ཅན་རྣམས་ཀྱི་འཆེ་བའི་ཡོ་བྱད་གང་དག་ཡིན་པ་འོ་ལྟ་སྟེ།གསོརོ་དང་།ནོར་བུ་དང་།མུ་ཏིག་དང་།བཻ་ཌཱུརྱ་དང་།དུང་དང་།མན་ཤེལ་དང་།བྱུ་རུ་དང་། ་ས་ལོ་སྦྲམ་དང་།དངུལ་ལ་སོགས་པ་དང་།གོས་དང་།རྒྱན་གྱི་རྣམ་པ་དག་དྲུང་།ནོར་དང་།འབྲུ་དང་།མཛོད་དང་།བང་བའི་རྣམ་པ་དེ་དག་ལ ་ཆགས་པ་མི་སྐྱེད།དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་ཅིང་རྐུ་འཕྲོག་མི་བྱེད་དོ།།རྐུ་འཕྲོག་བྱེད་དུ་མི་འཇུག་གོ།།རྐུ་འབྲོག་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ།།དེ ་གྲོང་ན་ཡོད་པའམ།དགོན་པ་ན་ཡོད་པ་མ་བྱིན་ཞི་ངོ་མ་གནང་བ་རྩཝའི་འདྲ་བ་མ་ཙམ་ཡང་ལེན་པར་མི་བྱེད་དོ།།ཇི་ལྟར་ན་མཽ་ཚངས་པར་སྤྱོད་པ་སྤོང་བ་ཡིན་ཞེ་ན།ཚངས་པ ་འདྲི་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་སྒོ་ལེགས་པར་བསྲུང་ཤིང་གནས་པ་ཡིན།ལེགསོ་པར་བསྡམ་པ་ཡིན།མཐུན་པའི་གནས་སུ་རྒྱ་བ་ཡིན།ཤིན་ཏུ་བསྲུང ་བའི་དྲན་པ་དང་ལྡན་པ་ཡིན།རྟག་ཏུ་བསྲུང་བའི་དྲན་པ་དང་ལྡན་པ་ཡིན།དེ་དྲན་པས་ཡིད་ཀུན་ཏུ་བསྲུང་བ་ཡིན།ལུས་དང་ངག་ཤིན་ཏུ་བསྡམས་པ་ཡིན་ནོ།།མཐུན ་པའི་གནས་སུ་རྒྱལ་དྲན་པ་དང་ལྡན་པ་ཡིན་ཞིང་འདི་སྙམ་དུའང་སེམས་བསྐྱེད་དོ།།མི་ཞིག་གིས་བྱེ་མོ་ཞིང་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་སྙིམ་པས་བླངས་ཏེ་མི ་བཀང་བ་ན་སླེའི།ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ་ལ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།བདག་ཡུལ་གྱི་བཟང་མོ་ལ་བལྟས་པས་ཡུན་རིང་པོར་ཕུང ་ཞིང་བཅོམ་ལ་མ་རུང་བར་གྱུར་པའི་ཕྱིར་རོ་སྙམ་མོ།།དེ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བཟའ་བ་དང་།བཏུང་བ་དང་།གནས་དང་།མལ་ཆ་དང་།སྟན ་རྣམས་ལ་དྲན་པ་ལགས་པར་གནས་པ་ཡིན་ཏེ།དེ་དག་ལ་སྤྱོད་པ་ན་རོ་མྱང་བ་རུ་མི་བྱེད་ཅིང་ཆགས་པའི་སེམས་མེད་པ་ཡིན་ནོ།།གལ་ཏེ་དེ་ཡོངས་སུ་སྤྱོད་པ་ན ་བདེ་བ་སྐྱེ་བ་ལྟ་ན་ངེས་དེ་ལ་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ།དྲོདེ་བར་སྣང་བ་འདི་ནི་བཟློག་པའི་སྒོ་ནས་སྡུག་བསྔལ་ཡིན་ཏེ།ཁམས་གསུམ་པ་འདི་ནི་འདུས་བྱས་ཀྱི་དངོས ་བོ་གང་ཡོང་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།འདུས་བྱས་མི་རྟག་པའི་ཕྱིར་རོ།།མི་ཁས་པའི་རང་བཞིན་ཅན་དག་དངོས་པོ་མི་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་སྐྱོད་སྙམ་དུ ་རྟག་པར་བྱའོ།།ཚངས་པ་གལོ་ཏེ་བྱང་ཆུབ་སེམས་དཔར་ཡོངས་སུ་སྤྱོད་པ་ན་སྡུག་བསྔལ་ཁོ་ན་སྐྱེ་བའི་བདེ་བ་ནི་མ་ཡིན་ཏེ།སྡུག་བསྔལ་དེས་ཀྱང་ཡོངས་སུ་གནོད་ཅིང་ཉོན་མོངས ་ན་དེས་དེ་ལོ་སེམས་འདི་ལྟར་ཉེ་བར་བཞག་པར་བྱ་སྟེ།ལུས་འདི་ནི་བསྒྲིམས་ཏཱི་ཡོངས་སུ་བསྲུང་དགོས་པ།གསུག་གིས་བསྒྲུབ་དགོས་པ་སྟེ།འདི་ནི་སྡུག་བསྔལ་རྩོམ་པས ་གཟུང་བར་མི་ནུས་ཀྱི།བདེ་བ་རྩོམ་པས་བརླང་བར་བྱ་བ་ཡིན་ཏེ།བདག་གི་ལུས་བརྟན་ཞིང་འཚོ་བ་འདིས་དགེ་བའི་ཆོས་རྣམས་ལ་བསྒྲུའི་བར་བྱའོ།།དཔེར་ནི་རྙེད་པ་འདོད ་འི་ཚོང་བ་ཁུར་ཁྲུལྔ་རྣམས་སྟོང་བྲན་བྱེད་བཅོས་ལེགས་བྱེད་པ་ནི་ཁུར་ཁལ་རྣམས་རྒྱན་པའི་ཕྱིར་མ་ཡིན།བདེ་བར་བྱ་བའི་ཕྱིར་མ་ཡིན་གྱི་གཞན་དུ་ན་ཇི ་ཙམ་དུ་ཁལ་བཀལ་བ་བསྐུར་བའི་ཕྱིར་རོ།།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་ཟས་ཟ་བའ་ངོ་ལུས་པོ་རྒྱན་པའི་ཕྱིར་ཟས་ཟ་བ་མ་ཡིན།ལུས་བདེ་བ་བྱ་བའི་ཕྱིར་མ་ཡིན ་ཏེ།གཞན་དུ་ན་ཇི་ཙམ་ལུས་དང་འདྲིལ་པའི་དགེ་བའི་ཕྱོགས་བསྒྲལ་བའི་ཕྱིར་རོ་སྙམ་དུ་སེམས་ཉེ་བར་བཞག་པོར་བྱའོ།།ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའི་དེ་བཞིན ་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མི་ནུས་ན།དེས་འདི་སྙམ་དུ་བསམ་པར་བྱ་སྟེ།སེམས་ཞེས་བྱ་བ་འདིས་ནི་མཐར་ཕྱིན་པར་དཀའ་བ།མི་མཐུན ་པ་འཛིན་པ།འཁོར་བ་ལ་མངོན་དུ་ཕྱོགས་པ།དགེ་བའི་ཕྱོགས་ལ་མི་ཕྱོགས་པ།ཡུལ་ལ་མངོན་དུ་ཕྱོགས་པ།བདེན་པོ་ལ་མི་ཕྱོགས་པ།བོདེ་བ་ལ་མངོན་དུ་ཕྱོགས་པ།།། ་སྡུག་བསྔལ་ལ་མི་ཕྱོགས་པ།སྨྲ་བོ་ལ་དགའ་བ་ལ་ཕྱོགས་པ།དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་མི་ཕྱོགས་པ།མི་གཙང་བ་ལ་མངོན་དུ་ཕྱོགས་པ།གཙང་བ་ལ་མི་ཕྱོགས ་པོ།གདུལ་དཀའོ་བ།གཟུང་དཀའ་བ།གནས་མེད་པ།རྟེན་མེད་པ།གསོག་གསོ་བོ།སྐད་ཅིག་པ།རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན།མཁས ་པའི་རདྲ་བཞིན་ཅན་སུ་ཞིག་འདི་ལྟ་བུའི་རང་བཞིན་ཅན་གྱི་སེམས་ཀྱི་དབང་དུ་འགྲོ་ཞིང་རྗེས་སུ་འཇུག་སྙམ་དུ་བསམ་མོ།།ད་དེ་ལྟར་སེམས་དྲན་པ་ཉེ་བར་གན་སེམས་སེམས་གདུལ ་བའི་ཕྱིར་ནན་ཏན་བྱེད་དོ།།དེ་སེར་སྣའི་སེམས་གདུལ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་དེ།བཱ་ནི་ཁམ་ཅིག་ཙམ་མམ།རྒྱ་ཤུག་ཙམ་མམ།མོན་སྲར་བྲེའི་ཙུམ་མ་མི། ་ཏཱི་ལོ་འབྲུ་ཙམ་ཡོད་རུང་།དེའང་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི།སྡུག་པ་རྣམས་ལ་མ་ཡིན།འདྲེས་པ་རྣམས་ལ་མ་ཡ་ནི་ནཱཾ།།དེ་ལ་འཆལ་པའི་ཚུལ་ཁྲིམས་ཀྱི ་སེམས་གདུལ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ།ལུས་དང་།ངག་དང་།ཡོད་ཀྱི་སྐྱོན་མེད་པར་བྱེད་པ་ཡིན།འདྲེན་མར་མི་བྱེད་པ་ཡིན།ནཱག་ནོགྲ་ཅེན་དུ་མི་བྱེད ་པ་ཡིན་ཏེ།ཚུལ་ཁྲིམས་དེས་བདག་ལྔ་བསྟོད་པར་མི་བྱེད།གཞན་ལ་སྨོད་པར་མི་བྱེད་དོ།།དེ་གནོད་སེམས་ཀྱི་སེམས་འདུལ་བའི་ཕྱིར་བཟོད་པ་སྒོམ་སྟེ།ཛ་ག་ངམ ་གྲོང་རྡལ་དུ་ཞུགས་པ་ན་ག་ཤི་འདྲ་ཅོ་མི་སྙན་པར་བྱེད་དོ།།བརྒྱབ་ཀྱང་རུ་དྲི་རྡེག་ཀྱང་རུང་།སྡིགས་ཀྱང་རུང་།རྣམ་པར་འཛོ་མ་ཡ་རུང་།སྣོད་ཀྱང་རུང་སྐྱེ་ཙ་མི་སྙམ ་བར་བྱེད་དོ།།རྩེ་མ་དགེ་སྦྱོང་འདི་ནི་མགོ་རེག་ངན་པའོ།།ཀྱེ་མ་དགེ་སྦྱོང་འདི་ནི་མགོ་རེག་མི་སྡུག་པ་ངན་པའོ་ཞེས་འཇིག་རྟེན་གྱིས་དཔྱས་ཀྱང་ཅི་མི་སྙིམ་པར་བྱེད་དོ།།ཡང ་དག་པར་མ་ཡིན་པས་སྐུར་ཀྱང་བཟོད་པར་བྱེད་ཅིང་དང་དུ་ལེན་པ་ལས་བདག་གི་བྱ་བ་ཉིད་ལ་རྟོན་ཏེ།བཟོད་པ་དེས་ཀྱང་བདག་ལ་བསྟོད་པར་མི་བྱེད།།གཞན ་ལ་སྨོད་པར་མི་བྱེད་དོ།།ལེ་ལོའི་སེམས་དེདུལ་བའི་ཕྱིར་དང་།བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་།ཐོབ་པ་རྣམས་འཕེལ་བར་བྱ་བའི་ཕྱིར ་དང་།འབྲེ་ལོ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་།ཡོངས་སུ་སྨིན་པ་རྣམས་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་དང་།ཡང་དག་པར་གཟུང་བ་རྣམས་རྣམ ་པར་དབྱེ་བའི་བརྩོན་འགྲུས་རྩོམ་མོ།།དེ་སེམས་ཅན་གྱི་ཆེད་རྣམས་དང་སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངས་སུ་མི་སྐྱོ་ཞིང་ཡོངས་སུ་ཡི་མི་ཆད་དེ།ཡོངས་སུ་སྐྱེ་བའི ་སེམས་མི་སྲེད་དོ།།དེ་གདོལ་བ་ལ་བ་ན་གང་ལས་ཀྱང་རུང་།རྒྱལ་པོ་ལྔ་པ་ན་ག་དགོས་ཀྱང་རུང་།ཤིན་ཏུ་ལའི་རིང་པོར་ཡང་འགྲོ་སྟེ།ཐ་དད་པ་མི་དམིགས་ཤིང ་རྒྱུན་མི་གཙད་པ་ཡིན་ནོ།།གལ་ཏེ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཞིང་བཀྲེན་པའི་སེམས་ཅན་ཕྱི་དངོས་པོ་མས་ཅད་ངན་པ་ཞིག་གིས་གཏམས་སམ།འབྱོར ་ཅིང་ནར་ཆེ་བ་གང་ཡང་རུང་བ་ཞིག་གིས་དངོས་པོ་བཟང་པོ་མི་ཆོག་གྱི་རྣམ་ཞིག་བསྟབས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའི་སྙིང་བརྩེ་བའི་སེམས་བཞག་ལ་གུས་པོར ་བསྟོད་ཅིང་།ཡང་དག་པར་གཟེད་བསྟོད་ལ།ཡང་དག་པར་འཛིན་དུ་གཞུག་ཅིང་དངོས་པོ་ངན་པ་དེ་བླང་བར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟ་སྟེ།སྡུག་བསྔལ་བའི་སྤྱོད ་པ་འདི་ནི་སྦྱིན་པ་བྱ་དཀའ་བ་ཡིན་པའི་ཕྱིར་རོ།།དེ་རྣམ་པར་གཡེང་བའི་སེམས་གདུལ་བའི་ཕྱིར་བསམ་གཏན་ལ་བོསམ་གཏན་པར་བྱེད་དོ།།རྔ་ལྔར་བསམ་གཏན་བྱེད་ཅེ་ན།ཚངས ་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་ལུས་ལེགས་པར་བསྡམས་པ་ཡིན་ནོ།།ལུས་དབེན་པར་གནས་པ་ཡིན་ནོ།།ལུས་ཀྱི་འདུ་འཛི་རྣམས་ཀྱང་ཡོངས་སུ་སྟོང ་ངོ།།ལུས་ལ་ལྷག་པར་ཆགས་པའང་འདོར་རོ།།ལུས་ལྕི་བ་འམ་ཡང་བའང་ཤེས་སོ།།ལུས་དང་མཐུན་པ་དང་།ལུས་འཚོ་བ་དང་།ལུས་ཀྱི་སྟོབས་ཀྱང་རབ་ཏུ་ཤེས ་སོ།།ངག་ལེགས་པར་བསྡམ་པ་ཡིན་ཏེ།སྨྲ་བ་ཉུང་ཞིང་རྗོད་པ་ཉུང་ངོ་།།དོན་སྨྲ་བ་ཡིན་ཞིང་རིགས་པ་སྨྲ་བ་ཡིན་ཏེ།བྲེ་མོའི་གཏམ་ལ་དགའ་བ་ཡོངས་སུ་སྤངས ་པ་ཡིན་ནོ།།དེ་ཡིད་ལེགས་པར་བསྡམས་པ་ཡིན་ཏེ།མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་སོ།།དེ་དེ་ལྟར་གནས་གསུམ་ཡོངས་སུ་དག ་པས་སྔོན་པོ་དང་།སེར་པོ་དང་།དམར་པོ་དང་།དཀར་པོའི་གཟུགས་རྣམས་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ།དེ་དག་ལ་མཚན་མར་མིང་ཛིན་མངོན་རྟགས ་སུ་མི་འཛིན་ཏོ།།རྒྱན་དང་གོས་ཀྱི་རྣམ་པ་སྣ་ཚོགས་དགཱ་ལའང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།།གཟུགས་དང་།སྒྲ ་དང་།དྲི་དང་།རོ་དང་།རབ་པ་སྣ་ཚོགས་པ་དག་ལའང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།།སྐྱེས་པ་དང་།བུད་མེད་དང་།ཁྱེའུ་དང ་བུ་མོ་རྣམས་ལའང་མཚན་མཱར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།།དེ་གཅིག་པུ་དབེན་པར་འདུག་ནས་ནང་དུ་ཡང་དག་པར་འཇོག་ཅིང་སེམས་གནས་པར་བྱ ་བའི་ཕྱིར་ནན་ཏན་བྱེད་དེ།མི་སྡུག་པ་ལ་དམིགས་པ་འམ།བྱམས་པ་ལ་དམིགས་པའམ།སྙིང་རྗེ་ལ་དམིགས་པའམ།ཡིད་འབྱུང་བར་འགྱུར་བ་གང་ཡང་རུང་བས་ཇི ་ལྟར་ལུས་ལངས་པར་མི་འགྱུར་བ་དེ་ལྟར་དམིགས་པར་བྱེད་དེ།དབུགས་རྔུབ་པ་དང་འབྱུང་བ་མི་འགག་གོ།།རྒུན་རྣམས་ཀྱང་མི་འཆུད་དོ་རླུང་འཁྲུག་པར་མི་འགྱུར་རོ།།སེམས ་ལྡོག་པར་རྣམ་པར་གཡེང་བར་མི་འགྱུར་རོ།།དེ་འཚག་གམ།ཉལ་ལམ།འཕྲེང་ངམ།འདུ་ཀྱང་དམིགས་པ་དེ་ཉིད་ཀྱིས་འདུ་ད།དེ་ཉིད་ལ་སེམས་གཏིང་ངོ་།། ་ཚངས་པ་གང་གི་ཚེ།བྱང་ཆུབ་སེམས་དཔའ་དམིགས་པ་ལ་སེམས་བརྟན་པར་གྱུར་པ་དེའི་ཚེ་སེམས་ལ་སེམས་མཉམ་པར་འཇོག་སྟེ།སེམས་ཀྱིས་སེམས་ཀྱང་མི་དམིགས ་སོ།།གང་གིསྡེ་མཉམ་པར་འཇོག་པ་དེའང་མི་དམྱིགས་སོ།།གང་གི་ཕྱིར་མཉམ་པར་འཇོག་པ་དེའང་མི་དམིགས་སོ།དེ་འདི་སྙམ་དུ་སེམས་ཏེ།ཀྱེ་མ་བྱིས་པ་སོ་སོའི་སྐྱེ་བོ་འདི ་དག་ནི་གསོག་གི་ཆོས་རྣམས་དང་།གསོབ་ཀྱི་ཆོས་རྣམས་ལ་མངོན་པོར་ཞེན་ཏོ་སྙམ་དུ་སེམས་ཏེ།འདི་ནི་བྱང་ཆུབ་སེམས་དཔའི་ལྷག་མཐོང་ཞེས་བྱའོ།།དེ་ལྟར་རྣམ ་བར་མཐོང་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་འབྱུང་ཞིང་མི་འཇུག་པ་དྲི་ནི་བྱང་ཆུབ་སེམས་དཔའི་ཞི་གནས་ཞེས་བྱའོ།།ཚངས་པ་གཞན་ཡང་བྱང་ཆུབོ་སེམས་དཔའ་གཅིག ་བུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞུག་ནས་མིང་དང་ཡི་གེ་ཇི་ལྟར་ཐོས་པ་རྣམས་ངེས་པའི་ཚིག་གི་གདགོས་པས་ཡང་དག་པར་འཇོག་ཅིང་ཡི་གེ་དེ་དག་ལ་ཉེ་བར ་རྟོགས་ཏེ།དེ་དེ་ལྔར་ཉེ་བར་རྟོགས་པ་ན་ཡི་གེ་རྣམས་གསོག་དང་གསབ་དུ་མཐོང་ངོ་།།དེ་ཡི་གེ་རྣམ་པ་གསོག་དང་གསོབ་དུ་མཐོང་ནས་མིང་རྣམས་ཀྱང་གསོག་དང་གསོབ ་དུ་མཐོང་ངོ་།།གང་ལ་མིང་དེ་འདོགམ་པ་དེའང་གཱ་སོག་དདྭ་གསོབ་དུ་མཐོང་ངོ་།།དེ་ལ་གཟུགས་དང་གང་སྣང་བ་དེ་དང་དྲིའང་གསོག་དང་གསོབ་དུ་མཐོང་ངོ་།། ་དེ་གསོག་དང་གསོབ་དུ་མཐོང་བས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ།།ཡང་དག་པར་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་དེ་ལ་འདུས་བྱས ་རྨི་ལམ་དང་འདྲ་བར་སྣང་ངོ་།།དེ་ལ་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས་སེམས་ཅན་ལ་ལྟ་ངས་སྙིང་རྗེ་ཆེན་པོའི་སེམས་ཉེ་དར་བཞག་ནས ་གནས་སོ།།དེ་འཚལ་བའི་ཤེས་རབ་ཀྱི་སེམས་གདུལ་བའི་ཕྱིར་ཤེས་རབ་སྒོམ་པར་བྱེད་དོ།།ཇི་ལྟར་སྒོམ་པ་བྱེད་ཅེ་ན།དེ་ཀུན་རྫོབ་ཀྱི་རྡུ་ལྱ་བཤད་པའམ་ངོན་དམ ་པའི་ཚུལ་དུ་བཤད་པའི་མདོ་སྡེ་གང་དག་ཡིན་པ་དེ་དག་བརྗོད་པ་གསལ་ཞིང་ཟུར་ཕྱིན་པ་དག་གིས་མ་ནོར་བར་འཛིན་ཏོ།།མ་ནིར་བས་ཆོ་སྡེ་སྟོན་པ་ལས་བཟུང་ནས་ཀྱང་།མ།། ་ནོར་བའི་བསམ་པས་སེམས་པར་བྱེད་དོ།།སྒོམ་པའི་རྣལ་འབྱོར་ལའང་བརྩོན་པར་བྱེད་དོ།།དེ་ཡེ་ཤེས་ཀྱི་སྟོབས་དང་ཤེས་རབ་ཀྱི་བྱེ་བྲག་གིས་སེམས་ཅན་མི་དམིགས།སྲེག ་མི་དམིགས།གསོ་བ་མི་དམིགས།སྐྱེས་བུ་མི་དམྱིགས།དང་ཟག་མིང་མི་གོས།ཤེད་ལས་སྐྱེས་མི་དམིགས།ཤེད་བུ་མོ་དམིགས་ཏེ།ཐམས་ཅད་ཀྱི་ཐམས་ཅད ་དུ་ཆད་པར་ལྟ་བར་ཡང་མི་ལྟུང་ངོ་།།བཏགས་པའི་ཐ་སྙད་རྣམས་ལྔའང་ལེགས་པར་བསླབ་པ་ཡིན་ནོ།།དེ་ཟིན་པའི་སའི་ཁམས་དང་།མ་ཟིན་པའི་སའི་ཁམས་ལ་ཡང་། ་དགེ་བའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།།ཟན་པའི་ཆུའི་ཁམས་དང་།མེའི་ཁམས་དང་།རླུང་གི་ཁམས་དང་།མ་ཟིན་པ་ལ་ཡང་དགེ་བའི་ཤེས་རབ ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་སྟེ་དེ་གཉིས་ཀའང་གསོག་ཉིད་དང་གསོབ་ཉིད་དུ་མཐོང་ཞིང་།བེ་མ་སྔ་པོ་ཉིད་དང་།སྙིང་པོ་མེད་པ་ཉིད་དང་།སྟོང་པ་ཉིད་དུ་མཐོང་ངོ་།། ་དེས་དེ་ལྟར་མཐོང་བས་ཇི་ལྟར་ཕྱི་རོལ་གྱི་ཁམས་རྣམས་ལ་མངོན་པར་ཆགས་པ་མེད་པ་དེ་ལྟར་ནང་གི་རྣམས་ལ་ཡང་ངོ་།།མིག་གི་རྣམ་པར་ཤེས་པ་དང་།གཟུག ་རྣམས་ལའང་ཡང་དག་པ་ཤོས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།།རྣ་བའི་རྣམ་པར་ཤེས་པ་དང་།སྒྲ་རྣམས་དང་།སྣའི་རྣམ་པར་ཤེས་པ་དང་།དྲི་རྣམས་དང་། ་ལྕེའི་རྣམ་པར་ཤེས་པ་དང་།རོ་རྣམས་དང་།ལུས་ཀྱི་རྣམ་པར་ཤེས་པ་དང་།རེག་བྱ་རྣམས་ལའང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།།དེའི་སའི ་ཁམས་ལྔ་ནི་སྲ་བ་ཉིད་དུའང་རབ་ཏུ་ཤེས་ལ་གཤེར་བ་ཉིད་དང་།ཚ་བ་ཉིད་དང་།ཁོང་སྟོང་ཉིད་དུའང་རབ་ཏུ་ཤེས་སོ།།ཆུའི་ཁམས་ལ་ག་ཤར་བ་ཉིད་དུའང་རབ་ཏུ་ཤེས ་ལ་སྲ་བ་ཉིད་དང་།ཆེ་བ་ཉིད་དང་།ཁོང་སྟོང་ཉིད་དུའང་རབ་ཏུ་ཤེས་སོ།།མེའི་ཁམས་ལ་ཆེ་བ་ཉིད་དུང་རབ་ཏུ་ཤེས་ལ་སྲེ་བ་ཉིད་དང་།གྲ་ཤེར་བ་ཉིད་དང་།ཁོང ་སྟོང་ཉིད་དུངང་རབ་ཏུ་ཤེས་སོ།།རླུང་གི་ཁམས་ལ་གཡོ་བ་ཉིད་དུའང་རབ་ཏུ་ཤེས་ལ་ཡང་ཞིང་ཕ་ཡོ་བ་ཉིད་དུའང་རབ་ཏུ་ཤེས་སོ།།དེ་ནམ་མཁའི་ཁམས་ལ་ཁོང ་སྟོང་དུའང་རབ་ཏུ་ཤེས་ལ་ཐམས་ཅད་དུ་སོང་བ་ཉིད་དུའང་རབ་ཏུ་ཤེས་སོ།།རྣམ་པར་ཤེས་པའི་ཁམས་ལ་སྒྱུ་མ་ལྟ་བུ་ཉིད་དུའང་རབ་ཏུ་ཤེས་ལ་ཕྱིན ་ལྡོག་ཉིད་དུའང་རབ་ཏུ་ཤེས།ཕྱིན་ཅི་མ་ལོག་པ་ཉིད་དུའང་རབ་ཏུ་ཤེས་སོ།།དེ་མིག་གཱི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་།གཟུགས་ལེ་མི་རྟག་པ་ཉིད་དུའང་རང་ཏུ ་ཤེས་སོ།།རྣ་བའི་རྣམ་པར་ཤེསྱཻ་པ་ལྔ་སྟོང་པ་ཉིད་དང་།སྦྲུལ་མི་རྟག་པ་ཉིད་དང་།སྣའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་།དྲི་ལ་མི་རྟག་པ་ཉིད་དང་།ལྕིའི་རྣམ་པར ་ཤེས་པ་ལ་སྟོང་པ་ཉིད་དང་།རོ་ལ་མི་རྟོག་པ་ཉིད་དང་།ལུས་ཀྱི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་།རེག་བྱ་ལ་མི་རྟག་པ་ཉིད་དུའང་རབ་ཏུ་ཤེས་སོ།།དེ་དེ་ལྟར་ཤེས་རབ ་ལ་མཁས་པས་ཤིན་ཏུ་རྟོགས་པའི་ཤེས་རབ་དང་ལྡན་ཞིང་ཤེས་རབ་རྣོ་བ་དང་ལྡན་ཏེ།མི་དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤོས།དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ་ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས།རང་སངས་རྒྱས་ཡང་དྲུག་པར་འགྲུད་པར་བྱེད་པའི་ཆོས་རྣམས་དང་།བྱདེ་ཆུབ་སེམས་དའ་ཡང ་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་།སངས་རྒྱས་ཉིད་ཡང་དག་པར་འབྱུང་པོར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།།དེ་མི་དཔོ་བའི་ཆོས་རྣམས་ཀྱིས་རྣམ ་པར་སྨིན་པ་ཆུང་ངུ་དང་།འདྲིང་དང་།ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་།དུད་འགྲོ་རྣམས་དང་།ཡི་དགས་རྣམས་སུ་སྐྱེ་བའང་རབ་ཏུ་ཤེས་སོ།།དེར་སྐྱེས་པ་རྣམས་ཀྱི ་ཚོར་བ་ཆུང་ངུ་དང་།འབྲིང་དང་།ཆེན་པོའང་རབ་ཏུ་ཤེས་སོ།།དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་དང་།འབྲིང་དང་།ཆེན་པོ་ལྷ་རྣམས་ཀྱི་ནང་དུ་འམ།མི ་རྣམས་ཀྱི་ནང་དུ་སྨིན་པའང་རབ་ཏུ་ཤེས་སོ།།དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུང་ངུ་དང་།འབྲིང་དང་།ཆེན་པོའང་རབ་ཏུ་ཤེས་སོ།།ཉན་ཐོས་ཡང་དག་པར་འགྲུབ་པར།།། ་བྱེད་པའི་ཆོས་རྣམས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་དང་།ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་།ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། ་ད་གྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་རྣམ་པའང་རབ་ཏུ་ཤེས་སོ།།ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཉིད་དང་།གཉིས་ཀའི་ཚེ་ལྔས་རྣམ་པར་གྲོལ་བའང་རབ་ཏུ་ཤེས ་སེརང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱིས་ཡང་དག་པར་འགྲུབ་པའང་རབ་ཏུ་ཤེས་སོ།།འབྲས་བུ་དང་ཞི་བ་ཉིད་ཀྱང་རབ་ཏུ་ཤེས་སོ།།བྱང ་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པོའི་ཆོས་རྣམས་ཀྱི་ཚོགས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།།ཡེ་ཤེས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།།ཤེས་ནས་ཀྱང་ཆོ་གོས་ཀྱི། ་ལམ་དང་ཡེ་ཤེས་ཀྱི་ལམ་ལ་བརྩོན་པར་བྱེད་དོ།།སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆང་ཉིད་ཀྱང་རབ་ཏུ་ཤེས་སོ།། ་མཐུ་ཆེ་བ་ཉིད་དང་།དམ་པ་ཉིད་དང་།རབ་མཆོག་ཉིད་དང་།ཕུལ་དུ་དྲུང་བོ་ཉིད་དང་།རྒྱུ་བ་ཉིད་དང་།ཉོན་ཐོས་དང་།རླུང་སངས་རྒྱས་དང་།བྱང་ཆུབ་སེམས་དཔ ་ཐམས་ཅད་དང་།ཐུན་མོང་བྲའང་མ་ཡིན་ན།གཞན་སེམས་ཅན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་པའི་ཐུན་མོང་མ་ཡིན་པ་ཉིད་ཀྱང་རབ་ཏུ་ཤེས་སོ།།དེ་དེ་ལྟར་ཆོས ་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ལེ་ལུས་པར་ཉེ་བར་གྲནས་པ་སྡུད་ཁའི་ཆོས་ཐམས་ཅད་དང་ནི་བྲེལ།དགེ་བའི་ཆོསྔ་ན་ཡང་དག་པར་ཐོབ་ལུས་ཀྱི་གནོད་པ་ནི་མེད།རྣམ ་པར་ཤེས་པས་འདྲངས་པ་ནི་མེད།སེམས་ཀྱིས་འཕངས་པ་ནི་མེད་འཆེ་སྣ་རྣམས་ཀྱི་རྒྱུའི་ཚོགས་དང་འབྲས་བུ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས།དཔེར་ན་རྒྱ ་མཚོའི་རླབས་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འབྲེལ་ཏེ།ཇི་ལྟར་རྒྱ་མཚོའི་རླབས་འབྲི་ཞིང་ཡང་འབྱུང་བ་ལྟར།བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་ངོ ་མ་ཡིན་ནོ།།དེ་དཔེར་ན་ཟླ་བ་ཡར་གྱི་ངོའི་བྱེ་བའི་དཀྱིལ་འཁོར་དང་འདྲ་བར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ།ཇི་ལྟར་མར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར་འདྲ ་དེའི་ཆོས་ཅན་ཡིན་པ་ལྟར།བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ།།དཔེར་ན་དབྱར་གྱི་དུས་ཀྱི་ཕུ་ཆུ་གྲུབ་པ་ལྟར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ ་ཇི་ལྟར་ཕུ་ཆུ་གྲུབ་པ་དབྱར་གྱི་དུས་ཟད་ན་འབྲི་བའི་ཆོས་ཅན་ཡིན་པ་ལྟར།བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལུས་དེ་ལྟ་མ་ཡིན་ནོ།།ཆུངས་པ་དེ་ལྟར་བསླབ་པའི་བྱང་ཆུབ ་སརྣཾས་དཔའི་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།།དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའང་དྲག་བཀའ་སྩོལ།། ་ཏོ།།ལུས་ཀྱི་སྐྱོན་རྣམས་རང་ཤེས་ནཱ།།ལུས་ཡིད་སྤྱོད་རྣམས་མི་སྟོན་ཏོ།།ལུས་ལ་དྲན་པ་ལེགས་གནས་ན།།སྐྱོན་མེད་ཞི་བའི་གནས་ཐོང་དེ།།ལུས་ཀྱི་སྐྱོན་རྣམས་མི། ་ཤེས་ན།།ལུས་ལ་ཡོད་པའི་སྐྱོན་མི་རྟོགས།།ལུས་ལ་དྲན་པ་མི་གནས་ན།།སྡུག་བསྔལ་བཟོད་དཀའ་གནས་ཐོབ་བོ།།སེམས་ཀྱི་སྐྱོན་རྣམས་རབ་ཤེས་ནི།།སེམས ་ཡོད་སྐྱོན་རྣམས་མི་སྙན་ཏོ།།སེམས་ལ་དྲན་པ་ལེགས་གནས་ན།།སྐྱོན་མེད་ཞི་འིའི་གནས་འཐོབ་བོ།།སེམས་ཀྱི་སྐྱེན་རྣམས་མི་ཤེས་ནི།།སེམས་ལ་ཡོད་པའི་སྐྱོན་མི ་རྟོག་སོ།།སེམས་ལ་དྲན་པ་མེ་གནས་ན།།སྡུག་བསྔལ་བརྒོད་དཀའོ་གནས་འཐོབ་བོ།།དགེ་བའི་ཆོས་རྣམས་སྟོན་བྱེད་ཅིང་།།མི་དགེ་ཆོས་རྣམས་མི་སྟེན་པ།།ཆོས ་རྣམས་ལ་ནི་མཁས་པའི་མི།།སྐྱོན་མེད་ཞི་བའི་གནས་འཐོབ་བོ།།དགེ་བའི་ཆོས་རྣམས་མི་སྟེན་ཅིང་།།མི་དགེ་ཆོས་རྣམས་སྟེན་བྱེད་པ།།ཆོས་རྣམས ་ལ་ནི་མི་མཁས་མི།།སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ།།དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ལྷའི་མེ་ཏོག་མནྡ་རཱ་བ་དག་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས ་ལ་མངོན་པར་གཏོར་ཏོ།།མངོན་པར་གཏོར་ནས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས།བཅོམ་ལྡན་འདས་ལ་ལེན་གསུམ ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།།དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་ནངས་པར་མཁྱེན་ནས་དགེ་སློང་གི་དགེ་འདུན་གྱི་ཕུང་ལ་གདན་བཤམས་པ་ལ ་བཞུགས་སོ།།བཞུགས་ནས།བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དགོ་མ་དང་འདྲིར་མི་ཉལ་ཙམ་གྱི་ནམ་གྱི་གུང་ཐུན་ཡང་གཅིག་པུ་དབེན ་པར་འདུག་སྟེ་ནང་དུ་ཡང་དག་བཞག་ན་མི་མཇེད་ཀྱི་བདག་པོ་ཚངས་པས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ནས་ང་ག་ལེ་བྱ་དེར་འོངས་ཏེ་ཕྱིན་ནས ་ང་ལ་མངོན་པར་བསྟོད་དེ།སྣརོན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་དོ།།ཕྱོགས་གཅིག་ཏུ་འདུག་ནིས་མི་མཛད་ཀྱི་བདག་པོ་ཚངས་པས་ང་ལོ་འདི་སྲད ་ཅེས་གསོལ་ཏོ།།གལ་ཏེ་ཞུས་ནུས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན།བཅོམ་ལྡན་འདས་དེ་བཞིན་གླཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལྗགས་སོ།།དགེ་སློང་དགྲ་དེ་སྐད་ཅེས་གསོལ་པ་དང་།ངས་མི་མཛད་ཀྱི་བདག་པོ་ཆུངས ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་ཏུ་ཁྱེད་ལ་སྐབས་ཕྱེས།ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག་དང་།། ་ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།།དེ་ནས་ངས་སྐབས་ཕྱེ་བས་མི་མཇེད་ཀྱི་བདྲག་པོ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ ་ལེགས།དགེ་སློང་དང་དེ་སྐད་ཅེས་གསོལ་པ་དང་།ངས་མི་མཛོད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།།ཚངས་པ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།།ཆོས་གཅིག་གང་ཞེ་ན།འདི་ལྟ་སྟེ ་ལུས་ཀྱི་རྗེས་སུ་སྤང་བའི་དྲན་པའོ།།དགེ་སློང་དག་མི་མཛོད་ཀྱི་བདག་པོ་ཚངས་པ་དེ་ལ་ལུས་ཀྱི་རྗེས་སུ་སྦྱོང་བ་དྲན་པའི་རྒྱུ་དང་།ལུས་དང་འབྲས་བུངང་བསྟན། ་དེ་ནས་བཅོམ་ལྡན་བདཔལ་ཚེ་དང་ལྡན་པ་ཀུན་དཔའ་བྱོས་འདི་སྐད་ཅེས་གསོལ་ཏོ།།ལེགས་སོ་ལེགས་སོ་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ ་ལ་གང་བསྟན་པ་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་།སྐྱེ་བོ་མང་པོ་ལ་བདྲེ་བ་དང་།ལྷ་དང་མི་རྣམས་ཀྱི་དོན་དང་།སྨན་པ་དང་།བདེ་བར་བགྱི་བའི་སླད་དུ་བཤད་དུ་གསོལ ་དགེ་སློང་སེར་བུ་རྣམས་དང་།ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་རིང་བར་མ་ལགས་ཤིང་མཆིས་ནས་རིང་པོ་མ་ལེགས་པ་རྣམས་དང་།ཐེག་པ་ཆེན་པོ་ལ་ཡང་དག ་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ན་དགའ་བ་དང་།དད་པ་ཐོབ་པར་འགྱུར།བསླབས་པ་དེ་ལའང་སྦྱོར་པར་བརྩོན་པར་གནས་པར་འབྱུར་ལགས་སོ།།དེ ་ནས་བཅོམ་ལྡན་འདས་ཀྱིས་མྱི་མཛོད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་པ་དེ་དགེ་སློང་དེ་དག་ལདང་བཤད་དོ།།དེ་ནས་བཅོམ་ལྡན་འདས་ལ་ཚྭ་དང་ལྡན་པ་ཀུན་དགའ ་ངོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལེགས་པར་བཀའ་སྩལ་ཏེ།།བདེ་བར་གཤེགས་པ་ལེགས་པར་བཀའ་སྩལ་ཏོ།།མི་མཇེད་ཀྱི་བདག་པོ་ཚངས ་པས་མདོ་སྡེ་འདི་ལྟ་བུ་དང་།ཡོངས་སུ་ཞུ་བའི་སླད་དུ་བཅོམ་ལྡན་འདས་ཀྱི་བང་དུ་མཆིས་ནས་ཞུས་དའང་ལེགས་པར་སྨྲས་པ་ལགས་སོ།།བཅོམ་ལྡན་འདས་མྱི་མཛད་ཀྱི་བདག ་ཚངས་པས་གལ་ཏེ་དགེ་བའི་རྩ་བ་གཞན་མ་མཆིས་ནཱ་འང་ཞུ་བ་ཞུས་པའི་མོད་ལ་སྐྱེས་པའི་དགེ་བའི་རྩ་བ་འདྲི་ཁོ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱལགས་སོ།།དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས་དབྱེ་བའི་རྩ་བ་དེའི་མཐའ་དང་མུ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས ་པར་རྔོ་མི་ཐོག་པའི་སླད་དུའོ།།དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས་འདི་ལྟར་མི་མཛད་སྡེ་བདག་པོ་ཚངས་པས་ཞུ་བའདི།སེམས་ཅན་ཐམས་ཅད་ཀྱི་སྦྱོ་དོན་དུ་ཞུས་པའི་སླད ་དུའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དབྱེ་བོ་དེ་དེ་བཞིན་ཏེ།དེ་དེ་བཞིན་ནོ།།དེ་ནས་བཅོམ་ལྡན་འདས་ལ་རྒྱུ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས ་གསོལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདྲིའི་མིང་ཅི་ལུགས།འདི་ཇི་ལྟར་བཟུང་བར་འ།བཅོམ་ལྡན་འདས་ཀྱིས་བྲཀའ་སྩལ་གྱི།ཀུན་དགའ་བོ་དེའི་ཕྱིར ་ཁྱོད་ཀྱིས་འདི་ཚངས་པས་ཞུས་པ་ཞེས་བྱ་བར་གཟུང་ཞིག།དྲན་པ་ཉེ་བར་བཞག་པའི་ཚུལ་བསྟན་པ་ཞེས་བྱ་བར་ཡང་གཟུང་ཞིན།།བག་ཡོད་པའི་ཚུལ་བསྟན་པ་ཞེས ་བྱ་བར་ཡང་གཟུང་ཞིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྐུལ་ནས།ཚེ་དང་ལྡན་པ་ཀུནྡ་དགའ་བོ་དང་།དགེ་སློང་དྲི་དག་དང་།བྱང་ཆུབ ་སེམས་དཔའ་དེ་དག་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།དཱི་ཙ ་ལྡན་འདས་ཀྱིས་གསུངས་བྱ་ལ་མངོན་པར་ཙྭད་དོ།།འཕགས་དེ་ངས་པས་ཞུས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།།རྒྱ་གར་གྱི་མངོན་པོ་ཛི་ན་མི ་ཏྲ་དང་།ཞུས་ཆེན་ཀྱཻ་ལོ་ཙཱ་བ་དནྡེ་ཡེ་ཤེས་སྤྲིས་བསྒྱུར་ཅིང་ཞུས་ཏེ་གཏན་ལྭ་བབ་པ།།རྒྱ་གར་སྐད་དུ།ཨཱརྱ་བྲཧྨ་དང་ཏ་པ་རི་བྲིདྷཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད ་