| Wylie | e-texts produced with BDRC’s OCR application |
བགྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ནིར་དེ་ཤན་ནཱ་མ་མ་ཧཱ་ཡཱ་ན ་སཱུ་ཛྲ། བོད་སྐད་དུ་འཕགས་པ་ཆོས་ཅན་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་ནང་ན། ལྷའི་བདུན་ས་ཆོས་བཟངས་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང ་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ ་བཟུགས་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱངས་པ་བྱང་ཆུབ་སེམས་དཔའ ་། སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར ་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་སོར་ཆུད་པར་བྱེད་པའི་སྟོབས་དང་རྟེན་གྱི་སྟོབས་སོ།། དེ་ལ་རྣམ་པར་སུན ་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་ན། དེ་ལ་གཉེན་པ་མང་བ་ཡིན་ནོ།། དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང ་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ།། དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་ནི། སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ།། དེ ་ཁ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་སྐྱངསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་རྟེན ་པས་སྡིག་པས་ཟིལ་གྱི་གནོན་པར་མི་ནུས་སོ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། སྡིག་པ་བྱས་ཤིང ་བསགས་པ་ཟིལ་གྱིས་ནོན་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ངོས་མདོ་འདི་རྟག་ཏུ་ཀླག་པར་བྱའོ།། ཁ་ཐོན་དུ་བྱའོ།། བསམ ་པར་བྱའོ།། བསྒོམ་པར་བྱའོ།། མང་དུ་བྱའོ།། དེས་ན་ཉེས་པར་སྤྱད་པ་འབྲས་བུ་འབྱིན་མི་ནུས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་དགེ་སློང་དེ་དག་དང་བྱང་ཆུབ ་སེམས་དཔའ་དེ་དག། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན ་བོ་སུ་རེན་དྲ་བོ་སྡེ་དང་ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ.ཨཱརྱ ་ཙ་ཏུར་དྷ་མ་ཀན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་བོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ་