CLOSE WINDOW

N108: 'phags pa yongs su mya ngan las 'das pa chen po'i mdo
Wyliee-texts produced with BDRC’s OCR application

བྱི་མཁན་པོ་ཛི་ན་མི་ཏྲ་དང་།ཛྙཱ་ན་གརྦྷེ་དང་།ཞུས་ཆེན་ཀྱི་ལོ་ཙྪ་བ་བནྡེ་དཾཔྟ་ཙཱནྡྲ་སྱོ་བསྐུར་ཏེ་གཏན་ལ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་མ་ཧཱ་པཱ་རི་ནིཎྚེ ་ཎཱ་སཱུ་ཏྲ།།བོད་སྐད་དེ།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།།སངས་རྒྱས་དྲང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག ་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ཆེན་པོ་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚོལ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ཕྱི་མའི་དུས་དང་ཉེ་བར་གྱུར་པ་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལྟ་བཀུའ་སྩལ་པ།ཀུན ་དགའ་བོང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས་ལ་བླ་མར་བྱེད་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་ར་བ་ལ ་དགའ་བ་དང་ལྡན་པར་འགྱུར་ཞིང་ཤེས་པ་ལ་མཁས་པ་དང་ཤེས་རབ་དམ་པ་དང་ལྡན་པའི་རངོ་བཞིན་ཅན་དུ་འགྱུར་རོ།།ཀུན་དགའ་བོའང་དེའི་ཚེ་ནི་རྒྱལ་པོ་མྱ་ངན ་མེད་ཅེས་བྱ་བ་ཛེམྦུའི་གླིང་གི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་ཏེ།དེང་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་རིང་བསྲེལ་གྱི་མཆོད་རྟེན་རྒྱ་ཆེར་བྱེད་པར་འགྱུར ་རོ།།ཀུན་དགའ་བོང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་པ་ལ་ནི་བསྟན་པ་ལ་རྣམ་པར་གྲོལ་བའི་སྙིང་པོ་ཅན་དུ་འགྱུར་རོ།།ཉན་ཐོས་རྣམས་ཀྱོང་ང་ལ་སྦྱིན ་པར་རྟོག་ཅིང་སྟོན་པར་མཁས་པར་བྱེད་པར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནསཱ་ལོ་བརྒྱ་ཕྲག་གསུམ་པ་ལ་ནི་བསྟན་པ་ལ་བསྒྲུབ་པ་སྙིང་པོར་བྱེད ་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་པོར་འགྱུར་བའི་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་མཐོང་བར་ཐོབ་པ་དང་ཤེས་རབ ་ཀྱིས་རྣམ་པར་གྲོལ་བར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་བཞི་པ་ལ་ནི་བསྟན་པ་ལ་རྣམ་པར་དབེན་པའི་སྙིང་པོར་བྱེད་པར་འགྱུར་རོ།། ་ངའི་ཉན་ཐོས་རྣམས་ཀྱང་ནང་དུ་ཡང་དབུ་འཇོག་ལ་དགའ་བར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདིས་ནས་ལོ་བརྒྱ་ཕྲག་ལྔ་པ་ལི་ནི་བསྟན་པ་ལ་ཆོས་ལ ་མར་བྱེད་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་ར་བ་ལ་མངོན་པར་དགའ་བར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངནི་ལས་འདས་ནས་ལ ་བརྒྱ་ཕྲོག་དྲུག་པ་ལ་ནི་བསྟན་པ་ལ་ཀློག་པ་དང་འདོན་པ་ལ་མངོན་པར་དགའ་བར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་བརྩོན་འགྲུས་རྩོམ་པར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས ་སུ་མྱ་ངན་ལས་འདས་ནུས་ལྔ་བརྒྱ་ཕྲག་བདུན་པ་ལ་ནི་བསྟན་པ་ལྔ་མཆོད་པ་སྙིང་པོར་བྱེད་པར་འགྱུར་རོ།།ལྷ་དང་ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་ནམ ་མཁྱེའུ་ལྡིང་དང་།མི་མཅི་ད་།སྟེ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་རྣམས་བསྟན་པ་ལ་བསྙེན་བཀུར་བྱེད་ཅིང་བླ་མར་བྱེད་པོར་འགྱུར་བ་དང་།རྗེད་པར་འགྱུར་བ་དང་། ་མཆོད་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་རྙིང་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་སྤྱིར་ལེན་པོར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ། ་བརྒྱ་ཕྲག་བརྒྱད་པ་ལ་ནི་བསྟན་པ་ལ་ཞལ་ཏ་བྱེད་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་ཕན་ཚུན་གནོད་པ་བྱེད་པར་འགྱུར་ཞིང་ཡི་གེ་ལ་སེམས ་པར་ལྟ་བ་ལ་མཁས་པ་དང་།མཁན་པོ་དང་སློབ་དཔོན་ལ་མོ་གུས་པ་དང་།ཤེས་བཞིན་མེད་པར་གནས་པར་འགྱུར་བ་དང་།སྒྱུ་དང་ལྡན་ཞིང་རང་ཉིད་སྐྱེས་བུ ་ངན་པའི་ཚིག་ཏུ་སྨྲ་བ་དང་།དགེ་འདུན་དང་མཆོད་རྟེན་གྱི་ནོར་ཁྱིམ་ན་གནས་པ་དང་།རྒྱལ་པོའི་ཕོ་བྲང་དུ་བསྡུ་བ་བྱས་ནས་རྣམ་པར་འཇིག་པར་བྱེད་པར་འབྱུང་བར་འགྱུར། ་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ན་སཱ་ལོ་བརྒྱ་ཕྲག་དགུ་པ་ལ་ནི་བསྟན་པ་ལས་སྙིང་པོར་བྱེད་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་ཁྱིམ་གྱི་བྱ་བའི ་ལས་བྱེད་པ་ལ་བརྩོན་པར་འགྱུར་རོ།།ཞིང་གི་ལས་ཀྱི་མཐའ་ལ་དགའ་བ་དང་།ཉོ་ཚོང་ལ་མངོན་པར་དགའ་བ་དང་།འདོད་པ་ལ་རབ་ཏུ་འཇུག་ཅིང་ཕོ་ཉེར་གཏོང་བས ་འཚོ་པོ་བསྲུབ་པར་འགྱུར་བ་དང་།ལེ་ལོ་ཅན་དུ་འགྱུར་བ་དང་།དེ་བཞིན་གཤེགས་པས་ལེགས་པར་བཅས་པའི་བསླབ་པ་རྣམས་བསྲུང་བར་མི་འགྱུར་རོ།།ཀུན་དགའ ་པོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་གི་ནི་བསྟན་པ་ལ་གཏམ་གྱི་སྙིང་པོར་བྱེད་པར་འགྱུར་རོ།།ངའི་ཉན་ཐོས་རྣམས་ཀྱང་གཏམི་སྣ་ཚོགས་ལ་མངོན་པར་དགའ ་བྱ་དང་ལྡན་པར་འགྱུར་ཞིང་གང་གི་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་གསུང་འདི་ལྟ་སྟེ།མདོའི་སྡེ་དང་།དབྱངས་ཀྱིས་བསྐྱེད་པའི་སྡེ་དང་།ལུང་བསྟན་པའི་སྡེ་དང་། ་ཚིགས་སུ་བཅད་པའི་སྡེ་དང་།ཆེད་དུ་བརྗོད་པའི་སྡེ་དང་།གླེང་གཞིའི་སྡེ་དང་།རྟོགས་པ་བརྗོད་པའི་སྡེ་དང་།དེ་ལྟ་བུ་བྱུང་བའི་སྡེ་དང་།སྐྱེས་པའི་རབས་ཀྱི་སྡེ་དང་།ཤིན ་ཏུ་རྒྱས་པའི་སྡེ་དང་།རྨེད་དུ་བྱུང་བའི་སྡེ་དང་།ཆེས་རྣམ་པར་གཏན་ལ་དབབ་པར་བསྟན་པའི་སྡེ་རྣམས་སྤངས་ནས་སྦྱོར་བ་གཞན་དང་ལྡན་པར་གནས་པར་འགྱུར་ཏེ།འདི་ལྟ་སྟེ། ་རྒྱལ་པོའི་གཏམེ་དང་།རྐུན་པོའི་གཏམ་དང་།ཐབ་མོའི་གཏམ་དང་།ཟས་ཀྱི་གཏམ་དང་།བཏུང་བའི་གཏམ་དང་།གྲོགས་ཀྱི་གཏམ་དང་།བདག་གི་གཏམ་དང ་ཁྱད་པར་གྱི་གཏམ་དང་།གཞོན་ནུའི་གཏམ་དང་།གྲོང་ཁྱེར་གྱི་གཏམ་དང་།རྒྱ་མཚོའི་གཏམ་སྟེ།དེ་ལྟ་བུ་ལ་སོགས་པའི་གཏམ་རྣམས་ལ་ངེས་པར་དགའ་བར་འགྱུར་རོ།། ་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ངའི་དམ་པའི་ཆོས་སྤོང་བར་བྱེད་པར་འགྱུར་རོ།།ཆོས་འདུལ་བ་འདི་ལ་བཏང་སྙོམས་སུ་བྱེད་པར་འགྱུར་རོ།།གང་དགེ་སློང་རྣམས་དང་།དགེ ་སློང་མོ་རྣམས་དང་།དགེ་བསྙེན་དང་།དགེ་བསྙེན་མ་རྣམས་ཏེ།དེ་དག་ཀྱང་ལུས་མ་བསྒོམས་པ་དང་།ཚུལ་ཁྲིམས་མ་བསྒོམས་པ་དང་།ཤེས་རབ་མ་བསྒོམས་པ ་དང་།འཐུབ་པར་བྱེད་པ་དང་།མཚང་འདྲུ་ཞིང་རྩོད་པར་སྨྲ་བ་ལ་བརྩོན་པར་བྱེད་པར་འགྱུར་རོ།།ལྷུང་བཟེད་བཟང་པོ་དང་ཆོས་གོས་བཟང་པོར་འགྱུར ་ཞིང་ལོ་བརྒྱར་བསྲུང་བར་བྱ་བའི་ཕྱིར་ཚུལ་ཁྲིམས་ཀྱང་མྱུར་དུ་འདོར་བར་འགྱུར་རོ།།འདི་ལྟ་སྟེ་སྡིག་པ་ལ་ངེས་པར་སེམས་ཤིང་འདྲེས་པས་སྡིག་པ་དང་ཡིད་མི་བདེ་བྱེ ་ལ་སོགས་པས་དེ་བཞིན་དུ་ལོ་བརྒྱུར་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱང་མྱུར་དུ་འཇིག་པར་བྱེད་པར་འགྱུར་རོ།།ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ ་སྟོང་ཚིག་བརྒྱ་ན་དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་འབྱུང་བར་འགྱུར་བ་ནི་འཁོར་དང་གཡོག་མང་བར་འགྱུར་རོ།།ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིང ་གཡོག་ཉུང་བར་འགྱུར་རོ།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྡུག་བསྔལ་བ་དང་ཡིད་མི་བདེ་བར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ ་ལྡན་འདས་ཆོས་འདུལ་བ་འདི་ལ་སྙིང་པོར་གྱུར་པ་གང་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ།ཀུན་དགེའ་བོ་དྲན་པ་ཉེ་བར་བཞག་པ་བཞི་དང་།ཡང ་དགེ་བར་སྤོང་བ་བཞི་དང་།རྫུ་འཕྲུལ་གྱི་རྐང་པ་བཞི་དང་།དབང་པོ་ལྔ་དང་།སྟོབས་ལྔ་དང་།བྱང་ཆུབ་ཀྱི་ཡན་ལག་བདུན་དང་།འཕགས་པའི་ལམ་ཡན་ལག ་ཚུ་སྤྲུལ་པ་རྣམས་ཀྱིས་མཽད་རྒྱུས་ཁྲུན་དང་རྒྱུན་པ་རྣམ་འ་ར་གྱུ་།དེ་དག་ས་ས་ས་ཞིང་གི་དྷཱའི ་ངན་འགྲོད་ན་སོང་དུ་རྣམ་པ་བྱུང་ནས་སྡུག་ཁྲིསྩལ་བར་འགྱུར་རོ།།དེའི་ཚི་ག་ཤིག་ཁྲོ་བ་མེད་པར་གྱུར་པ་དེ་དག་ཐམས་ཅད་ནི་བདཱུ་རྣམས་སུ་སྐྱེ་བར་འགྱུར་རོ།།ཙ ་ལྡན་འདས་ཀྱིས་དེ་སྣོད་ནུས་བཀའ་སྩལ་ནིས་ཚེ་དང་ལྡན་པཀུན་དུགདྷཱ་བོ་དང་།དགེ་སྦྱོང་དེ་དག་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་།ལྷ་དང་།མེ་དང་། ་མ་ཡིན་དང་ནམ་མཁའ་ལྡིང་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཡོངས་སུ ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྫོགས་སྷོ།རྒྱུ་གར་གྱི་མཁྱེན་པོ་ཀ་མ་ལ་གུབྷྲཱུ~ཾ་དང་།ཞུས་ཆེན་གྱི་ལི་ནཱི་བཾ་དགེ་སློང་རིན་ཆེན་བཟུང ་ས་བསྐུ་།།།རྒྱ་གར་སྨ་དང་།།ོཾརྱ་ཨཱཏྱ་ཏཱ་ནཱནཱ་མ་མཉྫུ་མཱ་ས+འུདྡྷི།བོད་བྱུང་ང་།འཕགས་པ་འདི་ལབས་ཤེས་ན ་