CLOSE WINDOW

N124: 'phags pa ting nge 'dzin mchog dam pa
Wyliee-texts produced with BDRC’s OCR application

སྤྱོད་དོ།།རྡོ་རྗེའི་ཏིང་འཛིན་ཆོས་ཀྱི་མི་ག་རྫོགས་སོ།།རྒྱུ་གརསྐ་དུ།ཨཱརྱཱ་སམྦྷདྡྷི་ཨཱགྣ།ུད་ཏྭཱམྦ།དོད་སྐ་ང་།དཔགས། ་པ་ཏིང་ངེ་འཛིན་མཚིག་དམ་པ།བམ་པོ་གཅིག་ནོ།།འདི་སྐད་བདག་གིས་ཟོས་པ་དྨས་གཅིག་ནོ།།བཅོམ་ལྡན་འདས་རྒྱལ་བཱིའི་བྷི་ནི་དག་སློང་ནི་དེའི་རྙེན་འཛི ་སྙམ་ཁྲི་དང་།བྱང་ཆུབ་སེམས་དཔའ་སྐྱེས་དུ་ཆེན་པ་ལྔ་སྟོང་ཙམྦྷ་དང་།ལྷ་དང་ཀླུ་ལྔ་སོགས་པ་སྟེ་བརྒྱད་དང་།ལྷ་དང་མི་ལྟ་སོགས་པ་འཁོར་མང་པོ་དང ་ཅིག་ཏུ་བཞུགས་སོ།།དེ་མ་ཡིན་པ་ག་སྤྲིན་ཡང་ཕྱོགས་བེནའི་མགོན་པ་བཞི་དང་།སྲིན་པོ་དང་།ཡཾཡེ་དགོས་ལ་སྩོགས་པ་སྟེ་བཞིའང་འཁོར་དེར་འདུས་པར་གྱུར་ཏོ།། ་དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་དུ་བཞུགས་ནས་ཅང་མི་གསུང་རིང་བཞུགས་པ་ལས་འཁོར་མང་པོ་རྣམས་ཐེ་ཚོམ་དུ་གྱུར་ཏོ།།དེ་ནས་བྱང་ཆུབ་སེམ ་དའ་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྡུལ་བུ་འདུག་པ་ལྔས་ལངས་ཏེ།སེཾ་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པོ་འདི་དག་གིས་མངོན་པར ་བསྤྱོད་དོ།། ཏུ་གས་ས་ཆོས་ཀྱི།།ཏིང་ངེ་འཛིན་ལ་ཞི་བར་བཞུགས།།འཁོར་གྱི་ཀྱིལ་འཁོར་མང་པོ་རྣམས།།ཐམས་པ་ན་ཚོམ་སྐྱེས་པར་གྱུར ་ཤིན་ཏུ་ལེགས་སོ་ཉི་ཟླའི་འོད།།ཅང་མི་གསུང་བར་སྨང་མི་མཛད།།ཤིན་ཏུ་ལེགས་སོ་རིན་ཆེན་གཏེར།།དབུལ་ཕོངས་རྣམས་ལ་སྦྱིན་མི་མཛད།།ཤིན་ཏུ་ལེགས་སོ་མི་ཡི ་རྒྱལ།།ཏིང་ངེ་འཛིན་ལས་བཞེངས་སུ་གསོལ།།ཤིན་ཏུ་ལེགས་སོ་ཀླུ་ཡི་རྒྱལ།།བདུད་རྩིའི་ཆར་པ་དབབ་དུ་གསོལ།།ཤིན་ཏུ་ལེགས་སོ་ལྷ་ཡི་མཆོག།མྱུར་དུ་ཆོས ་རྣམས་བསྟན་དུ་གསོལ།།ཤིན་ཏུ་ལེགས་སོ་སེམས་ཅན་ལ།།ཐེག་པ་གཅིག་དྲོན་བསྟན་དུ་གསོལ།།དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས ་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ང་ལ་རིན་པོ་ཆེ་བླ་ན་མེད་པའི་ཡེ་ཤེས་མང་དུ་ཡོད་པ་ཁྱོད་ལ་ཕན་པ་དང་བདེ་བླར་མཛད་ཅིང་དབུལ་ཕོངས་པ་དང ་བྲལ་བར་བྱ་བ་ཡོད་ཀྱིས་ཐེ་ཚོམ་མ་བྱེད་པར་ཅི་དང་ཅི་འདོད་པ་དྲིས་ཤིག།དེ་ནས་དགའ་བོས་སྟན་ལས་ལངས་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན ་འདས་བདག་གིས་ནི་མང་དུ་ཐོས་པས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་སྙམ་ན་མདོ་སྡེ་དག་ལས་བཤད་པ་ཐོས་པ་ལྟར་ན་མང་དུ་ཐོས་ཤིང་ཤེས་རབ་རྣོ་བའི་དབང་པོ་དང་ལྡན་པ་ནི། ་བྱང་ཆུབ་ཐོབ་པ་ཤིན་ཏུ་དཀའ་སྟེ་བགེགས་བརྒྱད་དུ་སྐྱེའོ་ཞེས་འབྱུང་ན།བདག་གིས་ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ ་སྩལྔ་པ།དགའ་བོ་མང་དུ་ཐོས་པ་ལ་སེམས་རྣམ་པ་གཉིས་ཏེ།གང་ཞེ་ན།ཏིང་ངེ་འཛིན་གྱི་སེམས་དང་།འཕྲུལ་པའི་སེམས་སོ།།སེམས་ཉི ་ངེ་འཛིན་ལ་གནས་ན་ནི་མང་དུ་ཐོས་པས་ཀྱང་གནོད་པ་མེད་དོ།།སེམས་འཁྲུལ་པ་ལ་གནས་ནཱ་ནི་མང་དུ་ཐོས་པས་ཀྱང་ཕན་པ་མེད་དེ།གང་གིས་ཏིང་ངེ་འཛིན་དང ་ཤེས་རབ་དང་ཤིན་ཏུ་ལྡན་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་སྐྱོབ་པར་འགྱུར་རོ།།དགའ་བོས་གསོལ་པ།བཅོམ་ལྡན་འདས་ཅིའི་སླད་དུ་མདོ་ཀུན་ལས་ཏིང་ངེ ་འཛིན་དང་། ཤེས་རབ་ནི་མཆོག་དམ་པའོ་ཞེས་བསྟོད།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།དགའ་དྱོ་ཏིང་ངེ་འཛིན་དང་།ཤེས་རབ་ཏུ་ལྡན ་པ་ནི་དཔེར་ནཱ་ཌཱི་དགྲས་ཀྱི་ནང་ན་སེང་གེ་མཆོག་ཏུ་གྱུར་པ་དང་།སྡུད་པ་ཐམས་ཅད་ཀྱི་ནང་ན་ཉི་མ་མཆོག་ཏུ་གྱུར་པ་དང་།རིའི་ནང་ན་རི་རབ་ལྷུན་པོ་མཆོག་ཏུ་གྱུར་པ ་ལྟ་དུའོ།།དེའང་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དང་།ཤེས་རབ་ཏུ་ལྡན་པའི་ཤུགས་རཱི་མ་ཊྭཱཾག་དམ་པ་ཡིན་པའི་ཕྱིར་རོ།།བཅོམ་ལྡན་འདས་ཀྱིས་དགའ་བོ་ལྔ་བཀར ་སྙམ་པ།དགའ་བོ་གལ་ཏེ་ནི་ཞིག་གིས་ཤིང་ཙིནྡན་ལས་སྟོང་གདུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བརྩིགས་པ་དང་།མི་གཞན ་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྲིགྱི་སྦྱོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན།མེ་དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན ་ནམ།དགའ་བོས་གསོལ་པ།མི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་བསོད་ནམས་མཆོག་གོ།སངས་རྒྱས་ཀྱིས་དགའ་བོ་ལྔ་བཀའ་སྩལ་པ། ་གཞན་ཡང་མི་ཞིག་གིས་གསེར་ཐ་མལ་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལྕག་ཁང་བྱས་པ་དང་།མི་གཞན་ཞིག་གིས ་གསེར་བཙོ་མ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལྷག་ཁང་བྱས་ན།དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ།དགའ ་བོས་གསོལ་པ།གསོར་བཙོ་མ་ལས་བྱས་པའི་བསོད་ནམས་རབ་ཏུ་ཆེའོ།།སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།གལ་ཏེ་མི་ཞིག་གིས་ཤིང་ཙཱནྡནཱ་དང་།སྤོས ་ཀྱི་ཤིང་གཞན་དྲག་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་བ་དང་།མི་གཞན་ཞིགྲི་གིས་གླསེར ་བཅོམ་དང་།རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་ན་མི་དེ་གཉིས ་ཀྱི་བསོད་ནམས་ལ་ཁྱད་པར་ཡོད་དམ།དགའ་བོས་གསོལྔ་པ།རིན་པོ་ཆེ་སྣ་བདུན་དང་།གསེར་བཅོམ་ལས་སྐུ་གཟུགས་བཀྱིས་པའི་བསོད ་ནམས་ཆེའོ།།སངས་རྒྱས་ཀྱིས་དགའ་བོ་ལྔ་བཀའ་སྩལ་པ།གལ་ཏེ་མེ་ཞིག་གིས་སྦྱིན་པ་ཆེན་པོའི་སེམས་བསྐྱེད་དེ།རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་དང་།ཆུང་མ ་དང་།བྱ་སྦྱིན་པ་བྱིན་པ་དང་།མི་གཞན་ཞིག་གིས་ཡན་ལག་གི་དམ་པ་མགོ་དང་།མིག་དང་།ལུས་དང་།རྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན ་པ་བྱིན་ན་མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད།དགའ་བོས་གསོལ་པ།རིན་པོ་ཆེ་སྣ་བདུན་དང་།ལུས་དང་།ཆུང་མ་དང་།བུ་རེ་བཅས་པའི་སྦྱིན་པ ་བསོད་ནམས་ཆེ་བ་ལགས་སོ།།སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་གང་བའི་མི་རྣམས་ལ་འཇིག་རྟེན་དུ་སྤྲུལ་ཏེ་ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པ་དང་།དེ་ལ་མི་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་གང་བའི་མི་རྣམས་ཡི་གེ་བཞིན་དུ་འདོན་ཅིང་ཡི་གེ་ཙང་དོན་སྟོན་ཅིང་ཁོང་དུ་ཆུད་ན་མི་དེ་གཉིས་ཀྱི་བསོད་ནམས་གང་ཆེ།དགའ་བོས་གསོལ་པ།ཡི་གེ་གཞན་དུ ་འདོན་ཅིང་ཁྱོང་དུ་ཆུད་པའི་བསོད་ནམས་ཆེའོ།།སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།།གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་ཐོགས་པ་མེད་པར་ཁྭ་ཏོན་དུ་ཤེས་ལ ་དོན་ཟབ་མོ་མི་ཤེས་པར་མདོ་སྡེ་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ཙམ་འཆང་བ་དང་།དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས་ཀྱང་བྱང་བར ་ཁ་ཏོན་ཤེས་ལ་དོན་ཟབ་མོའང་རྟོགས་ཏེ།མདོ་སྡེའི་གླེགས་པ་མ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ཙམ་འཆང་ན་མི་དེ་གཉིས་ཀྱི་བསོད་ནམས་གང ་མཆོག་ཏུ་གྱུར་པ་ཡིན།དགའ་བོས་གསོལ་པ།ཁ་ཏོན་བགྱིས་ལ་དོན་ཡང་རྟོགས་ཏེ།གཞན་ལའང་སྟོན་ཅིང་འཆད་པའི་བསོད་ནམས་མཆོག་ཏུ་གྱུར་པ་ལགས་སོ།།སངས་རྒྱས ་ཀྱིས་དགའ་བ་ལ་བཀའ་སྩལ་པ།གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་འགྲེལ་ཅིང་འཆད་ལ།སྦྱིན་པ་དང་།ཚུལ་ཁྲིམས་དང་།བཟོད་པ་དང་།བྱམས་པ་དང་།སྙིང་རྗེ་དང་། ་དགའ་བ་དང་།བཏང་སྙོམས་མི་སྤྱོད་པ་དང་།གལ་ཏེ་མི་ཞིག་གི་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ལ།སྦྱིན་པ་དང་།ཚུལ་ཁྲིམས་དང་།བཟོད་པ་དང་།བྱམས་པ ་དང་།སྙིང་རྗེ་དང་།དགའ་བ་དང་།བཏང་སྙོམས་ཀྱང་རྒྱ་ཆེར་སྤྱོད།སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་སེམས་སྙོམས་ན་མི་དེ་གཉིས་བསོད་ནམས་གང ་ཆེ་བ་ཡིན།དགའ་བོས་གསོལ་པ།བྱམས་པ་དང་།སྙིང་རྗེ་དང་།དགའ་བ་དང་།བཏང་སྙོམས་དང་།ཚུལ་ཁྲིམས་དང་།བཟོད་པ་སྤྱོད་ཅིང་སེམས ་ཅན་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཆེ་ཞིང་མང་བ་ལགས་སོ།།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང ་འགྲེལ་ཅིང་འཚེད་ཤེས་ལྔ་བསྟན་བཅོས་འུ་ཏ་བཅོ་ལྔ་ཡང་བྱང་བར་འཆད་ཤེས་ཏེ་འཇིག་རྟེན་དུ་སྤེལ་བ་དང་།དེ་ལ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང ་འཆད་ཤེས་ལ།བཀྲི་བའི་བསྟན་བཅོས་དང་།ངེས་པའི་བསྟན་བཅོས་དང་།ཕུང་པོ་ལྔའི་བསྟན་བཅྡོཾས་དང་།རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་བསྟན ་བཅོས་དང་།ཁྱམས་བཅཝོ་བརྒྱད་ཀྱི་བསྟན་བཅོས་དང་།སྟོང་པ་ཆེན་པོའི་བསྟན་བཅོས་དང་།ཟླའི་བསྟན་བཅོས་དང་།ཟླ་བརྙན་གྱི་བསྟན་བཅས་དང་།མ ་རྒྱན་གྱི་བསྟན་བཅྡོཾས་དང་།དོན་དམ་པ་ཉིད་ཀྱི་བསྟན་བཅོས་དང་།རྡོ་རྗེ་སྙིང་པོའི་བསྟན་བཅོས་དང་།རྣམ་པ་ཐམས་ཅད་མཁྱེན་པའི་བསྟན་བཅོས་དང་།རྣམ་པར་ཐར ་པའི་སྒོ་གསུམ་གྱི་བསྟན་བཅོས་ལ་སོགས་པ་བསྟན་བཅོས་འུ་ཏ་བཅོ་ལྔའང་ཤེས་ལ་སྦྱིན་པ་དང་།ཚུལ་ཁྲིམས་དང་།བཟོད་པ་དང་།བྱམས་པ་དང་།སྙིང་རྗེ་དང་། ་དགུའ་བ་དང་།བཏང་སྙོམས་ཀྱང་སྤྱོད་དེ།ཚུལ་ཁྲིམས་འཆལ་པ་དང་།ཚུལ་ཁྲིམས་སྲུང་བ་དང་།སེམས་གཉིས་སུ་མེད་ཅིང་ནམ་མཁའ་ལྟར་མཉམ་པ་དང་།སེམས་ཅན ་གྱི་སྐྱོན་ཐམས་ཅད་མི་མཐོང་ཞིང་སེམས་ཅན་རྣམས་ལྔ་བུ་གཅིག་པ་དང་འདྲ་བར་སྙོམས་ཏེ།དགྲ་སྡང་བ་ལའང་ནམ་མཁའ་ལྟར་མཉམ་པ་དང་།དེ་ལ་མི་ཞིག་གི་ཕྱོགས་སུ ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མི་འདྲ་བས་ན་མི་དེ་གཉིས་ཀྱི་བསོད་ནམས་གླང་ཚྭ་བ་ཡིན།དགའ་བོས་གསོལ་པ།ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར ་པ་མ་བཏབ་ན་མི་དེའི་བསོད་ནམས་ཚད་མ་མཆིས་གྲངས་མ་མཆིས་ཏེ།བསམ་གྱིས་མི་ཁྱབ་པ་ལགས་སོ།།བཅོམ་ལྡན་འོདས་ཀྱིས་དགའ་བོ་ལ་བཀྲེའ་སྩལ་པ།གཞན ་ཡང་མི་ཞིག་གི་གོང་དུ་སྨྲས་པའི་བསོད་ནམས་ཐམས་ཅད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་གང་བར་བྱེད་ནུས་ལ་མདོ་སྡེ་བཅུ་གཉིས་དང་།བསྟན ་བཅྡོཾས་འུ་ཏ་བཅོ་ལྔ་སྙེད་ཀྱང་ཁ་ཏོན་དང་འབྲེལ་ཅིང་འཆུད་ནུས་ཏེ།ཚུལ་ཁྲིམས་དང་།བཟོད་པ་དང་།བྱམས་པ་ལ་སོགོས་པའང་སྤྱོད།སྦྱིན་པའང་བྱེད་དེ།མྱང་དུ་ཐོས ་པའི་མཆོག་ཏུའང་གྱུར་ལ་ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ།ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་དེ།དེ་ལྟར་ཕན་པ་དང་བདེ་བའི་དོན་བྱས ་ཀྱང་དེས་ནི་མི་ཞིག་ཉིན་གཅིག་གམ།མཚན་གཎྜཱི་ག་ཏིང་ངེ་འཛིན་དུ་ཞུགས་པ་ཙམ་དུ་མི་ཕོད་དོ།།དེ་ཅིའི་ཕྱིར་ཞེ་ན།མང་དུ་ཐོས་པའི་གང་ཟག ་ནི་རིའམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ།།དེ་ལྟར་ང་རྒྱལ་ཆེ་བ་ནི་དྲན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།།དམྱལ་བ་དེ་ལས ་ཐར་ནའང་འདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན་མང་དུ་ཐོས་པ་ལ་ཕན་པ་ཅི་ཡོད།གང་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཡོད་པ་ནི་སྐྱེས་ཤིང་འཁོར་བའི་སྡིག་ཁ་ན་མ ་ཐོ་བའི་ལས་ལྕི་བ་བྱང་བར་ནུས་སོ།།མང་དུ་ཐོས་པ་ནི་རྩཝ་དང་འདྲའོ།།ཏིང་ངེ་འཛིན་ནི་མེ་དང་འདྲའོ།།མང་དུ་ཐོས་པ་ནི་ལྕགས་དང་འདྲའོ།།བསམ་གཏན་གྱི་ཏིང་ངེ ་འཛིན་ནི་གསེརཱ་དང་འདྲའོ།།མང་དུ་ཐོས་པ་ནི་རྩི་བདུག་པ་དང་འདྲའོ།།བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྩེའི་སྡོང་པོ་དང་འདྲའོ།།མང་དུ་ཐོས་པ་ནི་གཙང་པོ་དང་འདྲའོ།། ་བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ།ངས་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བསོད་ནམས་དང་།ཡོན་ཏན་བཤད་ན་ཟད་པའི་མཐའ་མེད་དེ་བསྐལ་པར ་ཡང་མི་རྫོགས་སོ།།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།ང་མངོན་སུམ་དུ་དྲན་པ་སྔོན་འདས་པའི་དུས་ན་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ་འཇམ ་དཔལ་དང་ང་གཉིས་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ།འཇམ་དཔལ་ནི་ཡོད་ཅེས་སྨྲ།ངས་ནི་མེད་དོ་ཞེས་སྨྲས་ཏེ།ཡོད་མེད་གཉིས་ཀྱི་བདེན་པ་ལ་རྩོད་པར་གྱུར་ཏེ་གཅིག ་ཏུ་མ་ཆད་དོ།།ཐ་མ་ཚེ་འཕོས་ནས་ངན་སོང་དུ་སྐྱེས་པར་གྱུར་ཏེ།བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏོ།།དམྱལ་བ་དེ་ལས་ཐར་ཏེ་སངས ་རྒྱས་འོད་སྲུང་དང་ཕྲད་ནས་ཡོད་པ་དང་མེད་པའི་བདེན་པ་གཉིས་འོད་སྲུང་གིས་འདི་སྐད་དུ་བཤད་དོ།།ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཅིག་ཏུ་ངེས་ཤིང་ཆད་པ་མེད་དེ། ་ཁྱེད་ཡོད་པ་དང་མེད་པར་སྨྲ་བ་ནི་དེ་ལྟ་བུ་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ཞི་བ་སྟེ།བདེན་པ་འདི་གཉིས་ནི་ཡོད་པའང་མ་ཡིན་ཏེ།མེད ་པའང་མ་ཡིན་ཏེ།ཁྱེད་ཤེས་པ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱི་དོན་ཟབ་མོ་མི་ཤེས་པས་དོན་འདི་ལྟ་བུ་ནི་ཁྱེད་དམུས་ལོང་ངམ་འོན་པ་ལྟ་བུ་ཡིན་ན།དོན་ཟབ་མོ་འདི་ལྟ་བུ ་ཇི་ལྟར་ཤེས་ཤིང་རྟོགས་པར་གྱུར་ཞེས་བཤད་པས་ཐོས་ནས་རཱི་དབེན་པར་སོང་སྟེ།བདག་ཉིད་ཡིད་ལ་བྱས་ནས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་ཞུགས་སོ།།ཞག་བདུན ་ལོན་པ་དང་བསམ་གཏན་ཞི་བའི་ཏིང་ངེ་འཛིན་དང་།ཏིང་ངེ་འཛིན་རྣམ་གསུམ་དང་།ཡེ་ཤེས་རྣམ་གསུམ་དང་།ཆེན་པོ་སྟོང་པ་ཉིད་དང་།དོན་དམ་པ་སྟོང་པ་ཉིད་དང་།སྟོང ་པ་ཉིད་སྤྱོད་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཏེ།ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ་ཅིའང་མེད་པར་རྟོགས་སོ།།དེ་ཅིའི་ཕྱིར ་ན།ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྦྱོང་བའི་ཕྱིར་རོ།།དེ་བས་ན་བསཔ་གཏན་བསྒོམ་པ་ནི་མཆོག་དམ་པར་རིག་པར་བྱ་སྟེ།གང་ཞིག་ཉིན་གཅིག་གམ ་མཚན་གཅིག་གམ།ཉིན་ཞག་བདུན་གྱི་བར་དུ་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་བསྐལ་པ་གྲངས་མེད་པ་ཚུན་ཆད་ཀྱི་ཁ་ན་མ་ཐོ་བའི་སྡུག་ལྕི་བའང་ཁང ་ཀྱིས་ཞི་ཞིང་བྱང་བར་འགྱུར་རོ།།གཞིན་ཡང་ཁྲོན་མ་ཐོ་བའི་སྡིག་ལྕི་བའང་འབྱུང་བར་འགྱུར་ཏེ།དེའང་གང་ཞེ་ན།ཕ་མ་བསྡད་པ་དང་།དགྲ་བཅོམ་པ་བསད་པ ་དང་།མཆོད་རྟེན་དང་།གཙུག་ལག་ཁང་བཤིག་པ་དང་།དགེ་འདུན་གྱི་གནས་ཁང་མས་བཏང་བ་ཡིན་ཏེ།ཕས་ཕམ་པ་བཞི་དང་།ཕས་ཕམ་པ་བརྒྱད་དང་། ་ལྕི་བ་ལྟ་དང་།རང་བཞིན་གྱི་ལྟེ་བ་དྲུག་ཉམས་པ་ཡིན།ཕྱོགས་སུ་ཎྱས་དྨའི་མདོ་སྣརེལ་བསྐུར་པ་བཏབ་པ་ཡིན།ཕ་རོལ་པོའི་ཉེས་པའི་སྐྱོན་སྨྲ་ཞིང་བཀུར་སྟིམ ་བྱེད་པ་ཡིན།གང་དུ་སྐྱེས་པར་ང་རྒྱལ་ཆེ་བ་དང་།རང་བཞིན་གྱིས་སྲོག་ལྕི་བ་ལྔ་ཡིན་ཏེ།དེའང་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་རབ་ཞི་ཞིང་འབྱང་བར ་འགྱུར།དེའང་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་མཐུས་འབྱང་གི་གཞན་གྱིས་འབྱུང་བ་མ་ཡིན་ནོ།།ཉིན་ཞག་བདུན་ཙམ་གྱིས་ཀྱང་དེ་ལྟར་ཡོན་ཏན་དང་བསོད་ནམས ་དཔག་ཏུ་མེད་པ་འཐོབ་ན་ཚེ་གཅིག་ཏུ་དབེན་སར་རི་དང་ཤིང་དྲོད་དུ་འདུག་སྟེ།རྟོག་པ་བསལ་བ་དང་།འདུག་པ་དང་།སྤོང་བ་ཡིད་ལ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས།དེ ་ཅིའི་བྱིཪྴ་ན་ནྟུ།སམྦྷས་ནཱི་འབྲབྲུ་རྒྱུ་དང་འདྲ་སྟེ་སྤྱད་ཅིག་ཀྱ་མི་སྡོད།སེམས་ནི་སྤྲེའུ་དང་མཚུངྱས་ཏེ།གཅིག་བཏང་ཡང་གཅིག་ལོ་འཛིན་ཏེ།།མདོར་ན་སེམས་ནི ་ཏིང་ངེ་འཛིན་གྱི་དབང་གིས་མི་གཡོའོ།།གླལ་ཏེ་སེམས་གཡོ་ན།ཆོས་ཐམས་ཅད་ལ་འཁྲུལ་པོའི་འདུ་ཤེས་སྐྱེའོ།།གལ་ཏེ་ཏིང་འཛིན་ལྔ་གནས་ན་ནི་འཇིག་རྟེན ་ནནི་སྐྱེ་བ་དང་།གནས་པ་དང་།འགོག་པའི་འདུ་ཤེས་ཤིང་རྟོགས་ཏེ།ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ནི་བོ།མི་རྟག་པར།འགྱུར་ཞིང་འཕོ་བ།སྟོང་ཞིང ་བདོག་མེད་པ།སྒྱུ་མ་དང་འདྲ་བ།སྤྲུལ་པ་ལྟ་བུ།གློག་དང་།རླུང་དང་།དྲི་ཟའི་གྲོང་ཁྱེར་ལྟ་བུ།ཆུའི་དབུ་བ་དང་།སྨིག་རྒྱུ་དང་།བྲག་ཅ་དང་།བར་སྣང་གི ་བྱའི་རྗེས་ལྟ་བུར་རྟོགས་སོ།།འཇིག་རྟེན་ན་སྲིད་བཻ་རི་དང་།ཚལ་དང་།གཙང་པོ་དང་།འབབ་ཆུ་དང་།མཚེའུ་དང་།ལྟེང་ཀ་དང་།རྒྱ་མཚོ་ལ་སོགས་པ་ཆུ་ཐམས ་ཅད་ཀྱང་མེའི་བསྐལ་པ་ཆེན་པོ་བྱུང་བའི་ཚེ།ཐམས་ཅད་ཚིག་ཅིང་ཟད་པར་འགྱུར་ཡང་།བསྐུམ་གཏན་བཞི་དང་།གཟུགས་མེད་པའི་ཏིང ་ངེ་འཛིན་བཞི་མ་གཏོགས་ཏེ།ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ན་བསྣམ་གཏན་གྱི་མཐུ་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།།སེམས་ཏིང་ངེ ་འཛིན་ལྔ་གནས་ནི་ཕྱོགས་བཅུའི་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཉི་མ་དང་།ཟླ་བ་དང་།སྐར་མ་དང་།འབབ་ཆུ་དང་།གཙང་པོ་དང་།རྒྱ་མཚོ ་དང་།རི་དང་།ཚུལ་དང་།ཀླུ་དང་།ལུང་བ་དང་།སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ།།བསམ་གཏན་གྱི་ཏིང་ངེ་འཛིན་ལ ་གནས་ན་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཱངྒཱའི་ཀླུང་གི་བྱེ་མ་སྙེད་དུའང་ཕྱིན་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རླུང་དང་།མེ་དང་།ས་དང་། ་ཆུ་དང་།ཉི་མ་དང་།ཟླ་བ་དང་།སྐར་མཱ་དང་།གཟའ་དང་།རི་དང་།ཚུལོ་དང་།ཆུ་དང་།ཤིང་དང་།ལྕེའི་ཕོ་བྱུང་དང་།ཀླུའི་ཕོ་བྲང་ཡང་རྫུ་འཕྲུལ་གྱིས་སྤྲུལ་ནུས ་ཏེ།དེ་བས་ན་བསམ་གཏན་གྱི་མཐུ་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱ།བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱང་སྤྲུལ་ནུས་སོ།།དགའ་བོ་མཽདྒལ་གྱི་བུ་ཆེན་པོ་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་གྱིས་རྣམ་པ་སྣ་ཚོགས་སུ་སྤྲུལ་ཅིང་ཏིང་ངེ ་འཛིན་གྱིས་ཆེན་པོ་འདིའང་མགལ་མ་བསྐོར་བ་བཞིན་དུ་བསྐྱེད་ནུས་ཏེ།མང་དུ་ཐོས་པས་ནི་དེ་ལྟར་མི་ནུས་པར་རིག་པར་བྱའོ།།བཅོམ་ལྡནི་འདས་ཀྱིས་དགའ་བོ་ལ་ཁྱོད ་ས་ཆེན་པོ་སྤྲུལ་ཅིག་ཅེས་བཀའ་སྩལ་པ་དང་།དགའ་བོས་གསོལ་པ།བདག་ལ་བསམ་གཏན་གྱི་ཏིང་ངེ་འཛིན་མ་མཆིས་པོས་སྦྲུལ་རྔོ་མི་ཐོག་གོ།བཅོམ་ལྡན་འདས་ཀྱིས ་དགའ་བོ་ལ་བཀའ་སྩལ་པ།བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམ་པ་དགེ་སློང་གིས་འབྲས་བུ་བཞི་མ་ཐོབ་ཀྱང་མང་དུ་ཐོས་པ་ལས་ཁྲི་ཕྲག་བརྒྱ་སྟོང་གིས་འཕགས་སོ།།དེའི་ཚེ་དེའི ་དུས་ན་འོད་མའི་ཚལ་ན་གནས་པའི་དགེ་སློང་ལྔ་བརྒྱ་ཙམ་ཞིག་ཐམས་ཅད་མོང་དུ་ཐོས་པ་རློམ་པ་ལས།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།མཽདྒལ་གྱི་བུ་ཆེན་པོའི ་རྫུ་འཕྲུལ་དང་།ཏིང་ངེ་འཛིན་མཆོག་གོ་ཞེས་གསུངས་པ་ཐོས་ནས་སངས་རྒྱས་གང་ན་བ་དེར་ལྷགས་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།སངས ་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱིས་བདག་ཅག་མང་དུ་ཐོས་པ་བསླབས་ཏེ།མདོ་སྡེ་བཅུ་གཉིས་ཀྱང་ཁོང་དུ་ཆུད་པས་རྒྱལ་ཁམས་ཆེན་པོ་བཅུ་དྲུག་སྙེད ་ཀྱང་བདག་ཅག་ལ་སངས་རྒྱས་དང་འདྲ་བར་གུས་ཤིང་བཀུར་སྟི་བགྱི་ན།ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་ནི་ནམ་ཡང་བླ་ན་མེད་པའི ་བྱང་ཆུབ་ཐོབ་པར་མི་འགྱུར་རོ།།ཞེས་གསུངས་ཞེས་གསོལ་པ་དང་།བཅོམ་ལྡན་འདས་ལ་དགེ་སློང་ལྔ་བརྒྱ་བོ་མཐུན་པར་དུས་གཅིག་ཏུ་བདག་ཅག་ན་མང ་ཐོས་པ་སྣང་ཞིང་བསམ་གཏན་གྷི་ཏིང་ངེ་འཛིན་ལ་སློབ་བོ་ཞེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱི་སྐུ་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་ཁྱེད་མང་དུ་ཐོས ་པ་སྤངས་ཏེ།བསྡམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་གོ་ཞེས་མ་སྨྲ་ཤིག།ངས་བལྟས་ནི་ཁྱེད་ཀྱི་ཤེས་རབ་ནི་སྦྲང་བུའི་འདབ་མས་ཉི་ཟླ་སྒྲིབ་པར་འདོད་པ་དང་། ་དམུས་ལོང་གིས་རི་རབ་ལྷུན་པོ་ལ་འཛེག་པར་འདོད་པ་དང་།གྲུ་གཟིངས་མེད་པར་རྒྱ་མཚོ་ལོ་རྒོལ་བར་འདོད་པ་དང་།བྱ་འདབ་མ་ཆག་པ་ནམ་མཁའ་ལ་འཕུར ་འདོད་པ་བཞིན་ཁྱེད་ཀྱང་དེ་དང་འདྲའོ་ཞེས་བཀའ་སྩལ་པ་དང་།དགེ་སློང་རྣམས་ཤི་བཙམ་དུ་འཇིགས་ཤིང་སྐྲག་པའི་སེམས་སྤྱོས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས ་དགེ་སློང་རྣམས་ལོ་བཀའ་སྩལ་པ།དགེ་སློང་ཁྱེད་མ་འཇིགས་མི་སྒེག་པར་སེམས་ཏིང་ངེ་འཛིན་ལ་ཞོག་ཤིག།དགེ་སློང་རྣམས་ཀྱིས་གསོལ་པ།བདག་ཅག་ལ ་བསམ་གཏན་གྱི་མནྟ་ད་མ་མཆིས་ན།ཏིང་ངེ་ཛིན་དུ་གལ་འགྱུར།ཙམ་ལྡན་འདས་ཀྱིས་པཀ།འསྩལ་པ།ངལ་སྤྱན་དམ་པ་ཡོད་དེ་ད་ཏིང་དེ་འཛིན་ཐོབ་པར་བྱུང་ནས ་བཀའ་སྩལ་པ་དང་།།དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་བསྟན་དུ་གསོལ།བདེག་ཅག་གིས་དེ་བཞིན་དུ་སྐྱོང་བར་འཚལ་ལོ་ཞེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱིས་བཀ ་སྐུལ་པ།སྨན་དུམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ།རྟག་པ་དང་།བསྐུལ་བ་དང་།འཇུག་པ་དང་།སྣང་བྱའོ།།དགེ་སློང་ནམས་ཀྱིས་གསོལ་པ།རྟོག་པ་དང་།བསལ་བདྨ ་འཇུག་པ་དང་།སྐྱོང་བཅི་ལོགས་བདག་ཅིག་གིས་མ་འཚལ་ནུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ།དེ་ནས་སངས་རྒྱས་ཀྱིས་འདིན་དུ་ནས་དཀུའ་སྩལ་ཏོ།།དང་པོ ་སེམས་ནི་རྟོག་པ་ཞེས་བྱ།སེམས་གཉིས་བྱུང་བ་ནི་བསལ་བ་ཞེས་བྱ།སེམས་གསུམ་བྱུང་བ་ནི་འཇུག་པ་ཞེས་བྱ།སེམས་བཞི་ཟུང་བ་ནི་སྤོང་བ་ཞེས་བྱའོ།།གཞན་ཡང ་འདི་ལྟ་སྟེ།བསམ་གཏན་དང་པོ་ལ་རྟོག་པ་ཞེས་བྱ།བསམ་གཏན་གཉིས་པཱ་ལ་བསལ་བ་ཞེས་བྱ།བསམ་གཏན་གསུམ་པ་ལ་འཇུག་པ་ཞེས་བྱ།བསམ་གཏན་བནི ་བ་ལེ་སློང་བ་ཞེས་བྱའོ།།ཤིནན་ཡང་འདི་ལྟ་སྟེ།བསམ་གཏན་ཞེས་བྱ་བ་ནི་ཡུས་དྲན་པ་ཉེ་བར་བཞག་པ་དང་།སེམས་དྲན་པ་ཉེ་བར་བཞག་པ་དང་།ཆོས་དྲན་པ ་བཞག་པ་དང་།ཚོར་བ་དྲན་པ་ཉེ་བར་བཞག་པ་ཡིན་ཏེ།དེ་བཞིན་དུ་མངོན་པར་ཤེས་པ་པཞི་དང་།ཆོས་ཐམས་ཅད་ནི་འདི་ལྟར་ཡང་དག་པར་སྤང་བ ་བཞི་དང་།རྫུ་འཕྲུལ་གྱི་རྐང་པ་བཞི་དང་།བདྲེན་པ་བཞི་དང་།ཏིང་ངེ་འཛིན་པའི་དང་།མཚན་མ་མེད་པ་བཞི་དང་།བྱང་ཆུབ་བཞི་ཡིནྡ་ན།དགེ་སློང་བྱེད་བསམ་གཉེན་དང ་པོའང་གསལ་བར་མ་རྟོགས་ན་བསམ་གཏན་བཞི་དང་།ཆོས་ཐམས་ཅད་ལྟ་ཅི་སྨོས།དགེ་སློང་དག་ཐབས་སྣ་ཚོགས་ཀྱིས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། ་གལ་ཏེ་མྲི་གཙང་བ་ལ་རྟོག་ན་ལུས་ཀྱི་ཆེན་པོ་བཞི་པགས་པ་དང་།རུས་པ་དང་།ཚིགས་པ་དང་།རྣག་ཁྲག་ཟེཀླས་པ་དང་།སྣོད་བུ་གི་དགུ་ཡོད་པའི་ནང་དུ་རྐུ་རྫོགས་ན་ཟག་པ ་བཞིན་དུ་མི་གཙང་བའི་དངོས་པོ་བཤང་གཙོ་ཆེ་ཆུང་དང་།བཙོག་པ་ཤིན་ཏུ་སྦྱོར་རུང་བ་ཟག་པ་མཐོང་ངོ་།།ཏིང་ངེ་འཛིན་དེ་ལས་ཀྱང་དངོས་པོ་རྣམ་པ་སྣ་ཚོགས་མཐོང་བ་ནི་འདི ་ལྟར་གཡོ་བ་དང་།གནས་པ་དང་།རྣམ་པར་སྤྲོས་པ་དང་།རྣམ་པར་སེར་བ་དང་།རྣམ་པར་དཀར་བ་དང་།རྣམ་པར་གནག་པ་ཐ་དད་པ་སྣ་ཚོགས་མཐོང་བས་སེམས ་མ་འཁྲུལ་པར་གྱུར་ན་དངོས་པོ་དེ་དག་མཐོང་བའི་ཚེ་ཕྱིར་བཟློག་པར་བྱའོ།།རུས་པ་དཀར་པོ་དང་།དབུགས་ཕྱི་ནང་དུ་ཆུབ་བགྲང་བའི་རྟོག་པའང་དེ་དང་འདྲའོ།།གལ་ཏེ་ཚུལ ་ཁྲིམས་ཀྱི་རྣ་བ་བཞི་ཉམས་པ་དང་།དགེ་སློང་མས་རྩ་བ་བརྒྱད་ཉམས་པ་དང་།དགེ་བསྙེན་མས་ཁྲིམས་ཀྱི་རྩ་བ་ལྔ་ཉམས་པ་དང་།དགེ་ཚུལ་གྱིས་ཁྲིམས་བཅུ་ཉམས་པ ་དང་།དགེ་སློང་མས་ལྕི་བ་དྲུག་ཉམས་པ་དང་།སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་སྤྱིའི་དཀོར་བརྐུས་པ་དང་།མཁན་པོ་དང་།སློབ་དཔོན་དང་།བླ་མ་དང་།ཕ་མ་དང་།དགེ ་འདུན་གྱི་དཀར་བརྐུས་པ་དང་།ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྦྱར་བའི་གང་ཟག་དེ་ལྟ་བུ་ནི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པའི་ཚེ་བདག་གིས་ལུས་དང་།ངག་རང་ནག་པོ ་བུ་དང་།ཁྲག་ནི་མི་རབ་ཏུ་འབར་པོ་འདྲ་བ་དང་།རུས་པ་ནི་རེ་དང་བྲིག་ལྟ་བུ་དང་།རྩཝ་ནི་ཤིང་ལྟ་བུ་དང་།ནང་ཀྲོལ་ལྔ་ནི་སྲུལ་ལམ་རྩངས་པ་ལྟ་བུར་མཐོང་བ་དང་།ལད་ན་མཚན ་པོ་ཐིགས་ཏེ་རླུང་ཆེན་པོ་ལ་ཆུག་པ་དང་།མགོ་ལ་རི་ཆེན་པོ་ཁྱེར་ཞིང་ལངས་ཀྱང་རྔུབ་འཚེས་པ་དང་།ཁ་ནས་སེང་གེ་འབྱུང་བ་དང་།མིག་ནས་འབར་བུ་མོ་འབྱུང་བ་དང་། ་ནས་སྦྲུལ་ཆེན་པོ་འབྱུང་བ་དང་།རྣ་བ་ནས་འཕར་སྤྱང་འབྱུང་བ་དང་།བཤང་གཅི་ཆེ་ཆུང་ཚུལ་བུར་འབབ་ཅིང་རྒྱ་མཚོ་ལྟ་བུར་མཐོང་བ་དང་།གལ་ཏེ་ཕྱོགས་བཅུའི་སངས་རྒྱས ་ཐམས་ཅད་ཆོ་འཕྲུལ་རྣམ་པ་མང་པོ་སྟོན་པ་མཐོང་ནས་མཚན་མ་དེ་ལྟ་བུ་མཐོང་བའི་ཚ་བས་མ་གཏན་ལས་ལངས་ཏེ།ཚལ་ལམ་རི་དགོན་པར་སོང་སྟེ།ཕྱོགས་སུ་རྒྱས་པར ་མདོ་སྡེ་འདོན་ཅིང་འགྱོད་ཚངས་བྱའོ།།དེ་ལྟར་སྔོན་གྱི་ཁ་ན་མ་ཐོ་བའི་སྡིག་འགྱོད་ཚངས་བྱ་བའང་ཞག་བདུན་ནམ།བདུན་གཉིས་སམ།བདུན་གསུམ ་མཱ་མ།བདུན་བཞི་འམ།བདུན་ལྔ་འམ།བདུན་དྲུག་ག་མ།བདུན་བདུན་གྱི་བར་དུ་འཐོལ་ཚངས་བྱའོ།།དེ་ལྟར་སྡིག་སྦྱངས་ནས་བསམ་གཏན་བསྒོམ་པར་བྱ་སྟེ།དེ་ལ ་སྡིག་ཆུང་བ་ནི་བགས་ཀྱིས་བདག་གི་ལུས་བཻ་ཌཱུརཱྀའི་རི་ལྟ་བུར་མཐོང་བར་འགྱུར་རོ།།གང་རྩ་བ་བཞི་མ་ཉམས་པ་ནས།རང་བཞིན་གྱི་ཁྲིམས་ལྕི་བ་ལྔའི་བར་དུ་མི་ཉམས ་པ་ནི་ཏིང་ངེ་འཛིན་དུ་འཇུག་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོན་པ་དང་།དེ་ཡང་ན་བདེན་པ་བཞི་འམ།ཡང་དག་པའི་སྤོང་བ་བཞིའམ།རྫུ་འཕྲུལ ་གྱི་རྐང་པ་བཞིའམ།སྡུག་བསྔལ་བའམ།བཟོད་པ་འམ།སྤྱི་བོ་དང་།འཇིག་རྟེན་མཆོག་གི་ཆོས་སྟོན་པ་དང་།ཡང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་།བསམ ་གཏན་བཞི་དང་།སྐྱེས་བུ་ཡ་བརྒྱད་ཀྱི་ཆོས་དང་།སྟོང་པ་ཉིད་བཞི་དང་།ཏིང་ངེ་འཛིན་གསུམ་དང་།རྣམ་པར་ཐར་པ་བརྒྱད་སྟོན་པར་མཐོང་བ་དང་།ཏིང་ངེ་འཛིན་ལས ་མུན་ནག་མཐོང་བ་དང་།སྣང་པོ་མཐོང་ན་ཏིང་ངེ་འཛིན་དེ་ལས་ལངས་ཏེ།ཤིནྡྷཏུ་དགའ་བའི་སེམས་བསྐྱེད་པར་བྱའོ་ཞེས་བཀའ་སྩལ་པ་དང་།དགེ་སློང་དག་ཕྱིར་གནས ་པའི་ཚལ་དུ་དོང་སྟེ།བསམ་གཏན་གྱི་ཏིང་ངེ་འཛིན་ཉིན་ཞག་བདུན་བསྒོམས་པས་ཐམས་ཅད་ཀྱི་དགྲ་བཅོམ་པ་ཐོབ་པར་གྱུར་ནས།བཅོམ་ལྡན་འདས་གང་ན་བ་དེར་ལྷགས ་ཏེ།སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་ཀྱིས་བསྟེན་པ་བཞིན་འཁོར་བ་ལས་ཐར་ཏེ་བླ་ན་མེད་པའི་འབྲས་བུ་ཐོབ་བོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དེ་ལྟར་ཐོབ་ན་ཆོ་འཕྲུལ་བསྟན་པའི་དུས་ལ་བབ་པོ་ཞེས་བཀའ་སྩལ་པ་དང་།དགེ་སློང་ལྔ་བརྒྱ་རྣམས་སྟེང་གི་བར་སྣང་ལས་འཕགས ་ཏེ།ཉལ་བ་དང་།འདུག་པ་དང་།འགྲོ་བ་དང་།སྡོད་པ་དང་།ལུས་ལ་མེ་དང་།ཆུ་ལ་སོགས་པ་འབྱུང་བའི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མངོན་པར་བསྟན་ཏེ།དེའི་ཚེ་མང ་དུ་ཐོས་པའི་དགེ་སློང་རྣམས་བསམ་གཏན་བསྒོམས་པས་མཽདྒལ་གྱི་བུ་ཆེན་པོ་དང་འདྲ་བར་རྫུ་འཕྲུལ་ཐ་མི་དད་པར་གྱུར་ཏོ།།དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དམ་པའི་ཆོས་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཇི་སྲིད་དུ་གནས་ཤིང་དུས་ངན་པའི་ཚེ་སེམས་ཅན་ཇི་སྙེད་ཅིག་ཆོས ་འདི་བསྒོམས་པས།དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།ངདུ་ཕྱིན་ཆད་དཔྱིད་ཟླ་འབྲིང་པོ་ལ་རྩཝ་མཆོག་གི ་གྲོང་ཁྱེར་དུ་མངན་ལས་འདའོ།།དམྱ་ངན་ལས་འདས་ནས་ལོ་བརྒྱང་ནུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན་མཛད་འབྱུང་སྟེ།དུར་ཁྲོད་དང་ཤྲཱིང་དྲུང་ན ་གནས་ཤིང་འདི་ཡིད་ལ་བྱེད་དོ།།རྟོག་པ་དང་།བསལ་བ་དང་།འཇུག་པ་དང་།སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ་སྟོང་ཕྲག་དགུས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར ་འགྱུར་རོ།།ལོ་སུམ་བརྒྱའི་བར་དུ་ནི་སེམས་ཅན་སྟོང་ཕྲག་བརྒྱ་ལ་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་བཞུ་འཐོབ་པར་འགྱུར་རོ།།ལོ་སུམ་བརྒྱ་ཕན་ཆད།ལོ་ལྔ་བརྞྞ ་ཚུན་ཆད་ནི་ངའི་ཉེ་གནས་རྣམས་བྱུགས་ཀྱིས་མི་དག་པའི་ཆོས་སྤྱོད་།།ཕྲག་དོག་གི་སེམས་ཀྱིས་ལོག་པའི་འཚོ་བས་འཚོ་བར་འགྱུར་རོ།།སྟོང་ཕྲག་ལྔ་བརྒྱ་ལ་སྟོང་ཕྲག་བཅུས ་དགེ་སྦྱོང་གི་འབྲས་བུ་ཐོབ་བོ།།ལོ་ལྔ་བརྒྱ་ཕན་ཆད་བརྒྱད་བརྒྱ་ཚུན་ཆད་ངའི་ཉེ་གནས་རྣམས་ཁྱིམ་པའི་གོས་གྱོན་ནུས་བ་ལུང་དང་།ལུག་དང་།བྱི་ལ་དང་།བོང་བུ་དང་། ་གསོ་ཞིང་འབྲུ་མང་པོ་སོག་སྟེ།རང་གི་ལག་དར་ཞིང་རང་ཟ་བ་དང་།བྲན་པོ་དང་།བྲན་མོའི་གསོ་བར་འགྱུར་ཏེ།དེའི་ཚེ་སྟོང་ཕྲག་སྟོང་ལ་སྟོང་ཕྲག་གཅིག་གིས་དགེ་སྦྱོང་གི ་འབྲས་དུ་བནི་ཐོབ་པར་འགྱུར་རོ།།ལོ་བརྒྱད་བརྒྱ་ཕན་ཆད་ནས་མོ་སྟེང་བུན་ཆད་ན་ངའི་ཉེ་གནས་རྣམས་སྡིག་པའི་ཆོས་བསླབ་སྟེ།རྒྱལ་པོ་དང་།རྒྱལ་བུ་དང་།བློན་པོ ་ཆེན་པོ་དང་།ཁྱིམ་བདྲག་ལ་གྲོགས་པོར་བསྟོན་ཅིང་ཕུན་ཚུན་ཐཱ་ན་ཕྲིན་གྱིས་འདྲུལ་ཞིང་།ཞིང་མཽ་བརྐོ་བྱེད་དོ།འབྲུ་གཟན་མང་པོ་དང་།གསོར་དང་།དངུལ་དང་།རིན་པོ་ཆེ་སྣ ་བདུན་སོག་ཅིང་ཤ་ཟ་ཞིང་ཆང་འཐུང་སྟེ།ཆེན་པོ་བཞི་གསོ་ཞིང་བརྟས་པར་བྱེད་པ་དང་།སྨད་འཚོང་མ་ལྟར་གོས་སྦུ་གུ་གྱོན་ཞིང་འདྲིད་པ་དང་།སླུ་བའི་ལས་བྱེད་དེ།དེ་ལ ་འབུམ་ཕྲག་ཁྲི་ལྔ་བརྒྱ་ཙམ་ཞིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་བོ།།ལོ་སྟོང་ཕན་ཆད་སུམ་བརྒྱ་ཚུན་ཆད་ནི་ཚེ་ཐང་དུ་འཁྲུགས་ཏེ།ངའི་ཉེ་གནས་རྣམས་ལུས་ཆོས་གོས ་གྱོན་ཡང་ཤིང་གི་ཁ་ལ་འཕནྡ་རྙིང་བཏགས་པ་འདྲ་སྟེ།གཟི་བྱིན་ཡང་མེད།ཁྱིམ་པས་མཐོང་ནའང་བཀུར་སྟི་མི་བྱེད་པས་ཤན་པ་དང་འདྲ་བར་འགྱུར་རོ།།དེའི་དུས་ན་ཡུལ ་ཁམས་ཀྱང་འཁྲུགས་ཏེ།གཅིག་ལ་གཅིག་དགྲ་བྱེད་ཅིང་གསོད་པས་རྒྱལ་པོ་དང་བློན་པོ་དང་།ཕ་མ་དང་།བུ་དང་།བུ་མོའང་གཅིག་ལ་གཅིག་དབྲོ་བྱེད་དེ།བྱམས་པ་དང་སྙིང ་བརྩེ་བའི་སེམས་ཀྱང་མེད་པས་བཟའ་བ་དང་བཏུང་བས་ཉོན་མོངས་ཏེ།ཁྱིམ་ཐབ་མེད་པ་དང་།ཆུང་མ་མེད་པ་དང་།བུ་ཕོ་མེད་པ་དང་།བུ་མོ་མེད་པ་དང་།ལོང་བ་དང་།འོན ་པ་དང་།ལྐུགས་པ་དང་།དབང་པོ་མ་ཚང་བ་དང་།བྲན་ཕོ་དང་།བྲན་མོ་ལས་བྲོས་པ་ཡུལ་ཁམས་ཕུང་བར་བྱེད་པ།འཚོ་བས་རང་མི་སོས་པ་དག་པའི་ཆོས་ལ་ཞུགས་ནས ་ཁྱིམ་པ་རྣམས་ཀྱིས་ཀྱང་རྔོན་པ་དང་འདྲ་བར་ལྟ་སྟེ།དཔེར་ན་ལྷའི་གླང་དང་།རྟ་རྒོད་དྲིམ་བལ་གླང་རྒྱས་པ་ལྷུར་གདུལ་དཀའ་བ།རང་དཀར་ཡང་འགྲོ ་བ།སློབ་དཔོན་དང་།སློབ་མའང་མི་རྒོད་མ་རུངས་པ་དང་འདྲ་སྟེ།འདོད་ཆགས་ལ་བག་མེད་པར་སྤྱོད་ཅིང་བླ་མྦ་དང་འོག་མིའི་རིམ་པའང་མེད་པ་དང་།བཟུང་ངན་གྱི་རིམ ་པའང་མེད་དེ།དུད་འགྲོ་ཕྱུགས་དང་འདྲ་བ།ཁ་ན་མ་ཐོ་བའི་སྡིག་པ་མང་པོ་བྱེད་ཅིང་ངན་སོང་གསུམ་གྱིས་མི་འཇིགས་པར་གུར་སོང་བར་གནས་ཀྱང་ཆང་འཚོང་བ་དང་། ་ཤན་པ་དང་།རྔོན་པ་དང་།སྨད་འཚོང་མ་དང་།སྟེན་ཅིང་འགྲོགས་པ།ཁ་ནས་ངག་སྡིག་པ་སྨྲ་ཞིང་སེམས་ལའང་སྡིག་པ་སེམས་པ་དང་།ཡང་ན་བློན་པོ་དང་སྟེན་ཅིང ་དགེ་བའི་མི་དག་ལ་ཐབས་སྣ་ཚོགས་ཀྱིས་བསྡིགས་ཤིང་ནོར་ཕྲོགས་ཏེ་བུ་སྨད་གསོའོ།།ཡང་ན་རྔོན་པའི་ཡོ་བྱད་ཉེ་རྒྱལ་སོགས་པ་འཆང་ཞིང་ཉ་ལ་སོགས་པ་བཅུས ་ནས་རང་གི་ལག་བདརཱ་ཏེ་གསིད་པ་དང་།སྲེག་པ་དང་།ཟླ་བ་ཉེ་བ་དང་།ཤི་བའི་ཚེ་གསོ་སྦྱོང་མི་བྱེད་དེ་རང་ཉམས་སུ་གཏོང་བ་དང་།ཚུལ་ཁྲིམས་ཀྱི་ལས་བྱེད་པ ་རྣམས་ཕན་ཚུན་རྩོད་ཅིང་བླ་མ་དང་།འོག་མ་དང་།གྲོགས་པ་ལ་ཞེ་སྡང་བ་དང་།གདུག་པའི་སེམས་བསྐྱེད་པ་དང་།སློབ་དཔོན་དང་།སློབ་མའང་གཅིག་ལ ་གཅིག་སྐྱོན་འདྲུ་ཞིང་།འཕྱ་བ་དང་སྒྲོགས་པའི་གཏམ་སྨྲ་སྟེ།དཔེར་ན་རྩངས་པ་མང་པོ་ཀུན་གཅིག་ཏུ་འདུས་པ་དང་འདྲ་བ་དང་།ཕན་ཚུན་དཔུང་དང་སྡེ་ཚན་གཅིག་ལ་གཅིག ་ཚིག་དྲན་གྱིས་སྨ་འབེབས་པ་དང་།བླ་འོག་གི་རིམ་པའང་མེད་པ་དང་།མི་རྒོད་མ་རུངས་པ་ལྟར་དགེ་བ་བྱེད་པ་ལས་འཕྲོག་རློམ་བྱེད་པ་དང་།ཁེ་དང་གྲགས་པ་ལ་ཆགས་ཏེ ་ཆོས་མི་ཤེས་པར་གྱུར་པ་དེའི་ཚེ།མདོ་སྡེ་བཅུ་གཉིས་ཀྱང་ནུབ་པར་གྱུར་ཏེ།ཀློག་པ་དང་།འདོན་པའང་མེད་པ་དང་།དེའི་སློབ་མ་རྣམས་ཀྱང་དགྲ་ཆོས་དང་།གཙུག ་ལབྲུ་དང་།ཡི་གེ་དང་།རྩེ་བྱ་དང་།བཞིན་པ་དང་།བོན་ཆོས་དང་།མིག་མངས་དང་།གླུ་གར་དང་།ངུ་བ་དང་།སྤྱུགས་པ་དང་།འཕང་རྩལ་དང་།རྟ་དྲུག་པ་ལ་སོགས ་པའི་ཆོས་མ་ཡིན་པ་སློབ་ཅིང་སྤྱོད་དེ་དེ་ལྟར་མ་ལེགས་པའི་ཆོས་སྤྱོད་པས་ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྷུང་སྟེ།བསྐལ་པ་གྲངས་མེད་པར་ངན་སོང་གི་སྡུག་བསྔལ་མྱོང་ནས ་དེ་ལས་ཐར་ནས་ཡང་བྱོལ་སོང་དུ་སྐྱེ་སྟེ།ལྟོགས་པ་དང་།སྐོམ་པ་དང་།སྡུག་བསྔལ་གྱིས་ཉེན་པ་དང་།ཁལ་ལྕི་བུ་འགེལ་ཞིང་འགྲོ་བར་འགྱུར་རོ།།ཕྱི་ཞིག་ན་སྦྱངས ་པའི་ཡོན་ཏན་སློབ་པའང་ཆོས་མ་ཡིན་པ་མང་དུ་བྱེད་དེ།རི་དང་།ཚལ་དང་།དུར་ཁྲོད་དང་།ཤིང་དྲུང་ན་མི་གནས་ཤིང་རྟག་ཏུ་གྲོང་དུ་རྒྱུག་སྟེ།སེམས་ལ་རྟོགསོ་པ ་མང་སྙིང་ཁོ་དང་གྲགས་པ་ཚོལ་ཏེ།ནོར་རྫས་དང་།ལོངས་སྤྱོད་ལ་ཆགས་ཤིང་།ཆོག་མི་ཤེས་པ་དང་།ཆོས་སྟོན་པའི་བཤད་མཁན་ཞིག ་ཡིན་ནའང་སངས་རྒྱས་ཀྱི་ཆོས་སྟོན་པའང་ཁྲི་ཙཱམྦ་ལ་གཅིག་ཙམ་ཡང་ཐོག་ཏུ་མི་ཕེ་བོས་ཏེ།འཁོར་མང་པོ་དང་འགྲོགས་ནས་གྲོང་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་ནས ་ཁྱིམ་པ་ལ་ཆོས་སྟོན་པའང་ཁེ་དང་གྲགས་པའི་ཕྱིར་ཏེ།ལྗོངས་སྤྱོད་མང་དུ་སོགས་ཤིང་ཤུན་པ་དང་འདྲའོ།།ཤ་དང་ཆང་ལོ་མི་སྤྱོད་པོ་དག་གིས་དགེ་སློང་དག་ཁྱེད ་ནོ་བཙུན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ན།སྙིང་རྗེའོ་སེམས་ཀྱང་མེད་དེ།འདི་ལྟར་ཆོས་མ་ཡིན་པ་མང་དུ་སྤྱོད་པས་ཁྱོད་ནི་ཤུན་པ་དང་འདྲའོ་ཞེས་སྤྱོ་ཞིང ་བརྒྱུད་པར་འགྱུར་རོ།།དགེ་སློང་དེ་དག་དྲི་སྐད་གྲ་ཤེ་བ་ཐོས་ནས་ཀུན་ལོག་སྟེ།དེ་ལ་རྡེག་པ་དང་།གཤེ་བ་དང་།བརྒྱད་བཀག་སྟེ།གཅིག་ལ་གཅིག་འདི་སྐད་དུ ་སླའོ།།དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི་ངེད་ཤ་དང་ཆང་འཐུང་བ་མ་གནང་སྟེ།དེ་དང་དྲི་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ད་ནི་ཅིའང་སྣང་བས་དེང་ཤ ་དང་ཆང་འཐུང་བ་ཡིན་ནོ།།ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་གཅིག་ལ་གཅིག་བདག་ཅག་གིས་ཤེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་འདྲའོ་ཞེས་སྨྲ ་ཞིང་ལ་ལ་ནི་ཚིག་ཀྱལ་པ་དང་།དོན་མེད་པའི་ཚིག་དང་།འགྲན་དོར་གྱི་ཚིག་དང་།འཁྲུལ་པའི་ཚིག་དང་།ཏམ་སྨྲ་ཞིང་དཔེར་ན།དམུས་ལོང་ཞིག་འཛུབ་མོ་གཉིས་ཉི་མ་ལ་བཙུགས་ཏེ།ཉི་མ་ཡ ་གི་ནི་བྱིན་ཆུང་ངོ་།།ཡངས་སོ།།དོག་གོ་ཞེས་སྨྲ་བ་འམ་མི་འོན་པ་ཞིག་བདག་གིས་གནམ་གྱི་སྟང་ན་ཆོས་འཆད་པའི་སྒྲ་ཐོས་སོ་ཞེས་ཟེར་བ་དང་འདྲ་བར་དམུས་ལོང་མང་པོ་ཚོགས་ཏེ། ་འཇིག་རྟེན་ནི་འཇམ་དཔལ་དང་འོད་སྲུང་ཆེན་པོ་ལ་སོགས་པ་སྤྲུལ་ཏེ།དྲིའི་ངང་ནུ་བཞུགས་ཀྱང་ཀུན་གྱིས་རྡེག་ཅིང་ཀ་ཤེ་སྟྭཾ།དེ་ནས་སྐྲོད་ཅིང་འདུག་ཏུ་མི་སྟེར་རོ།།གཞན་ཡང་དཔེར་ན་སོང ་གྲེ་ནི་སྤོས་ཀྱི་རི་ལ་གནས་ཏེ།རི་དགས་དང་།གཅན་ཟན་གྲང་ཡང་གནས་དྲར་ཉེ་མི་བཟོད་དོ།།སེང་གེ་རི་དེ་ལས་བྱུང་སྟེ་སོང་བའི་འོག་ཏུ་ནི་གཅན་ཟན་གདུག་པ་ཁྲོ་བ་ལ་སོགས་པ་གཅིག། ་གིས་གཅིག་བོས་ཏེ།སྤོས་ཀྱི་རི་ལ་ལྷགས་ནས་འབྲས་བུ་ཞིམ་པོ་ཟ་ཞིང་ཆུ་མིག་ལ་འཐུང་ངོ་།།དེ་ལྟར་ཟ་ཞིང་འཐུང་བ་ལས་ཐམས་ཅད་སྐམས་ཤིང་མེད་པར་གྱུར་ཏེ།སྤོས་ཀྱི་རི་ལ ་གནས་པའི་ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར་བས་རྗེ་གདུག་པ་སྐྱེས་ཏེ་ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་འགྱུར་རོ།།ང་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཐམས་ཅད་ཀྱི་མ་ངས ་བསྟན་པའི་མདོ་སྡེ་བཅུ་གཉིས་འདོན་ཅིང་ཀློག་པའང་གོང་མ་ནི་བར་དུ་བཅུག།བ་ར་མ་ནི་འོག་ཏུ་བཅུག།འོག་མ་ནི་གོང་དུ་བཅུག།བར་མ་ནི་འོག་དང་།ཐ་མར་བཅུག་སྟེ།དོན ་མ་ཡིན་པ་ལ་དོན་ཞེས་ཟེར།དོན་ལྡནི་དྲན་མ་ཡིན་ཞེས་ཟེར་ཏོ།ཇི་ལྟར་མྱ་སྟེགས་ཅན་དྲག་སོ་སོ་ནས་ངའི་གཞུང་ནི་བདེན་པ་ཡིན་ནོ་ཞེས་ཟེར་བ་དང་འདྲའོ།། ་དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་གཟི་བརྗིད་དང་མཐུ་མེད་དོ།།ལ་ལ་ཞིག་འདྲོན་ཏམ་ཀློག་ཀྱང་མི་གཅིག་འགའ་ཡང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ ་པ་མེད་དོ།།དེ་ལྟར་ངའི་སློབ་མ་རྣམས་ཀྱང་རྒྱལ་པོ་སྲིད་སྟོར་བྲིའིན།བྱ་འདབ་མ་མེད་པ་དང་འདྲ་སྟེ།གཙུག་ལག་ཁང་དང་།མཆོད་རྟེན་ཡང་སྟོངས་ཤིང་ཞིག་རལ ་གསོ་བའང་མེད་དོ།།དེ་ལྟར་སྐུ་གཟུགས་དང་བ་དན་དང་།རིན་པོ་ཆེའི་གདུགས་ཡོད་པའང་དགྲ་ཆ་ཞིག་པ་དང་འདྲ་སྟེ།ཕུག་རོན་དང་།བྱེའུ་དང་།ཕག་དང་།ཁྱི་དང་།ལུག ་ལ་སོགས་པའི་ཚད་དང་།གནས་སུ་འགྱུར་རོ།།དགེ་སློང་སོ་སོ་ན་འདུག་པའི་གནས་ནི་བྱི་དོར་བཟུང་དུ་བྱེད་དོ།།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།འདིའང ་ཁྱེད་ལ་མདོ་ཙམ་ཞིག་བཤད་པ་ཡིན་ནོ།།དགའ་བོས་སངས་རྒྱས་ཀྱི་ས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ་ངུས་སོ།།དེ་ལྟར་དགའ་བོས་ཡིད་གདུང་ཞིང་ངུ་བ་མ་བཏང་བ ་ལས།བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།ཁྱོད་དེ་ལྟར་མ་དུ་བར་མདོ་སྡེ་འདི་གཟུངས་སུ་གཟུང་ལ་འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག།དེ་ནས་དགའ་བོས ་གདོང་མཆི་མ་ཕྱིས་ནས།བཅོམ་ལྡན་འདས་ལ་བདག་གིས་གཟུངས་སུ་བཟུང་ངོ་ཞེས་གསོལ་ཏོ།།བརྒྱ་བྱིན་དང་།ལྷ་དང་།མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས ་སོ།།བཙུན་པོ་བདག་ཅག་གིས་ཡོངས་སུ་བཟུང་སྟེ།གང་ཞིག་མདོ་སྡེ་འདི་རི་འ་མ།ཚལ་ལམ།ཤིང་དྲང་ངམ།བས་མཐའ་འམ།དུར་ཁྲོད་ན་གནས་ཏེ་འདོན་ཏམ ་ཀློག་ནཱ་བདག་ཅག་གིས་ལྷ་དང་།མིའི་འཁོར་དང་།མི་མ་ཡིན་པ་དང་བཅས་ཏེ།གནས་དེར་འགྲོ་ཞིང་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་གམ་ཚིག་གཅིག་ཙམ་ཡང་མི ་བརྗེད་མི་ཉམས་པར་བཟུང་ངོ་ཞེས་གསོལ་ཏོ།།མདོ་སྡེ་འདི་གསུངས་པའི་ཚེ་དགེ་སློང་སྟོང་སྙེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་གྱུར་ཏོ།།དགེ་སློང་མ་སྟོང་ལྔ ་བརྒྱས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།།དགེ་བསྙེན་ལྔ་བརྒྱས་ཡོངས་སུ་དག་པར་གྱུར་ཏེ།ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པས་ཕྱག་བྱས་ནས་ཕྱིར ་དོང་ངོ་།།འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་རྫོགས་སོ།།།།རྒྱུ་གླར་སྐད་དུ།ཨཱརྱ་མ་ཧཱ་ས་ན་ནི་པཱ་ཏཱ་རཏྣ་ཀྲྀ་ཏུ་དྷཱ་ར་ནྣི་ནཱ་མཱ་མོ་ཧཱ་ཡཱ་ན་སཱུ་ཏྲ ་