CLOSE WINDOW

L97: sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་བིདྲཱ་ཀ་ར་ས~ཾ་ཧ་དང་། ཤུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཝ་ཙན་ཏྲས་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། བུད་དྷ་ཨ་ནུ་སཱི་ཏི་ས་མ། ་དྷི་ས་མུ་དྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་རྗེ་སུ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་གུས་པས་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་སེར་སྐྱེའི་གནས་ཤིང་ནྱ་གྲོ་ཏའི་གཞལ་མེད་ཁང་ན་བཞུག་སོ།། ་དེའི་ཚེ་ཤཱཀྱ་མིང་ཆེན་ཞེས་བྱ་བས། སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ཏེ། དབྱར་ཟླ་གསུམ་མཆོད་པ་བྱསོ།། ཚུལ་ནས་བྱུང་ནས། དེའི་ཚེ་ཡབ ་ཟས་གཙང་མ་དང་། གོའུ་ཏ་མི་འཁོར་དང་བཅས་ཏེ། དགེ་འདུན་གྱི་གནས་ཁང་དུ་ལྷགས་ནས། སངས་རྒྱས་ཀྱི་དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་ཅིང་ཕྱག་འཚལ་ཏེ། ་ཚེམས་ཤིང་དང་སྲན་ཆེ་ཕུལ་ནས་དགའ་བོ་ལ་འདི་སྐད་ཅེས་སྨྲ་སོ།། བདག་ཅག་བཅོམ་ལྡན་འདས་གང་ན་བཞུགས་པར་འགྲོ་ན་རུང་ངམ་ཞེས་གསོལ་པ་དང་། དེ་ནས་དགའ ་བོས་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རྒྱལ་པོ་ཡབ་འདིར་ཕྱིན་ན། དམ་པའི་ཆོས་གླེ་བ་ལ་སྤོབས་པ་སྐྱེད་པར ་འགྱུར་དུ་ངེས་ཀྱིས། ཁྱོད་སོང་ལ་དགེ་སློང་རྣམས་ཀྱང་སྦྲོན་ཅིག། སྐྱེད་མོས་ཚལ་དུ་སོང་ལ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཤཱ་རིའི་བུ་དང་། མོའུ་འགལ་ཡ་ན་དང་། ་ཀ་ཏྱ་ཡ་ན་དང་། མ་འགགས་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ཀྱང་། དུས་གཅིག་ཏུ་འདུས ་ཤིག་པར་སྦྲོན་ཅིག་ཅེས་བཀའ་སྩལ་པའི་གསུང་དབྱངས་ཀྱིས་ཕྱོགས་བཅུ་ཀུན་ཏུ་གྲགས་པར་གྱུར་ཏོ།། དེའི་ཚེ་ལྷའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང ་བོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ན་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་ཕྱེ་ཆེན་པོའི་དབང་པོ་དང་། ཀླུའི་དབང་པོ་ལ་སོགས་པ་ཐམས་ཅད ་འཁོར་དང་བཅས་ཏེ་འདུས་པར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་ཡབ་ཀྱང་ཤཱཀྱ་མིང་ཆེན་ལ་སོགས་པ་ཤཱཀྱའི་བུ་ཁྲི་ཕྲག་སུམ་ཅུ་རྣམས་དང་འགྲོགས་ཏེ། ལྷན་ཅིག་ཏུ་བཅོམ་ལྡན ་འདས་ཀྱི་ཞལ་མེད་ཁང་དུ་ལྷག་སོ།། དེའི་ཚེ་བཅོམ་ལྡན།། འདས་ཀྱིས་གཞལ་མེད་ཁང་ལ་དེ་དག་གིས་ཤེལ་གྱི། རི་བོ་དང་འདྲ་བར་མཐོང་སྟེ། མགྲིན་གཅིག་ཏུ ་བཅོམ་ལྡན་འདས་ལ་སྤྱི་བོས་གཏུགས་ནས་ཕྱག་འཚལ་ཏོ།། མགོ་མ་བཏེག་པའི་བར་དུ་སངས་རྒྱས་ཀྱི་སྤྱན་སྔ་ན། རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་པདྨོ་ཆེན་པོ་གཅིག་ཡོད ་བར་གྱུར་ཏེ། པདྨོའི་དེའི་སྟེང་ན་འོད་ཀྱི་ཁང་པ་ཆེན་པོ་རྩེགས་པ་ཆེན་པོ་གཅིག་ཡོད་པར་མཐོང་ངོ་།། རྒྱལ་པོ་ཡབ་ཀྱིས་དེ་ལྟ་བུ་དེ་དག་མཐོང་ནས། རབ་ཏུ་དགའ་བའི་སེམས ་སྐྱེས་ཏེ། ངོ་མཚར་རྨད་དོ་ཞེས་བསྔགས་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་རྒྱལ་པོ་ཡབ་འདུག་པ་ལས ་། ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བདག་གི་སྲས་ལགས་ཏེ། བདག་ནི་དེ་བཞིན་གཤེགས་པའི་ཡབ་ལགས་ན། ་བདག་གིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཐོང་བ་ན། ཕྱི་རོལ་འབའ་ཞིག་ནི་མཐོང་གི། ནང་གི་དོན་ནི་མ་མཐོང་ངོ་།། དོན་གྲུབ་ཁྱོད་ཁབ་ན་བཞུགས་པའི་ཚེ། བྲམ་ཟེ་མཚན ་མཁན་གྱིས་བལྟས་ན། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་ངོ་།། ད་མངོན་པར་རྫོགས་པར་སངས་རྒྱས་ནས་འོད་ཟེར་མངོན་པར་སྣང་བ་ནི། སྔོན་པས་ཁྲི་ཕྲག ་དུ་མས་འཕགས་ན། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་དག་ཇི་ལྟ་བུར་སངས་རྒྱས་ཀྱི་སྐུའི་གཟུགས་དང་། ་མཚན་དང་། དེ་བཞིན་གཤེགས་པའི་འོད་ཟེར་རྟ། མའི་ཚད་བརྟག་པར་བགྱི་བ་ལྷའི་མཆོག་གིས་བདག་དང་ཕྱི་མ་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྤང ་དུ་རྣམ་པར་ཕྱེ་སྟེ་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་འཛིན་ལ་མཉམ་པར་བཞག་གོ།། ཏིང་འཛིན་དེ་ལས། ་བཞེངས་ནས། འཛུམ་པ་མཛད་དེ། སངས་རྒྱས་དག་གིས་ཆོས་ཉིད་ཀྱིས་འཛུམ་པ་མཛད་ན། ཁ་དོག་རྣམ་པ་ལྔ་དང་ལྡན་པ་འོད་ཟེར་ཞལ་གྱི་སྒོ་ནས་བྱུང་ངོ་།། ཁ་དོག་རྣམ་པ ་ལྔ་པོ་དེ་དག་ལས་འོད་ཁ་དོག་ལྔ་བརྒྱར་གྱུར་ནས། ཞལ་གྱི་སྒོ་ནས་བྱུང་སྟེ། རྒྱལ་པོ་ཡབ་ཀྱི་སྤྱི་བོ་ལ་རེག་པར་བྱའོ།། རྒྱལ་པོ་ཡབ་ཀྱི་སྤྱི་བོ་ནས་འོད་དེས་འོད་ཀྱི་ཁང ་བརྩེགས་པ་སྣང་བར་བྱས་སོ།། འོད་ཀྱི་ཁང་པ་བརྩེགས་པ་ལ་གཞལ་མེད་ཁང་སྣང་བར་གྱུར་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང ་པོ་བརྩེགས་པ་སྣང་བར་བྱས་སོ།། འོད་ཀྱི་ཁང་པ་བརྩེགས་པ་ལ་གཞལ་མེད་ཁང་སྣང་བར་གྱུར་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་གྱུར་ཏེ། ཕྱིར་བཅོམ ་ལྡན་འདས་ཀྱི་གཙུག་ཏུ་ནུབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། མ་འོངས་པའི་སེམས་ཅན ་རྣམས་ཀྱིས་སངས་རྒྱས་མཐོང་བར་འགྱུར་བའི་ཆོས་དེ་བཞིན་གཤེགས་པས་བཤད་པར་བྱའོ།། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། རྒྱལ་པོ་ཡབ་བཅོམ ་ལྡན་འདས་ལ་ཕྱིར་ཉན་ཏོ།། དེ་ནས་བཅོམ་ལྡན་འད་ས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཛམ་བུའི་གླིང་ན་སེང་གེའི་རྒྱལ་པོ་བྱེ་མ་ལ་ཞེས་བྱ་བ་ཡོད་དེ། ་སེང་གེའི་ཆོས་ཀྱིས་ལོ་བཞི་བཅུར་ཚང་ན་ཕོ་མོ་གདོད་ཕྲད་དེ། ལན་ཅིག་འཁྲིལ་མ་ཐག་ཏུ་མཆོང་ཞིང་སྒྲ་སྒྲོག། ས་ཏེ། འགྲེ་ཞིང་ལུས་རྡེབས་ཀྱང་སྣང་བ་མེད་དོ།། སེང ་གེ་དེའི་ཕྲུ་གུ་མའི་མངལ་ན་འདུག་པའི་ཚེ་ན་ཡང་། རི་དྭགས་ཀྱི་རྒྱལ་པོ་དེ་ཉིད་དང་ཐ་དད་པ་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཤེས་པར་གྱིས་ཤིག། མངལ་ན་གནས་པའི་ཚེཿ། ་སྒྲོགས་ཤིང་། འཕུར་བ་ལྟུང་བ་དང་། འགྲོ་བ་བོག་པར་གྱུར་པ་ནི་མི་སྲིད་དོ།། རྒྱལ་པོ་ཡབ་ཀྱིས་གསོལ་པ། བཅོམ་ལྡན་འདས་རི་དྭགས་ཀྱི་རྒྱལ་པོ་དེའི་ཕྲུ་གུ་མའི་མངལ་ན ་མཆིས་པའི་ཚེ་ན། མགོ་དང་། མིག་དང་། མཆེ་བ་དང་། སྡེར་མོ་དང་། རལ་བ་དང་། ལྕང་ལོ་ལ་སོགས་པ་ཀུན་པ་དང་འདྲ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ ་ཁོ་ཆེན་པོ་ཕ་དང་མི་འདྲ་བ་མེད་དེ། མཐུ་རྩལ་ནི་ཕའི་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ ་ཕྱི་མ་མ་འོངས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལོགས་པ་ཐམས་ཅད་ལས་གང་ཡང་རུང་། ལུས་དྲང་པོར་བསྲང་སྟེ། སེམས་རྩེ་གཅིག་ཏུ་ནང་དུ་ཡང་དག་པར་གཞག། ་ནས། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རྗེསུ་དྲན་པར་བྱེད་ན། གང་ཟག་དེའི་སེམས་ནི་སངས་རྒྱས་ཀྱི་ཐུགས་དང་འདྲ་བས་སངས་རྒྱས་དང་ཐ་མི་དད་དེ་ཉོན་མོངས་པས་ཤིན་ཏུ ་ཉོན་སྤོངས་ཀྱང་ཉེས་པ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་ཏེ། ཕྱི་མ་མ་འོངས་པའི་དུས་ན་ཆོས་ཀྱི་ཆར་ཆེན་པོ་འབེབས་པར་རིག་པར་བྱའོ།། རྒྱལ་པོ་ཡབ་གཞན་ཡང་འདི་ལྟ། ་སྟེ་ཤིང་ཨེ་རན་ཌ་ཞེས་བྱ་བ་ནི་ཤིང་ཙན་དན་དང་། ལྷན་ཅིག་ཏུ་མ་རི་ཞེས་བྱ་བའི་རི་ལ་སྐྱེའོ།། གོ་ཤ་རི་ཤ། ཞེས་བྱ་བའི་ཙན་དན་ནི། ཨེ་རན་དའི་ཚལ་ན་སྐྱེ་བ ་ཚད་དུ་མ་ཕྱིན་ཅིང་པའི་འོག་ན་འདུག་པའི་ཚེ་ན། མྱུ་གུ་དང་སྡོང་བུ་དང་། ཡལ་ག་དང་། ལོ་མ་ནི་འཇམ་བུ་གླིང་གི་འོད་མའི་མྱུགུ་དང་འདྲ་བས་འཇིག་རྟེན་པ་དག་གིས ་མི་ཤེས་ཏེ། འདི་སྐད་དུ་རི་འདི་ལ་ཨེ་རན་ད་འབའ་ཤིག་སྐྱེའི། ཙན་དན་ནི་མེད་དོ་ཞེས་ཟེར་རོ།། ཨེ་རན་ད་ནི་ཤིན་ཏུ་དྲི་མི་ཞིམ་སྟེ། དྲི་མི་ཞིམ་པའི་ཚད་ནི་རོ་རུལ་པ། ཞིགས ་པ་ལྟར་དཔག་ཚད་བཞི་བཅུའི་བར་དུ་བྲོའོ།། དེའི་མེ་ཏོག་ནི་ཁ་དོག་ལེབ་རྒན་དུ་འདུག་ལ་ཀུན་གྱི་ཡིད་དུ་འོང་ངོ་།། དེ་ལ་ལ་ཞིག་གིས་ཟོས་ན་སྤྱོས་ཏེ་འཆིའོ།། གོར་ཤི ་ཤ་ཞེས་བྱ་བའི་ཙན་དན་ཚལ་དེ་ན་སྐྱེ་མོད་ཀྱི། ཚད་དུ་མ་ཕྱིན་པས་དྲི་བསུང་ཡང་མི་བྲོའོ།། བགས་ཀྱིས་སྐྱེས་ཏེ་སྟོན་གྱི་ཟླ་བའི་གྲངས་ཚང་ནས་ས་ལས་འཕགས་ཏེ། ་ཙན་དན་གྱི་སྡོང་པོར་གྱུར་པ་ན། འཇིག་རྟེན་པ་དག་གིས་གོར་ཤིར་ཤ་ཞེས་བྱ་བའི་ཙན་དན་འབའ་ཤིག་གིས་དྲི་ཞིམ་པོ་བྲོ་བར་ཚོར་གྱི། ཨེ་རན་དའི་དྲི་ངན་པ་ནམ་དུ ་ཡང་མི་བྲོའོ།། རྒྱལ་པོ་ཆེན་པོ་སངས་རྒྱས་རྗེསུ་དྲན་པ་དག་ཀྱང་དེ་དང་འདྲ་སྟེ། རྗེསུ་དྲན་པའི་སེམས་དེས་ན་བྱང་ཆུབ་རྣམ་པ་གསུམ་ཡང་མཐོང་བར་འགྱུརརོ།། གཞན། ་ཡང་རྒྱལ་པོ་ཡབ་འཛམ་བུ་གླིང་དང་གླིང་བཞིན།། བྱ་ན་མཁའ་ལྡིང་གི་རྒྱལ་པོ་ཡང་དག་དབྱངས་ཤེས། བྱ་བ་ཡོད་དེ། བྱ་ཐམས་ཅད་ཀྱི་དབང་པོར ་གྱུར་པ། བྱ་དེའི་རྣམ་པར་སྨིན་པའི་ལས་ཀྱིས་ཟས་སུ་ཀླུ་ཟ་སྟེ། ཉིན་རེ་རིམས་ཀྱིས་འཛམ་བུ་གླིང་ན་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟའོ།། ཕྱིད་ཉིན་ཡང ་ཤར་གྱི་ལུས་འཕགས་གླིང་དུ་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟའོ།། དེ་བཞིན་དུ་ནུབ་ཀྱི་བན་གླང་སྤྱོད་དུ་ཡང་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟའོ།། ་དེ་བཞིན་དུ་རིམས་ཀྱིས་བྱུང་གི་སྒྲ་མི་སྙན་དུ་ཡང་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟ་སྟེ། དེ་བཞིན་དུ་གླིང་བཞིར་མཐར་གྱིས་འཁོར་ཞིང་བརྒྱད་སྟོང་གི་བར ་པའོ།། དེ་ནས་ན་མཁའ་ལྡིང་གི་རྒྱལ་པོ་དེ་དུས་ཟས་ནས་འཆི་བའི་ལྟས་མངོན་དུ་ཐུང་ནས། ཀླུ་ཐམས་ཅད་ཀྱང་ཁ་དང་ལུས་ཀུན་ནས་གདུག་པ་འབྱིན་པས། ཟས་མི།། ་།། རྙེད་དེ་ལྟོགས་ནས་རི་གཟར་པོ་ཀུན་ལ་རྒྱུ་ཞིང་ཤིན་ཏུ་མི་བདེ་བར་གྱུར་ཏེ། རྡོ་རྗེའི་རི་ལ་ཕྱིན་པ་དང་ཅུང་ཟད་ཅིག་བསྟིས་ནས་རྡོ་རྗེའི་རི་ལས་བབས་ཏེ། ་ཆུ་ཆེན་པོའི་གཏིང་དུ་ཕྱིན་པར་སོང་ངོ་།། ཆུ་ཆེན་པོའི་གཏང་ནས་རླུང་གི་འཁོར་ལོ་ཐུག་གོ།། རླུང་གིས་བུས་ཕྱིར་ཡང་རྡོ་རྗེའི་རི་ལ་ཕྱིན་པར་གྱུར་ཏེ། དེ་བཞིན་དུ་ཡན ་མན་དུ་ལན་བདུན་སོང་ནས་གདོད་འཆི་བའི་དུས་བྱེད་དོ།། ཤི་བའི་དུས་བྱས་ནས་དེ་ཉིད་ཀྱིས་གདུགས་པས། རིན་པོ་ཆེའི་རི་བཅུ་ལ་མེ་འབར་ཏེ། དེའི་ཚེ་ཀླུའི་རྒྱལ ་པོ་དགའ་བོས་དེ་ལྟར་འབར་ཞིང་ཚིག་པ་མཐོང་ནས་ཤིང་རྟའི་འཁོར་ལོ་ཙམ་གྱི་ཆར་ཆེན་པོ་བབ་སྟེ།། མེ་དེ་དག་རབ་ཏུ་ཞི་བར་བྱའོ།། དེ་ནས་བྱ་དེའི་ཕུང་པོ་ཞིག་སྟེ ་ཤ་ཟད་ནས་སྙིང་འབའ་ཤིག་ལུས་སོ།། སྙིང་དེ་ཡང་སྔ་མ་བཞིན་དུ་ལན་བདུན་གྱི་བར་དུ་ཡན། མན་དུ་སོང་ནས། གདོད་རྡོ་རྗེའི་རྩེ་མོར་ཆག་སོ།། དེ་དག ་ཀླུའི་རྒྱལ་པོ་དགའ་བོས་རྙེད་ན་གཙུག་གི་ནོར་བུར་འདོག་སོ།། འཁོར་ལོ་བསྒྱུར་བའི་རྒྱལ་པོས་རྙེད་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་འགྱུར་རོ།། རྒྱལ་པོ་ཆེན་པོ་གང ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སངས་རྒྱས་རྗེསུ་དྲན་པ་ཡང་དེ་དང་འདྲའོ།། རྒྱལ་པོ་ཆེན་པོ་གཞན་ཡང་རི་ཁ་ཅན་ལ་ཤིང་ཨ་འགའ་ཏ་ཞེས་བྱ་བ་ཡོད་དེ། ་དེའི་འབྲས་བུ་ནི་རབ་ཏུ་ཆེ་ལ། ཚིག་གུ་ནི་ཤིན་ཏུ་ཆུང་ངོ་།། ཤིང་དེའི་འབྲས་བུ་ཐོག་མ་རི་སྤོས་ཀྱི་ངད་ཅན་ལས་རླུང་གི་བུས་ནས་རི་ཁ་བ་ཅན་ལ་ཕྱིན་པར་གྱུར་ཏོ།། ་ཀུན་གྱི་ས་དཚན་པོ་དང་གནོད་སྦྱིན་དག་ན་མི་གག་ནོག་ན་གནས་ཏེ། དེ་དག་གིས་མི་གཅང་བ་དང་བྱིས་ས་གང་བཀང་བའི་སྟེང་དུ་རླུང་དྲག་པོས་ཁབ་བྱས། ་ཏེ་བཀབ་ནས། ཕྱིས་ཀྱིས་གཅོང་རོང་དཔག་ཚད་ལྔ་བཅུ་པ་དག་ཏུ་གྱུར་ཏོ།། ལུད་ཀྱི་དུགས་ཀྱིས་འབྲས་བུ་དེ་སྐྱེས་ནས་རྩ་བ་དང་། སྡོང་བུ་དང་། ཡལ་ག་དང་། ལོ ་མ་དང་། མེ་ཏོག་ཀྱང་རྒྱས་ཏེ། དཔྱིད་ཀྱི་དུས་སུ་རླུང་གི་མཐུས་ཁ་བ་བཞུ་ནས་ཤིང་གི་སྡོང་པོ་འབའ་ཤིག་ལུསོ།། ཤིང་དེའི་འབྲས་བུའི་ཁ་དོག་དང་། དབྱིབས་ནི་འཛམྦ། ་གླིང་ན་དཔེར་བྱར་མེད་དེ། འབྲས་བུ་དེའི་དབྱིབས་ཟླུམ་ལ་ཆེ་ཁྱད་དཔག་ཚད་ཕྱེད་ཙམ་མོ།། དེ་དག་དབྲམ་ཟེ་དག་གིས་ཟོས་ན་རིགས་འཛིན་གྱི་ལམ་ཐོབ་ཅིང ་མངོན་པར་ཤེས་པ་ལྔ་དང་ལྡན་ལ། ཚེ་ཡང་སོལ་པ་གཅིག་ཐུབ་སྟེ་དེའི་བར་དུ་མི་རྒས་མི་འཆིའོ།། འཇིག་རྟེ། བ་གཞན་དག་གིས་ཟོས་ན་རྒྱུན་ཏུ་ཞུགས་པ་འཐོབ་པར ་འགྱུ་རོ།། ལན་ཅིག་ཕྱིར་མི་ལྡོག་པས་ཟོས་ན་དགྲ་བཅོམ་པར་འགྱུར་ཞིང་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་འཐོབ་བོ།། མི་ལ་ལ་ཞིག་གིས་འབྲས་བུ་དེ་རྙེད་དེ་འཛམྦུ ་གླིང་དུ་ལུད་ཀྱིས་བཏབ་པའི་ས་ལ་རྨོས་ན་མཐོ་ཁྱད་ཤིང་ཏ་ལ་གཅིག་གི་སྲིད་དུ་སྐྱེའོ།། ཤིང་དེའི་མིང་ནི་ཨུ་རུལ་ཏ་ཞེས་བྱ་སྟེ། ཤིང་ཏོག་ནི་ཏ་ལིག་ཅེས་བྱའོ།། འབྲས་བུ་དེ་ཚེ ་ཁྱད་བྲེ་ལྔ་ཤོང་བའི་བུམ་པ་ཙམ་མོ།། འཛམ་བུ་གླིང་གི་མིས་ཟོས་ན་ཚ་ངའི་ནད་ལ་ཕན་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སངས་རྒྱས་ཀྱི་སྤྱོད ་།། ཡུལ་ནང་དུ་ཡང་དག་པར་འཇོག་ཅིང་ཡིད་བྱས་པ་ཡང་དེ་དང་འདྲའོ།། རྒྱལ་པོ་ཆེན་པོ་གཞན་ཡང་བརྒྱ་བྱིན་གྱི་ཀུན་དགའི་ར་བ་ན་ཤིང་བ་རིད་ཙི་ཏྲ་ཞེས་བྱ་བ་སྐྱེས་ཏེ། ་ལྷའི་བུ་མོ་དག་གིས་མཐོང་ན་ལུས་དང་སེམས་མི་བཟོད་པ་ཙམ་དུ་རབ་ཏུ་དགའ་བར་འགྱུར་རོ།། བརྒྱ་བྱིན་གྱིས་མཐོང་ན་འདོད་པའི་འདུ་ཤེས་སྐྱེས་ཏེ། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་རྣམ ་ཀྱང་བདེ་བ་ལ་རེག་པར་འགྱུརརོ།། ཤིང་དེ་སྐྱེ་བ་ནི་ཤིང་གི་ཡལ་ག་དག་ཐུར་དུ་གུག་ནས་སའི་འོག་ཏུ་སོང་བ་ལས་ཀྱང་མེ་ཏོག་གི་ཁ་འབུས་ནས་འབྲས་བུ་སྐྱེའོ།། འབྲས་བུའི་ཁ་དོག་ནི། ་གསེར་གཙོ་མ་ལྟར་འདུག་ལ། འོད་ཟེར་ཤིན་ཏུ་ལྷང་དེ་དར་འབར་ཞིང་མེ་ཏོག་དང་ལོ་མ་མི་རྙིས་མི་ལྟུང་སྟེ། ཁ་དོག་ང་རྣམ་པ་བཅུ་དང་ལྡན་ཞིང་འོད་ཟེར་འབར་ལ་རོལ ་མོའི་སྒྲ་དག་འབྱུང་ངོ་།། སྟོན་གྱི་དུས་སུ་ས་ལས་འཕགས་ནས་མཐོ་ཁྱད་དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་རྩ་ལྔར་སྐྱེས་ཏེ། ལྷ་རྣམས་ཀྱིས་མཐོང་ན་རབ་ཏུ་དགའོ།། ་རྒྱལ་པོ་ཆེན་པོ་སངས་རྒྱས་རྗེསུ་དྲན་པའི་ཏིང་འཛིན་ལ་མཉམ་པར་བཞག་པ། ཉོན་མོངས་པའི་ས་ལ་གནས་པ་ཡང་དེ་བཞིན་ཏེ། དེ་སྐྱེ་ཞིང་འབྱུང་བ་ནི་ཇི་ལྟར་རིན་པོ་ཆེའི་ཤིང་དེ ་མཛེས་ཤིང་ལྟ་འདོད་པ་དང་འདྲའོ།། རྒྱལ་པོ་ཆེན་པོ་གཞན་ཡང་བསྐལ་བའི་ཐོག་མའི་ཚེ། མེའི་བསྐལ་པ་གཅིག་བྱུང་། ཆུའི་བསྐལ་པ་གཅིག་བྱུང་། སའི་བསྐལ་པ་གཅིག་འབྱུང ་སྟེང་མའི་བསྐལ་པ་གྲུབ་ནས་དེའི་ཚེ་འོད་གསལ་གནམ་གྱི་ལྷ་དག་འཇིག་རྟེན་འདི་ན་རྒྱུ་ཞིང་ཆུའི་ནང་ན་ཁྲུས་བྱེད་དོ།། ཁྲུས་བྱེད་པ་ན་ཆེན་པོ་བཞིའི་དངས་མ་མོ་མཚན་གྱི་ནང་དུ ་སོང་བས། ལུས་ལ་བདེ་བར་རེག་སྟེ། མོ་མཚན་ནས་ཁུ་བ་བྱུང་ངོ་།། མོ་མཚན་ནས་ཁུ་བ་བྱུང་བ་རླུང་བརྒྱད་ཀྱིས་བུས་པས་འདམ་གྱི་ནང་དུ་སོང་སྟེ། རང་སྒོ་ངར་གྱུར་ཏོ།། ལོ་བརྐྱང་སྟོང ་ལོན་པ་དང་སྒོ་ང་དེ་རྡོལ་ཏེ། དེ་ལ་བུ་མོ་ལུས་མདོག་སྔོ་ལ་གནག་ཁྱད་འདམ་དང་འདྲ་བ་གཅིག་བྱུང་ངོ་།། བུ་མོ་དེ་ལ་མགོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། མགོ་གཅིག་ལ་ཡང་། ་མིག་སྟོང་ཡོད་དེ། ཁ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། ཁ་རེ་རེ་ན་ཡང་མཆེ་བ་བཞི་བཞི་ཡོད་དོ།། མཆེ་བ་དེ་དག་ལས་ཀྱང་གནམ་ལྕགས་དང་འདྲ་བའི་མེ་འབར་རོ།། ལག་པ་ཉིས། ་བརྒྱ་ཉི་ཤུ་རྩ་བཞི་ཡོད་དེ། ལག་པ་དེ་དག་རེ་རེ་ན་ཡང་དགྲ་ཆེ་རེ་རེ་ཐོག་སོ།། ལུས་ཀྱང་ཆེ་ཁྱད་རི་རབ་ལྷུན་པོ་ཙམ་སྟེ། རྒྱ་མཚོར་ཞུགས་ནས་ཆུ་ལ་ཐལ་མོས་རྡེབས་ཤིང་རྩེའོ།། རླུང ་འཁྱིལ་པ་ཞེས་བྱ་བས་རྒྱ་མཚོའི་དངས་མ་བུས་ནས། ཆུའི་དངས་མ་མོ་མཚན་དུ་སོང་སྟེ་མངལ་དུ་བུར་ཆགས། པར་གྱུར་ཏོ།། ལོ་བརྒྱད་ལོན་པ་དང་བུ་ཕོ་གཅིག ་བཙས་ཏེ། བུ་དེའི་ལུས་མ་བས་བཞི་འགྱུར་གྱིས་རིང་ལེ་ཆེའོ།། བུ་དེ་ལ་མགོ་དགུ་ཡོད་དེ། མགོ་གཅིག་ལ་ཡང་མིག་སྟོང་ཡོད།། ཁ་ནས་ཀྱང་མེ་འབྱུང་བ་གྱུང་རོ་ལག་པ་ནི་དགུ་བརྒྱ ་དགུ་བཅུ་རྩ་དགུ། རྐང་པ་ནི་བརྒྱད་ཡོད་དེ། རྒྱ་མཚོའི་ནང་ནས་ལྷ་མ་ཡིན་གྱི་རྒྱལ་པོ་ཐང་ཟངས་རིས་ཞེས་བྱའོ།། ཞེས་མིང་བཏགས་པའི་སྒྲ་རང་བྱུང་ངོ་།། ཟས་སུ་ནི་འདམ་དང་པདྨོའི ་རྩ་བ་ཟ་སྟེ། ཆེར་སྐྱེས་ནས་ལྷའི་བུ་དག་ལྷའི་བུ་མོ་མང་པོས་བསྐོར་བ་མཐོང་ནས་མ་ལ་འདི་སྐད་ཅེས་སྨྲསོ།། ལྷ་ཐམས་ཅད་ལ་འདོད་པའི་ཟླ་ཡོད་ན་བདག་འབའ་ཤིག་ལ་མེད་དོ།། སྨྲེ ་འཛེས་ཏོ།། དེ་ནས་མས་བུ་ལ་སྨྲས་པ། རི་སྤོས་ཀྱི་ངད་ཅན་ལ་ལྷ་དྲི་ཟ་ཞེས་བྱ་བ་ཡོད་དེ། ལྷ་དེའི་བུ་མོ་ཤིན་ཏུ་ཚུལ་ཏུ་ཤིས་ཤིང་དྲུག་ལ། ལུས་མདོག་ཀྱང་ཤེས ་དཀར་པོ་ལྟར་འཇམ་ཞིང་། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་རོལ་མོའི་སྒྲ་རང་འབྱུང་བ་ཞིག་ཡོད་དེ། དེ་ཁོ་མོའི་ཡིད་ལ་བབ་ན་ཁྱོད་ཀྱི་ཡིད་དུ་འོང་ངམ། ལྷ་མ་ཡིན་གྱིས་མ་ལ ་པ་ལེ་གསོ་ཤིན་ཏུ་ལེག་སོ།། སློང་དུ་སོང་ཤིག་ཅེས་བསྒོའོ།། དེ་ནས་ལྷ་མ་ཡིན་གྱི་མ། རི་སྤོས་ཀྱི་ངད་ཅན་ལ་སོང་ནས་ཕྱིན་པ་དང་། རི་དེའི་ལྷ་ལ་འདི་སྐད་ཅེས་སྨྲ་སོ།། ཁོ་མོ་ལ་བུ་ག ་ཡོད་དེ་མཐུ་སྟོབས་ཀྱི་དབང་དུ་གྱུར་པ་གླིང་བཞིའི་ཁམས་ན་དཔེ་ཟླ་མེད་ཀྱིས། ཁྱོད་ལ་བུ་མོ་ཡོད་པ་ཁོ་མོའི་བུའི་མནའ་མར་བསླང་ངོ་ཞེས་སྨྲས་པ་དང་བུ་མོས་ཀྱང་ཐོས་པ་དང ་ལྷ་མ་ཡིན་ལ་འགྲོ་བར་དགའ་སྟེ། དེ་ནས་ལྷ་མ་ཡིན་གྱི་ས་ཆུང་མར་བླངསོ།། ཆུང་མར་བླངས་ནས་རབ་ཏུ་དགའ་བར་གྱུར་ཏེ། བུ་མོ་དང་ལུས་རེག་ནས་རིང་པོ་མ་ལོན ་པར་མངལ་དུ་ཆགས་པར་གྱུར་ཏོ།། ལོ་བརྒྱ་སྟོང་ལོན་པ་དང་བུ་མོ་གཅིག་བཙས་སོ།། བུ་མོ་དེའི་ལུས་བྱད་མཛེས་ལ་སྡུག་པ་ནི་འཇིག་རྟེན་ན་བསྒྲིན་དུ་མེད་དེ་ཁ་དོག་གི་ནང་ན་ཁ ་དོག་དམ་པའི་མདོག་དང་ལྡན་ཏེ། ངོ་ལ་མངའ་བརྒྱད་ཁྲི་བཞི་སྟོང་གིས་རྒྱན་པ། གཡས་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་། གཡོན་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་། མདུན་ནས་ཀྱང་བརྒྱད ་ཁྲི་བཞི་སྟོང་། རྒྱབ་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་གིས་ཤིན་ཏུ་བརྒྱན་ཏེ། ལྷ་མ་ཡིན་གྱིས་ཀྱང་ངོ་མཚར་རྨད་ཀྱི་ཡ་མཚན་དུ་འཛིན་ཏོ།། ཇི་ལྟར་སྐར་མའི་ནང་ན་ཟླ་བ་ལྟར་ངོ་མཚར ་ལ་པ་དང་། ཡཱ་མ་ཡིན་ལ་བུ་མོ་སློང་བའི་ཕོ་ཉ་བཏང་ངོ་།། དེ་ལ་ལྷ་མ་ཡིན་གྱིས་འདི་སྐ་ཅེས་པཔོ།། ཚོང་ལྔའི་རྣམ ་རྨང་དུ་གྱུར་པས་བརྒྱ་བྱིན་ལྷའི་དབང་པོས་ཐོས་པ་དང་། ལྷ་མ་ཡིན་ལ་བུ་མོ་སྤོང་བའི་ཕོ་ཉ་བཏང་ངོ་།། དེ་ལ་ལྷ་མ་ཡིན་གྱིས་འདི་སྐད་ཅེས་སྨྲསོ།། ཁྱོད་ལྔའི་རྣམ་པར་སྨིན་པའི། ་བསོད་ནམས་ཀྱིས་བདག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པར་བྱས་ན། བུ་མོ་ཆུང་མར་སྦྱིན་ནོ་ཞེས་སྨྲསོ།། དེ་ནས་བརྒྱ་བྱིན་གྱིས་ཚིག་དེ་ཐོས་པ་དང་། རབ་ཏུ་སྤྲོ་བའི ་སེམས་སྐྱེས་ཏེ། མགོའི་ཅོད་པན་པུད་ནས་རྒྱ་མཚོའི་ལོགསུ་བསྟན་པ་དང་། དགེ་བ་བཅུའི་རྣམ་པར་སྨིན་པའི་དབང་གིས། ལྷ་མ་ཡིན་དེ་རིན་པོ་ཆེའི་གཞལ་མེད་ཁང་ན་འཇུག་གྱུར ་ཏོ། དེ་ནས་ལྷ་མ་ཡིན་གྱི་རྒྱ་ལོ་རབ་ཏུ་དགའ་མགུ་རངས་ནས། བུ་མོ་ཆུང་མར་བྱིན་ནོ།། དེ་ནས་བརྒྱ་བྱིན་གྱིས་བུ་མོ་དེ་དག་རིན་པོ་ཆེ་རྣམ་པ་དྲུག་གི་ཁང་པ་རྩེགས་པས་བསུཿ། ་ཏེ་ཁང་པ་བརྩེགས་པ་དེའི་ནང་ན་པདྨོ་ཆེན་པོ་དང་། ལྷའི་བུ་མོ་བརྒྱད་ཁྲི་བཞི་སྟོང་སྙེད་སྤྲུལ་ཏེ་བྱུང་བ་བཤ་མས་ནས། བུ་མོ་རྣམས་དཔེར་ན། མི་སྟོབས་པོ་ཆེ་ཞིག ་གི་ལག་ངར་བརྐྱང་བ་ལས་བསྐུམ་པ་ཙམ་གྱི་སྲིད་དུ། བརྒྱ་བྱིན་ལྷའི་དབང་པོའི་གཞལ་མེད་ཁང་དུ་ཕྱིན་པར་གྱུར་ཏོ།། དེའི་ཚེ་ལྷའི་གཞལ་མེད་ཁང་ཡང་སྔོན་པས་བརྒྱ་སྟོང་གིས ་ལྷག་པར་མཛེས་པར་གྱུར་པས། བརྒྱ་བྱིན་གྱིས་ཆུང་མའི་མིང་ཡང་ཡིད་དུ་འོང་བ་ཞེས་བཏག་སོ།། ལྷ་ཐམས་ཅད་ཀྱང་ངོ་མཚར་རྨད་ཅེས་ཡོངསུ་བསྔགས་པར་གྱུར་ཏོ།། ཤར་ཕྱོག ་སུ་བལྟས་ན་ནུབ་ཕྱོགས་ཀྱང་ས་ལེར་སྣང་སྟེ། ལྷོ་ཕྱོགསུ་བལྟས་ན་བྱང་ཕྱོགས་ཀྱང་ས་ལེར་སྣང་སྟེ། བློན་པོ་སུམ་ཅུ་རྩ་གཉིས་རྣམས་ཀྱང་ཡིད་དུ་འོང་བ་མཐོང་བ་ན་དགའ ་བས་ཡོངསུ་བརྒྱན་ཏེ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དགའ་ཞིང་བདེའོ།། དེ་ནས་དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་ཀུན་དགའི་ར་བ་ན་ལྷའི་བུ་མོ་རྣམས་དང་རྫིང ་བུར་ཞུགས་ཏེ་རྩེ་བ་ན། ཡིད་དུ་འོང་ཕྲག་དོག་སྐྱེས་ཏེ། གནོད་སྦྱིན་ལྔ་པའི་སྟེང་དུ་མངགས་ནས་ཕ་ལ་འདི་ཞེས་སྦྲན་ཏོ།། བརྒྱ་བྱིན་བདག་ནི་མི་གནང་གི། ལྷའི་བུ་མོ་རྣམས་དང་རང ་དགའ་ཞིང་རྩེ་ཞེས་སྤྲིང་བས། ཕས་ཚིག་དེ་ཐོས་པ་དང་། ཞེ་སྡང་གི་སེམས་སྐྱེས་ཏེ། དམག་རྣམས་བཤམས་ནས། བརྒྱ་བྱིན་ལ་བརྒལ་བའི་ཕྱིར། རྒྱ་མཚོ་ཆེན་པོའི་ནང་ནས་འགྲེངས ་ཏེ། རི་རབ་ལྷུན་པོ་ལ་སྐུར་རྟེན་བཅས་ནས། ལག་པ་དགུ་བརྒྱ་དགུ་བཅུ་རྩ་དགུ་པོ་ཀུན་གྱིས་རི་རབ་ལྷུན་པོ་དང་། རྒྱ་མཚོ་ཆེན་པོ་བཞི་བསྐུལ་ཞིང་དཀྲུགས་པས་བརྒྱ་བྱིན་རབ ་ཏུ་འཇིགས་ཤིང་གྲགས་ནས་ཉམ་ཐག་པར་གྱུར་ཏོ།། དེའི་ཚེ་ཕོ་བྲང་གི་ལྷས་ལྷའི་དབང་པོ་ལ་འདི་སྐད་ཅེས་སྨྲས། ཀྱེ་རྒྱལ་པོ་ཆེན་པོ་མ་བསྙེངས་ཤིག། སྔ་མ་འདས་པའི ་སངས་རྒྱས་རྣམས་ཀྱིས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་མཆིས་ཏེ། ལྷའི་དབང་པོས་དེ་འཛིན་འཆང་ནས་འདོན་ཅིང་ཡི་དམ་ཆེན་པོར་བྱེད་ན། ལྷ་མ་ཡིན་གྱི ་དམག་རང་ཞི་བར་འགྱུ་རོ་ཞེས་སྨྲས་པ་དང་། དེའི་ཚེ་བརྒྱ་བྱིན་གྱིས་ལྷའི་གཞལ་མེད་ཁང་དུ་སོང་ནས། སྤོས་རྣམ་པ་སྣ་ཚོགས་བསྲེགས་ཏེ། ཡི་དམ་ཆེན་པོར་བཟུང་ནས། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། བདེན་ཏེ་མི་བརྫུན་པ་དག་འཛིན་ཏོ།། འདི་བཟུང་བས་མངོན ་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་ཞེ་ན། ལྷ་མ་ཡིན་གྱི་དམག་ཀྱང་རང་ཞི་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ། ལྷའི་དབང་པོ་བརྒྱ་བྱིན་གྱི་དགེ་བའི་རྣམ་པར་སྨིན་པའི ་བསོད་ནམས་ཀྱིས་སྟེང་གི་ནམ་མཁའ་ལས་རལ་གྲིའི་འཁོར་ལོ་བཞི་ལྷ་མ་ཡིན་གྱི་སྟེང་དུ་རང་ལྷུང་ངོ་།། དེའི་ཚེ་མ་ཡིན་གྱི་རྒྱལ་པོའི་རྣ་བ་དང་། སྣ་དང་རྐ་ལག་ཀྱང་དུ་མར ་ཆོད་དེ། རྒྱ་མཚོར་ལྷུང་ནས་རྒྱ་མཚོ་ཆེན་པོ་ཡང་ཁྲག་གིས་དམར་པོར་གྱུར་ཏོ།། དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་འཇིགས་ཤིང་སྐྲག་སྟེ། འབྲོས་པའི་གནས་མེད་ནས་པདྨོ་རྩ་བའི ་བུ་གར་ཞུག་སོ།། དེ་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅན་གྱི་ལྷ་མ་ཡིན་གྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཀྱང་དེ་ལྟ་བུ་དག་ནུས་ན། སངས་རྒྱས་ཀྱི་ཆོས་རྣམ་པར ་དག་པ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་ལྟ། ཅི་སྨོས་ཏེ། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་སྤྱོད་ཡུལ ་ཡིད་ལ་བྱེད་ན། ཏིངངེ་འཛིན་གྱི་རྒྱ་མཚོ་ཐམས་ཅད་ལ་མཉམ་པར་འཇོག་པར་འགྱུར་ཏེ། གང་ཟག་དེའི་བསོད་ནམས་ནི་བརྗོད་ཅིང་དཔག་ཏུ་མེད་པས། སངས་རྒྱས་རྣམས་དང་སྤྱོད ་ཡུལ་གཅིག་པར་འགྱུརརོ།། དཔེ་དྲུག་ཅེས་བྱ་བའི་ལེའུ་སྟེ་དང་པོའོ།། །། དེ་ལ་ཇི་ལྟར་ན་སངས་རྒྱས་ཀྱི་སྤྱོད་ཡུལ་རྗེསུ་དྲན་པ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས། ་འཇིག་རྟེན་དུ་བྱུང་བའི་ཆོས་ནི་རྣམ་པ་གཉིས་ཡོངསུ་བརྒྱན་ཏེ། གཉིས་དེ་གང་ཞེ་ན། འདི་ལྟ་སྟེ། སྔར་མདོ་སྡེ་བཅུ་གཉིས་ཡོངསུ་རྒྱས་པར་བསྟན་ནས། སྐྱེ་བོ་མང་པོ་དག་ཀློག། ་པ་དང་། འདོར་པ་དང་། ཁོང་དུ་ཆུད་པར་བྱེད་པ་རྣམ་པ་མང་པོ་འདི་དག་ནི་སྦྱིན་པ་ཞེས་བྱའོ།། གཉིསུ་ནི་གཟུགས་ཀྱི་སྐུ་དམ་པ་འཛམ་བུ་གླིང་དང་། ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ཀུན་ཏུ་བསྟན་ནས། སེམས་ཅན་མང་པོ་དག་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཉམས་པ་མེད་པས་ཡོངསུ་བརྒྱན ་ནས་མཛེས་པ་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ནས་རྗེསུ་སྤྱོད་པའོ།། མཚན་དེ་དག་རྒྱུ་གང་ལས་བྱུང་ཞེ་ན། དེ་ཡང་སྔོན་དཀའ་བ་སྤྱོད་པ་བརྒྱ་སྟོང་མང་པོ་དང་། ཕ་རོལ ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཚོགས་བསགས་པ་ལས་མཚན་དེ་དག་བརྙེས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། རྗེསུ་དྲན་པ ་གང་ཞེ་ན། སེམས་ཅན་ལ་ལ་ནི་སངས་རྒྱས་རྗེསུ་དྲན་པར་འདོད་པ་དང་། ལ་ལ་ནི་དེ་བཞིན་གཤེགས་པ་ལ་རྟོག་པར་འདོད་པ་དང་། སངས་རྒྱས་མཐོང་བ་འདོད ་པ་དང་། མཚན་བཟང་པོ་ལ་རྣམ་པར་རྟོག་པར་འདོད་པ་དང་། དེ་བཞིན་གཤེགས་པའི་འོད་ཤེས་པར་འདོད་པ་དང་། སངས་རྒྱས་ཀྱི་སྐུའི་ནང་ལོགས་རིག་པར་འདོད་པ་དང་། ་སངས་རྒྱས་ཀྱི་ཐུགས་རྗེསུ་དྲན་པ་སློབ་པར་འདོད་པ་དང་། དེ་བཞིན་གཤེགས་པའི་གཙུག་ཏོར་རྗེསུ་དྲན་པ་སློབ་པར་འདོད་པ་དང་། སངས་རྒྱས་ཀྱི་ཞབས་ཀྱི་མཐིལ་འཁོར་ལོ་རྩིངས ་སྟོང་དང་ལྡན་པ་རྗེསུ་དྲན་པ་རློབ་པར་འདོད་པ་དང་། དེ་བཞིན་གཤེགས་པ་བལྟམ་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་ཁབ་ན་བཞུགས་པའི ་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། སངས་རྒྱས་དཀའ་བ་སྤྱོད་པའི་དུས་ཀྱི་མཚན་ཤེས་པར ་འདོད་པ་དང་། དེ་བཞིན་གཤེགས་པས་བདུད་བཏུལ་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། ་དེ་བཞིན་གཤེགས་པའི་སྐྱེས་བུའི་མཚན་གསང་པའི་གནས་སྲུབ་སུ་ནུབ་པའི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པས་སུམ་ཅུ་རྩ་གསུམ་གནམ་དུ ་གཤེགས་ཏེ། ཡུམ་སྒྱུ་མ་ལ་ཆོས་བསྟན་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་སུམ་ཅུ་རྩ་གསུམ་གནམ་ནས་བབ་པའི་དུས་ཀྱི་མཚན ་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་གཤེགས་པ་དང་། བཞེངས་པ་དང་། ཞུགས་པ་དང་། གཟིམས་དང་། སྤྱོད་ལམ་བཞིའི་འོད་ཟེར་གྱི་མཚན་ཤེས་པར་འདོད་པ་དང་། ་དེ་བཞིན་གཤེགས་པས་ཀུ་ཤི་ལའི་གྲོང་ཁྱེར་དུ་གྱད་བཏུལ་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་འབྲོག་དགོན་པའི་སྲིན་བཏུལ་བའི་དུས་ཀྱི་བ་སྤུའི ་བུ་གའི་འོད་ཟེར་གྱི་མཚན་ཤེས་པར་འདོད་པ་ཡང་ཡོད་དོ།། རྒྱལ་པོ་ཡབ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས་འཁོར་རྣམ་བཞི་དང་། ལྷ་དང་། ཀླུ་དང་། གནོད ་།། སྦྱིན་ལ་སོགས་པ། སེམས་རྩེ་གཅིག་པར་འདོད་པ་དང་། ཡོད་ལ་བྱེད་པར་འདོད་པ་དང་། རྣལ་འབྱོར་པར་འདོད་པ་དང་། ཏིང་འཛིན་ལ་མཉམ་པར་འཇོག་པར ་འདོད་པ་ཡང་ཡོད་དོ།། རྒྱལ་པོ་ཡབ་དེ་ལ་ཇི་ལྟར་ན་སེམས་རྩེ་གཅིག་དུ་བྱེད་པ་ཞེ་ན། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་མཚན་ཕུན་སུམ་ཚོགས་པ་དང་ལྡན་པ ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཚན་མང་པོ་ལ་མཚན་རེ་རེ་ནས་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི ་མཚན་བཟང་པོ་ཡས་མཐར་གྱིས་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཚན་བཟང་པོ་མས་ཐར་གྱིས་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི ་དེ་བཞིན་གཤེགས་པའི་འོད་ཟེར་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་གཤེགས་པ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས ་པ་བཞེངས་པ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བཞུགས་པ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་གཟིམས་པ་རྗེས ་དྲན་པ་ལ་མོས་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བསོད་སྙོམས་བཞེས་པ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བལྟམ་པ་རྗེ་སུ་དྲན ་བ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བཙུན་མོ་བཞེས་པ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བ་རྗེས་དྲན་པ ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་དཀའ་བ་སྤྱོད་པ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་བདུད་བཏུལ་བ་རྗེས་དྲན་པ་ལ་མོ ་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར ་བརྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་སུམ་ཅུ་གནམ་དུ་གཤེགས་ཏེ། ཡུམ་སྒྱུ་མ་ལ་ཆོས་བསྟན་པ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན ་གཤེགས་པས་འབྲོག་དགོན་པའི་སྲིན་བཏུལ་བ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་ན་ག། ཧཱ་ལར་ཀླུ་རྣམས་བཏུལ་ཏེ། སྐུའི་གཟུགས་བརྙན་བཞག ་པ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་ཀུ་ཤའི་གྲོང་ཁྱེར་ན་གཉེན་གྱི་བུ་ལ་སོཿ། ས་པ། སྟོན་པ་དྲུག་དང་། རྐུན་མ་མ་རུངས་པ་དང་། ་ཚུལ་ཁྲིམས་འཆལ་པ་ཅན། ངན་པར་ལྟ་བ་ལ་བཀུར་སྟི་བྱེད་པ་དག་བརྟུལ་བ་རྗེསུ་དྲན་པ་ལ་མོས་པ་ཡང་ཡོད་དོ།། དེ་བཞིན་དུ་རྒྱལ་པོ་ཡབ་ང་ཡོངསུ་མྱ་ངན་ལས་འདས་ནས། སྐྱེ ་བོ་མང་པོ་དག་གི་སྤྱོད་པ་དང་། ལས་ཇི་སྙེད་པ་དང་། སེམས་དང་འདུ་ཤེས་ཇི་སྙེད་ཡོད་པ་དག། ཇི་དང་ཇིས་འདུལ་བ་མི་འཐུན་ཏེ། སེམས་ཅན་དེ་དག་གི་སེམས་དང་འདུ་ཤེས་ཇི་ལྟར་ལྟ་བ ་བཞིན་དུ། རིམས་ཀྱིས་སེམས་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དག་ང་ད་ལྟར་བཞུགས་པ་ལ་ཡིད་ལ་བྱེད་པ་དང་ཐ་དད་པ་མེད་པར་བསྟན་པར་བྱའོ།། འདི་ལྟ་སྟེ། ཉི་མ་ཤར་བའི་ཚེ་མུན་པ ་།། ཐམས་ཅད་སྣང་བར་འགྱུར་ན། དབུས་ལོང་དག་གིས་ནི་ཇི་ཡང་མ་མཐོང་ངོ་།། ཕྱི་མ་མ་འོངས་པའི་དུས་ཀྱི་ཉེ་གན་སུ་གྱུར་པ་དག། ཆོས་རྣམ་པ་གསུམ་ལ་ནན་ཏན། ་དུ་བྱའོ།། གསུམ་གང་ཞེ་ན། མདོ་སྡེ་ཤིན་ཏུ་ཟབ་མོ་རྣམས་ཁ་ཏོན་དུ་བྱ་བ་དང་། ཚུལ་ཁྲིམས་ཡོངསུ་དག་པར་བསྲུང་ཞིང་བསླབ་པ་མི་ཉམས་པར་བྱ་བ་དང་། ཤིན་ཏུ་སེམས་རྩེ་གཅིག ་ཏུ་བྱ་ཞིང་སེམས་མི་གཡེང་བའོ།། དེ་ལ་ཇི་ལྟར་ན་སེམས་རྩེ་གཅིག་ཏུ་ཡིད་ལ་བྱ་བ་ཞེ་ན། ལ་ལ་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་རྗེསུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ ་ནི་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུའི་མཚན་རྗེསུ་དྲན་ཞིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུ་འདབ་ཀྱི་མཚན་རྗེསུ་དྲན་ཞིང ་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པ་འི་ཞལ་གྱི་འཕྲལ་བ་ཡངས་ཤིང་མཉམ་པའི་མཚན་རྗེས། དྲན་ཞིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ ་ལ་ནི་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་རྗེསུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་འོད་ཟེར་གྱི། ་མཚན་རྗེསུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་སྤྱན་ཁྱུ་མཆོག་གི་མིག་ལྟ་བུའི་མཚན་རྗེསུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་ག ་པའི་ཤངས་དྲང་ཞིང་མཐོ་བའི་མཚན་རྗེསུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་ཤངས་ཀྱི་དབྱིབས་བྱ་རིག་པའི་རྒྱལ་པོའི་མཆུ་ལྟེ་བུའི་མཚན་རྗེསུ་དྲན ་ཤིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་ཨ་གཅོམ་ལྕོང་མོའི་དབྱིབས་ལྟ་བུས་འོད་ཟེར་འབྱུང་བ་རྗེ་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་སྨོས་དང་དཀན་གྱི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྤྲོས་ཀྱི་ཁ་དོག་བིམ་པའི ་འབྲས་བུ་ལྟར་དམར་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཆུའི་སྒྲོས་མེ་ཏོག་པདྨའི་འདབ་མ་ལྟར་ཁ་དོག་དམར་སྨུག་ལ་ཤིང་ཏོག་འབིམ་པའི ་མདོག་ལྟ་བུ་ལ་འོད་འབར་བ་རྗེསུ་དྲན་པ་ལ་མོས་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་བཞི་བཅུ་པོའི་མཚན་རྗེན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ ་ནི་དེ་བཞིན་གཤེགས་པའི་མཚེམས་དཀར་ཞིང་མཉམ། ལ་ཐགས་བཟང་བའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་ཀྱི ་རི་མོའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་རི་མོའི་ས་བཅད་པ་མེ་ཏོག་ཨུ་དུམ་འབར་བ་ལྟ་བུའི་མཚན་རྗེ་སུ་དྲན་པ་ལ་མོས། སེམས ་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་དཀན་ལ་རི་མོ་བརྒྱད་ཁྲི་བཞི་སྟོང་མངོན་པར་གསལ་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི ་རྙིལ་གོང་འོག་གཉིས་མེ་ཏོག་ཨུ་དུམ་འབར་བའི་སྡོང་བུའི་མདོག་ལྟ་བུ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་བཻ་ཌཱུཪྻའི་སྦུབས་ལྟར་མེ་ཏོ། ་། པདྨོ་བརྩེགས་པ་དང་འདྲ་བའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཡང་ཤིང་རིང་བའི་ལྗགས་ཀྱི་མཚན་པདྨོའི་ལོ་མ་ལྟ། ་བུ་ལ། ཁ་དོག་རྣམ་པ་ལྔ་དང་། རི་མོ་ལྔ་མངོན་པར་གསལ་བ་དང་། ལྗགས་ཀྱི་འོག་གི་རྩ་བཅུ་ལས་འོད་མང་པོ་འབྱུང་བ་དང་། ལྗགས་ཀྱི་དབང་པོས་ཞལ་ཡོག་པའི་ཡངས ་ཤིང་རིང་ལྗགས་ཀྱི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་གྱི་ཚིགས་གསུམ་མངའ་བའི་འོད་ཟེར་གྱི་མཚན་རྗེསུ་དྲན་པ་ལ་མོས། ་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་ན་མཁའ་ལྡིང་གི་རྒྱལ་པོའི་མིག་ལྟ་བུའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས། ་པའི་མགུར་གྱི་གསང་བའི་མཚན་རྗེས། དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་བའི་དབུའི་ཉག་མ་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱི་མཚན་རྗེས་སུ། ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུ་གཡ་སུ་འཁྱིལ་བའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་བ ་སྤུའི་བུ་ག་རེ་རེ་སཱུ་ཉག་མ་རེ་རེ་འཁྱིལ་ཅིང་སྐྱེས་པ་ལས་འོད་ཟེར་འབྱུང་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུའི་པགས་པའི་ཁ་དོག་རྡོ། ་རྗེ་དང་། ལེབ་རྒན་ལྟ་བུར་སྣང་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ ་བཞིན་གཤེགས་པའི་དབུའི་ཀླང་བ་ཤེལ་ལྟ་བུ་ལས་འོད་ཟེར་འབྱུང་བ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྙན་ཤལ་རིང་པོ་ལས་འོད། ་འབྱུང་བའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྙན་གྱི་མཆོག་མའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན ་གཤེགས་པའི་སྙན་གྱི་སྤུ་ཉག་མ་བདུན་འཁྱིལ་ཅིང་སྐྱེ་བའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་སྒྲོག་རུས་མཉམ་པར་གང ་བའི་མཚན་ལས་འོད་ཟེར་གྱི་ཁང་པ་བརྩེགས་པ་འབྱུང་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་མཆན་ཁུང་མཉམ ་པར་གང་བའི་མཚན་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྔ་ལྔས་སྐུའི་མཆན་ཁུང་བཏེག་པ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག ་ངར་ཟླུམ་པ་བལ་ཀླང་གི་རྒྱལ་པོའི་སྣ་ལྟ་བུའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་གི་གྲུ་མོའི་ཀླུའི་རྒྱལ་པོའི་སྐུ་བཅིངས་པ ་ལྟ་བུ་རི་མོ་མ་ཉམས་པ་ལ་ཚིགས་ཚིགས་ན་ཀླུའི་ཁྱིལ་པ་ལྟ་བུར་སྣང་བ་དང་། ཕྱག་མཐིལ་གཱི་རི་མོ་གོ་རིམས་མ་ནོར་པ་དང་། ཕྱག་སོར་གྱི་རྩེ་མོ་ལ་འཁོར་ལོའི་རྩིབྲ། ་བཅུ་གཉིས་དང་ལྡན་པའི་མཚན་མངོན་པར་སྣང་བ་རྗེསུ་དྲན་པ་ལ་མོས་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་གིས་སེན་མོ་ཟངས་ཀྱི་ཁ་དོག་ལྟ་བུ ་། ལས་འོང་ཁ་དོག་རྣམ་པ་བརྒྱད་མངོན་པར་སྣང་བ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་སོར་འབྲེལ་པའི་མཚན་བརྐྱང་ན་སྣང་བ། ་བསྐུམ་ན་མི་མངོན་པ་མུ་ཏིག་གི་དྲ་བ་ལྟ་བུར་མངོན་ཞིང་གསལ། འཛམ་བུའི་ཆུ་ཀླུང་གི་གསེར་བས་ལྷག་པ་ཁ་དོག་གསལ་ཞིང་མིག་གི་སྤྱོད་ཡུལ་ལས་འདས་པའི་མཚན་རྗེས ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་སོར་བཅུའི་སོར་མོའི་ཐོག་མ་ལ། རི་མོ་གཡུང་དྲུང་མངའ་བའི་མདོན། འཁོར་ལོ་རྩིབས་སྟོང་དང་། ལྡན་པའི ་མཚན་ལ་མེ་ཏོག་བརྒྱ་སྟོང་མང་པོ་སྣ་ཚོགས་འདྲེས་པ་ལྟ་བུ་རྗེས་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དྲོ་བཞིན་གཤེགས་པའི་ཕྱག་མཐིལ་གྱི་རི་མོ་གསལ་བ་ནི་དབང ་ཕྱུག་གི་ལྷའི་གཞལ་མེད་ཁང་དང་འདྲ་ལ། ཕྱག་མཐི་ལ་མཉམ་པའི་ནི་ལྷ་དང་མིས་བསྐྲུན་དུ་མེད་ཅིང་ཕྱག་མ། ཟིལ་གྱི་དབུས་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པ ་མངའ་བའི་མཚན་ལས་ཕྱོགས་བཅུའི་ངོས་སུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འབྱུང་ཞིང་། འཁོར་ལོའི་འོག་ན་དབང་ཕྱུག་གི་མིག་དང་འདྲ་བའི་རི་མོ་དཀར་གནག་འབྱེས་ཤིང་མངོན ་པར་གསལ་བ་རྣམ་པ་བཅུ་མངའ་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་གི་བོལ་བཻ་ཌཱུཪྻ་ལྟ་བུ་ལས་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད ་ཕྱག་སོར་འབྲེལ་བའི་ནང་དུ་འཇུག་པ་ལྟ་བུ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ལྷའི་ན་བཟའ་ལྟར་འཇམ་ཞིང་མཉེན་པ་རྗེས ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་ཕྱི་ནང་དུ་འཆང་དུ་རུང་བའི་མཚན་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཐུགས་ཀ ་དཔལ་གྱི་བེའུ་གཡུང་དྲུང་གི་མཚན་ལས་ནོར་བུ་རིན་པོ་ཆེ་གསུམ་གྱི་འོད་འབྱུང་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་ལྟེ་བ་ནོར་བུ་རིན་པོ ་ཆེ་ཕྱིང་ལིང་ག་ལྟ་བུའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་རྩིབ་མ་ཆེ་ཆུང་མཉམ་ཞིང་མཚམས་འབྲེལ་པའི་མཚན་ལས་འོད་ཟེར ་འབྱུང་བ་རྗེ་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་རུས་པའི་ཚིགས་ཀླུ་འཁྱིལ་པ་ལྟར་འབྲེལ་ཅིང་ཐགས་བཟང་བའི་མཚན་རྗེསུ་དྲན་པ་ལ ་མོས། སེམས་ཅན་ལ་ལ་དེ་བཞིན་གཤེགས་པའི་སྐུའི་རུས་པ་ལུ་གུ་རྒྱུད་བརྐྱང་བ་དང་བསྐུམ་པ་ལ་མི་གནོ་ད་པའི་མཚན་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ ་ནི་དེ་བཞིན་གཤེགས་པའི་སྐུའི་རུས་པ་ཤེལ་དང་ཁ་བས་ཀྱང་དཔེར་མི་བཟོད་པར་དཀར་ལ་འོད་ལེབ་རྒན་ལྟ་བུ་རྣམ་པར་བཞག་པར་འབར་ཞིང་རི་མོར་སྣ་ལ་དྲིལ་བུ་ལྟ་བུ་རྗེ་དུ ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའི་གནས་སྦུབསུ་ནུབ་པའི་མཚན་ལས་འོད་ཟེར་གྱི་རྒྱལ་མཚན་སྣང་བ་རྗེསུ་དྲན་པ་ལ་མོས། སེམས་ཅན ་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་བྱིན་པ་རི་དྭགས་ཨེ་ན་ཡའི་རྒྱལ་པོའི་བྱིན་པ་ལྟ་བུ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ངར ་གདོང་དྲང་བའི་མཚན་ལས་འོད་ཟེར་འབྱུང་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་བོལ་འཛམ་བུ་ཆུ་ཀླུང་གི་གསེར་གྱི ་མདོག་ལྟ་བུར་གསལ་ལ་སྤུ་སྐྱེས་པ་མཛེས་ཤིང་། ཞབས་ཀྱི་སོར་མོ་འབྲེལ་པའི་བར་ན་དར་ལའི་རི་མོ་ལྟར་རི་མོ་སྣང་ལ་འོད་ཀྱི་ཁ་དོག་དང་ལྡན་པ་རྗེསུ་དྲན་པ་ལ་མོས། སེམས ་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་སེན་མོའི་མཚན་ཟངས་ཀྱི་ཁ་དོག་ལྟ་བུ་ལ་སེན་མོའི་ཐོག་མ་ལ་སེང་གེ་ལྔའི་ཁ་མངའ་བ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི ་དེ་བཞིན་གཤེགས་པའི་ཞབས་ཀྱི་སོར་མོའི་ཐོག་མ་དྲུང་གི་རི་མོ་ལྟ་བུའི་མཚན་དང་འཇུག་སེལ་གྱི་ཕྱག་རྒྱའི་རི་མོ་ལྟ་བུ་རྗེསུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཙེ ་པའི་ཞབས་ཀྱི་མཐིལ་མཉམ་པར་གང་བ། སྤུ། ཉག་མ་ཙམ་ཡང་མི་ཆུད་པར་འཁོར་ལོ་རྩིབས་སྟོང་དང་ལྡན་པ། ཉེའུ་ཤིབསུ་གཤིགས་པ། རྡོ་རྗེའི་རྩེ་མོ་ལྟ་བུའི ་མཚན་དང་ཞབས་ཀྱི་རྟིང་པ་ཚངས་པའི་རྒྱལ་པོའི་གཙུག་ལྟ་བུ་དུང་གི་རི་མོ་དང་འདྲ་བ་རྗེ་སུ་དྲན་པ་ལ་མོས་པ་ཡང་ཡོད་དེ། དེ་དག་ལ་སོགས་པ་ནི་ཡས་མཐར་གྱིས་རྗེསུ་དྲན་པ་ལ ་མོས་པ་ཞེས་བྱའོ།། དེ་ལ་སེམས་ཅན་ལ་ལ་ནི་བཟློག་སྟེ་མས་མཐར་ཀྱིས་རྗེསུ་དྲན་པ་ལ་མོས་པ་ཡང་ཡོད་དེ། དེ་ནི་ཞབས་མཐིལ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན ་ནས་མཐར་གྱིས་ཞབས་ཀྱི་སོར་མོ་ལ་རྗེ་སུ་དྲན་པ་དང་། དེ་བཞིན་དུ་མཐར་གྱིས་དབུའི་གཙུག་ཏོར་གྱི་རབ་ཏུ་མཚན་རེ་རེ་དང་། དཔེ་བྱད་རེ་རེ་དང་གཟུགས་རེ་རེ་ནས་མཐར་གྱིས་རྗེས ་དྲན་པ་ནི་བཟློག་སྟེ་མས་མཐར་གྱིས་རྗེ་སུ་དྲན་པ་ཞེས་བྱའོ།། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་གསེར་གཙོ་མའི་མདོག་ལྟ་བུ་འཛམ་བུ་གླིང་ན་ཁ་དོག་མཆོག་དམ། ་པར་འཛིན་པ། ཉི་མ་བརྒྱ་སྟོང་འཚེར་བའི་གསེར་གྱི་རི་ལྟ་བུ་རྗེསུ་དྲན་པ་ལ་མོས་པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་མཐོ་བཅུ་དྲུག་པ་མཚན་གྱིས་བརྒྱན ་བརྗེ་སུ་དྲན་པ་ལ་མོས་པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཟླུམ་པོ་ལ་འདོམ་གང་བ་རྗེ་སུ་དྲན་པ་ལ་མོས་པ་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས ་པའི་སྐུ་ནས་འོད་འཚེར་བ་རྗེསུ་དྲན་པ་ལ་མོས། པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་དེའི་ཆོས་སྟོན་པའི་ལྷས་མཛད་པ་རྗེསུ་དྲན་པ་ལ་མོས་པ ་ཡང་ཡོད་དེ། སེམས་ཅན་ལ་ལ་ནི་དེ་བཞིན་གེ། ཤེགས་པའི་སྐུ་ལྟེ་བའི་དཔལ་བེའུ་མཚན་ལྟ་གི་མཚན་དང་འོག་གི་མཚན་ལས་ཉི་མའི་དཀྱིལ་འཁོར་འཆར་བ་རྗེས ་དྲན་པ་ལ་མོས་པ་ཡང་ཡོད་དོ།། །། མཚན་བཟང་པོ་རྗེསུ་དྲན་པ་གླེང་བ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ ་སྩལ་པ་དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་གཙུག་ཏོར་རྗེསུ་དྲན་པ་ཞེ་ན་དེ་བཞིན་གཤེགས་པའི་གཙུག་ཏོར་རུས་པ་ཟླུམ་ཞིང་གདུགས་ཁ་སྦུབ་པ་ལྟར་འདུག་ལ་ཤིན་ཏུ ་དཀར་བའོ།། དབུའི་པགས་པ་སྲབ་མོ་ནི། ལེབ་རྒན་དུ་སྣང་ལ། དབུའི་པགས་པ་སྟུག་པོ་ནི་ཁ་དོག་རྡོ་རྗེ་ལྟ་བུར་སྣང་ངོ་།། དབུའི་འདབ་ནི་ཁ་དོག་གསེར་བཅོམ་ལྟ་བུར་སྣང་། དབུའི ་ཀླང་པ་ནི་ཤེལ་གྱི་ཁ་དོག་དུ་སྣང་ངོ་།། དེ་ལ་རྩ་བཅུ་བཞི་རི་མོར་བྲིས་པ་བཞིན་དུ་འདུག་ལ་འོད་རྣམ་པ་བཅུ་བཞི་དང་ལྡན་ནོ།། འོད་དེ་ཡང་རྩ་ལྟར་མངོན་པར ་སྣང་ཞིང་། གླད་པ་དང་། རྩ་ཀུན་ནས་འོད་འཁྱིལ་བ་དག་འབྱུང་སྟེ། སྤྱི་གཙུག་གི་རུས་པ་ལས་ཀྱང་ཐལ་ནས་དབུའི་རྩེ་མོར་འཁྱིལ་ཅིང་ཐུག་གོ།། འོད་ཁ་དོག་རྣམ་པ་བཅུ་བཞི་དང ་ལྡན་པས་དབུ་འཁོར་བར་བསྐོར་ཏོ།། དབུ་འདབ་ཀྱི་མཚན་གསེར་གྱི་མདོག་ལྟ་བུ་ལས་ཀྱང་འོད་བྱུང་ནས། འོད་ཀྱི་ཁ་དོག་རྣམ་པ་བཅུ་བཞིའི་ནང་དུ་འཇུག་གོ།། འདི་དག་ནི་དེ་བཞི ་གཤེགས་པའི་རྒྱལ་པོའི་ཕོ་བྲང་དུ་བལྟམ་པའི་གཙུག་ཏོར་དང་། ཤིང་དོ་ཀེར་ཞེས་བྱའོ།། སྤྱི་བོའི་གཙུ། ག་ན་ཚངས་པ་ཆེན་པོའི་མཚན་ལྔ་པོ་དག་ནི། བལྟམ་པའི ་ཚེ་ན་ཡང་ཡུམ་སྒྱུ་མ་དང་། གོའུ་ཏ་མ་དག་གིས་ཀྱང་བལྟར་མི་མཐོང་ངོ་།། ཚངས་པའི་མཚན་ལྔ་པོ་ལས་འོད་བྱུང་བས་ཚངས་པའི་འཇིག་རྟེན་ལ་ཐུག་ནས། དེ་ལས་ཀྱང་འདས་ཏེ ་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་འདས་ནས། སྤྲིན་གྱི་ཁང་པ་བརྩེགས་པར་སྣང་བར་གྱུར་ཏོ།། དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱི། ས་བཅུ་པའི་བྱང་ཆུབ ་སེམས་དཔས་ཀྱང་མཐོང་བའི་ཡུལ་མ་ཡིནོ།། དིང་འདིར་ཡབ་ལ་གཙུག་ཏོར་གྱི་མཚན་བཤད་པ་འདི་གང་གིས་ཐོས་པར་གྱུར་པ་དེ་དག་སངས་རྒྱས་ཀྱི་འཕགས་པའི་གཙུག་གི ་མཚན་ལ་ཤིན་ཏུ་བརྟག་ཅིང་ཡིད་ལ་བྱའོ།། མཚན་དེའི་འོད་ཟེར་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་རྫོགས་པར་ནི ་བཤད་པར་མི་ནུས་སོ།། མ་འོངས་པའི་དུས་ཀྱེ་བོ་དག་གིས་འདི་དག་ཐོས་ནས་ཐེ་ཚོམ་མེད་པའི་སེམས་ཀྱིས་བཅོམ་ལྡན་འདས་མངོན་དུ་བཞུགས་པ་མཐོང་བ་དང་འདྲ་བར། ་མཚན་འདི་ཡིད་ལ་བྱས་ན། འཕགས་པའི་སྤྱི་གཙུག་གི་འོད་མིག་བཙུམས་ན་ཡང་མཐོང་བར་འགྱུར་ཏེ། སེམས་ལ་འདྲིས་པའི་མཐུས། སངས་རྒྱས་འཇིག་རྟེན་ན་བཞུགས་པ ་བཞིན་དུ་མངོན་གསུམ་དུ་གསལ་བར་འགྱུརརོ།། མཚན་རྗེསུ་དྲན་པར་བྱེད་པ་ན་མང་པོར་མི་བརྟག་སྟེ། གཅིག་རྟོགས་ནས་ཡང་གཅིག་ལ་བརྟག་གོ།། གཉིས་ལ་འདྲིས་ནས་ཡང ་གསུམ་ལ་བརྟག་པར་བྱའོ།། དེ་བཞིན་དུ་ཡ་དན་མན་དུ་ལན་བཅུ་དྲུག་སེམས་ལ་འདུ་ཤེས་འདྲིས་པར་རབ་ཏུ་གསལ་བར་བྱ་སྟེ། དེ་ནས་གདོད་སེམས་གནས་པར་བྱ་བ ་ཕྱིར་དམིགས་པ་གཅིག་ལ་ཡང་སེམས་ཉེ་བར་གཞག་གོ།། དེ་ནས་ལྕེ་དཀན་ལ་སྦྱར་ཏེ་ལུས་དྲང་པོར་བསྲང་ནས་ཞག་བཅུ་བཞི་ལོན་པ་དང་། གདོད་ལུས་དང་སེམས ་ཤིན་ཏུ་སྦྱང་བར་འགྱུར་རོ།། དེ་ནས་དམིགས་པ་ལ་སེམས་བཞག་སྟེ། ཕྱིར་ཡང་སངས་རྒྱས་ཀྱི་སྤྱི་གཙུག་ལ་བརྟག་གོ།། སངས་རྒྱས་ཀྱི་སྤྱི་གཙུག་མཚན་བརྟག་པའི་ཐབས་ནི་སྔར ་བ་སྤུའི་ཁུང་བུ་ནས་འཇུག་གོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་དང་དགའ་བོ་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་བཞིན་གཤེགས ་པ་དང་དབུ་ལ་དབུའི་སྒྲ་ཉག་མ་བརྒྱད་ཁྲི་བཞི་སྟོང་མངའ་བ་ནི། གཡས་གཡོན་བྱེ་ཅིང་གཡསུ་འཁྱིལ་ལ་བར་མཚམས་བསལ་བ་ལ་ཟུར་བཞི་དོད་ཅིང་། དབུའི་ཉག་མ་རེ་རེའི་བུ ་གནས་འོང་མ་པ་ལྔ་འཕྲུལ་ཅིང་འབྱུང་བ་ཡང་ཁདག་རྣམ་པ་བཅཝ་བཞི་དང་ལྡན་པའི་ཚད་ཀྱི་ནང་དུ་འཇུག་གོ།། སྔོན་རྒྱལ་པོའི་ཕོ་བྲང་ན། མམས་པའད ་བསིལ་ཏེ། དེའི་ཚེ་གོའུ་ཏ་མི་བདག་གི་དྲུང་དུ་འོངས་ནས། བདག་ལ་ཁྱོད་བལྟམ་པའི་ཚེའང་ངོ་མཚར་རྨད་དུ་བགྱི་བའི་ལྷས་མང་པོ་བྱུང་ན། ལ་ལ་ཞིག་བདག་ལ་ཁྱོད་ཀྱི་སྲས ་དབུ་རིང་ངམ་ཐུང་ཅི་ཙམ་ཞེས་འདྲི་བ་མཆིས་ན། བདག་ལན་མི་ལྗོན་གྱིས། དབུ་རིང་ཐུང་ཅི་ཙམ་མཆིས། བཙལ་འཚལོ་ཞེས་ཟེར་ནས་ངའི་དབུའི་ཉག་མ་དྲངས་ཏེ་མཐོས་གཅལ ་ན། མཐོ་ཕྱེད་དང་བཅུ་གསུམ་བྱུང་ངོ་།། ཕྱིར་བཏང་མ་ཐག་ཏུ་གཡ་སུ་འཁྱིལ་ཅིང་དུང་གི་རི་མོ་འདྲ་བར་གྱུར་ཏོ།། བཙུན་མོ་བླངས་པའི་ཚེ་ཡང་དབུ་བསིལ་ནས་སྔར་དབུ ་སྐྲ་རིང་ཐུང་གཅལ་བའི་ཚེ་ཡང་མཐོ་ཕྱེད་དང་བཅུ་གསུམ་དེ་ལས་མེད་ན། དེ་ཅི་ཙམ་སྐྱེས་སྙམ་ནས་དྲངས་ཏེ་གཅལ་ན། མཐོ་ཕྱེད་དང་བཅུ་བཞི་བྱུང་ངོ་།། ང་རབ་ཏུ་བྱུང་ནས། ་ལྷ་རྣམས་ཀྱིས་དབུ་སྐྲ་ཁྱེར་བ་ན་ཡང་མཐོ་ཕྱེད་དང་བཅུ་བཞི་ལས་མེད་དོ།། རྒྱལ་པོ་ཡབ་སངས་རྒྱས་ཀྱི་དབུའི་མཚན་ལྟ་བར་འདོད་དམ། རྒྱལ་པོ་ཡབ་ཀྱིས་གསོལ་པ་དེ་བཞིན ་བཅོམ་ལྡན་འདས་བདག་མཐོང་བར་འཚའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གིས་དབུས་ནས་དྲངས་པ་ལས། ཤིང་ནྱ་གྲོ་ཏའི་གཞལ་མེད་ཁང་ནས་རྒྱལ་པོའི་ཕོ་བྲང་ལ་ཐུག། ་དེ་ནས་གྲོང་ཁྱེར་ལན་འཁོར་ལན་བདུན་འཁེ། ཁ་དོག་ནི་མཐིང་ཀ་བེ་ཌཱུཪྻ་ལྟ་བུའོ།། སངས་རྒྱས་ཀྱི་དབུ་ལ་འཁོར་མང་པོ་ཀུན་གྱིས་ཁ་དོག་རྣམ་པ་དུ་མ་དང་ལྡན་པའི་འོད་བྱུང ་བར་མཐོང་སྟེ། རྫོགས་པར་ནི་བདེ་བར་བཤད་མི་ནུས་སོ།། འོད་དེ་དག་རེ་རེས་ཀྱང་ཐམས་ཅད་དུ་སྣང་བར་གྱུར་པ་ནི། བཻ་ཌཱུཪྻ་མཐོན་མཐིང་གི་མདོག་ལྟ་བུའོ།། བཻཌཱུཪྻའི་ཁ་དོག་ལ ་བུའི་འོད་ལས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བཞུག་སོ།། དེ་ལྟ་བུའི་མཚན་བསྟན་ནས་དབུ་དང་འོད་ཕྱིར་ཡང་གཡསུ་འཁྱིལ་ཞིང་། སངས་རྒྱས་ཀྱི་དབུ་ལ་དུང་གི་རི་མོ་ལྟ ་བུར་གྱུར་ཏོ།། དེ་ནི་དེ་བཞིན་གཤེགས་པའི་དབུའི་མཚན་ཡང་དག་པ་ཞེས་བྱ་སྟེ། གང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་སོགས་པ། སངས ་རྒྱས་ཀྱི་དབུའི་མཚན་རྟོག་པར་འདོད་ན། དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི། ལོག ་བར་མཐོང་བ། མྱོས་ཤིང་འཁྲུལ་པའོ།། སེམས་སྟོར། བ་ཞེས་བྱའོ།། ངན་པར་བལྟ་བ་ཞེས་བྱའོ།། ཕྱིན་ཅི་ལོག་གི་སེམས་ཤེས་བྱ་སྟེ། ཏིང་འཛིན་ཐོབ་ཅེས་བྱ་བའི ་གནས་མེད་དོ།། རྒྱལ་པོ་ཡབ་ཀྱི་དབུའི་མཚན་ཡང་དག་པ་ནི་འདི་དག་ཡིན་ཏེ། དབུའི་མཚན་རྟོགས་ནས་དབུ་འདབ་ཀྱི་མཚན་ལ་བརྟག་པར་བྱའོ།། སངས་རྒྱས་ཀྱི་དབུ་འད་བ་ནི ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལས། མུ་ཏིག་དམར་པོའི་ཁ་དོག་ལྟ་བུའི་འོད་འཁྱིལ་ཅིང་འཕྱང་བ་ལྔ་སྟོང་གིས་གསལ་ཤིང་མཛེས་པས་རྣམ་པར་སྤྲས་ཤིང་དགོད་པ་དེའང་གྱེན ་དུ་འཁྱིལ་ཅིང་དབུ་ལ་རྣམ་པར་བསྐོར་བ། སྤྱི་བོའི་གཙུག་ལའང་ལན་ལྔ་བསྐོར་བ་ནི། ཇི་ལྟར་ལྷའི་རི་མོ་མཁན་གྱིས་རི་མོར་བྲིས་པ་ལྟར་ཟླུམ་ལ་བར་ཐགས་མཉམ་པར་ཕྲ ་། ཁྱད་ཁ་ཆེ་དར་གྱི་ཉག་མ་ཙམ་ལ། ཁ་ཆེ་དར་གྱི་ཉག་མ་ཙམ་དེ་དག་གི་བར་བར་ཙམ་ན་སྤྲུལ་པའི་སངས་རྒྱས་བཞུགས་ལ། སྤྲུལ་པའི་བྱང་ཆུབ་སེམས་དཔའི ་འཁོར་དང་། ལྷ་དང་། ཀླུ་ལ་སོགས་པའི་གཟུགས་རྙན་ཐམས་ཅད་སྣང་ངོ་།། དེ་དག་ཀུན་གྱི་ཁ་དོག་དང་། དབྱིབས་ཀྱང་ཉི་མའི་དཀྱིལ་འཁོར་ལྟ་བུ་སྟེ། སངས་རྒྱས་ཀྱི་དབུ་འདབ་ཀྱི ་མཚན་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། རྒྱལ་པོ ་ཡབ་འདི་དག་ནི་དེ་བཞིན་གཤེགས་པའི་དབུ་འདབ་ཀྱི་མཚན་ཡང་དག་པ་རྗེསུ་དྲན་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་འཕྲལ་བ་ཡང་ཤིང ་མཉམ་པའི་མཚན་རྗེསུ་དྲན་ཞེ་ན། སངས་རྒྱས་ཀྱི་ཞ་ལ་འཕྲལ་བ་ཡངས་ཤིང་མཉམ་པའི་མཚན་ལ། མཚན་རྣམ་པ་གསུམ་མངའོ།། དེ་ནི་མཛོད་སྤུ་དཀར་པོའི་མཚན ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐོག་མ་བལྟམ་པའི་ཚེ་ན། རྒྱལ་པོ་ཡབ་དང་། བཙུན་མོས་རྒྱལ་བུ་བླངས་ཏེ། དྲང་སྲོང་མི་དཀར་བའི་དྲུང་དུ་རྒྱལ་བུའི་མཚན་བསྟན་པ་ན། དྲང ་སྲོང་ཆེན་པོ་ཚལ་བུ་ཅན་དེས་རྒྱལ་བུའི་སྨིན་མཚམས་མཛོད་སྤུ་དཀར་པོ་གཡས་སུ་འཁྱིལ་ཅིང་སྐྱེ་བ་དང་། མཛོད་སྤུ་དཀར་པོའི་དྲུང་ན་བར་རིམ་དུ་མ་མངའ་བ་མཛོད་སྤུ་དཀར་པོ ་དང་འདྲ་བར་འཁྱིལ་པ་ལྟས་མཁན་གྱིས་མཐོང་ནས། ལྟས་མཁན་གྱིས་མཛོད་སྤུ་དེ་བརྐྱང་སྟེ་མཐོས་གཅལ་ན་མཐོ་ལྔ་བྱུང་ངོ་།། བེཅུནའི་སྦུ་བུ་ལྟར་འདུག་ལ་བཏང་མ་ཐག་ཏུ ་གཡསུ་འཁྱིལ་ནས། ཤེལ་སྒོང་ལྟར་ཁ་དོག་རྣམ་པ་བརྒྱ་སྟོང་སྙེད་ཀྱི་འོད་ཟེར་ཚད་མེད་པ་སྣང་བར་གྱུར་ཏོ།། དེ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་ལྟམ་པའི་ཚེ་མཛོད་སྤུ་དཀར་པོ ་མཚན་ཞེས་བྱའོ།། ལོ་བརྒྱད་ལོན་ནས་གོའུ་ཏ་མིས་ཡང་རྒྱལ་བུའི་སྨིན་མཚམས་ཀྱི་མཛོད་སྤུ་ཇི་ཙམ་ཞིག་སྐྱེས་སྙམ་ནས། ལག་པས་དྲངས་ནས་ལྟས་ན་སྨིན་མཚམས་ཀྱི ་མཛོད་སྤུ་བཻ་ཌཱུཪྻ་དཀར་པོའི་སྦུ་གུ་ལྟར་དཀར་ལ་དྲང་ཞིང་། སྤུའི་ཐོག་མ་ལ་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་བྱུང་སྟེ། ཕྱིར་ཡང་སྤུའི་རྩེ་མོའི་བུ་གུར་ཞུགས་པར་མཐོང་ནས ་གོའུ་ཏ་མི་ཡང་ལྷག་པར་སྡུག་ཅིང་ཡིད་དུ་འོང་བར་གྱུར་ཏེ། ཀུན་ལ་བདག་གི་སྲས་ཀྱི་མཛོད་སྤུ་དཀར་པོའི་མ་ཚན་འདི་ལྟ་བུ་ཞིག་མངའོ་ཞེས་བརྗོད་དོ།། ཀུན་གྱིས ་མཐོང་ནས་བཏང་མ་ཐག་དུ་ཕྱིར་ཡང་གཡསུ་འཁྱི་ལ་ཏོ།། དེ་ནི་བྱང་ཆུབ་སེམས་དཔའི་གཞོ་ནུའི་ཚེ་མཛོད་སྤྲེ་དཀར་པོའི་མཚན་ཞེས་བྱའོ།། དེ་ལ་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་བཙུན་མོ་བླངས་པའི་ཚེ་མཛོད་སྤུ་དཀར་པོའི་མཚན་ཞེ་ན། གྲགས་འཛིན་གྱི་ཕས་མཚན་བལྟ་བའི་བལྟས་མཁན་བཏང་ནས། རྒྱལ་བུའི་མཚན་བལྟས་པ་ན། མཚན ་སུམ་ཅུ་རྩ་གཉིས་རི་མོ་བྲིས་པ་དང་འདྲ་བའི་ནི་བདག་གིས་མཐོང་གི། མཛོད་སྤུ་དཀར་པོའི་མཚན་འབའ་ཤིག་ནི་མ་རྟོགས་ན། མཚན་མཁན་དེས་འདི་ཞེས་སྨྲསོ།། སའི་ལྷ་རྒྱལ ་བུ་མཚན་ཀུན་ཀྱང་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་དང་འཐུན་ན། མཛོད་སྤུ་དཀར་པོ་ལས་འོད་རྣམ་པ་མང་པོ་བྱུང་བ་ནི་བདག་གིས་མི་རིག་ན། བརྐྱང་སྟེ ་། བལྟ་ན་རུང་ངམ་ཞེས་གསོལ་པ་དང་། རྒྱལ་པོས་དེ་ལ་འདི་སྐད་དུ་ཇི་ལྟར་བདེ་བར་ལྟོས་ཤིག་ཅེས་གསུངས་པ་དང་། དེའི་ཚེ་ལྟས་མཁན་གྱིས་ལག་པས་མཛོད ་སྤུ་ནས་དྲངས་པ་ལས་མཛོད་སྤུ་དེ་ལས་བལ་གླང་གི་རྒྱལ་པོའི་ནུ་མ་ལས་འོ་མ་བྱུང་བ་ལྟ་བུ་ཞིག། ལྟས་མཁན་གྱི་མིག་དུ་ཕོག་ནས་ལྟས་མཁན་དེའི་མིག་ཡོངསུ་དག་པར ་གྱུར་ཏེ། མཛོད་སྤུ་དེ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་སྙེད། རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དུ་ལྡན་པ་དག་མཐོང་བར་གྱུར་ཏེ། ལྟས་མཁན་དེ་སྔངས་ཤིང་ངོ་མཚར་དུ་གྱུར ་ནས་རྒྱལ་བུ་ལ་འདི་ཞེས་གསོལ་ཏོ།། སའི་ལྷ་བདག་གིས་མཛོད་སྤུ་དཀར་པོ་དྲངས་ཏེ་རིང་ངམ་ཐུང་ཇི་ཙམ་པ་བལྟ་སྙམ་ན། རྗེའི་སླད་དུ་བལ་གླང་གི་རྒྱལ་པོའི་ནུ་མ་ལས་འོ་མ ་བྱུང་བ་ལྟར་བདག་གི་མིག་དུ་ཕོག་སྙམ་ན། ཡང་དག་པར། མཐོང་ངམ། འོན་ཏེ་རྨི་ལམ་འམ་ཁོན་ཏེ་སྤྱོས་སམ། ཇི་ལགས་རྒྱལ་བུའི་མཚན་བཟང་པོ་ཐམས་ཅད་ཀྱང ་བརྗོད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བརྒྱ་སྟོང་སྙེད་ལ། རིན་པོ་ཆེ་སྣ་བདུན་དང་། བུ་སྟོང་དང་། དམག་རྣམ་བཞིར་ལྡན་པ་དག་ཕྱོགས་བཞི་ནས་བྱུང་བ་མཐོང་སྟེ། བདག་གི་སེམ ་ཀྱང་རབ་ཏུ་དགའ་བར་གྱུར་པ་ནི། ཇི་ལྟར་བྲམ་ཟེ་དག་ཚངས་པའི་འཇིག་རྟེན་གྱི་བདེ་བ་ཐོབ་བཞིན་ནོ།། དེ་སྐད་གསོལ་ནས་མཛོད་སྤུ་དེ་དག་བཏང་མ་ཐག་ཏུ་ཕྱིར་ཡང་གཡས་སུ ་འཁྱིལ་ཏོ།། དེའི་ཚེན་ལྟས་མཁན་ལོ་ཏོག་པར་ཏ་དེས་དེ་ལྟ་བུའི་དངོས་པོ་མཐོང་ནས། ཡན་ལག་ལྔ་ས་ལ་གཏུགས་ཏེ་རྒྱལ་བུ་ལ་ཕྱག་འཚལ་ནས། རྒྱལ་བུའི་མཚན་བཟང་པོ ་བདག་གིས་མི་རིག་གོ།། བདག་གིས་མཚན་མཐོང་བ་ལྟར་ན་མཚན་གཅིག་གིས་ཀྱང་གླིང་བཞི་ལ་དབང་མཛད་ཅིང་དེའི་དབང་པོར་འགྱུར་ཏེ། རྒྱལ་བུའི་མཚན་ནི་དབང་པོ་ཆེན་པོ། ་ལྟར་དབང་རྫུ་འཕྲུལ་དང་མཐུ་སྟོབས་ནི་བསྙད་དུ་མ་མཆིས་ཤིང་དཔག་ཏུ་མ་མཆིས་པས། བདག་གིས་འཚལ་བའི་ཡུལ་མ་ལགསོ།། རྒྱལ་བུས་གསུངས་པ། ཁོའི་མཚན ་ཁྱོད་ཀྱིས་མི་རིག་ན། ཕྱིར་ཡུལ་དུ་སོང་ལ་རང་གི་རྒྱལ་པོ་ལ་དེ་བཞིན་དུ་སྤོས་ཤིག་ཅེས་གསུངས་པ་དང་། དེ་ནས་མཚན་ལྟ་བའི་མཚན་མཁན་དེ་ཕྱིར་ཡུལ་དུ་སོང་ནས། ་བདག་གི་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏོ།། དེ་ནས་རྒྱལ་པོ་དེས། དེ་སྐད་ཀྱི་ཚིག་ཐོས་ནས། བལ་གླང་ཞོན་ཏེ་འཁོར་བརྒྱ་སྟོང་མང་པོ་དང་ཆས་ཏེ། གྲོང་ཁྱེར་སེར་སྐྱའི་གནས ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གང་ན་བར་འོངས་ནས། རྒྱལ་བུའི་ལག་པ་ཆུས་བཀྲུས་ཏེ། བདག་གིས་བུ་མོ་བ། ཞེས་སུ་གསོལ་ཞེས་སྨྲས་ནས་ཕྱག་འཚལ་ཏེ། ་སའི་ལྷ་རྒྱལ་བུ་བདག་གི་བུ་མོ་འདི་བཞིས་ཏེ། ཕྱག་དར་དེང་ཆག་ཆག་བགྱིད་དུ་གསལ་བར་གསོལ་ལོ།། མཚན་མཁན་གྱིས་མཐོང་བའི་མཛོད་སྤུའི་མཚན་བཟང་པོ་ཡང ་བདག་ལྟ་འཚལ་ན་རུང་ངམ་ཞེས་གསོལ་བ་དང་། རྒྱལ་བུས་དེ་ལ་ཇི་ལྟར་བདེ་བར་ལྟོས་ཤིག་ཅེས་གསུང་སོ།། དེ་ནས་གྲགས་འཛིན་གྱི་ཕས་རྒྱལ་བུའི་མཛོད་སྤུ་དཀར་པོ ་ལག་པས་བཟུང་སྟེ་དྲངས་པ་དང་། མཛོད་སྤུ་དཀར་པོ་དེ་ཤེལ་གྱི་རྒྱལ་མཚན་ལྟར་ཁྲེམ་གཉེར་གྱི་ཚིགས་ཐད་ཀར་འབབ་པར་མཐོང་ཞིང་། དེའི་བང་རིམ་དག་ན་ཚངས ་པ་ཆེན་པོའི་རྒྱལ་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་བའི་ལྷའི་སྲས་པོ་ཚད་མེད་པ་བརྒྱ་སྟོང་རྣམས་ལྡིང་བའི་ཁང་བུ་དང་བཅས་ཏེ་འདུག་པར་མངོན་དུ་མཚ ་བ་ནི། ཇི་ལྟར་མེ་ལོང་ཡོངསུ་དག་པ་ལ་བདག་གི་བཞིན་མཐོང་བ་བཞིན་ནོ།། དེ་ལྟར་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ། ཕྱིར་བཏང་མ་ཐག་ཏུ་སྔོན་བཞིན་དུ་གཡསུ་འཁྱིལ ་ནས་སྨིན་མཚམས་ན་འོད་སེར་འཚེར་ཞིང་ཕྱོགས་བཞིར་བང་རིམ་དུ་སོང་ངོ་།། དེ་ནི་བྱང་ཆུབ་སེམས་དཔའ་བཙུན་མོ་བཞེས་པའི་ཚེ་མཛོད་སྤུ་དཀར་པོའི་མཚན་ཞེས་བྱའོ།། བཅོམ ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་དག་པས་གང་ཞིག་བྱང་ཆུབ་སེམས་དཔའི་གཞོ་ནུའི་ཚེའི་མཛོད ་སྤུ་དཀར་པོའི་མཚན་རྟོག་པར་འདོད་པ་འམ། བཙུན་མོ་བླངས་པའི་ཚེའི་མཚན་རྟོགས་པར་འདོད་པ་དག། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་ད ་བར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན ་གཤེགས་པ་རབ་ཏུ་བྱུང་བའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ནི། ང་རབ་ཏུ་བྱུང་བ་ན། རྒྱལ་པོ་ཡབ་དང་ཡུམ་གྱི་ཕོ་བྲང་སླས་བུ་མང་པོས་བཙའ་ཞིང་བསྲུངས་ཏེ་སྒོ་གཏན་འཛུད་པ ་དང་། སྒོ་འབྱེད་པའི་ཚེའང་སེང་གེའི་སྒྲ་རང་འབྱུང་བར་བྱས་ནས་སྐར་ཁུང་གི་མཚམས་ན་ཡང་དྲིལ་བུ་དཔྱངས་ཏེ། གསེར་གྱི་ལུ་གུ་རྒྱུད་སྦྲེངས་པས། ཀླུ་དང་། ཡི་དྭགས་དང་། གནོད ་སྦྱིན་དང་ནང་དུ་མི་ཆུད་ངོ་དོ།། དེའི་ཚེ་འཇིག་རྟེན་སྐྱོང་བཞིས་སྟེང་གི་ན་མཁའ་ལས་རྒྱང་མ་ནས་འདི་སྐད་ཅེས་སྨྲས་ཏེ། སའི་ལྷ་རྒྱལ་བུ་དུས་ལ་བབ་བོ་དཀའ་བ་སྤྱོད་པའི་དུས་ལ་བབ་སྟེ། ་བདག་ཅག་རྒྱལ་བུ་ལ་མཆོད་ཅིང་མཆིར་ནི་སྒྲ་གྲགས་ཀྱིས་དོགས་ཏེ་ནང་དུ་མི་ཆུད་དོ་ཞེས་སྨྲསོ།། དེའི་ཚེ་རྒྱལ་བུས་ཕྱག་གིས་མཛོད་སྤུ་དཀར་པོ་བརྐྱང་སྟེ། འཇིག་རྟེན་སྐྱོང་བ་བཞི་ལ ་རེག་པར་མཛད་ནས། དེ་ལས་འོད་ཁ་དོག་སྣ་ཚོགས་པ་ལ་ལྷ་རིན་བཟའ་ལྟ་བུ་རབ་ཏུ་མཉེན་ཞིང་འཇམ་པ་ཡིད་དུ་འོང་བ། འཇིག་རྟེན་སྐྱོང་བ་བཞིས་མཐོང་བ་དང་། སེམས་རབ་ཏུ ་དགའ་ཞིང་མོས་པར་གྱུར་ཏོ།། དགའ་ཞིང་མོས་པས་མཛོད་སྤུ་དེའི་ནང་ན། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྒྱལ་བུ་དང་འ་དྲ་བ་དག་སྐྱིལ་མོ་ཀྲུང་བཅས་ནས་འདུག ་པར་མཐོང་ངོ་།། བྱང་ཆུབ་སེམས་དཔའ་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ཀྱིས་བསྐོར་བར་མཐོང་ངོ་།། མཚན་འདི་བསྟན་པའི་ཚེ། ལྷ་དང་། ་ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཚད་མེད་པའི་རྣམས་ནང་དུ་ཆུད་པར་གྱུར་ཏོ།། དེ་ནས་རྒྱལ་བུས་འདོད་ལྡན་ལ་བཀའ་སྩལ་པ། ཁྱོད་སོང་སྟེ་ངའི་རྟ་སྟོད་ལ་ཁྲིད་དེ་ཤོག་ཤིག། ་ཅེས་གསུངས་པ་དང་། དེ་ནས་འདོད་ལྡན་གྱིས་གསོལ་པ། ས་གཞི་འདི་དག་ན་གོམ་པ་འདེགས་པའི་ཚེ། ས་འདི་འགུལ་ཞིང་བལ་གླང་ཆེན་པོ་འམ། སེང་གེ་སྒྲ་ལྟ་བུ་རང་བྱུང་ན། ་བདག་གིས་ཇི་ལྟར་རྟའི་དྲུང་དུ་མཆི་བར་བགྱི་ཞེས་གསོལ་པ་དང་། དེའི་ཚེ་རྒྱལ་བུས་མཛོད་སྤུ་དཀར་པོ་བརྐྱང་སྟེ། པདྨོ་དཀར་པོའི་འདབ་མ་ལྟ་བུ་མཚམས་འབྲེལ་པ། དཀར་ཁྱད ་ཀྱང་གངས་དང་འདྲ་བ། འདོད་ལྡན་གྱིས་མཐོང་བར་བྱས་ནས་དེ་ཉིད་ཀྱི་སེམས་ཀྱིས་ཆུད་ཅིང་རྟོགས་པར་གྱུར་ཏེ། པདྨོའི་འདབ་མ་དེ་དག་གི་བར་ན་སྤྲུལ་པའི་བྱང་ཆུབ ་སེམས་དཔའ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ། རྡུལ་ཤིན་ཏུ་ཕྲ་བ་སྙེད་མཐོང་བར་གྱུར་ཏོ།། སྤྲུལ་པ་དེ་དག་གི་སྨིན་མཚམས་ཀྱི་མཛོད་སྤུ་ཡང་རྒྱལ་བུ་དང་འདྲ་བར་མཐོང་ངོ་།། དེའི ་ཚེ་འདོད་ལྡན་གྱི་ཕོ་བྲང་དེའི་ས་གཞི་ཀུན་ཤེལ་ལྟར་ཕྱི་ནང་གསལ་ལ། རྡོ་རྗེ་ལྟར་སྲ་ཞིང་བརྟན་པར་མཐོང་ནས་རྟའི་དྲུང་དུ་སོང་སྟེ། རྟ་བསྟད་ནས་མྱུར་བའི་ཚུལ་གྱིས་ཁྲིད་དེ་འོངས ་ཏེ། རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ།། ལྷ་རྣམ་ས་བཏུད་དེ་ཐལ་མོ་སྦྱར་ནས། ན་མཁའ་ལ་འཁོད་པ་དག་ཆེ།། ག་འཐུན་པར་རབ་ཏུ་བྱུང་བའི་ཡོན་ཏན་སྒྲག་སོ།། རྒྱལ ་བུ་མྱུར་དུ་ཆིབས་ལ་བཅིབས་ཏེ། གཤེགས་པའི་དུས་ལ་བབ་བོ།། དེ་ནས་རྒྱལ་བུས་མཛོད་སྤུ་དཀར་པོ་བརྐྱང་ནས་སྲུངས་མའི་བུ་མོ་རྣམས་ཀྱིས་མཐོང་བར་བྱས་པ་དང་། ལུས་དང ་སེམས་རབ་ཏུ་དགའ་བ་ནི། ཇི་ལྟར་དགེ་སློང་གིས་བསམ་གཏན་གསུམ་པ་ཐོབ་པ་ལྟར་དགའ་བར་བྱས་ཏེ། ཕྱིར་ཡང་གཡསུ་འཁྱིལ་ནས། སྨིན་མཚམས་ཀྱི་མཛོད་དུ་ཞུག་སོ།། ་ལྷ་དེ་དག་ཐམས་ཅད་ཀྱིས་ནི་རྒྱལ་བུའི་མཚམས་ཀྱི་མཛོད་སྤུ་ལས་འོད་བརྒྱ་སྟོང་འབར་བའི་འོ་མའི་ཀླུང་ལྟར་ཀུན་ཏུ་འབབ་པར་མཐོང་སྟེ། འོ་མའི་ཀླུང་ལྟ་བུ་ལ་སྤྲུལ་པའི་བྱང ་ཆུབ་སེམས་དཔའ་སྤྲུལ་པའི་པདྨོ་ལ་བཞུགས་ཤིང་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་ཡོན་ཏན་སྒྲོགསོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་སྨིན་མཚམས་ན་འོ་མའི་ཀླུང ་ལྟ་བུ་འབབ་པ་དང་། འོད་ཟེར་འབྱུང་བ་ཡང་དེ་བཞིན་ནོ།། རྒྱལ་པོ་ཡབ་དེ་དག་ནི། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ཚེའི་མཛོད་སྤུ་དཀར་པོའི་མཚན་གྱི་ལྟས་མང་པོ་ཞེས། ་བྱ་སྟེ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་ལ་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཚེ་མཛོད་སྤུ་དཀར་པོའི་མཚན་བཟང་པོ་རྣམས་ལ་རྟོག་པར་འདོད ་པ་དག། དེ་ལ་དེ་ལྟ་ལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས ་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལྟར་ན་དང་ཀྲའ་བ་སྤྱོད་པའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། དེའི་ཚེ་ཕོ་དབྲང་ནས་བྱུང་སྟེ། གཡའི་གྲོང་ཁྱེར་ནས་ཧ་ཅང་མི་རིང་བ ་ན། བྱང་ཆུབ་ཀྱི་ཤིང་ཨ་ཤོ་དའི་དྲུང་དུ་བཞུགས་པར་དགོངས་པ་ལས། ལྷའི་བུ་བཀྲ་ཤིས་དཔལ་ལ་སོགས་པ་ལྷའི་བུ་བརྒྱ་སྟོང་གི་རྣམས་འདི་སྙམ་དུ་བྱང་ཆུབ་སེམས ་དཔའ་ངེས་པར་འདིར་བཞུགས་པར་དགོངས་ཏེ། གལ་ཏེ་བཞུགས་པར་གྱུར་ན། གདོན་མི་ཟ་བར་བཞུགས་པའི་གདན་དགོས་སྙམ་བསམས་ནས། བདག་ཅག་གིས་ལྷའི་རྩཝ་བརྔས་ཏེ། ་གདིང་བའི་ཕྱིར་ལྷའི་རྩ་ཡོངསུ་དག་པ་མཉེན་ཞིང་འཇམ་པ། བཀྲ་ཤིས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས་བཏིང་སྟེ་བཞུག་སོ།། དེའི་ཚེ་ལྷའི་བུ་རྣམས་ཀྱིས། བྱང་ཆུབ ་སེམས་དཔའི་སྐུའི་མཚན་ཀུན་བརྟགས་ནས་ཡིད་དུ་འོང་སྟེ། གཞན་ཡང་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ཟླུམ་ལ་གཡསུ་འཁྱིལ་པ་དེ་ལས་ཀྱང་ཁ་དོག་རྣམ་པ་མང་པོ་དང་། ་ལྡན་པའི་འོད་རྣམས་མཚན་ཀུན་ཏུ་ཞུགས་པར་མཐོང་ངོ་།། ལྷའི་བུ་དག་མཛོད་སྤུ་དཀར་པོ་རྟོག་པའི་ཚེ། ཐམས་ཅད་སོ་སོ་ནས་འདི་སྙམ་དུ། བྱང་ཆུབ་སེམས་དཔའ། ་བདག་འབའ་ཤིག་གི་རྩཝ་ནི་བཞེས་ཀྱི། གཞན་གྱི་ནི་མ་ཡིན་ནོ།། སྙམ་སེམསོ།། དེའི་ཚེ་མཛོད་སྤུ་དཀར་པོའི་ནང་ན། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་སྟོང་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ། ་བཞུགས་པ་དག། སོ་སོ་ནས་དེ་དག་གི་རྩ་བླངས་ནས་ཤིང་དེའི་དྲུང་ན་བཞུགས་པར། ལྷའི་སྲས་པོ་ཐམས་ཅད་ཀྱིས་མཛོད་སྤུ་དཀར་པོའི་ནང་ན་མཚན་དེ་ལྟ་བུ་མཐོང་ངོ་།། དེའི་ཚེ་ལྔའི ་བུ་བཀྲ་ཤིས་དཔལ་གྱིས། འདི་སྐད་ཅེས་བསྟོད་དོ་སྔགསོ།། ཤིན་ཏུ་ལེག་སོ།། མཆོག་ཏུ་རྒྱལ་བའི་བླ་མར་གྱུར་པ་བྱམས་པ་དང་། སྙིང་རྗེ་ཆེན་པོ་ཡོངསུ་བསྒོམས་དང་། བྱམས་དང་སྙིང ་རྗེ་ཆེན་པོའི་ཤུགས་ཀྱིས། སྐྱེས་བུ་ཆེན་པོའི་མཚན་དམ་པ་ཐོབ་པར་གྱུར་ཏེ། དམ་པ་དེ་ལས་སྤྲུལ་པ་ཚད་མེད་པ། རྣམས་ཀྱིས་ལྷའི་བུ་ཐམས་ཅད་ཀྱི་སྨོན་ལམ་ཡོངསུ ་རྫོགས་ཤིང་། རྩོད་པ་མེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། དེའི་ཚེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷོ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ཤིང་དྲུང་ན་བཞུགས ་པར་མཐོང་ནས། སོ་སོ་ནས་མཆོད་པ་བྱ་བའི་ཕྱིར། ཟིལ་ངར་གྱི་མཆོད་པ་འབུལོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོ་དག་གདུལ་བའི་ཕྱིར་ལྷ་རྣམས་ཀྱི ་མཆོད་པ་ཡང་མ་བཞེསོ།། ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བཞུགས་པའི་ཤིང་དྲུང་ན། གསོ་མ་དང་ཁྲེ་ཡང་སྐྱེས་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་མི་གསོལ་ཏེ། ལྷ ་བུ་ཐམས་ཅད་ཀྱིས་འདི་སྐད་དུ། རིགས་ཀྱི་བུ་འདི་ཞག་གྲངས་མང་དུ་ཟས་མ་ཟོས་ན། ཉམ་དང་སྟོབས་ཀྱང་འབྲི་སྟེ། ཚེའི་བར་ཆད་དུ་འགྱུར་ན། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་འགྲུབ ་པར་འགྱུར་ཞེས། གཅིག་ལ་གཅིག་གཏམ་འཛེར་ཏོ།། བྱང་ཆུབ་སེམས་དཔའ་དེའི་ཚེ། ཏིངངེ་འཛིན་གྱི་སྤྱོད་ཡུལ་དབང་པོ་ཐམས་ཅད་ཞི་བ་ཞེས་བྱ་བའི་ཏིངངེ་འཛིན་ལ་མཉམ་པར་གཞག ་གོ་ལྷའི་བུ་རྣམས་ཀྱིས་མཆི་མ་ཆར་བཞིན་དུ་བླགས་ནས། བྱང་ཆུབ་སེམས་དཔའ་ལ་བཤོས་གསོལ་ཅིག་ཅེས་གསོལ་བ་བཏབ་པའི་ཚིག་གི་སྒྲས། སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་པར་འགྱུར་ཀྱང་བྱང་ཆུབ་སེམས་དཔས་མ་ཚོར་རོ།། དེའི་ཚེ་ལྷའི་བུ་ཡིད་དུ་འོང་བ་ཞེས་བྱ་བ་ཞིག་གིས། བྱང་ཆུབ་སེམས་དཔའི ་འོག་ནས་རྩཝ་སྐྱེས་པ་དག་གིས་ཐལ་བྱུང་དུ་ཕུག་ནས། གྲུ་མོ་ལ་ཐུག་པར་སྐྱེས་པ་མཐོང་སྟེ། ལྷའི་བུ་རྣམས་ལ་སྨྲས་པ། རིགས་ཀྱི་བུ་འདི་ནི་ངོ་མཚར་རྨད་དུ་རུང་སྟེ། འདི་ལྟ ་བུའི་དཀའ་བ་སྤྱོད་ཅིང་ཞག་གྲངས་མང་དུ་བཤོས་མ་གསོལ་ཏོ།། བོས་པའི་སྒྲ་ཡང་མི་ཐོས་ལ། སྐུ་ལ་རྩཝ་སྐྱེས་པ་ཡང་མི་མཚོར་རོ་ཞེས་སྨྲས་ནས། ལག་པ་གཡས་པས་མཛོད་སྤུ ་དཀར་པོ་བཟུང་སྟེ་དྲངས་ནས། མཛོད་སྤུ་དཀར་པོ་དེ་ཤིན་ཏུ་མཛེས་ཤིང་དྲང་ལ་རིང་ཁྱད་མཐོ་ཕྱེད་དང་བཅོ་ལྔ་བྱུང་སྟེ། ལྷའི་རིན་པོ་ཆེ་དཀར་པོ་ལྟར་ཡོངསུ་དག་པ་ལ་ཕྱི་ནང་དུ་ཐལ ་བྱུང་བར་སྣང་ཞིང་། མཛོད་སྤུའི་ནང་ན་འོད་འབུམ་ཕྲག་བརྒྱ་སྙེད་རབ་ཏུ་མཛེས་པ་བརྗོད་པར་དཀའོ།། འོད་དེ་དག་གི་ནང་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་པ་གྲང ་། མེད་པ་བཞུགས་པ་འདི་དང་ཐ་འི་ན་པ་མཐོང་ཡང་། བྱང་ཆུབ་སེམས་དཔའ་ཆུང་ངུར་མ་གྱུར་ལ། མཛོད་སྤུ་དཀར་པོ་ཡང་ཆེན་པོར་མ་གྱུར་པར་མཐོང་སྟེ། ལྷ ་བུ་དེ་དག་གིས་དེ་ལྟ་བུ་དག་མཐོང་ནས། ངོ་མཚར་རྨད་དོ་ཞེས་བསྟོད་དོ།། མཛོད་སྤུ་དཀར་པོ་ཡོང་བཏང་མ་ཐག་ཏུ་ཕྱིར་ཡང་གཡསུ་འཁྱིལ་ནས་འོད་ཟེར་དང་བཅས་ཏེ། དེའི་ཚེ ་ལྷ་རྣམས་ཀྱིས་མཛོད་སྤུ་དཀར་པོ་ལ་མིག་མི་འཛུམས་པ་བརྟགས་ན། མཛོད་སྤུ་དཀར་པོ་ལས་སྦུབས་ལྔ་ཞལ་གྱི་སྒོར་ཞུགས་ཏེ། དེའི་ནང་ནས་ཟིལ་ངརརུ་རྒྱུན་མི་འཆད་པར ་ཞལ་གྱི་ནང་དུ་འབབ་ཅིང་འབོ་སྟེ། སྐུ་ཀུན་ཏུ་རྒྱུ་བ་ནི། བཻ་ཌཱུཪྻའི་རི་བོ་ལྟར་ཕྱི་ནང་གསལ་བར་མཐོང་ངོ་།། བྱང་ཆུབ་སེམ་ས་དཔའ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཀྱང་། སྐུའི ་ནང་ནས་མངོན་པར་སྣང་ངོ་།། ལྷ་རྣམས་ཀྱིས་དེ་ལྟ་བུ་དང་ག་མཐོང་ནས། རབ་ཏུ་དགའ་བ་སྐྱེས་ཏེ་ཐལ་མོ་སྦྱར་ནས་བདག་ཅག་སྔར་ནི་གཏི་མུག་གིས་མདོངས ་པས་སྐྱེས་བུ་འདིའི་ཚེ་རིང་པོ་མི་ཐོག་སོ་ཞེས་སྨྲས་པ་ལས། མཚན་བཟང་པོ་འདི་ལས་བལྟས་ན་གདོན་མི་ཟ་བར་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཐེ་ཙོམ་མ་མཆིས། ་བླ་ན་མེད་པའི་ཤེས་རབ་ཀྱི་ཉི་མ་རིང་པོ་མི་ཐོགས་པར་འཇིག་རྟེན་དུ་ཤར་བར་འགྱུར་རོ་ཞེས་སྨྲས་ནས། ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ཏེ། སོ་སོའི་གནས་གནས་སུ་ཕྱིར་སོང་། ་དེ་སྐད་ཅེས་སྨྲས་པའི་སྒྲ་དབྱངས་ཀྱིས་འདོད་པའི་ཁམསུ་གྲགས་པར་གྱུར་ཏོ།། རྒྱལ་པོ་ཡབ་སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་ལས་དེ ་བཞིན་གཤེགས་པའི་དཀའ་བ་སྤྱོད་ཚེའི་མཛོད་སྤུ་དཀར་པོའི་མཚན་བརྟག་པར་འདོད་པ་དག་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི། ཡང་དག་པར་མཐོང་། ་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི། ལོག་པར་མཐོང་བའོ།། །། མཚན་རྗེ་སུ་དྲན་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་མོ།། །། སངས་རྒྱས་རྗེས ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་ཡང་འདི་སྐད་ཅེས་བཀའ ་སྩལ་ཏོ།། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་བཏུལ་བའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། དེའི་ཚེ་བདུད་སྡིག་ཅན་གྱིས་ལྷའི་མིག་གིས་རྒྱང་མ་ནས་བལྟས་ན། འཛམ ་བུའི་གླིང་ན་ཤཱཀྱའི་བུས་རྒྱལ་སྲིད་མཆིལ་མ་བཞིན་དུ་ངོ་ནས། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཏེ། སྐུ་སྐམས་ཤི་ང་རྒྱུན་རིངས་ཀྱི་ནད་པ་ལྟར་ཉམ་ཆུང་ལ་རིང ་དེ། གསེར་བཙོ་མའི་ཁ་དོག་ལྟ་བུའི་འོད་ཟེར་འབའ་ཤིག་ནི་འཕགས་པར་གསལ་བ་ལ། སྤྱན་གྱི་འབྲས་བུ་ནི་ཁྲོན་པའི་གཏིང་གི་སྐར་མ་བཞིན་ཏེ། རྒོང་ཞིང་གནག་པ། རུས ་པའི་ཚིག་གཅིག་ལ་ཅིག་རྟེན་ཅིང་། ཀླུ་འཁྱིལ་པའི་རི་མོ་ཡང་ཉམས་པར་མཐོང་ནས། བདུད་སྡིག་ཅན་རབ་ཏུ་དགའ་བར་གྱུར་ཏེ། འདི་སྐད་ཅེས་སྨྲསོ།། དགེ་སྦྱོང་གོའུ་ཏ་མ་ཉ ་ཆུང་ལ་རིད་དེ། རུས་པ་ཡང་རྩ་རུལ་པ་དང་འདྲ་སྟེ། འོད་གསལ་བ་ལྟར་བྱེད་ཀྱང་འཚོ་བའི་དབང་པོས་རིང་པོ་མི་ཐུབ་ལ། བྱང་ཆུབ་ཆེན་པོ་ཡང་མི་འགྲུབ་པས། དེ་མ་རུ ་བར་བྱ་བའི་ཕྱིར་གང་ན་བར་འགྲོ་པོ་ཞེས་སྨྲས་ནས། མིག་དགྲང་དེ་རབ་ཏུ་ཁྲོས་ནས་གནོད་སྦྱིན་གྱི་རྣམས་ལ་དམག་དཔུང་རྣམས་རིངས་པར་སྡུས་ཤིག། བདག་ཅག། ་འཛམ་བུ་གླིང་དུ་གོའུ་ཏ་མ་ལ་རྒོལ་དུ་འདོང་ངོ་ཞེས་བསྒོའོ།། དེའི་ཚེ་བདུད་ཀྱི་རྒྱལ་པོའི་བུ་པ་ཏ་ལ་ཞེས་བྱ་བས་པུས་མོའི་ལྷ་ང་ས་ལ་གཙུགས་ནས། ཕ་ལ་འདི་སྐད་སྨྲསོ།། རྒྱལ་པོ ་ཟས་གཙང་མའི་སྲས་དེ་ཐོག་མ་བཅས་པའི་ཚེ་ནས་ལྷ་ཐམས་ཅད་ཀྱིས་ཡོངསུ་བསྲུངས་ཏེ། འོད་ཟེར་ཡང་ལྷའི་གནས་ཀུན་ཏུ་ཁྱབ་བོ།། སྐྱེས་བུ་དེ་ནི་བྱམས་པ་དང་། སྙིང་རྗེར་ལྡན་པ ་ལགས་པས། ཐམས་ཅད་ཀྱི་སྐྱབསུ་གྱུར་ཏེ། ད་ལྟར་སྐྱེ་བོ་མང་པོའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ན། ཡབ་རྒྱལ་པོ་ཇི་སྐད་དུ་དེ་ལ་ངན་སེམས་དང་བསྐྱེད་ཅེས་སྨྲས་པ་དང་། ་བདུད་ཀྱི་རྒྱལ་པོ་ཁྲོས་ནས་བུ་ལ་འདི་སྐད་དུ། བུ་གླེ། ན་པ་ཤེས་པ་མེད་པ་ཁྱོད། དགེ་སྦྱོང་གོའུ་ཏ་མ་བྱང་ཆུབ་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་ཞེས་མ་ཟེར་ཅིག། དགེ ་སྦྱོང་གོའུ་ཏ་མ་ཉམ་ཆུང་ལ་རབ་ཏུ་རིད་དེ། རུས་པ་ཡང་སྐམས་ནས་ད་ཅི་ཡང་མི་ནུས་པ་ལ། བྱམས་དང་སྙིང་རྗེར་ལྡན་ནོ་ཞེས་ཅིའི་ཕྱིར་སྨྲ། པ་ཏ་ལས་ཡང་སྨྲས་པ། དགེ་སྦྱོང་གོའུ ་ཏ་མ་རིང་པ་ནི་ཁ་ཟས་མ་ཟོས་ཕྱིར་སྟེ། ཁ་དོག་དང་འོད་ཟེར་ལ་བརྟགས་ན། རྡོ་རྗེའི་རི་བོ་ལྟར་འོད་རབ་ཏུ་འབར་ཏེ། ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་ཀྱང་ཐུགས་མ་གཡོས་སོ།། ཞལ ་མདངས་ལ་བལྟས་ན་འཇིགས་ཤིང་སྤ་གོང་བའི་མདངས་སུ་གྱུར་པ་མེད་ཀྱིས། རྒྱལ་པོ་ཆེན་པོ་ལྷའི་ཕོ་བྲང་ན་བཞུགས་པའི་རིགས་ཀྱི། དགོལ་ཤིང་གཤེགས་པའི་མི་རིག་སོ།། དེ། ་ནས་བདུད་སྡིག་པ་ཅན་གྱིས་སྨྲས་པ། ཁྱོད་ཁྭ་རོག་ཤིག་མང་དུ་སྒྲ་མི་དགོས་སོ་ཞེས་བསྒོའོ།། དེའི་ཚེ་གནོད་སྦྱིན་གྱི་བདག་པོ་ཤིང་ཞེས་བྱ་བ་བདུད་ཀྱི་རྒྱལ་པོ་གང་ན་བར་འོངས་ནས། ་བདུད་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས། འདི་སྐད་ཅེས་སྨྲ་སོ།། ལྷའི་རྒྱལ་པོ་དམག་གི་དཔུང་རྣམས་ཇི་སྐད་དུ་བསྒོ་ཞིང་བསྡུ་བར་བགྱི། བདུད་སྡིག་པ་ཅན་གྱིས་སྨྲས་པ། ཁྱོད ་ཀྱིས་ངའི་ཚིག་འདིས་གནམ་རིམ་པ་དྲུག་དང་། ཡི་དྭགས་ཀྱི་རྒྱལ་པོ་དང་། གཞན་ཡང་སྡེ་བརྒྱད་དང་། འབྲོག་དགོན་པའི་ཡི་དྲགས་དང་། དམྱལ་བ་བཅོ་བརྒྱད་དང་། གཤིན་རྗེའི ་འཇིག་རྟེན་ལ་སོགས་པའི་འཁོར་ཀུན་ཏུ་སྐད་ཀྱིས་སྒྲོགས་ཏེ། ཐམས་ཅད་ཀུན་ནས་དགེ་སྦྱོང་གོའུ་ཏ་མ་ག་ན་བ་སྡུས་ཤིག་ཅེས་བསྒོའོ།། དེའི་ཚེ་དེ་བཞིན་དུ་བསྒོ་བ་དང་། ་ཡི་དྭགས་ཀུན་ཕྱོགས་བཞི་ནས་སྤྲིན་ལྟར་ལངས་ཏེ་འདུསོ།། ཡི་དྭགས་ལ་ལ་ནི་བལ་གླང་གི་མགོ་ཅན་ལ། རྣ་བ་བཞི་བཅུ་ཡོད་པ། རྣ་བ་དེ་དག་གི་ནང་ན་ལྕགས་ཀྱི་མདའ་སྐྱེས་ལ། ་མེ་རབ་ཏུ་འབར་ཏེ་མཐོ་ཁྱད་དཔག་ཚད་གཅིག་ཏུ་ཕྱིན་པ། རཱ་བཅོ་བརྒྱད་ཡོད་པ་ལ། རྭའི་རྩེ་མོ་ལ་རི་བཏེག་སྟེ། རིའི་སྟེང་ན་ཀླུ་ཡོད་པ། ཀླུའི་ཁ་ན་ལྕགས་ཀྱི་ཐུ་ལུམ་ཁྱེར་བ་ཡོད།། ་ཡི་དྭགས་ལ་ལ་ནི་ཝ་མགོ་ཅན་ལ་མིག་སྟོང་ཕྲག་བཅུ་ཡོད་པ། མིག་གི་རྫི་སྤུ་ཆེ་ཞིང་རིང་ལ་གནམ་ལྕགས་ལྟར་འབར་བ། སྤྱི་བོ་ན་ཁ་ཡོད་པ། ཁ་ནས་མེ་རབ་ཏུ་འབར་བ། ལུས ་ཀྱི་སྤུ་ཐམས་ཅད་རལ་གྲིའི་ཚལ་ལྟར་འདུག་པ་ཡང་ཡོད་དོ།། ཡི་དྭགས་ལ་ལ་ནི་ན་མཁའ་ལ་སྤྱི་ཚུགས་འགྲོ་ལ་རྐང་པ་བཅུ་གཉིས་ཡོད་དེ། རྐང་པའི་རྟིང་པ་ལ་རལ་གྲི ་།། འཁོར་ལོ་སྟོང་ཐོགས་པ། མིག་རི་རབ་ལྟར་ཚ་བ་མགོའི་སྟེང་ན་རལ་གྱི་ཡལ་ག་ཅན་ལྔ་བརྒྱ་ཐོགས་ཏེ། མེ་རབ་ཏུ་འབར་བ་ཡང་ཡོད་དོ།། ཡི་དྭགྲས་ལ་ལ་ནི ་ལྟོ་བས་འཕྱེ་སྟེ་འགྲོ་བ་ཡང་ཡོད་དེ། འཁོར་ཡུག་གི་རི་ཁུར་དུ་ཐོགས་ཤིང་དགུ་སྟེ་འོང་བ་ཡང་ཡོད། ཡི་དྭགས་ལ་ལ་ནི་མགྲིན་པ་གཅིག་ལ་ཁ་མང་པོ་ཡོད་དེ། ཁ་གཅིག ་གི་ནང་ན་ལྕེ་སྟོང་ཡོད་ལ། ལྕེའི་ཐོག་ན་ཚེར་མ་མ་རུངས་པ་སྐྱེས་ཤིང་སྤུའི་རྩེ་མོ་ཡར་འགྲེང་ལ་སྤུའི་ཐོག་མ་ལས་ཁྲག་འབབ་ཅིང་། ཁ་ནས་ཚེར་མ་དག་འབྱིན་པ་མགྱོགས ་པར་ན་མཁའ་ལས་འོང་བ་ཡང་ཡོད་དོ།། འབྱི་ཤ་ཅེའི་གདོན་སྐད་ངན་ཆེན་པོ་འབྱིན་ཅིང་། ཁའི་དབུགས་རསྤྲིན་ལྟར་འབྱུང་ལ་ལྕགས་ཀྱི་ཐུ་ལུམ་ཆར་བཞིན་དུ་འབེག ་ཤིང་། ཡུད་ཙམ་ཐང་ཅིག་གིས་ཕྱིན་པ་ཡང་ཡོད་དོ།། གྲུལ་བུམ་གྱི་གདོན་ས་ཕུང་ལ་སྐུར་རྟེན་བཅས་ནས། མི་ཧཱུཾ། ག་པའི་བཞིན་ངན་པ་འབྱིན་པ་ཡང་ཡོད་དོ།། འབྱུང ་པོའི་གདོན་རབ་ཏུ་གནག་ལ་རིད་དེ། མགོ་ལ་ཟངས་ཆེན་པོ་ཁྱེར་ནས་ནང་ན་ལྕགས་ཀྱི་ཐུ་ལུམ་འབར་ལ། ལག་པ་ན་རལ་གྲིའི་འཁོར་ལོ་ཐོགས་ཏེ། རྐང་པ་གཡོན་པས་ནི ་ཁྱི་མནན། རྐང་པ་གཡས་པས་ནི་སྤྱང་ཀུ་མནན་ཏེ་རྒྱུགས་ཏེ་འོང་བ་ཡང་ཡོད་དོ།། འབར་བའི་བདག་པོ་རྣམས་རྒྱབ་ནི་བསེ་རྩི་ལྟར་གནག་ལ། མདུན་ནི་ཟླ་ལྟར་དཀར་ཞིང་མིག ་མེའི་ཕུང་པོ་ལྟར་འབར་བ། སྒྲ་རབ་ཏུ་འཛིངས་པར་འདུག་ལ་ཚེར་མའི་ཕུང་པོ་ལྟར་གཟིངས་པ། མཆེ་བ་འགྲེང་ལ་རལ་གྲིའི་སོ་ལྟར་རྣོ་བ། སོར་བཅུ་སྡེར་མོ་མདུང་རྩེ་ལྟར ་རབ་ཏུ་རྣོ་བ། ནང་པའི་སྡེར་མོ་བཅུ་རལ་གྲི་སྡོམ་ལྟ་བུར་འདུག་ལ། ལྕགས་ཀྱི་སྦྲུལ་གྱིས་མགོ་དཀྲིས་པ། རབ་ཏུ་མྱུར་བར་རྒྱགས་ཏེ་འོང་བ་ཡང་ཡོད་དོ།། འབྲོག་དགོན་པའི ་གདོན་གྱི་བདག་པོ་ཆེན་པོ་ལ་སོགས་པ། མགྲིན་པ་གཅིག་ལ་མགོ་དྲུག་ཡོད་པ། བྲང་ལ་ངོ་དྲུག་ཡོད་པ། སྤུས་མོ་ན་ངོ་གཉིས་ཡོད་པ། ལུས་ལ་སྤུ་ཁྱབ་པར་སྐྱེས་ཏེ། མདེའུ ་ལྟར་རྣོ་བ། ལུས་སྤྲུགས་པ་ན་མི་ལ་འཕེན་ཅིང་འཛུགས་པ། མིག་བགྲང་ན་རབ་ཏུ་མེ་འབར་ཞིང་དམར་ལ་ཁྲག་འཛགས་པ་ལྟས་ངན་གྱི་གྲངསུ་གཏོག་པ་དག་མགྱོག་པར་རྒྱུགས། ་ཏེ་འོང་བ་ཡང་ཡོད་དོ།། ཡི་དགས་ལ་ལ་ནི་སྟག་གི་མགོ་ཅན་ལ། མིག་བཅུ་གཉིས་ཡོད་པ། རྣ་བ་གླང་གི་སྣ་ལྟར་འདུག་ལ། སྣ་བཅུ་གསུམ་ཡོད་པ། འཕྲག་པ་གཡོན་པ་ལ ་ནི་རི་ཁྱེར། འཕྲག་པ་གཡས་པ་ལ་ནི་མེ་ཁྱེར་བ། ལག་པ་ན་རལ་གྲི་རྣོན་པོ་ཐོགས་པ། རྐང་པས་སེང་གེ་གནོན་ཅིང་སྐད་ངན་ཆེན་པོ་འབྱིན་པ་དག་རྒྱུགས་ཏེ་འོང་བ ་ཡང་ཡོད་དོ།། ཡི་དྭགས་ལ་ལ་ནི་གཟུགས་སྤྲིན་ལྟེར་འདུག་ལ་གནམ་ལྕགས་ལྟར་འབར་ཞིང་སྤྲིན་འཕུངས་པ་ལྟ་བུའི་མགོ་ཅན་ལ། སྤྲིན་འཕུངས་པའི་ཁ་ན་ཀླུ་བརྒྱ་སྟོང་སྙེད ་ཡོད་དེ། ལུས་མི་སྣང་བར་འདུག་པ་འབའ་ཤིག་བྱིན་པར་སྣང་ཞིང་། ཕྱོགས་བཅུ་ནས་གདོན་ཐམས་ཅད་སྤྲིན་ལྟར་འདུག་པ་ཡང་ཡོད་དེ། བུ་མངས་ཀྱི་བདག་མོ་ཡང་བུ་རྣམས ་དང་ཆས་ནས། སོ་སོ་ནས་ཕ་བོང་དཔག་ཚད་བཅུ་པ་ཟུར་མོང་ཅན། འཇིག་སུ་རུང་བ་རེ་རེ་ཐོགས་ཏེ་འོང་བ་ཡང་ཡོད་དོ།། ཡི་དྭགས་ལ་ལ་ནི་དགུས་ཏེ་འཇུག་མ་འགྲེང་དུ་བཅུག ་ནས། སྣ་ས་ལ་སྡོམ་ཞིང་ནས་མེ་རབ་ཏུ་འབར་ལ། མེའི་ནང་ནས་ཀྱང་གདོན་མང་པོ་རྫུས་ཏེ་འབྱུང་ཞིང་ངོ་བཀབ་ནས་རྒྱུགས་ཏེ་འོང་བ་ཡང་ཡོད་དོ།། དེའི་ཚེ་བདུད ་ཀྱི་རྒྱལ་པོས་གནོད་སྦྱིན་དང་། ཡི་དྭགས་ཀྱི་ཚོགས་ཐམས་ཅད་ལ་ལྟས་ནས་སྨྲས་པ། གནོད་སྦྱིན་དང་། ཡི་དྭགས་ཀྱི་དཔུང་ཐམས་ཅད་ཀྱང་སྤྲིན་ལྟར་འདུས་ཤིང་ཚོགས་ན། དགེ ་སྦྱོང་གོའུ་ཏ་མ་དགེ་བ་དེས། གལ་ཏེ་ན་སྔགས་ཤེས་ཀྱང་སྲིད་ཀྱིས། དམག་རྣམས་བཞི་ཡང་མྱུར་དུ་བཤམ་མོ་ཞེས་སྨྲས་ནས། བདུད་ཀྱི་རྒྱལ་པོའི་ནོར་བུ་ལས་དམག་རྣམ་བཞིར ་སྤྲུལ་ཏོ།། འདི་ལྟ་སྟེ། བལ་གླང་གི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྐང་ཏང་གི་ཚོགས་རྣམས་ཏྲེ། དགྲ་ཆ་རྣམས་ནགས་ཚལ་ལྟར་བཤམས་ནས། རབ་ཏུ ་འཇིག་སུ་རུང་བ་སྟེང་གི་ན་མཁའ་ལས་བབས་ཏེ། བྱང་ཆུབ་ཀྱི་ཤིང་གི་མཐའ་དང་ཉེ་བར་ལྷག་སོ།། བདུད་ཀྱིས་ཡ་ང་འདི་སྙམ་དུ་བསམ་ཏེ། གལ་ཏེ་དམག་འདི་རྣམས་ཀྱིས ་ཀྱང་དགེ་སྦྱོང་གོའུ་ཏ་མ་འདི་མི་ཐུབ་ཀྱང་སྲིད་ཀྱིས་སྙམ་བསམ་ནས་རིན་པོ་ཆེའི་ཅོད་པན་ཕུད་དེ་སའི་ལོག་སུ་གཟས་པ་དང་། ཅོད་པན་གྱི་འོད་ཟེར་གྱིས་ཐལ་བྱུང་དུ་གཤིན་རྗེའི ་འཇིག་རྟེན་གྱི་སྤྲུལ་པ་སྲུངས་མའི་སྟེང་དུ། སྐད་ཆེན་པོས་འབོད་ཅིང་ཡི་དྭགས་ཀྱི་རྣམས་ལ་སྨྲས་པ། ཁྱེད་དམྱལ་བའི་སྲུངས་མ་དང་། གཤིན་རྗེའི་རྒྱལ་པོ་དང་། མཚམས་མེད ་པའི་དམྱལ་བའི་མཚོན་གྱི་འཁོར་ལོ་དང་། མེའི་ཤིང་རྟ་དང་མེ་མུར་ལ་སོགས་པ་ཐམས་ཅད་ཀྱང་འཛམ་བུ་གླིང་དགེ་སྦྱོང་གོའུ་ཏ་མ་དེ་མ་རུང་བར་བྱ་བའི་ཕྱིར། ཀུན་སྟེང་དུ་ཐོན ་ཅིག་ཅེས་སྒྲག་སོ།། མཚམས་མེད་པའི་སེམས་ཅན་དམྱལ་བ་ནི་ཆུ་ཞེང་གབ་པར་དཔག་ཚད་བརྒྱ་སྟོང་སྙེད་དེ། མཐའ་མ་ལྕགས་ཀྱི་མཁར་རིམ་པ་བདུན་གྱིས་བསྐོར་ཏོ།། དེ་ལ་བར ་ཚད་བཅོ་བརྒྱད་ཡོད་དེ། མཐའ་མ་རལ་གྱིའི་ཚལ་རིམ་པ་བཅོ་བརྒྱད་ཀྱིས་བསྐོར་ཏོ།། དེའི་འཁོར་དུ་གཏོགས་པ་ཤར་ཕྱོགས་ཀྱི་ངོས་ན་ཡང་དམྱལ་བ་ཆེན་པོ་བཅོ་བརྒྱད་ཡོད་དོ།། དེ། ་བཞིན་དུ་ལྷོ་ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ་གཏོགས་པ་བཅོ་བརྒྱད་ཡོད་དོ།། ནུབ་ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ་གཏོགས་པ་བཅོ་བརྒྱད་ཡོད་དོ།། བྱང་ཕྱོགས་ཀྱི་ངོས་ན་ཡང་འཁོར ་དུ་གཏོགས་པ་བཅོ་བརྒྱད་ཡོད་དེ། དེའི་འོག་ནས་མེ་ཚ་བ་རང་འབར་བས། ལྕགས་ཀྱི་འཁར་དང་ལྕགས་ཀྱི་དྲ་བ་ཀུན་བསྲེགས་ཏེ། འབར་བར་བྱས་ནས། དེའི་འཁོར་དུ་གཏོགས ་བ་ཀུན་ཀྱང་འབར་ཏེ། དེའི་འོག་ན་བར་ཆད་བ་ཅོ་བརྒྱད་ཡོད་པ་ལས་ཀྱང་ཐལ་བར་བྱེད་དོ།། སྐྱེ་བོ་གང་ཞིང་མཚམས་མེད་པ་ལྔ་བྱས་པ་དག། ལུས་ཀྱིས་དེའི་ནང ་ཡོངསུ་གང་སྟེ། སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཉིན་མཚན་དུ་བར་ཆད་མེད་པར་མྱོང་སྟེ། དེའི་ནང་ན་གནས་སྟོང་པ་ཅུང་ཟད་ཙམ་ཡང་མེད་དོ།། བསྐལ་པས་འཁྲུ་བར་བྱེད་པའི ་ཚེ་སྒོ་བཞི་རང་བྱེ་ནས་དམྱལ་བ་པ་དེ་དག་སོ་སོའི་སྒོའི་ཕྱི་རོལ་ན། རལ་གྱིའི་ནགས་ཚལ་སྣང་བ་ལ། ཤིན་ཏུ་བསིལ་བའི་ནགས་ཚལ་དུ་མཐོང་ནས། བར་ཆད་གཅིག་ནས ་གཉིསུ་འཕགས། གཉིས་ནས་གསུམ་དུ་འཕགས་ཏེ། བར་ཆད་ཀུན་ནས་འཕགས་ནས། ཤར་སྒོ་ལོགསུ་བརྒྱུགས་པ་དང་སྲུང་མ་སྲིན་པོས་མདུང་རྩེ་ཁ་བྲག་པ་ཐོགས་ཏེ། མིག། ་། ཏུ་བཅུགས་པས་མིག་གི་འབྲས་བུ་ཆུ་བཞིན་དུ་ས་ལ་པོའོ།། དེའི་ཚེ་དེ་ཉིད་དུ་འགྱེལ་ནས་ཕྱིར་ཡང་བར་ཆད་བཅོ་བརྒྱད་ཡོད་པ་ཀུན་ཏུ་ལས་ཀྱིས་གང་སྟེ། བསལ་པ ་ཆུང་ངུ་གཅིག་གི་བར་དུ་བརྒྱལ་བར་གྱུར་ནས་དེ་ནས་གདོད་ལྡང་ངོ་།། དེ་ནས་ཡང་ལྷོ་ཕྱོགས་ཀྱི་སྒོ་དང་། སྒོ་བཞི་ཅར་དུ་ཡང་སྔ་མ་བཞིན་ནོ།། དེ་ལྟར་ཉིན་མཚན་དུ་ཡང་སྡུག ་བསྔལ་ཆེན་པོ་བསྐལ་པ་གཅིག་གི་བར་དུ་མྱོང་ནས། བསྐལ་པ་དེ་ཟད་ནས་དེ་ནས་ཕྱིར་ཡང་དམྱལ་བ་ཆུང་ངུར་སྐྱེའོ།། དམྱལ་བ་ཆུང་ངུ་དང་། དེ་མ་ཡིན་པའི་དམྱལ་བ་གཞན་གྱི ་གཟུགས་དང་། ཆེ་རླུང་གི་ཚད་དང་། རྣམ་པར་སྨིན་པའི་འབྲས་བུའི་ཁྱད་པར་དང་། གཟུགས་བྱེ་བྲག་དང་། རྣམ་པར་སྨིན་པ་སྣ་ཚོགས་པ་ནི། བྱམས་པའི་ཏིང་འཛིན་ཅེས་བྱ ་བའི་ནང་ནས། རྒྱས་པར་འཆད་དོ།། དམྱལ་བའི་སྲུངས་མ་ཤར་ཕྱོགས་ཀྱི་ངོས་ན་བརྒྱ་སྟོང་ཡོད་དེ། ཕྱོགས་གསུམ་གྱི་ངོས་ཀྱང་གྲངས་དེ་བཞི་ནོ།། སྲུངས་མ་དེ་རེ་རེའི ་མགོ་ཡང་རི་ལྟར་འདུག་ལ། དེ་ལ་རལ་གྲིའི་འཁོར་ལོ་དང་མདུང་རྩེ་ཁ་བྲག་པ་ཤ་སྟག་སྐྱེས་སོ།། དེ་དག་གི་རྣ་བ་བོང་བུའི་རྣ་བ་ལྟ་བུ་རྣམ་པ་བརྒྱ་སྟོང་སྙེད་ཡོད་དེ། རྣ་བ་དེ་དག ་ཀུན་གྱི་ནང་ནས་དུད་པ་དང་། མེ་ལྕེ་འབྱུང་ངོ་།། དེ་དག་གི་ཁ་དང་མཆེ་བ་ཡང་སྲིན་པོ་བས་བརྒྱ་སྟོང་གིས་ལྷག་པར་མི་སྡུག་ལ། རཱ་ནི་གླང་གི་རྭ་འདྲ་སྟེ། རྭའི་ཐོག་མ་ལ་རལ་གྲི ་སྐྱེསོ།། དེ་ཡང་ཕྱོགས་ལྔ་ནས་མཐོང་བ་ཡང་མི་མཐུན་ཏེ། དེ་དག་གི་ལུས་དམར་བ་དང་གནག་པ་ལ་སོགས་པ་ཤ་སྟག་གོ།། དེའི་ལུས་ཀྱི་གཟུགས་ཁྱི་རྔོན་ཅན་ལྟ་བུ་ལ། ་མཇུག་མ་བཞི་བརྒྱ་ཡོད་དོ།། འཇུག་མའི་ཐོག་མ་ལ་རྣག་ཁྲག་དང་ངར་སྐྱུགས་ཟག་གོ།། སྦྲུལ་ལྕགས་ཀྱི་མཆུ་ཅན་གྱིས་ལུས་ལ་དཀྲིས་ཏེ། ལག་ན་མདུང་རྩེ་ཁ་བྲག་པ་ཐོགས ་ཤིང་རྐང་པའི་མཐིལ་གྱིས་མཚོན་གྱི་འཁོར་ལོ་གནོན་ཏེ། མཚོན་དེའི་རྩེ་མོས་ཟུག་ཅིང་ཟུག་པ་ཡང་སྙིང་དང་རྐན་ལ་ཐུག་གོ།། དེ་དག་རླུང་ལྟར་མགྱོགས་པས། སོ་སོའི་ལག ་ན་མདུང་རྩེ་ཁ་བྲག་པ་ཐོག་པ་དེས། དམྱལ་བའི་རྐེང་དུ་གཟེར་ཏེ། མདུང་གི་ཁ་ལ་ཁྱེར་ནས་རྒྱུགས་ཏེ་འོང་ངོ་།། མཚམས་མེད་པའི་དམྱལ་བའི་ཡང་ཇི་ལྟར་ལུས་ཀྱི་ཕྱིན་གྲིབ ་མ་འབྲང་བཞིན་དུ། དམྱལ་བའི་ཕྱི་བཞིན་འབྲང་སྟེ། ཐང་ཅིག་ཡུད་ཙམ་གྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་དུས་གཅིག་དུ་འདུས་ཤིང་ལྷགས་ནས་གནོད་པའི་སེམས་བསྐྱེད་དོ།། ་དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པར་བྱམས་པའི་ཐུགས་ལ་མཉམ་པར་བཞག་སྟེ་མི་གཡོ་བར་གྱུར། ཏོ།། དེ་ནས་བདུད་ཀྱི་རྒྱལ་པོས་ཁྲོས་པའི་ཚུལ་གྱིས་ཆས ་དགྲ་ཆ་ཕྱིར་ཏེ། སྒྲ་སྐད་ཆེན་པོ་ཕྱུང་ནས། དམག་གི་དཔུང་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་མྱུར་དུ་དགེ་སྦྱོང་གོའུ་ཏ་མ་སྐྲོད་ཅིག། སྟེང་ནས་འབྲུག་གི་སྒྲ་སྒྲོགས་ལ། ལྕགས ་ཀྱི་ཆུ་ལུམ་གྱི་སེར་བ་བོག་ཤིག།། མཚན་གྱི་འཁོར་ལོ་དང་མཚོན་ཆས་ཚལ་བར་གཏོགས་ཤིག་ཅེས་སྦསོ།། དེའི་ཚེན་མཁའ་སྟོང་པ་དང་། ངོས་བཞིནས་བདུད་ཀྱི་དཔག་ནས ་བཞིས་དུས་གཅིག་ཏུ་མཚོན་གྱིས་བཏབ་སྟེ། མེའི་མངས་འཕངས་ཀྱང་བྱང་ཆུབ་སེམས་དཔའ་ལ་ཉེ་བར་ཡང་མ་གྱུར་ཏོ།། དེའི་བྱང་ཆུབ་སེམས་དཔའ་དལ་གྱིས་ཕྱག་གས ་། པ་བཏེག་ནས། སྨིན་མཚམས་ཀྱི་མཛོད་སྤུ་བརྒྱད་སྟེ། འོག་མའི་ཕྱོག་སུ་གཟས་པ་དང་། མཚམས་མེད་པའི་དམྱལ་བ་པ་རྣམས་ལ་མཛོད་སྤུ་དཀར་པོའི་རྣམ ་ནས་ཤིང་རྟའི་སྲོག་ཤིང་ཙམ་གྱིས་ཆུ་བྱུང་ནས་མེའི་སྟེང་དུ་བོ་སྟེ། དམྱལ་བའི་མེ་ཆེན་པོ་བགས་ཀྱིས་ཞི་ནས་དུད་པ་ཙམ་དུ་གྱུར་པ་མཐོང་བ་དང་། དམྱལ་བ་པ་དེ་དག་གི ་སེམས་ཀྱང་ཅུང་ཟད་ཅིག་རྟས་པར་གྱུར་ཏེ། དེ་དག་སོ་སོ་ནས་སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་སྟོང་གི་དུས་ན་སྡིག་པ་ཅི་བྱས་པ་ཐམས་ཅད་དྲན་པར་གྱུར་ཏོ།། ་དེའི་ཚེ་དམྱལ་བའི་བསྲུངས་མ་རྣམས་ཀྱིས་མདུང་རྗེ་ཁ་བྲག་པ་གདེག་པར་གཟས་ནས། སྟོབས་དང་མཐུ་ཅི་གཡོས་པས་བརྟུལ་ཀྱང་འགུལ་མ་ནུས་ཏེ། དེ་མ་ཐག། ་མདུང་རྩེ་ཁ་བྲག་པའི་རྩེ་མོ་ལ། དངུལ་གྱི་རི། ཁུའི་ཁང་བུ་བརྒྱ་སྟོང་སྙེད་ཡོད་ཅིང་། སེང་གེ་དཀར་པོ་འཁྱིལ་ཅིང་ཉལ་བ་དང་། སེང་གེའི་སྟེང་ན་པདྨོ་དཀར ་པོ་ལ་བྱང་ཆུབ་སེམས་དཔའ་དམ་པ་མང་པོ་དག། ལྷག་པར་བྱམས་པའི་ཐུགས་ལ་མཉམ་པར་གཞག་ནས། རི་རབ་ལྷུན་པོ་ལྟར་ཡོངསུ་བརྒྱན་པ་མཐོང་སྟེ། དམྱལ ་སྲུངས་མ་དེ་དག་གིས་མདུང་ས་ལ་བོར་བ་དང་། མདུང་གི་མ་རྩེ་ལས་རིན་པོ་ཆེ་སྣ་བདུན་གྱི་པདྨོ་སྐྱེསོ།། ཡང་དེ་ལས་ཀྱང་འོད་ཟེར་དཀར་པོ་བྱུང་སྟེ། དམྱལ་བ་པ་རྣམས་དང་། དམྱག ་བའི་སྲུངས་མ་གླང་གི་མགོ་ཅན་དང་། གཤིན་རྗེ་དང་། དམྱལ་བའི་སྲུངས་མ་གཞན་ཐམས་ཅད་ཀྱང་དངུལ་གྱི་རི་ལྟར་སྣང་ཞིང་དཀར་པོར་གྱུར་ཏོ།། དེ་ཡང་གློག་གི་འོད་ལྟར་ཡུད ་ཙམ་སྐད་ཅིག་མཐོང་བར་ཟད་དོ།། དམྱལ་བ་པ་རྣམས་ཀྱི་དབང་པོ་དྲུག་ལས་མེ་རབ་ཏུ་འབར་བ་དང་། ཚིགས་དང་། རུས་པ་དང་། རྩ་ཀུན་མེ་འབར་ཞིང་ལྕགས་གཟེར་ཟུག་པ་དང་། ་འདྲལ་ཞིང་གཤེགས་པ་དང་། རབ་ཏུ་དྲུག་བསྔལ་བ་མང་པོ་ཀུན་དུས་གཅིག་དུ། མཛོད་སྤུ་དཀར་པོའི་མཚན་མཾ་ལོགསུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བས་དེ་དག་ཐམས་ཅད་ཀྱི ་སེམས་གཔལ་བར་གྱུར་ཏེ། མཛོད་སྒྲ་དར་པོའི་ནདུན་བདག་དྲང་འདྲ་བ་ཡང་ཡོད་ལ། བཛྲའི་གདན་ལ་བཞུགས་ཤིང་དམྱལ་བའི་སྤྱི་བོ་ནས་ཆུ་ལྕུག་ཏེ་དེ་དག་གི་མ་བའི་ཉོན་མོལ། ་པ་ལ་སོགས་པ་ཀུན་ཞི་བར་མཐོང་ནས། ཐམས་ཅད་ཀྱིས་འཐུན་པར་དུས་གཅིག་ཏུ་སངས་རྒྱས་ལ་ཕྱག་འཚ་ལོ་ཞེས་བརྗོད་པར་གྱུར་ཏོ།། དེའི་རྒྱུ་དེའི་རྐྱེན་གྱིས་དམྱལ་བའི་ཁ་ན་མ་ཐོ། ་བཟང་དེ་བལ་བྱུང་མེར་སྐྱེའོ།། དེ་དག་ཀྱང་དབང་པོ་དང་ལྡན་ཞིང་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་ནས་ཉོན་མོང་ཉེས་པ་འབུམ་ཕྲག་ཉི་ཤུ་སྙེད་བཅོམ་པར་གྱུར་ཏེ། རྒྱུནཿ། ་ཐུགས་པ་ཐོབ་བོ།། དེ་ནས་བདུད་ཀྱིས་དེ་ལྟར་གྱུར་པ་ཡོང་བ་དང་། མྱ་ངན་གྱིས་ཡིང་ཐོང་ཞིང་འཇུགས་ནས་ཕྱིར་མིང་སྟེ་ཁྲི་ལགལ་ཏོ།། དེའི་ཆ་བདུ་དེ་ལ་བུ་མོ་གསུམ་ཡོད་དེ ་མོ་ནི་དགའ་བྱེད་ཅེས་བྱའོ།། བར་མ་ནི་དགའ་སེམས་ཅེས་བྱའོ།། ཐ་ཆུངས་ནི་ཀུན་མཛེས་ཤེས་བྱའོ།། བུ་མོ་གསུམ་གྱིས་ཕ་དེ་ལྟར་གྱུར་པ་མཐོང་བ་དང་། པུས་མོ་ས་ལ་གཙུགས་ཏེ་ཐལ། ་མོ་སྦྱར་ནས་ཕྱག་འཚལ་ཏེ། ཕ་ལ་འདི་སྐད་ཅེས་སྨྲའོ།། ཕ་རྒྱལ་པོ་ཅིའི་ཕྱིར་འདི་ལྟ་བུར་ཐུགས་ངན་ཆེར་མཛད་ཅིང་དགྱེས་ཞེས་སྨྲས་པ་དང་། ཕས་བུ་མོ་རྣམས་ལ་སྨྲས་པ། དགེ་སྦྱོང་། ་། གོའུ་ཏམ་ངེས་ཤིན་ཏུ་དམ་བཅས་ནས། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་སྟེ། ངའི་འཁོར་ཀུན་བཤིག་པས། དེའི་ཕྱིར་ང་ནི་མྱ་ངན་བྱེད་དོ།། བུ་མོས་གསོལ་པ། རྒྱལ་པོ ་བདག་གིས་དེ་སླུ་ཞིང་གཞིག་ནུས་ཀྱིས། རྒྱལ་པོ་མི་དགྱེསུ་མ་མཛད་ཅིག་ཅིག་ཅེས་སྨྲས་ནས་རབ་ཏུ་ཆས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཐོགས་ཤིང་ཚུལ་དུ་ཤིས་ལ་མཛེས ་པ་ནི། བདུད་ཀྱི་འཁོར་ལས་བརྒྱ་སྟོང་གིས་ཤིན་ཏུ་འཕགས་ཏེ། མིག་ཟུར་གྱིས་ལྟ་བ་དང་། བསླུ་ཞིང་འབྲིས་པའི་ཚུལ་སྟོན་པ་དང་། སེ་མོ་དོའི་འོད་ནི་གནམ་རིམ་པ་དྲུག་ཀུན་ཟི ་གྱིས་ནོན་པ་རིན་པོ་ཆེའི་ཤིང་རྟ་བཅས་ཏེ་རིན་པོ་ཆེ་བླ་ད་རེ་བྲེས་ནས། ལྷའི་མེ་ཏོག་སྣ་ཚོགས་སྦྱངས་ཏེ། མེ་ཏོག་གྲི་ནང་ཀུན་ན་སྤྲུལ་པའི་ཤེལ་གྱི་བུ་མོའི་ཆ་སྤྱད་ཐོགས་ཤི ་སིལ་སྙན་དཀྲོལ་ནས་གླུ་དབྱངས་ཀྱི་སྒྲ་སྒྲོག་སོ།། འཛི་གརྟེན་ན་དེ་ལྟ་བུའི་དགའ་བ་དང་། བདེ་བ་གཞན་མེད་དེ། བུ་མོ་དེ་དག་གཅིག་ལ་ཡང་འཁོར་བུ་མོ་ལྔ་བརྒྱ་སྙེད་། ་རྒྱལ་མཚན་དང་། བ་དན་བསྒྲེང་ནས་བླ་རེར་བྲེས་ཏེ། སྤྲིན་ལྟར་ལྡིང་ཞིང་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཀྱི་དྲི་གསུང་འཐུལ་ཞིང་། ཁ་དོག་རྣམ་པ་བརྒྱ་སྟོང་སྙེད་རབ་ཏུ ་འཚེར་ཞིང་འབར་བས་འགྲོ་བ་མང་པོའི་མིག་རབ་ཏུ་གང་བར་བྱེད་དོ།། བུ་མོ་དེ་དག་ཀུན་ཚུལ་དུ་ཤིས་ཤིང་གོམ་པ་དལ་གྱིས་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས། ཐལ་མོ ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས་ལན་བདུན་བསྐོར་ཏེ། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བུ་ཐོག་མ་བལྟམ་པའི་ཚེ་ན། ལྷ་མང་པོས ་སྲུངས་ནས་རིན་པོ་ཆེ་བདུན་ཡང་འདུས་ན་ཇིའི་སླང་དུ་ལྷའི་ཐབས་བཏང་སྟེ། ཤིང་གི་དྲུང་འདིར་བཞུགས། བདག་ཅག་ནི་ལྔའི་བུ་མོ་ལགས་ཏེ། བྱུག་ཅིང་ཡིད་དུ་འོང་བ་ནི་དཔེ་དང ་མེད་དེ། ལུས་མདོག་གི་ཁ་དོག་བཟང་པོ་ནི་གནམ་གྱི་རིམ་པ་དྲུག་དག་ན་ཡང་བླ་མ་མཆི་སོ།། བདག་ཅག་གི་ལུས་ངན་པ་འདི་རྒྱལ་བུ་ཁྱོད་ལ་དབུལ་གྱིས་བཞེས་ཤིག། བདག་ཅག ་གིས་ཆག་ཆག་དང་ཕྱག་དར་དང་། གོ་རེ་ལོང་ཀུན་བགྱིའོ།། བདག་ཅག་ནི་སྐུ་མཉེལ་བའི་ཐབས་དང་། ཆོ་ག་ཡང་འཚལ་ཏེ། ཁྱོད་ལ་སྙེན་ཅིང་གཡོག་བགྱི་བར་གསོལ་གྱིས། ་བདག་ཅག་གིས་གསོལ་བ་བཞིན་དུ་བཞེསུ་གསོལ་ལོ།། རྒྱལ་བུ་ཡུན་རིང་མོར་ཤིང་དྲུང་ན་བཞུགས་པས་སྐུ་མཉེལ་བར་གྱུར་གྱིས། གཟིམས་ཤིང་མཉེལ་བ་ཤོ་བའི་རིག་སོ།། ་ཟིལ་དངར་གྱི་ཞལ་ཟས་ཀྱང་གསོལ་ཅིག་ཅེས། རིན་བོ་ཆེ་ནི་སྣོད་ཀྱི་ནང་དུ་ལྷའི་ཟས་རོ་བརྒྱ་སྟོང་དང་ལྡན་པ་ཕུལ་ནས། དེའི་ཚེ་རྒྱལ་བུ་རབ་ཏུ་ཞི་བས་སྐུ་དང་ཐུགས ་མ་གཡོས་ཏེ། མཛོད་སྤུ་དཀར་པོ་བསྟན་པ་དང་། བུ་མོ་དེ་གསུམ་གྱིས་བདག་འདི་ལུས་ཀྱི་ནང་ན་རྣག་ཁྲག་དང་། ངར་སྔབས་བུག་དགུ་ནས་ཟག་པ་དང་། རྩ་དང་རུས་པ་དང་། ལུས་ཀྱི ་གཞི་ཐམས་ཅད་དང་། རྒྱུས་དང་། ལོང་ཀ་དང་། ཆོས་པ་དང་མ་ཆོས་པའི་གནས་ཀུན་ཀྱང་མཐོང་བར་གྱུར་ཏོ།། དེ་མ་ཐག་ཏུ་སྲིན་བུ་རྣམ་པ་མང་པོ་རྒྱུ་ཞིང་རྒྱུག་པ་མཐོང་སྟེ། གྲངས ་ནི་བརྒྱ་སྟོང་སྙེད་དོ།། སྲིན་བུ་ཕྲ་མོ་ནི་དགུ་ཁྲི་སྙེད་དེ། སྲིན་བུ་དེ་དག་རྒྱུ་ཞིང་རྒྱུག་པ་ནི་རྒྱུ་མ་ལ་ཐོགས་པ་མེད་པར་འགྲོ་སྟེ། ཀུན་ལ་ཁ་བཞི་ཡོད་པས་གདངས་ཏེ་འགྲོའོ།། སྲིན་བུ ་ཆེན་པོ་ཡང་ལོང་ཀའི་ནང་དུ་རྒྱུག་ཅིང་འགྲོ་སྟེ། དེ་ནས་བྱུང་ནས་ཕོ་བའི་ནང་དུ་འཇུག་གོ།། གྲང་བའི་ནད་སྐྱེས་པ་ནི་ཕོ་བའི་ཁ་ལོག་ཅིང་འགགས་པས། སྲིན་བུ་ནང་དུ ་མི་ཆུད་དོ།། དེ་བས་ན་ཟས་ཀྱང་མི་འཇུའོ།། མཆེར་བ་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། སྙིང་དང་། མཁྲིས་པ་དང་། མིད་པ་དང་། རྐོག་མ་དང་། དེ་དག་ཀུན་གྱི་བར ་བར་ནས་ཀྱང་སྲིན་བུ་བཞི་བཞི་སྐྱེས་ཏེ། སྦྲུལ་བཞི་འདུས་པ་ལྟར་འདུག་ལ། ཀུན་ནས་འཇིག་ཅིང་ཟའོ།། ཚིགས་རྣམས་མ་ཟད་ནས་ཁུ་བ་ཟག་སྟེ། མིག་ནས་འོང་བ་ནི་མཆི་མའོ།། སྣ ་ནས་ཟག་པ་ནི་སྣང་སོ།། ཁ་ནས་ཟག་པ་ནི་མཆིལ་མ་སྟེ། པགས་པ་སྡུག་པོ་དང་། པགས་པ་སྲབ་མོ་དང་། རྒྱུས་པ་དང་། རྐང་དང་། རྩ་ཀུན་ནས་སྲིན་བུ་ཕོ་མོ་གྲངས་མེད་པ་སྐྱེས ་ཤིང་ཟ་སྟེ། བཤད་ཀྱིས་མི་རྫོག་སོ།། བུ་མོ་དེ་དག་དེ་ཉིད་དུ། སྐྱུགས་ནས་ཁ་ནས་སྐྱུགས་པ་ཟད་མི་ཤེས་པ་བྱུང་བ་དང་། བུ་མོ་བདག་གི་ལུས་ཉིད་ལ་གཡ་སུ་ནི་སྦྲུལ་གྱི ་མགོ་སྐྱེས། གཡོན་དུ་ཝའི་མགོ་སྐྱེས། དབུས་སུ་ཁྱིའི་མགོ་སྐྱེས་ཏེ། མགོའི་སྟེང་ན་སྦྲུལ་རུལ་བའི་རོ་རྣམ་པ་དགུ་བྱུང་སྟེ། རྫ་ལྟར་འདུ་ཤེས་དགུ་བརྟགས་པ་བཞིན་ནོ།། འདུ་ཤེས ་དགུ་གང་ཞེ་ན། གཅིག་ཏུ་ནི་ཤི་བར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་རེངས་ཏེ་ཇི་ཡང་ཤེས་པ་མེད་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འགྱུར་ཏེ། དེ་དང ་ཐ་མི་དད་པར་འདུ་ཤེས་པ་ནི་ཤི་བར་འདུ་ཤེས་པ་ཞེས་བྱའོ།། གཉི་སུ་ནི་སྔོས་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་ཞག་ཅིག་གམ། ཞག་བདུན་ལོན་ནས། བམ་ཞིང ་སྔོ་ལ་གནག་པར་གྱུར་པ་ལྟར། བདག་གི་ལུས་འཕངས་པ་འདི་ཡང་དེ་དང་འདྲ་བར་གྱུར་ཏེ། དེ་དང་ཐ་མི་དད་པར་འདུ་ཤེས་པ་ནི་སྔོས་པ་འདུ་ཤེས་པ་ཞེས་བྱའོ།། གསུམ་དུ་ནི ་རྣགས་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་རུལ་ཅིང་ཞིག་པར་གྱུར་ནས། རྣག་ཁྲག་རབ་ཏུ་ཟག་ལ་ཡིད་དུ་མི་འོང་ཞིང་བལྟར་མི་བཟོད་པ་ལྟར། བདག་གི་ལུས་ཕངས་པ ་འདི་ཡང་དེ་དག་འདྲ་བར་ཤེས་པ་ནི། རྣམ་པར་འདུ་ཤེས་པ་ཞེས་བྱའོ།། བཞིར་ནི་དམར་བར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་ལུས་ཀུན་ཆུབ་པར་མྱགས་པ་ཤིན་ཏུ་ཟག་པ ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་ལ་དུ་ཤེས་པ་ནི། དམར་བར་འདུ་ཤེས་པ་ཞེས་བྱའོ།། ལྔརནི་ཟོས་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི ་རོ་ལ་ཁྭ་དང་། སྟག་དང་། སྤྱང་ཀི་ལ་སོགས་པ་ཟ་ཞིང་སྦྲང་མས་གང་ནས། འབུར་གྱུར་ཏེ། ཤ་ཕྱེད་ཟད་ཟད་པ་འམ། ལུས་ཕྱེད་ཙམ་ལུས་པ་ལྟར། བདག་གི་ལུས་ཕངས ་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། ཟོས་པར་འདུ་ཤེས་པ་ཞེས་བྱའོ།། དྲུག་ཏུ་ནི་རུས་པ་འབྲེལ་བར་འདུ་ཤེས་པ་སྟེ། དེ་མི་ཤི་བའི་རོ་ཤ་དང་པགས་པ་ནི་ཟད་ནས་རྒྱུས ་པ་དང་། རུས་པར་འབྲེལ་པ་འབའ་ཤིག་ལུས་ཏེ། ཤིང་སྤུངས་པ་བཞིན་དུ་འདུག་ལ་རྒྱུས་པའི་དབང་གིས་སོ་སོར་མ་གྱེས་པ་ལྟ། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འ ་བར་འདུ་ཤེས་པ་ནི། རུས་པ་འབྲེལ་བར་འདུ་ཤེས་པ་ཞེས་བྱའོ།། བདུན་དུ་ནི་བྲལ་བར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་རྒྱས་པ་ཡང་རུས་ཅིང་མྱགས་ལ་རུས་པ་འབའ ་། ཤིག་སིལ་མར་གྱུར་ནས་འཐོར་བ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། བྲལ་བར་འདུ་ཤེས་པ་ཞེས་བྱའོ།། བརྒྱད་དུ་ནི་ཚིག་པ ་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་ཆེད་དུ་སྲེགས་པ་འམ། མེ་ཤོར་ཏེ་ཚིག་པ་ཡང་རུང་སྟེ། འཁུམས་ནས་ཤིན་ཏུ་ཡིད་དུ་མི་འོང་བ་ལྟར་མི་བཟོད་པ་ལྟར། བདག་གི་ལུས་ཕངས ་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། ཚིག་པར་འདུ་ཤེས་པ་ཞེས་བྱའོ།། དགུར་ནི་ཀེང་རུས་སུ་ཤེས་པ་སྟེ། རུས་པ་ཡུན་རིང་དུ་ལོན་པ་རྙིངས་ཤིང་སྐམས་པ། ལོ་ལྔ་བཅུ་ལོན ་པ་འམ། ལོ་བརྒྱ་ལོན་པ་འམ། ལོ་ཉིས་བརྒྱའམ། ལོ་སུམ་བརྒྱ་ལོན་པ་ཤིན་ཏུ་དཀར་པོར་གྱུར་པ་དེ། ཉི་མས་གདུངས་པས་རུས་པ་དེ་ལས་མེ་འབར་ཏེ་ཚིག་པར་གྱུར་པ། རླུང་གིས ་བུས་ནས་སའི་ཁམས་ལ་ཞ་བར་གྱུར་པ་ལྟར། བདག། གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། ཀེང་རུས་སུ་འདུ་ཤེས་པ་སྟེ། འདི་ནི་འདུ་ཤེས་དགུའི ་ཕྱོགས་ཙམ་ཞིག་གཤད་པ་ཞེས་བྱའོ།། དེ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་ཤིང་དྲུང་ན་བཞུགས་པའི་ཚེ། མི་སྡུག་པར་རྟོག་པའི་སྒོ་ཐོག་མར་བསྟན་པར་ཡིན་ནོ།། དེའི་ཚེ་བདུད ་ཀྱི་བུ་མོ་དེ་གསུམ་སོ་སོ་ནས་བདག་ཅག་གི་ཁུར་དུ་རྒན་མོ་ཤིན་ཏུ་རྒན་པ་སྲ་སྐྱ་ངོ་ལ་གཉེར་མ་བརྩེགས་པ་ལ། ཁ་ཡོ་བ་སོ་སྔོ་བ་མདོག་སྡུམ་ཞིང་གནག་པ། འཁམས་པ། ་བའི་རོ་ཁྱེར་བ་དང་། པང་ན་བུས་པ་ཆུང་ངུའི་རོ་བུ་གུ་དགུ་ནས་རྣག་ཁྲག་ཟག་ལ་རྣག་ཁྲག་དེའི་ནང་ནས་སྲིན་བུ་རྩངས་པ་འདྲ་བ་རྒྱུ་བ་ཁྱེར་བ་མཐོང་ངོ་།། བུ་མོ་དེ་དག་གིས་དེ་ལྟ་བུ ་གྱུར་པ་མཐོང་ནས། ཤིན་ཏུ་ངོ་མཚར་རྨད་དུ་སྐྲག་པར་གྱུར་ཏེ། ཕྱིར་ལོག་ནས་མགོ་སྦེད་དེ། ལྟེ་བ་ལ་བལྟས་ན་ལྟེ་བའི་ནང་ན་ཀླུ་དྲུག་ཡོད་པར་མཐོང་སྟེ། ཀླུ་དེའི་ཁ་ནས་ནི་མེ ་ཡང་འབར་ལ་ཆུ་ཡང་འཛག་གོ། རྣ་བ་ནས་ནི་རླུང་འབྱུང་ལ་ལུས་ལྕགས་སམ། རྡོ་འདྲ་བར་སྲ་བར་མཐོང་ངོ་།། བདག་གི་མོ་མཚན་ཡང་རབ་ཏུ་རྩོག་ཅིང་དམན་ལ་མི་སྡུག་པ ་དང་། བརྩོག་ཅིང་དམན་པ་དེའི་ནང་ན་ཡང་སྲིན་པོ་ཕྲ་མོ་མང་པོ་གནས་ཤིང་། སྲིན་བུ་དེ་དག་ཀྱང་མགོ་བཞི་པ་ལ། མགོ་གཉིས་ནི་གྱེན་དུ་ལྟས་ཏེ་ཟ་ཞིང་འཇིག་གོ།། སྲིན་བུ་དེ་དག ་གི་ཁ་ནས་གདུག་པ་ལྔ་འབྱུང་སྟེ། གདུག་པ་དེ་ལྔའི་རྩ་ཡང་སྙིང་རྩ་དང་། རྐོག་མ་ལ་ཟུག་གོ།། དབང་པོ་དྲུག་ནས། རྩ་བྲན་དགུ་བཅུ་རྩ་དགུ་ཡོད་པ་ལ་ཁུ་བ་བྱུང ་སྟེ། ཁུ་བ་དེ་སྲིན་བུ་དེ་དག་གི་མགོ་ལ་ཟག་པས། སྲིན་བུ་རྣམས་ཀྱིས་ཟ་བར་མཐོང་ངོ་།། བུ་མོ་དེ་དག་སྐྱེ་བ་གྲངས་མེད་པ་ནས་ལོག་པར་གཡེམ་པའི་ཁ་ན་མ ་ཐོ་བ་མང་པོ་བྱས་པའི་ལས་དེའི་རྒྱུ་དེའི་རྐྱེན་གྱིས་དེ་ལྟ་བུའི་མི་གཙང་ཞིང་མི་སྡུག་པའི་ལུས་ཐོབ་པར་གྱུར་ཏོ།། སྲིན་བུ་གཞན་ཡང་ལག་པའི་གདུ་བུ་ལྟར་གཅིག་ལ་གཅིག ་འབྲེལ་ཅིང་ཀོར་ཀོར་བར་འདུག་པ་ཁ་མང་པོ་ཡོད་དེ། དེ་དག་གི་ཁ་ནས་ག་པ་ལྔ་འབྱིན་ཏེ་མོ་མཚན་ལ་ཟ་ཞིང་འཇིབ་བོ།། བུ་མོ་དེ་དག་འདས་པའི་དུས་ན་ལོག་པར་གཡེམ ་བ་དང་། དེ་བཞིན་གཤེགས་པ་ལ་ཡང་སྲུ་བས་དེ་ལྟ་བུའི་ལུས་བརྩོག་པ་ལ་དེ་འདྲ་བའི་མི་སྡུག་པས་བརྒྱན་པར་གྱུར་ཏེ། བུ་མོ་དེ་དག་གིས་དེ་ལྟ་བ་དག་མཐོང་ནས། ་།། སེམས་ལ་སྡུག་བསྔལ་གྱིས་རབ་ཏུ་གདུངས་པ་ནི་ཇི་ལྟར་སྙིང་ལེ་མངས་ཕོག་པ་དང་འདྲ་བར་གྱུར་ཏེ། ཕྱིར་འགྲོ་བ་ན་ཡང་ས་ལ་གོག་ཅིང་རྔ་རིད་ཀྱི་སྟབས་བཞི ་དུ་སོང་ངོ་།། ཐོག་མ་གོམ་པ་བོར་ན་ལཱུ་ཚིགས་ཀུན་ནས་མེ་འབར་རོ།། དེ་དག་གི་སྐྲ་ཡང་སེར་པོར་གྱུར་ཏེ། ཚེར་མའི་ཚལ་ལྟར་འདུག་པས་རང་གི་ལུས་ལ་རབ་ཏུ་དཀྲིས་སོ།། ་དེའི་ཚེ་དེ་དག་སྐད་ཆེན་པོས་འབོད་དེ། ཤུགས་འབྱིན་ཅིང་བདུད་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་ཏོ།། བདུད་ཀྱི་རྒྱལ་པོས་དེ་ལྟར་གྱུར་པ་མཐོང་བ་དང་། རབ་ཏུ་ཁྲོས་ནས་རལ་གྲི ་བྱར་ཏེ། གདོང་ནས་མཆོང་ཞིང་རྒལ་བ་ལས། བདུད་ཀྱི་བུ་གཅིག་གིས་བཤུགས་ཏེ། སྨྲས་པ། རྒྱལ་པོ་ཆེན་པོ་རྨ་མེད་པར་བདག་ལ་རྨ་མ་འབྱིན་ཅིག། བྱང་ཆུབ ་སེམས་དཔའ་ནི་སྤྱོད་པ་ཡོངསུ་དག་པས་ས་གཞི་སྟེ་ར་བསྐུལ་དཀའ་ན། ག་ལ་ཤིགས་ཤེས་སྨྲས་ཀྱི། དེའི་ཚེ་བྱང་ཆུབ་སེམས་དཔའ་མཛོད་སྤུ་དཀར་པོའི་འོད་ཟེར ་བསྟན་པ་དང་། བདུད་ཀྱི་འཁོར་ཐམས་ཅད་ལུས་དང་སེམས་རབ་ཏུ་དགའོ་ཞིང་བདེ་བར་གྱུར་ཏེ། ཇི་ལྟར་དགེ་སློང་དག་གིས་བསམ་གཏན་གསུམ་པ་ཐོབ་པ་བཞི་ནོ།། ཡི་དྭགས ་རྣམས་ཀྱིས་ནི་མཛོད་སྤུ་དཀར་པོའི་རྩེ་མོ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱ་སྟོང་སྙེད་ཡོད་པར་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ལྷག་པར ་བྱམས་པའི་ཐུགས་ལ་མཉམ་པར་བཞག་ལ་སོ་སོ་ནས་ཕྱག་གཡས་པ་བཏེག་སྟེ། ཕྱག་གཡོག་པའི་ཕྱག་སོར་གྱི་རྩེ་མོ་ནས་འོ་མ་བཅུས་ནས་རབ་ཏུ་འབར་བའི་མེ་ལ ་བཏང་བར་མཐོང་ངོ་།། དེ་ནས་མེ་དེ་དག་ཞི་བར་གྱུར་ཏེ། རབ་ཏུ་བསིལ་བ་དང་རང་འདྲངས་ཤིང་ངོམས་པ་དང་། སེམས་རབ་ཏུ་དགའ་ཞིང་རངས་ནས་བྱང་ཆུབ་ཏུ་སེམས་བསྐྱེན ་དོ།། དེ་ལྟར་སེམས་བསྐྱེད་པའི་མཐུས་ཡི་དྭགས་ཀྱི་སྡུག་བསྔལ་དང་བྲལ་ནས། ཡི་དྭགས་དེ་དག་སོ་སོ་ནས་བདག་བདག་གི་ལུས་ཤེལ་དཀར་པོ་དང་འདྲ་བ་དང་། བཻ་ཌཱུཪྻའི ་རི་དང་འདྲ་བ་དང་། ཤེལ་གྱི་རི་དང་འདྲ་བ་དང་། གསེར་གྱི་རི་དང་འདྲ་བ་དང་། སྤུག་གི་རི་དང་འདྲ་བ་དང་། ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་མུ་ཏིག་གི་འཕྲེང་བ་ལྟ་བུར ་གྱུར་པ་དང་། མིག་རབ་ཏུ་གསལ་ལ་དག་པ་ནི། ནོར་བུ་རིན་པོ་ཆེ་དང་འདྲ་བ་དང་། ལུས་ལ་འབར་བའི་མེ་དང་། དུད་པ་ཐམས་ཅད་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་ལྟ་བུར ་གྱུར་ལ། ལག་ན་ཐོགས་པའི་མཚོན་ཆ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པར་གྱུར་ལ། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་དེའི་ནང་ན་ལྷའི་སྟན ་རབ་ཏུ་འཇམ་པ་བཏིང་སྟེ། སྔས་དང་བཅས་པ་དང་། གཡས་གཡོན་ན་སྤྲུལ་པའི་ཚངས་པའི་རྒྱལ་པོ་འཁོར་དུ་གྱུར་པ་དང་། སྤྲུལ་པའི་བྱང་ཆུབ་སེམས་དཔའ་སྤྲུལ་པའི ་ཁང་པ་བརྩེགས་པ་ལ་བཞུགས་ཤིང་སོ་སོ་ནས་སྡིག་པ་ཅན་དག་གི་རྣམ་པར་སྨིན་པ་འཆད་དེ། ཁྱེད་ལ་སོགས་པ་སྔོན་འདས་པའི་དུས་ན། ཁ་ན་མ་ཐོ་བའི་ལས་བྱས་པས ་འདི་ལྟ་བུའི་ལུས་གཟུགས་མི་སྡུག་པ་ཐོབ་པར་གྱུར་ཏོ།། ཞེས་དེ་སྐད་ཅེས་འཆད་པར་ཐོས་སོ།། དེའི་ཚེ་ཡི་དྭགས་དེ་དག་ཐམས་ཅད་ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ ་།། སེམས་སྐྱེད་དོ།། ལ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་འབྲས་བུ་སྲུང་། ལ་ལ་ནི་མ་འོངས་པའི་དུས་ན་ལྷ་དང་མིའི་བདེ་བའི་མཆོག་ཐོབ་པར་མཐོང་ངོ་།། ་དེའི་ཚེ་བདུད་ཀྱི་རྒྱལ་པོ་དེ་མ་ཐག་ཏུ་ཕྱིར་ཡང་གནསུ་སོང་བ་དང་། མཛོད་སྤུ་དཀར་པོ་ཡང་ཕྱི་བཞིན་དུ་བྱུང་ནས་གནམ་རིམ་པ་དྲུག་པོ་ཀུན་ཏུ་ཕྱིན་ཏེ། ལྷའི་བུ་དང་ལྷའི་བུ ་མོ་མང་པོ་ཀུན་གྱིས་མཛོད་སྤུ་དཀར་པོ་ཁོང་སྟོང་དུ་གྱུར་པ་ལ་རབ་ཏུ་ཟླུམ་པ་བསྟན་པ་ནི། ཡིད་དུ་འོང་བ་ཚངས་པའི་རྒྱལ་པོའི་མཚན་ལྟ་བུ་ལ་མཛོད་སྤུ་ཁོང་སྟོང་གི་སྦུབས ་ན་གང་གའི་ཀླུང་གི་བྱེ་མ་བརྒྱ་སྟོང་སྙེད་རིན་པོ་ཆེའི་པདྨོར་གྱུར་ལ། པདྨོ་དེ་རེ་རེ་ལ་ཡང་མཛོད་སྤུ་དཀར་པོའི་ཁང་པ་བརྩེགས་པ་ཚད་མེད་གྲངས་མེད་པ་ཡོད་དེ། ཁང་པ ་བརྩེགས་པ་དེ་དག་ལ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དག་བཞུགས་ཤིང་། མཛོད་སྤུ་དཀར་པོའི་སྐྱེས་དབུ་ཆེན་པོའི་མཚན་གྱི་འོད་ཟེར་གཏོང་བ་ཡང་དེ་བཞིན་ནོ།། ་བྱང་ཆུབ་སེམས་དཔའ་དེ་དག་གི་སྤྱི་བོ་ལ་པདྨོ་ཡོད་དེ། པདྨོ་དེ་ཡང་གསེར་བཙོ་མའི་ཁ་དོག་ལྟ་བུ་སྟེ་པདྨོ་དེ་ལ་སྔ་མ་འདས་པའི་སངས་རྒྱས་བདུན་པོ་བཞུག་སོ།། ་སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་བདག་བདག་གི་མཚན་འཆད་དེ། མདོ་སྡེ་དག་ལས་འབྱུང་བ་དང་། ཁྱད་པར་མེད་པར་མཐོང་ངོ་།། ལྷའི་བུ་ལ་ལ་སྔོན་དགེ ་བའི་རྩ་བ་ཆེར་བསྐྱེད་པ་དག་གིས་ནི། སྤྲུལ་པའི་བྱང་ཆུབ་སེམས་དཔའི་བ་སྤུའི་ཁུང་བུ་གཅིག་ནས་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་བྱུང་སྟེ། དེ་དག་གི་སྤྱི་བོ་ལ་སྤྲུལ་པའི། ་སངས་རྒྱས་བཞུགས་པ་ཡང་སྔ་མ་བཞིན་ནོ།། སྤྲུལ་པའི་སངས་རྒྱས་དེ་དག་དེའི་ཚེ་སྨིན་མཚམས་ནས། རིན་པོ་ཆེ་རྣམ་པ་བརྒྱས་ཡོངསུ་བརྒྱན་པའི་འོད་ཟེར་གྱི་ཁང་པ་བརྩེགས། ་པ་ལྷ་དང་མིའི་འཇིག་རྟེན་གྱི་ཁམས་ན། ཁ་དོག་དཔེ་ཟླ་མེད་པ་སྤྲུལ་ཏེ་བྱུང་ངོ་།། སྤྲུལ་པའི་ཁང་པ་བརྩེགས་པ་དེ་དག་ལས་སྤྲུལ་པའི་སངས་རྒྱས་བཞུགས་པ་ཡང་སྔ ་མ་བཞིན་ནོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱི་བ་སྤུའི་བུ་ག་ནས་ཀྱང་ལྷ་དང་མིའི་འཇིག་རྟེན་ཐམས་ཅད་ཀྱི་ངོ་མཚར་རྨད་ཀྱི་ཡ་མཚན་ཐམས་ཅད ་ཀྱང་སྤྲུལ་ཏེ་བྱུང་ངོ་།། སྤྲུལ་པ་དེ་དག་གི་རྐང་པན། དྲུང་ནས་སྤྲུལ་པའི་འོད་ཟེར་གྱི་ཁང་པ་བརྩེགས་པ་བྱུང་ནས་དེ་དག་ལས་ལྷའི་གཞལ་མེད་ཁང་འདོད་པའི་ཁམ ་ཀྱི་གནམ་རིམ་པ་དྲུག་ལས་ཤིན་ཏུ་འཕགས་པ། བདུད་ཀྱི་རྒྱལ་པོའི་གནས་པས་མཆོག་ཏུ་འཕགས་པར་གྱུར་པ། ཚངས་པ་ཆེན་པོའི་ལུས་ཀྱི་རྒྱན་དང་། གནས་ལས་ཀྱང་ལྷག ་པ་སྤྲུལ་ཏེ་བྱུང་ངོ་།། ཚངས་པ་རྣམས་ཀྱི་སྤྱི་གཙུག་གི་མཚན་ཡང་སྤྲུལ་པའི་བྱང་ཆུབ་སེམས་དཔའི་རྐང་པའི་འཁོར་ལོའི་མིག་ན་ཡོད་པར་གྱུར་ཏོ།། དེ་ལྟར་མཛོད་སྤུ་དཀར་པོའི ་མཚན་བསྟན་པ་དེས། གཟུགས་མེད་པའི་ཁམས་དང་ལྷའི་གནས་ཐམས་ཅད་ཀྱང་སྣང་བར་བྱས་པ་ནི། རིན་པོ་ཆེ་དཀར་པོ་འམ། ཤེལ་ལམ་མེ་ལོང་ཡོངསུ་དག་པ་དང་འདྲ ་བར་གྱུར་ཏེ། ལྷའི་བུ་ཐམས་ཅད་ཀྱིས་ངོ་མཚར་དུ་གྱུར་པའི་མཚན་དེ་ལྟ་བུ་མཐོང་ནས། ལྷའི་བདེ་བ་ལ་མ་ཆགས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བདུད་ཀྱི་རྒྱལ། ་།། པོའི་སྲས་སྟོང་ཕྲག་བཅུ་གཉིས་སྙེད་ཀུན་གྱིས། བདུད་ཀྱི་རྒྱལ་པོ་སྡིག་པ་ཅན་གྱི་ལུས། མི་རོ་འམ་འགལ་དུམ་ལྟ་བར་གྱུར་པ་མཐོང་ནས། བྱང་ཆུབ་སེམས ་དཔའ་མཛོད་སྤུ་དཀར་པོའི་མཚན་ལ་བལྟས་པ་ཙམ་གྱིས་དཔེ་མེད་པར་རབ་ཏུ་དགའ་ཞིང་ཚིམ་པར་གྱུར་ནས། བདུད་སྡིག་པ་ཅན་ལ་འདི་སྐད་དུ་ཁྱོད་ཀྱིས་སྔོན་བསྟན་ཅིང ་བྱས་པ་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། བདག་ཉིད་ཀྱང་མ་རུང་བར་བྱས་ལ། ཕ་རོལ་གཞན་ཡང་ཡོངསུ་མ་རུང་བར་བྱསོ་ཞེས་སྤྱོ་ཞིང་བརྒྱད་པའི་ཚིག་སྨྲསོ།། དེ་སྐད་ཅེས ་སྨྲས་པའི་ཚེ་ལྷའི་བུ་དང་ལྷའི་བུ་མོ་གྲངས་མེད་པ་བརྒྱ་ཕྲག་སྟོང་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་བཀའ ་སྩལ་པ། ངོ་མཚར་རྨད་དུ་གྱུར་པའི་མཚན་རྣམ་པ་མང་པོ་སྣ་ཚོགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་འགའ་ཤིག། ་ལས་བྱུང་གི། སྐུའི་ཡན་ལག་གི་ཡོན་ཏན་གཞན་ལས་ནི་མ་ཡིན།། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་དག་ལས་གང་ལ་ལ་ཞིག་གིས་སྐད ་ཅིག་ཡུད་ཙམ་གཅིག་ཏུ་འདུ་འཛི་སྤངས་ཏེ། སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་བདུད་བཏུལ་བའི་མཛོད་སྤུ་དཀར་པོའི་མཚན་རྗེསུ་དྲན་པར་བྱེད་ན། དེ་བསྐལ་པ་གྲངས ་མེད་པའི་ལས་ཀྱི་སྒྲིབ་པ་བསལ་ཅིང་བྱང་ནས། མི་དགེ་བ་བཅུའི་ཉོན་མོངས་པའི་སྒྲིབ་པ་ཡང་མེད་པར་འགྱུར་ལ། ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་ས ་ལེར་མངོན་སུམ་པར་མཐོང་བར་གྱུར་ཏོ།། དེ་ལྟར་རྗེས་དྲན་པར་བྱ་བའི་སྤྱོད་ཡུལ་རྣམ་པ་སྣ་ཚོགས་པ་ནི་བདེ་བར་བཤད་པར་མི་ནུས་སོ།། ང་ཡོངསུ་མྱ་ངན་ལས་འདས་ནས། ་དེ་བཞིན་གཤེགས་པས་བདུད་བཏུལ་བའི་ཚེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་རྟོགས་པར་འདོད་པ་དག་གིས་དེ་ལ་དེ་ལྟར་བལྟའོ་གང་གིས་དེ་ལྟ་བུར་མཐོང ་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བའི་དུས ་ཀྱི་སྐྱེས་བུ་ཆེན་པོའི་མཚན་དང་། སངས་རྒྱས་པའི་སྐྱེས། བུའི་མཚན་དང་། མི་གཡོ་བའི་སྐྱེས་བུའི་མཚན་དང་། རྣམ་པར་གྲོལ་བའི་སྐྱེས་བུའི་མཚན་དང་། འོད ་ཟེར་གྱི་སྐྱེས་བུའི་མཚན་དང་། ཡེ་ཤེས་ཡོངསུ་རྫོགས་པ་འི་སྐྱེས་བུའི་མཚན་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསུ་རྫོགས་པའི་མཚན་དང་། དཔའ་བར་འགྲོ་བ་ལ་སོགས ་པའི་ཏིང་འཛིན་རྒྱ་མཚོ་སྙེད་ཀྱི་མཚན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷག་པར་བྱམས་པའི་ཐུགས་ཀྱི་ཏིང་འཛིན་ལས་བཞེངས་ནས། རབ་ཏུ་ཞི་བ་ཞེས་བྱ ་བའི་ཏིང་འཛིན་ལ་ཞུག་སོ།། རབ་ཏུ་ཞི་བའི་ཏིང་འཛིན་ལས་བཞེངས་ནས། དཔའ་བར་འགྲོ་བའི་ཏིང་འཛིན་ལ་ཞུག་སོ།། དཔའ་བར་འགྲོ་བའི་ཏིང་འཛིན་ལས་བཞེངས་ནས། ཤེས ་རབ་སྒྲོན་མའི་ཏིང་འཛིན་ལ་ཞུག་སོ།། ཤེས་རབ་སྒྲོན་མའི་ཏིང་འཛིན་ལས་བཞེངས་ནས། ཆོས་ཀྱི་མཚན་ཉིད་ཀྱི་ཏིང་འཛིན་ལ་ཞུག་སོ།། ཆོས་ཀྱི་མཚན་ཉིད་ཀྱི་ཏིང་འཛིན ་། ལས་བཞེངས་ནས། འོད་ཟེར་གྱི་མཚན་ཉིད་ཀྱི་ཏིང་འཛིན་ལ་ཞུག་སོ།། འོད་ཟེར་གྱི་མཚན་ཉིད་ཀྱི་ཏིང་འཛིན་ལས་བཞེངས་ནས། སེང་གེའི་ང་རོའི་ཏིང་འཛིན་ལ ་ཞུག་སོ།། སེང་གེའི་ང་རོའི་ཏིང་འཛིན་ལས་བཞེངས་ནས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་ལ་ཞུག་སོ།། སེང་གེ་རྣམ་པར་བསྒྱིངས་པའི་ཏིངངེ་འཛིན་ལས་བཞེངས་ནས། ་རྒྱ་མཚོའི་བློ་གྲོས་ཀྱི་ཏིང་འཛིན་ལ་ཞུག་སོ།། རྒྱ་མཚོའི་བློ་གྲོས་ཀྱི་ཏིང་འཛིན་ལས་བཞེངས་ནས། ཀུན་ཏུ་ཡེ་ཤེས་ཀྱི་ཏིང་འཛིན་ལ་ཞུགསོ།། ཀུན་ཏུ་ཡེ་ཤེས་ཀྱི་ཏིང་འཛིན་ལས ་བཞེངས་ནས། གཟུངས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཏིང་འཛིན་ལ་ཞུག་སོ།། གཟུངས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཏིང་འཛིན་ལས་བཞེངས་ནས། སུ་ཀུན་ཏུ་སྟོན་པའི་ཏིངངེ་འཛིན་ལ ་ཞུག་སོ།། སྐུ་ཀུན་ཏུ་སྟོན་པའི་ཏིང་འཛིན་ལས་བཞི་ངས་ནས། ཆོས་ཀྱི་དབྱིངས་ཉིད་ཀྱི་ཏིང་འཛིན་ལ་ཞུག་སོ།། ཆོས་ཀྱི་དབྱིངས་ཉིད་ཀྱི་ཏིང་འཛིན་ལས་བཞེངས་ནས།། ་སེང་གེའི་ང་རེའི་སྟོབས་ཀྱི་རྒྱལ་པོའི་ཏིང་འཛིན་ལ་ཞུག་སོ།། སེང་གེའི་ང་རོ་སྟོབས་ཀྱི་རྒྱལ་པོའི་ཏིང་འཛིན་ལས་བཞེངས་ནས། བདུད་བཅོམ་པའི་མཚན་ཉིད་ཀྱི་ཏིང་འཛིན ་ལ་ཞུག་སོ།། བདུད་བཅོམ་པའི་མཚན་ཉིད་ཀྱི་ཏིང་འཛིན་ལས་བཞེངས་ནས། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཏིང་འཛིན་ལ་ཞུག་སོ།། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཏིང་འཛིན་ལས ་བཞེངས་ནས། སྟོང་པ་ཉིད་ལ་མཁས་པའི་མཚན་ཉིད་ཀྱི་ཏིང་འཛིན་ལ་ཞུག་སོ།། སྟོང་པ་ཉིད་ལ་མཁས་པའི་མཚན་ཉིད་ཀྱི་ཏིང་འཛིན་ལས་བཞེངས་ནས།། སྟོང་པ་ཆེན་པོ ་ཡེ་ཤེས་ཀྱི་ཏིང་འཛིན་ལ་ཞུག་སོ།། སྟོང་པ་ཉིད་ཆེན་པོའི་ཡེ་ཤེས་ཀྱི་ཏིང་འཛིན་ལས་བཞེངས་ནས། གནས་ཐམས་ཅད་དུ་གཟུགས་ཀྱི་སྐུས་ཁྱབ་པའི་ཏིང་འཛིན་ལ་ཞུག་སོ།། ་གནས་ཐམས་ཅད་དུ་གཟུགས་ཀྱི་སྐུས་ཁྱབ་པའི་ཏིང་འཛིན་ལས་བཞེངས་ནས། སེམས་ཀྱི་མཚན་མ་ཞི་བའི་ཏིང་འཛིན་ལ་ཞུག་སོ།། སེམས་ཀྱི་མཚན་མ་ཞི་བའི་ཏིང་འཛིན་ལྔ། ་བཞེངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེའི་མཚན་ཉིད་ཀྱི་ཏིང་འཛིན་ལ་ཞུག་སོ།། རྡོ་རྗེའི་མཚན་ཉིད་ཀྱི་ཏིང་འཛིན་ལས་བཞེངས་ནས། རྡོ་རྗེའི་སྤྱི་གཙུག ་གིས་ཏིང་འཛིན་ལ་ཞུག་སོ།། རྡོ་རྗེའི་སྤྱི་གཙུག་གི་ཏི་ངེ་འཛིན་ལས་བཞེངས་ནས། ཏིང་འཛིན་ཐམས་ཅད་ཀྱི་རྒྱ་མཚོ་ལ་ཞུག་སོ།། ཏིང་འཛིན་ཐམས་ཅད་ཀྱི་རྒྱ་མཚོ ་ལས་བཞེངས་ནས། གཟུངས་ཐམས་ཅད་ཀྱི་རྒྱ་མཚོ་འི་ཏིང་འཛིན་ལ་ཞུག་སོ།། གཟུངས་ཐམས་ཅད་ཀྱི་རྒྱ་མཚོའི་ཏིང་འཛིན་ལས་བཞེངས་ནས། སངས་རྒྱས་ཐམས་ཅད་ཀྱི ་སྤྱོད་ཡུལ་རྒྱ་མཚོའི་ཏིང་འཛིན་ལ་ཞུག་སོ།། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་རྒྱ་མཚོའི་ཏིང་འཛིན་ལས་བཞེངས་ནས། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་དང་། རྣ ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་རྒྱ་མཚོའི་ཏིང་འཛིན་ལ་ཞུག་སོ།། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་ཏིང་འཛིན་གྱི་རྒྱ་མཚོ་ལས་བཞེངས་ནས། དེ ་ནས་གདོད་རྡུལ་ཕྲ་རབ་གྲངས་མེད་པའི་ཏིང་འཛིན་རྒྱ་མཚོ་སྙེད་ཀྱི་སྒོར་ཞུགསོ།། ཏིང་འཛིན་མང་པོ་གྲངས་མེད་པ་རྒྱ་མཚོ་སྙེད་ཀྱི་སྒོ་ནས་བཞེངས་ནས། ཞི་བ་འགོག་པའི་ཏིང ་འཛིན་ལ་ཞུག་སོ།། ཞི་བ་འགོག་པའི་ཏིང་འཛིན་ལས་བཞེངས་ནས། དེ་ནས་རྡོ་རྗེ་ལྟ་བུའི་རྣམ་པར་གྲོལ་བ་ཆེན་པོའི་ཏིང་འཛིན་གྱི་མཚན་ཉིད་ཀྱི་སྒོར་སྙོམས། ་བར་ཞུགས།། དེའི་ཚོ་སྣང་བར་བྱང་ཆུབ་པའི་གདས་ཁོར་ར་ཁོར་ཡུག་དུ་དཔག་ཅད་བརྙད་ཅུ་རྐུན་ཆད་དོ་སྐྱེ་བུར་གྱུར་ཏེ། ཁ་དོག་ཤིན་ཏུ་དར་བ་ནི་མཐོང་བར་ཡུལ་དུམ། ་གྱུར་པའོ།། མཚན་འདི་བསྟན་པའི་ཚེ་ན། བྱང་ཆུབ་སེམས་དཔའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་ཡང་ཤིན་ཏུ་གསལ་ཞིང་དྲང་ལ། ཤར་ཕྱོགས་ལོགས ་སྲིད་དུ་མཐོ་བཅོ་ལྔར་གྱུར་ཏེ། ཟུར་བཅུ་དོད་པ། བུ་མོ་བྱི་ཀ་དང་འདྲ་བའི་བུ་མོ་ལྔ་བསྟན་ཏོ།། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་གྲངས་མེད་པ་བརྒྱ་སྟོང་། ་དང་དབྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དང་། བཟང་སྐྱོང་ལ་སོགས་པ་ཚད་མེད་རབ་གྲངས་མེད་པ་དཔག་ཏུ་མེད་པ་རྡུལ་ཕྲ་མོ་སྙེད་ཀྱི ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་མཚན་དེ་དག། ལས་སྣང་བར་གྱུར་ཏོ།། མཚན་དེ་མངོན་པར་བསྟན་པ་ན། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཤིང་ས་ལ་ཟུང་ཡང ་མཛོད་སྤུ་དཀར་པོའི་བྱིན་གྱིས་རླབས་ཀྱིས། ཤིང་དེ་ཡི་རྩ་བ་ལས་རིན་པོ་ཆེའི་པདྨོ་རང་སྐྱེས་ཏེ། པདྨོ་དེ་ཡང་ཆུ་ཞེང་དུ་དཔག་ཚད་བཞི་བཅུ་ཡོད་དེ། པདྨོ་དེ་ཡི་ཁ་དོག་གསེར ་བཅོམ་ལྟ་བུ་ལ་སྙིང་པོ་གེ་སར་ནི་རྡོ་རྗེའོ།། དེ་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་འོད་ཟེར་གྱིས་པདྨོའི་ཁང་པ་བརྩེགས་པར་སྣང་བར་བྱས་ནས། འོག་གི་ཕྱོགསུ་རྡོ་རྗེའི་ས ་གཞི་ལ་ཐུག་གི་བར་དུ་སྣང་བར་བྱའོ།། རྡོ་རྗེའི་ས་གཞི་དེ་ལས་རྡོ་རྗེའི་གདན་གཉིས་རང་སྐྱེས་ཏེ། རྡོ་རྗེའི་གདན་གཉིས་གཅིག་ལ་གཅིག་རེག་ཅིང་འཁྲོལ་བ་ན། དེའི་སྒྲས་སྟོང་། ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་དུ་ཆེར་གཡོས་སོ།། རྡོ་རྗེའི་གདན་དེས་མས་གྱེན་ཏུ་པདྨོའི་རྩ་བ་བརྟན་ཏེ་པདྨོའི་རྩ་བ་ལ་ཐུག་གོ།། པདྨོའི་རྩ་བ་དེ་ཡང ་རྡོ་རྗེ་རྣམ་པ་གསུམ་ལས་གྱུར་པ་ཡིན་ཏེ། གཅིག་ལ་གཅིག་རེག་ན་ཁྲོལ་ལོ།། རྩ་བ་དེ་ཡང་འོག་ཏུ་རྡོ་རྗེའི་གཞི་ལ་ཟུག་སྟེ་ཡན་མན་དུ་ལན་དུ་མར་ཐུག་གོ།། མཛོད་སྤུ་དཀར ་པོའི་འོད་ཟེར་གྱིས་ལན་བཅུར་བསྐོར་ནས། རྡོ་རྗེའི་གདན་ཡང་མི་ཁྲོལ་མི་གཡོའོ།། བཅོམ་ལྡན་འདས་ག་ར་དན་དེ་ལ་བཞུགས་ནས། སྒྲིབ་པ་གསུམ་ཡོངས་སུ ་གསལ་ཏེ། བྱང་ཆུབ་ཏུ་མངོན་པར་སངས་རྒྱསོ།། སངས་རྒྱས་ཀྱི་དགོངས་པ་དང་སྤྱོད་ཡུལ་ནི་རྒྱས་པར་བཤད་དུ་བདེ་བར་མ་ནུསོ།། གལ་ཏེ་རྒྱས་པར་བཤད་ན ་ཡང་། སྐྱེས་བུ་ཐམས་ཅད་དང་ས་བཅུ་པའི་བྱང་ཆུབ་སེམས་དཔའི་བར་གྱིས་ཀྱང་། ཤེས་པར་མི་ནུས་ཏེ། ཤེས་པའི་ཡུལ་མ་ཡིན་ནོ།། དེ་བས་ན་མཛོད་སྤུ་དཀར་པོའི་མཚན ་ལས། མཚན་བཟང་པོ་གྲངས་མེད་པ་ཞིག་མངའ་ཡང་གསངས་ཏེ་མ་བཤད་དོ།། དེ་ལྟར་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཐུ་ལས་བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་ནི་རྡོ་རྗེའོ།། ་རྩ་བ་ཡང་རྡོ་རྗེ་སྟེ། ཟེ་བ་ནི་རིན་པོ་ཆེ་སྣ་བདུན་ནོ།། ཟེ་བ་དེ་ལས་འོད་ཟེར་འབྱུང་སྟེ། དེ་དག་གིས་སོ་སོ་ནས་སངས་རྒྱས་བདུན་པོ་ལ་བསྐོར་ཏོ།། སངས་རྒྱས་ཀྱི་སྐུ་ལས་ཀྱང་རིན་པོ་ཆེའི ་།། ཐ་རེ་དག་སྤྲུལ་ཏེ་བྱུང་ངོ་།། ཤིང་དེའི་ལོ་མ་དང་འདབ་མ་ནི་གསེར་བཙོ་མའི་ཁ་དོག་ལྟ་བུའོ།། མེ་ཏོག་ནི་རིན་པོ་ཆེའི་ཁ་དོག་རྣམ་པ་བརྒྱ་དང་ལྡན་པ་སྟེ། མེ་ཏོག ་ལས་འོད་ཟེར་བརྒྱ་སྟོང་སྙེད་འབར་བ་ནི། ལྷའི་རིན་པོ་ཆེའི་འོད་ལས་ཀྱང་འདས་སོ།། དེའི་འབྲས་བུ་ནི་རིན་པོ་ཆེ་དཀར་པོ་སྟེ། མཚེ་མ་གནམ་གྱི་རིན་པོ་ཆེ་དཀར་པོ་ལས་འདསོ།། འབྲས ་བུའི་འོད་ཟེར་ལས་ནོར་བུ་རིན་པོ་ཆེའི་དྲ་བར་གྱུར་ཏེ། ཤིང་དེའི་སྟེང་ནས་གཡོགས་ཤིང་བརྒྱན་ཏོ།། དྲ་བ་དེའི་མིག་ན་ཡང་རིན་པོ་ཆེའི་འཇའ་ལྟ་བུ་འཕྱང་ཞིང་དེ་ལ་རིན་པོ་ཆེའི་དྲིལ ་བུ་འཁྲོལ་ལོ།། གྲཝ་བཞིན་རིན་པོ་ཆེའི་ཁང་པ་བརྩེགས་རཔ་ཆེན་པོ་རེ་རེ་ཡོད་དེ། ཁང་པ་བརྩེགས་པ་དེ་ཡང་མཐོ་ཁྱད་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་ཤིན་ཏུ་འདསོ།། ་འཇིག་རྟེན་གྱི་ཁམས་ལས་འདས་ནས་ཀྱང་། རིན་པོ། ཚེའི་ཁང་པ་བརྩེགས་པ་ཆེན་པོར་གྱུར་ཏེ།། རིན་པོ་ཆེའོ། ཁང་པ་བརྩེགས་པ་དེ། ཡང་ཕྱོགས་བཅུར་རྒྱ་ཡོངསུ་མཆད ་པ་སྟེ། དེ་དག་རྒྱས་པར་བཤད་དུ་བདེ་བར་མི་ནུསོ།། དེ་དག་མཐོ་ལ་མཛེས་པ་ནི་དཔེར་ན། རི་རབ་ལྷུན་པོ་བརྒྱ་སྟོང་ལྷན་ཅིག་ཏུ་བཅེར་བ་ཙམ་མོ།། ཁང་པ་བརྩེགས་པ་དེའི་ནང་ན ་ཡང་རིན་པོ་ཆེའི་གདུགས་ཆེན་པོ་རྡོ་རྗེ་ལས་གྲུབ་པ་ཁ་དོག་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་བཀོད་པ། འོད་ཟེར་མཆོག་དམ་པ་དང་ལྡན་པ་ཡོད་དེ། འོད་ཟེར་དེ་ལས་ཀྱང་བ་དན་དང ་བླ་རེ་གྲངས་མེད་པ་བརྒྱ་སྟོང་མང་པོ་བྱུང་སྟེ། བ་དན་དང་བླ་རེ་ལས་རིན་པོ་ཆེའི་གདུགས་ཀྱི་སྤྲིན་གྱི་ཆར་འབབ་བོ།། རིན་པོ་ཆེའི་གདུགས་ཀྱི་སྤྲིན་ལས་རྒྱལ་མཚན་དང་། བ་དན ་གྱི་སྤྲིན་གྱི་ཆར་འབབ་བོ།། རྒྱལ་མཚན་དང་བ་དན་གྱི་སྤྲིན་ལས་རོལ་མོའི་རྣམ་པའི་སྤྲིན་གྱི་ཆར་འབབ་བོ།། རོལ་མོའི་སྤྲིན་ལས་རིན་པོ་ཆེའི་འོད་ཀྱི་སྤྲིན་གྱི་ཆར་འབབ་བོ།། རིན་པོ ་ཆེའི་འོད་ཀྱི་སྤྲིན་ལས་སྤོས་ཀྱི་སྤྲིན་གྱི་ཆར་འབབ་བོ།། སྤོས་ཀྱི་སྤྲིན་ལས་སེང་གེའི་བ་དན་གྱི་ཆར་འབབ་བོ།། སེང་གེའི་བ་དན་གྱི་སྤྲིན་ལས་མེ་ཏོག་གི་ཟེ་བའི་སྤྲིན་གྱི་ཆར་འབབ ་བོ། མེ་ཏོག་གི་ཟེ་བའི་སྤྲིན་ལས་མེ་ཏོག་གི་འཕྲེང་བའི་སྤྲིན་གྱི་ཆར་འབབ་བོ།། མེ་ཏོག་གི་འཕྲེང་བའི་སྤྲིན་ལས་དབྱངས་དམ་པའི་སྤྲིན་གྱི་ཆར་འབབ་བོ།། དབྱངས་དམ་པའི་སྤྲིན ་ལས་ཚིག་སུ་བཅད་པའི་སྤྲིན་གྱི་ཆར་འབབ་བོ།། ཚིག་སུ་བཅད་པའི་སྤྲིན་ལས་རིན་པོ་ཆེའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པའི་སྤྲིན་གྱི་ཆར་འབབ་པར་གྱུར་ཏོ།། མཆོད་པའི ་ཡོ་བྱད་རྣམ་པ་སྣ་ཚོགས་པ་དེ་དག་བྱུང་བ་ཡང་བྱང་། ཆུབ་ཀྱི་ཤིང་དང་མཛོད་སྤུ་དཀར་པོའི་མཚན་གྱི་འོད་ཟེར་ལས་བྱུང་ངོ་།། དེ་ལས་འོད་ཟེར་དཀར་པོ་སེ་ལ་རེག ་པ་ན། དཀྱིལ་འཁོར་གྱི་འགྲམ་རྡོ་རྗེའི་ས་བཞི་ལས་རྫིང་བུ་བདུན་ཡོད་པར་གྱུར་ཏེ། རྫིང་བུ་དེའི་ནང་ན་སྟོན་མཆོག་དང་ལྡན་པའི་ཆུས་གང་ངོ་།། ཆུ་དེ་ཡང་ཁ་དོག་རྣམ་པ་བདུན ་དང་ལྡན་ཏེ། ཁ་དོག་སོ་སོ་ནས་མཐོང་བར་གསལ་ལོ།། ཁ་དོག་དེ་ཡང་འོད་རྣམ་པ་བཅུ་དང་ལྡན་ཏེ། འོད་དེས་བྱང་ཆུབ་ཀྱི་ཤིང་ཡོངསུ་སྣང་བར་བྱེད་དོ།། རྫིང་དེའི་འགྲམ་ཡང་རིན ་པོ་ཆེ་རྣམ་པ་སྔ་ཚོགས་ལས་བྱས་པ། མུ་ཅིག་ཅིང་ཡང་རིན་པོ་ཆེ་སྣ་བརྒྱ་ལས་བྱས་ཏེ། རིན་པོ་ཆེ་དེ་གཅིག་ལ་ཡང་འོད་ཟེར་རྣམ་པ་བརྒྱ་སྟོང་བྱེད་འབྱུང་ངོ་།། རྡོང་པའི་ཏིངས་ན ་།། རྡོ་རྗེ་དང་། ནོར་བུ་རིན་པོ་ཆེའི་བྱེ་མས་ཡོངསུ་བཀྲམ་སྟེ། ཆུ་དེ་ལས་མེ་ཏོག་སྐྱེས་པ་ནི་གསེར་བཅོམ་འི་ཁ་དོག་ལྟ་བུའོ།། མེ་ཏོག་གི་འདབ་མ་ལ་འོད་བརྒྱ་སྟོང་དུ་3 ་ཏེ་འོད་ཀྱི་དཀྱིལ་འཁོར་དུ་གྱུར་ཏོ།། རྫིང་དེ་ལ་ཡུར་བ་བདུན་བདུན་ཡོད། དེ་ལས་ཀྱང་ཟིལ་དངར་གྱི་ཆུ་རབ་འབབ་བོ།། ཆུ་ཀ་ཀུན་ན་གསེར་གི་མེ་ཏོག་སྐྱེས་ཏེ། མེ་ཏོག་དེའི་འདབ ་མ་མཐར་ཆགསུ་འབྲེལ་ལ། མེ་ཏོག་གི་ཟེ་བ་ལས་ཀྱང་ཆུ་རྣམ་པ་མང་པོ་འབབ་སྟེ། རིན་པོ་ཆེ་རྣམ་པ་མང་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱིས་ཡོངསུ་བརྒྱན་ཏོ།། ཡུར་བ་དེ་དག་ཀྱང ་གཅིག་ནས་གཅིག་དུ་འབབ་སྟེ། ཆུ་དེ་འབབ་པ་ན་འོད་ཀྱང་རྗེསུ་བཞིན་དུ་འབར་ཞིང་བྱང་ཆུབ་ཀྱི་ཤིང་སྣང་བར་བྱེད་དོ།། བྱང་ཆུབ་ཀྱི་ཤིང་གི་འདབ་མ་རེ་རེ་ལ་ཡང་རིན་པོ་ཆེའི་མེ ་ཏོག་ཡོད་དོ།། མེ་ཏོག་དེས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་བོ།། མེ་ཏོག་དེ་དག་ལ་ཡང་རིན་པོ་ཆེ་བརྒྱ་སྟོང་མངདཔོའི་ཁང་པ་བརྩེགས་པ་སྤྲུལ་ཏེ། ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ཚད་མེད་པར་ཁྱབ་བོ།། སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ལས་རིན་པོ་ཆེའི་པདྨོ་ཟླུམ་པོ་དཔག་ཚད་གཅིག་པ་གཅིག་བྱུང་ངོ་།། ་དེ་ལྟ་བུ་འདབ་ཆགསུ་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་གྲངས་མེད་པ་བརྩི་ཞིང་བགྲང་དུ་མེད་པ་རྡུལ་ཕྲ་རབ་སྙེད་ལས་འང་སོ།། མེ་ཏོག་གི་རིམ་པ་དེ་དག་གི། ་བར་ཀུན་ནས་སངས་རྒྱས་ཀྱི་སྐུ་གསེར་བཙོ་མའི་མདོག་ལྟ་བུ་ལ་སྐུ་ཚད་མཐོ་བཅུ་དྲུག་པ་དཀྱིལ་མོ་དཀྲུང་བཅས་ཏེ། པདྨོའི་ཁང་པ་བརྩེགས་པའི་ནང་ན་བཞུགས་པར་མཐོ ་ཞིང་རྡོ་རྗེའི་གདན་དང་། བྱང་ཆུབ་ཀྱི་ཤིང་ཡང་སྔ་མ་བཞིན་ཏེ། ཐ་དད་པ་མེད་དོ།། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གཞན་ཡང་ཤེས་པར་བྱའོ།། ཡང་མཛོད་སྤུ་དཀར་པོ ་ལས་རིན་པོ་ཆེའི་པདྨོ་བྱུང་སྟེ། པདྨོ་སྔ་མ་པས་བརྒྱ་སྟོང་གིས་ལྷག་པ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཐ་མི་དད་པ་བཞུགས་ཤིང་། པདྨོའི་འདབ་མ་རེ་རེ་ལ་ཡང ་སངས་རྒྱས་ཀྱི་སྐུ་ཚད་མཐོ་བཅུ་དྲུག་པ་ཞི་བ་ལ་མཉམ་པར་བཞག་སྟེ། ཐུགས་མི་གཡོ་བ་བཞུག་སོ།། དེ་དག་གིས་ཀྱང་འོད་ཟེར་བཀྱེ་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི ་ཁམས་ཚད་མེད་གྲངས་མེད་པ་བརྒྱ་སྟོང་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཀུན་གསེར་གྱི་ཁ་དོག་ལྟ། བུར་གྱུར་ཏོ།། སེམས་ཅན་འགྲོ་བ་མང་པོ་ཀུན ་གྱིས་ཀྱང་སྤྲུལ་པའི་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་འོད་ལོས་གཞན་ཡང་རིན་པོ་ཆེའི་འོད་ཚད་མེད་པ་བརྒྱ་སྟོང་མཐོང་སྟེ། འོད་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས ་ཚད་མེད་གྲངས་མེད་པ་བརྒྱ་སྟོང་སྙེད་བཞུགས་པར་མཐོང་ངོ་དེའི་ཚེ། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་ལ་སོགས་པས་འོད་ཟེར་དེ་དག་མཐོང་ནས། སངས་རྒྱས ་ལ་ལན་སྟོང་དུ་བསྐོར་བ་བྱེད་དོ།། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྡང་བར་བྱེད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་མཐོ་བ་དང་། དམའ་བ་དག། ཆེན་པོ ་ཆུང་ངུ་ཐམས་ཅད་མངོན་སུམ་དུ་སྣང་བ་ནི། ཇི་ལྟར་མེ་ལོང་ཡོངསུ་དག་པ་ལ་བདག་གི་བཞིན་མངོན་དུ་སྣང་བ་བཞིན་ནོ།། དེའི་ཚེ་བདུད་སྡིག་པ་ཅན་འཁོར་ལྷ་དང་། ཀླུ ་།། དང་། ལྷ་མ་ཡིན་དང་། གནོད་སྦྱིན་ཁྲི་ཕྲག་བརྒྱད་ཅུ་སྙེད་ཀྱིས་མཛོད་སྤུ་དཀར་པོ་དྲང་ལ་རབ་ཏུ་འབར་བ་མཐོ་བཅོ་ལྔར་གྱུར་པ་མཐོང་ངོ་།། ཕྱོགས་བཅུར་འོད་སྣང་། ་བར་གྱུར་པ་དག་གིས་འཁོར་མང་པོ་དག་གི་མིག་ཟིལ་གྱིས་ནོན་པ་ནི། ཉི་མ་ཁྲི་ཕྲག་དུ་མར་ཤར་བ་དང་འདྲ་སྟེ། བདེ་བར་བཤད་དུ་མི་ནུསོ།། འོད་དེ་ལས་ཚད་མེད་གྲངས་མེད ་པ་བརྒྱ་སྟོང་སྙེད་ཀྱི་སྤྲུལ་པའི་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་མཐོ་བཅོ་ལྔ་ལས་མི་རིང་བར་མཐོང་ངོ་།། མཛོད་སྤུ་རེ་རེ་ལ་ཡང་གྲངས་མེད་པའི་འོད་ཟེར ་འབྱུང་ཞིང་། འོད་དེ་དག་རེ་རེ་ལ་ཡང་སྤྲུབ་པའི་སངས་རྒྱས་ཚད་མེད་པ་ཡོད་པར་མཐོང་སྟེ། སྤྲུལ་པའི་སངས་རྒྱས་ཀྱི་སྦྱིན་མཚམས་ན་ཡང་དེ་བཞིན་ནོ།། མཛོད་སྤུ་དཀར ་འོད་ཀྱི་ཁྲེམ་ཉེར་གྱི་བར་ནས་འོད་མང་པོ་བྱུང་སྟེ། འོད་དེས་དེ་བཞིན་གཤེགས་པའི་ཞལ་འཕྲལ་བ་མཉམ།། ཞིང་ཡངས་པའི་མཚན་སྣང་བར་བྱེད་དོ།། འཕྲལ་བའི ་དབུའི་སྒྲ་ཡང་ཤིན་ཏུ་མཛེས་ཤིང་འཇམ་ལ་གྱེན་དུ་འགྲེང་སྟེ། དབུའི་སྐྲའི་རྩ་བ་ཡང་ཚངས་པའི་གཙུག་གི་ནོར་བུའི་མདོག་ལྟ་བུ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས ་ཡོངསུ་ཚིམ་པར་བྱེད་དོ།། སྤུའི་ཐོག་མ་ལས་འོད་ཟེར་གསར་བཙོ་མའི་ཁ་དོག་ལྟ་བུ་རབ་ཏུ་མཛེས་པ་བྱུང་སྟེ། དབུའི་སྒྲ་འདབ་ཀྱི་མཚན་སྣང་བར་བྱེད་དོ།། དེའི་འོད་རྣམས་ཀྱང་། ་འཁྱིལ་ཅིང་འཕྱང་ལ་སྟན་ལ་ཐུག་ནས། སོ་སོར་གྱེས་ཏེ་དབུའི་གསེབ་ཀྱི་མཚན་ཀུན་སྣང་བར་བྱས་ནས། དབུ་དུང་གི་རི་མོ་ལྟ་བུ་ལ་ལན་བརྒྱ་སྟོང་དུ་མར་བསྐོར་ཏོ།། དབུའི ་ལྷག་རུས་ལས་གསེར་བཙོ་མའི་ཁ་དོག་ལྟ་བུའི་པདྨོ་སྐྱེས་ཏེ། ཉི་མའི་འོད་ཟེར་གྱིས་ཕོག་ན་ཁ་འབྱེའོ།། བདྨོའི་འདབ་མའི་བའི་ན་བརྒྱ་བྱིན་གྱི་གཞལ་མེད་ཁང་དང་འདྲ་བ ་མངོན་སུམ་དུ་སྣང་ངོ་།། ཁ་དོག་ཀྱང་རྣམ་པ་ཐ་དད་པ་སྟེ། དེ་དག་གི་བར་ན་སྤྲུལ་པའི་སངས་རྒྱས་ཚད་མེད་པ་བཞུག་སོ།། སངས་རྒྱས་གཅིག་ཅིང་ཡང་བྱང་ཆུབ་སེམས་དཔའ ་དང་ལྷའི་འཁོར་བདུན་བདུན་གྱིས་བསྙེན་བཀུར་བྱེད་ལ། དེ་དག་ཀུན་གྱི་ལག་ན་རིན་པོ་ཆེའི་པདྨོ་དཀར་པོའི་ནང་ན་ཡང་དཀར་བ་ཐོག་སོ།། པདྨོ་དེ་འོད་ཁ་དོག་རྣམ་པ་ལྔ་དང་ལྡན་ཏེ ་འོད་ཀྱི་ཁ་དོག་ལྔ་ཆར་ཡང་མངོན་པར་གསལ་ལ།། སྤྲུལ་པའི་སངས་རྒྱས་ཀྱི་རྗེསུ་གནས་མི་ནོར་བར་འབྱུང་།། དེ་དག་ནི་དེ་བཞིན་གཤེགས་པ་ཐོག་མ་མངོན་པ ་སངས་རྒྱས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་ཞེས་བྱའོ།། མཛོད་སྤུ་དཀར་པོའི་འོད་ལས་གཙུག་ཏོར་གྱི་འོད་འབྱུང་ངོ་།། ཐོག་མ་རྒྱལ་པོའི་ཁབ་དུ་བལྟམ་པན ་ཡང་འོད་དེ་ཉི་མ་ལྟར་མངོན་པར་གསལ་ཡང་མངོན་པར་མཐོང་བ་ནི་མ་ཡིནོ།། འོད་ཟླུམ་པོ་འདོམ་གང་བའི་མཚན་ནི་མདོ་གཞན་ལས་བཤད་པ་བཞིན་ནོ།། དེའི་ཚེ་སྡེ་བརྒྱད ་རྣམས་ཀྱིས་མཛོད་སྤུ་དཀར་པོའི་འོད་མཐོང་བ་ཡང་སོ་སོར་མི་མཐུན་ཏེ། ལ་ལས་ནི་མཛོད་སྤུ་དཀར་པོ་སངས་རྒྱས་དང་འདྲ་བར་མཐོང་། ལ་ལས་ནི་བྱང་ཆུབ་སེམས་དཔའ་དང ་འདྲ་བར་མཐོང་། ལ་ལས་ནི་མཛོད་སྤུ་དཀར་པོ་བདག་ཉིད་ཀྱི་ཕ་མ་དང་འདྲ་བར་མཐོང་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་བླ་མར་བྱ་བའི་གནས་དེ་དག་ཐམས་ཅད་མཛོད ་།། སྤུའི་ཐོག་མ་ལ་མངོན་སུམ་དུ་མཐོང་ངོ་།། མཐོང་ནས་རྗེ་སུ་ཡི་རངས་ཏེ། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས ་སེམས་བསྐྱེད་དོ།། དེ་ལྟར་གནོད་སྦྱིན་དེ་དག་གིས་མཛོད་སྤུ་དཀར་པོའི་མཚན་མཐོང་ནས། ངན་སེམས་མེད་ཅིང་བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རྒྱལ་པོ་ཡབ་དེ་བཞིན་གཤེགས་པའི་མཛད་སྤུ་དཀར་པོ་ནི་ཐོག་མ་བལྟམ་པ་ནས་མངོན་པར་སངས་རྒྱས་ཀྱི་བར་དུ་དངོས་པོ་ཕྲ་མོ་རྣམས་ནི་མཐོང་ཞིང་བལྟར ་སྣང་ངོ་།། མངོན་པར་སངས་རྒྱས་ནས་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཚན་ཕུན་སུམ་ཚོགས་པ་ནི། མདོ་སྡེ་དག་ལས་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དོ།། མཛོད ་སྤུ་དཀར་པོའི་འོད་ཟེར་གྱི་མཐའ་ནི་ས་བཅུ་པའི་བྱེད་ཆུབ་སེམས་དཔས་གདོད་མཐོང་ངོ་།། སྔར་འཇིག་རྟེན། པ་དང་སྦྱོར་བའི་ཕྱིར། དངོས་པོ་ཅུང་ཟད་བསྟན་པ་མཐོང ་བར་ནི་དཀའ་བ་མ་ཡིནོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་དང་དགའ་བོ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག། མ་འོངས་པའི་དུས་ན་ཉེ་གནས ་གྱུར་པ་རྣམས་ཤེས་པར་གྱིས་ཤིག། ང་ཡོངསུ་མྱ་ངན་ལས་འདས་ནས་དགེ་སློང་གང་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པའི་མཛོད་སྤུ་དཀར་པོའི་མཚན་དེ་སྔོན་བྱང་ཆུབ ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྤྱོད་པ་གང་སྤྱད་པས་ཐོབ་པར་གྱུར་ཅེས་འདྲི་བ་ཡོད་ན། ཁྱོད་དེ་ལ་འདི་སྐད་དུ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་དཀར་པོའི་མཚན་ནི། བསྐལ ་པ་ཆེན་པོ་ཚད་མེད་པ་གྲངས་མེད་པའི་བར་དུ་སེར་སྣ་མེད་པའི་སེམས་ཀྱིས་གཏོང་ཞིང་ཕ་རོལ་ཏུ་མི་དམིགས། ནོར་ཟས་ཀྱི་དངོས་པོར་མི་ལྟ་སྟེ། སེམས་ཅི་ལ་ཡང་མ་ཆགས ་བས་སྦྱིན་པ་དང་། ལུས་དང་། སེམས་ཀྱིས་ལུས་ཀྱི་སྤྱོད་ལམ་བསྡམས་ཏེ། མིག་དང་འདྲ་བར་ཚུལ་ཁྲིམས་ཡོངསུ་བསྲུངས་ནས། ནང་གི་སེམས་རབ་ཏུ་ཞི་བས་འཁྲུལ་པར ་ནམ་ལྟུང་བར་མི་མཐོང་བ་དང་། སེམས་ས་ཆེན་པོ་དང་འདྲ་བར་རྟེན་ཏེ་མི་གཡོ་བས་གལ་ཏེ་གང་ཟག་གཅིག་གིས། མཚོན་ཆ་བརྒྱ་སྟོང་མང་པོ་ཐོགས་ནས་ལུས་དམྱལ་གཏུང ་སམ། གང་ཟག་ལ་ལས་ཚེར་ལྕག་གིས་གཞུས་ཤིང་བརྩོགས་ཀྱང་བྱང་ཆུབ་སེམས་དཔའ་ལ། ཐོག་མ་ནས་ཞེ་སྡང་གི་སེམས་མི་འབྱུང་བ་དང་། གང་ཟག་ལ་ལ ་མགོ་གཅིག་ལ་ལྕེ་སྟོང་ཡོད་པར་གྱུར་ཏེ། ལྕེ་དེ་གཅི་ག་ཀྱང་སྐད་སྟོང་སྨྲ་ཞིང་ཚིག་རྣམ་པ་སྣ་ཚོགས་ཀྱིས་སྤྱོས་ཤིང་སྒྲ་ཕབ་ཀྱང་། བྱང་ཆུབ་སེམས་དཔའི་མདངས་ཀྱང ་མི་འགྱུར་ཏེ། ཇི་ལྟར་པདྨོ་ཡོངསུ་དག་པ་དང་འདྲ་བ། ཇི་ལ་ཡང་ཆགས་པ་མེད་པ་དང་། ལུས་དང་སེམས་ལ་ཉམས་བག་མེད་པས། ངལ་བ་དང་སྐྱོ་བ་མེད་པའི་ཡིད་ཀྱིས་མ ་ཐོད་ལ་མེ་འབར་བ་བཞིན་དུ་བརྩོན་པ་ནི། ཇི་ལྟར་ལུས་ཀྱི་བ་སྤུའི་ཁུང་བུ་ནས། ཤུ་བ་མ་རུངས་པ་བྱུང་ནས། སྨན་པ་མཁས་པ་ཚོལ་བ་དང་འདྲ་བ། ཉིན་མཚན་ཕྱེད་པར ་བརྩོན་པ་དང་། སེམས་ཇི་ལ་ཡང་མ་ཆགས་པ་ནི་བཻ་ཌཱུཪྻ་ལྟར་ཕྱི་ནང་ཡོངསུ་དག་ཅིང་ལུས་བསྡམ་ནས། སེམས་སྡུས་ཏེ་མིག་བཙུམས་ཤིང་། ཐལ་མོ་སྦྱར་ནས་དྲང་པོར ་བསྲུང་སྟེ། མཉམ་པར་འཇོག་པ་དང་། སེམས་རྒྱ་མཚོ་དང་འདྲ་བར་མ་འཁྲུག་མི་གཡོ་བ་དང་། རྡོ་རྗེའི་རི་ལྟར་མི་ཤིགས་མི་ཆོམས་པ་དང་། དེ་ལྟ་བུར་མེད་ལ ་བྱེད་ཀྱང་སེམས་མེ་ཤི་བ་བཞིན་དུ་རབ་ཏུ་ཞི་བ་དང་། ཇི་ཡང་ཤེས་པར་མི་བྱེད་པའི་བསམ་གཏན་རྗེསུ་མི་འབྲང་བ་དང་། རྣམ་པར་རྟོག་པ་མེད་ཀྱང་ཆོས་ལ་མི་རྟོག་པ་མ་ཡིན་པ ་དང་། སེམས་ཀྱི་ཤེས་རབ་རྣོ་ཞིང་བརྟུལ་ཞུགས་ཕོད་པ་ཐབས་མཁས་པས་ཡོངསུ་སྡུད་ཀྱང་། ཆོས་ཆེན་པོ་དང་། ཆུ་དུན་གང་ལ་ཡང་རབ་ཏུ་ཕྲ་བའི་མཚན་མ་ཡོད་པར་མི་ལྟ ་བའི་སེམས་ཅན་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། གཞ་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བྱམས ་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དྲན་པའི་གནས་གསུ་མ་དང་། སྟོན་གྱི་མཆོག་མང་པོ་ལས་མཛོད་སྤུ་དཀར་པོའི་མཚན་ཐོབ་པར་གྱུར་ཏོ།། ཞེས་གྱིས་ཤིག། ང་ཡོངསུ་མྱ ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པའི་རྣམས། ཉེས་པ་ཐམས་ཅད་སྤངས་ཏེ་འདུ་འཛི་མང་པོ་ཡོངསུ་བཏང་ལ་ཉུང་ངུ་སྨྲ་བའི་ཆོས་ལ་མོས་པར་བྱས་ཏེ། བྱ་བའི ་དངོས་པོ་མང་པོ་ཡོངསུ་བཏང་ནས། ཉིན་ཞག་གཅིག་ལ་དུས་དྲུག་སྟེ། དུས་གཅིག་གི་ཡང་ཅུང་ཟད་དམ། ཅུང་ཟད་ཀྱི་ཡང་སྐད་ཅིག་ཙམ། སངས་རྒྱས་ཀྱི་མཛོད་སྤུ་དཀར་པོའི ་མཚན་དྲན་པར་བྱས་ཏེ། སེམས་ལ་མངོན་གསུམ་དུ་འཁྲུལ་ཅིང་ནོར་པ་མེད་པར་གསལ་བར་བྱས་ལ་དྲང་པོར་འདུག་སྟེ། རྒྱུན་མི་འཆད་པར་མཛད་སྤུ་དཀར་པོའི་དྲན་པར་བྱས ་ན་མཚན་བཟང་པོ་མཐོང་ཡང་རུང་། མ་མཐོང་ཡང་རུང་སྟེ། གང་ཟག་དེ་དག་ནི་འཁོར་བའི་ཉེས་པ་གང་གའི་ཀླུང་གི་བྱེ་མའི་རྡུལ་ཕྲ་མོ་བྱེ་བ་ཁྲི་ཕྲག་དགུ་བཅུ་རྩ་དྲུག་སྙེད་སྤངས ་པར་འགྱུར་རོ།། གཞན་ཡང་གང་ཟག་ལ་ལས་མཛོད་སྤུ་དཀར་པོའི་མཚན་ཐོས་ནས། སེམས་མི་སྐྲག་ཅིང་ཐེ་ཚོམ་མི་ཟ་བར་དགའ་བའི་སེམས་ཀྱིས་དད་པར་བྱེད་ན། གང་ཟག་དེ ་ཡང་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་སྤངས་པར་འགྱུར་རོ།། དགེ་སློང་ངམ་དགེ་བསྙེན་མ་འམ། དགེ་བསྙེན་མ་འགའ་ཞིག་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམ ་སམ། ཁ་ན་མ་ཐོ་བའི་སྡིག་བྱས་སམ། མཚམས་མེད་བ་ལྔའི་སྡིག་བྱས་ན། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་བསྐུར་པྲ་མ་གཏོགས་ཏོ།། གང་ཟག་དེས་འགྱོད་ཚངས་བྱས་ལ ་ཉིན་མཚན་དུས་དྲུག་དུ་ལུས་དང་། སེམས་ཀྱིས་བརྩོན་པ་ནི། དཔེར་ན་མི་ཞིག་ཚལ་སྟུག་པའི་དབུས་འདུག་ལ། ཕྱོ་གས་བཞི་ནས་མེ་བྱུང་སྟེ། རླུང་དྲག་པོས་ནས། ཚིག་ལ ་ཐུག་པ་ལས། གང་ཟག་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་མེ་འདིས་འཚིག་པར་འགྱུར་ན། མེ་དེས་མ་ཚིག་པར་ལུས་ཀྱི་ཡན་ལག་ཀུན་བཤིག་པར་འགྱུར་གྱིས། བདག་གི ་ཇི་ལྟར་མེ་འདི་ཞི་བར་བྱ་སྙམ་ནས་བློས་དཔྱོད་དོ།། གལ་ཏེ་བློས་མ་དཔྱད་ན་ནི་གདོན་མི་ཟ་བར་དེ་ཉིད་དུ་དུས་བྱེད་པར་འགྱུར་ན། མཁས་པ་གང་ཞིག་བློ་དང་ལྡན་པས་ཐབས ་སྣ་ཚོགས་ཀྱིས་བདག་གི་ཚེའི་སྐྱབས་ནུས་ཏེ། གལ་ཏེ་ཚེའི་བར་ཆད་དུ་མ་བྱུང་ན། གང་ཟག་དེ་ལ་ཇི་ལ་ཡང་མི་ཕངས་པར་བྱའོ་སྙམ་དུ་སེམས་པ་བཞིན་དུ། རི་ཆེན་པོ་སྙིལ་བ ་།། ལྟར་ཡན་ལག་ལྔས་ལ་གཏུགས་ཏེ། མཆི་མ་བླགས་ནས། བཅོམ་ལྡན་འདས་གང་ན་བའི་ལོག་སུ་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་དང་མཛད ་བ་རྣམ་པ་མང་པོ་ལ་བསྟོད་ཅིང་བསྔགས་ཏེ་མཆོད་པ་བྱས་ན། འགྱོད་ཚངས་ཀྱི་ཆོས་འདོན་ཅིང་དྲན་པ་མངོན་གསུམ་པར་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ ་དཀར་པོའི་མཚན་ཡིད་ལ་བྱས་ཏེ། ཞག་གཅིག་ནས་ཞག་བདུན་གྱི་བར་དུ་ཡིད་ལ་བྱས་ན་སྡིག་ལྕི་བ་རྣམ་པ་བཞི་པོ་དག་འདྲི་ཞིང་སླབས་པར་འགྱུར་རོ།། བདུན་གསུམ་བྱས་ན ་སྡིག་བྱས་པ་ཡང་དང་ཡང་འབྱང་བར་འགྱུརརོ།། ཞག་བདུན་བདུན་གྱི་བར་དུ་བྱས་ནས་གདོད་ལས་སུ་བྱ་བའི་རྣམས་བྱས་ཏེ། མདོ་སྡེ་གཞན་དག་ལས་ཀྱང་འབྱུང་ངོ་།། དགེ ་སློང་ག་ཞིག་ཁ་ན་མ་ཐོ་བའི་སྡིག་བྱས་ནས། མཛོད་སྤུ་དཀ། དང་པོའི་མཚན་ལ་བརྟགས་ཀྱང་གནག་ཅིང་མི་གསལ་ན། མཆོད་རྟེན་དུ་ཞུགས་ཏེ་སྐུ་གཟུགས་ཀྱི་སྨིན་མཚན ་ལ་ཞག་གཅིག་ནས་ཞག་གསུམ་གྱི་བར་དུ་རྟོགས་ལ། ཐལ་མོ་སྦྱར་ཏེ་མཆི་མ་བླགས་ནས། སེམས་རྩེ་གཅིག་ཏུ་ཤིན་ཏུ་རྟོགས་པར་བརྟགས་ནས། གདོད་དགེ ་འདུན་གྱི་ནང་དུ་སོང་ལ་ཉེས་པ་ཅི་བྱས་པ་འཐོལ་ཅིག་དེ་ལྟར་བྱས་ན་འདི་ནི་སྡིག་པ་བྱང་བ་ཞེས་བྱའོ།། སྡིག་པ་སྔ་མ་ལྔ་པོ་བྱས་པ་ནི་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཚམ ་ཞག་བརྒྱད་བརྒྱ་ཡིད་ལ་བྱས་ནས། གདོད་ལས་སུ་བྱ་བ་ཆོས་གཞན་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཡབ་དེ་བཞིན་གཤེགས་པ་ལ་མཚན་བཟ ་བོ་གྲངས་མེད་པ་ཞིག་མངའ་སྟེ། མཚན་དེ་རེ་རེའི་ནང་ན་ཡང་མཚན་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་སྙེད་མངའོ།། དེ་སྙེད་ཀྱི་མཚན་དང་དཔེ་བྱད་མངའ་བ་ཡང་མཛོད་སྤུ་དཀར་པོའི ་ཡོན་ཏན་གྱི་ཕྱོགས་ཅུང་ཟད་ཙམ་ཡང་མེད་དོ།། དེ་བས་ན་མ་འོངས་པའི་སྐྱེ་བོ་ངན་པ་རྣམས་ཀྱི་ཕྱིར། མཛོད་སྤུ་དཀར་པོའི་མཚན་ཤེས་རབ་ཆེན་པོའི་འོད་ཟེར་གྱིས་ཉེས་པ ་ཞི་བར་བྱེད་པ་རྗེསུ་དྲན་པའི་ཆོས་བཤད་དེ། གང་ངན་པར་ལྟ་བ་རབ་ཏུ་སྡིག་ཆེ་བའི་དག་ཀྱང་ཉེས་པ་རྗེསུ་དྲན་པའི་ཆོས། མཚན་ཕུན་སུམ་ཚོགས་པ་འདི་ཐོས་ན་ཞེ་སྡང་གི ་སེམས་སྐྱེ་བའི་གནས་མེད་དོ།། ཇི་སྟེ་སྐྱེས་ན་ཡང་མཛོད། སྤུ་དཀར་པོའི་མཚོན་གྱི་འོད་ཟེར་གྱིས་ཟིལ་གྱིས་ནོན་ཏོ།། ཚིགས་འདི་ཐོས་པ་ཙམ་གྱིས་བསྐལ་པ་གསུམ ་གྱི་སྡིག་པ་འབྱང་ཞིང་། སྐྱེ་བ་ཐ་མར་སངས་རྒྱས་རྣམས་ཀྱི་སྤྱན་མངར་སྐྱེ་བར་འགྱུ་རོ།། དེ་ལྟ་བུ་ལ་སོགས་པ་འོད་ཟེར་རྗེ་སུ་དྲན་པ་འོད་ཟེར་བརྒྱ་སྟོང་སྙེད་ཀྱི་སྤྱོད་ཡུལ་དམ་པ། ་ནི་རྒྱས་པར་བཤད་དུ་མེད་དེ། མཛོད་སྤུ་དཀར་པོའི་རྗེསུ་དྲན་པ་ན་མཚན་བཟང་པོ་རྣམས་ཀྱང་མཐོང་བར་འགྱུར་རོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི ་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་བུ་མ་ཡིན་པར་མཐོང་བ་དེ་ནི་ལོགས་པར་མཐོང་བའོ།། དེ་ཇི་ལྟར་ན་དབུ་འཕྲལ་བ་ཡངས་ཤིང་མཉམ་པ་རྗེསུ་དྲན་པ་ཞེ་ན་དེ ་བཞིན་གཤེགས་པའི་དབུ་འཕྲལ་བ་མཉམ་ཞིང་ཡངས་པའི་མཚན་འོད་ཟེར་གྱི་དཀྱིལ་འཁོར་གཉིས་དང་ལྡན་པ། འོད་ཟེར་གྱི་དཀྱིལ་འཁོར་གྱི་ཁྲེམ་ཉེར་གྱི་བར་ན། ནོར ་། བུ་རིན་པོ་ཆེའི་འཁོར་ལོ་བརྩིབས་སྟོང་ལྡན་པ་ལྷ་འཇུག་སེལ་གྱི་རི་མོ་ལྟ་བུ་ཡོད་ལ། རི་མོ་དེ་དག་གི་ནང་ན་ཡང་གསེར་བཙོ་མའི་ཁ་དོག་དང་ལྡན་པའི་འོད ་རང་བྱུང་ནས་སྨིན་མཚམས་ཀྱི་མཛོད་སྤུར་ཞུགས་ཏེ། མཛོད་སྤྲུལ་ལམ་བདུན་བསྐོར་ནས་ཕྱིར་དབུའི་འཕྲལ་བའི་སྤུའི་ཁུར་བུ་ཀུན་ཏུ་ཞུགས་ཏེ། དབུ་འདབ་ལ་ཐུག་ནས་མཚན ་ཀུན་ནས་འཁྱིལ་ཞིང་འཕྱང་བ་སྙན་ལ་ཐུག་གོ།། དེ་ནས་དབུའི་ཉག་མ་ཀུན་ཏུ་ཞུགས་ཏེ། དབུ་ཉག་མ་གཅིག་ལ་ཡང་ལན་བདུན་བདུན་བསྐོར་ནས། ལྷག་པའི་རུས་པ་ནས ་བྱུང་སྟེ་མདུན་གྱི་པདྨོའི་མཚན་ལའང་ལན་བདུན་པ་སྐོར་ཏོ།། ལན་བསྐོར་བ་ཡང་རི་མོར་བྲིས་ལྟར་མངོན་པར་གསལ་ལ་ཁ་དོག་རྣམ་པ་བདུན་དང་ལྡན་ཏེ། ཁ ་དོག་གཅིག་ལ་ཡང་མེ་ཏོག་བདུན་བདུན་སྐྱེ་སོ།། མེ་རྟ་ག་གཅིག་ལ་ཡང་སངས་རྒྱས་བདུན་བདུན་བཞུག་སོ།། སངས་རྒྱས་གཅིག་ལ་ཡང་འཁོར་བྱང་ཆུབ་སེམས་དཔ ་བདུན་གྱིས་བསྐོར་ཏེ། བསྙེན་བཀུར་དང་། མཆོད་པ་དང་། བསྐོར་བ་བྱེད་དོ།། དེ་ལྟར་དབུའི་འཕྲལ་བ་ཡངས་ལ་མཉམ་ཞིང་ཚེའི་མཚན་གསུམ་དང་། དབུའི་མདབ་ཀྱི་མཚན་དང ་དབུའི་བ་སྤུའི་ཁུང་བུའི་མཚན་དང་། དབུའི་ཀླད་པའི་མཚན་རྣམ་སོ།། དབུའི་ཀླད་པའི་ནང་ནས་ཀྱང་འོད་ཟེར་བཅུ་བཞི་རྩ་ལས་མངོན་པར་སྣང་སྟེ། ཕྱི་ནང་མངོན་ཞིང་གསལ་ལ་བ ་ན་ཡིད་དུ་འོང་བ་ཉི་མའི་འོད་ལྟ་བུ་ལས་ལེབ་རྒན་དང་། རྨ་སྤེལ་བཀོད་པ། ཁ་དོག་ཤིན་ཏུ་མཛེས་ཤིང་ཕྲ་བ་དེ་ཡང་ལྷག་པའི་རུས་པ་ནས་བྱུང་སྟེ་སྔ་མ་བཞིན་དུ། ཁན་ག ་གསུམ་བསྐོར་ཏོ།། རི་མོ་དེ་དག་གི་བར་བར་ན་སངས་རྒྱས་གཅིག་དང་། བྱང་ཆུབ་སེམས་དཔའ་གཉིས་ཀྱང་གཡས་གཡོན་ན་བཞུགས་ཏེ་སྔ་མ་བས་ལྷག་པར་མཐོང་ཞིང་མངོན ་གསལ་ལོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྤྱན་གཡས་གཡོན་གྱི་མཚན་གཉིས་ཤེ་ན། འདི་ལྟ་སྟེ། ཟླ་བ་ཚེས་པ་ལྟ་བུ་ལ་སྤུ་མཐར་ཆགསུ་སྐྱེས་ཤིང་སྡུག་སྲབ་རན ་པ་དང་། ཟླ་བ་འཁྱིམས་པ་ལྟར་འཁོར་བ། ཁ་དོག་སྨུག་པོ་ལ་སྤུའི་ཐོག་མ་བཻ་ཌཱུཪྻ་མཐོན་མཐིང་གི་འོད་ལྟ་བུ་སྟེ། འཇིག་རྟེན་གྱིས་དཔེར་བྱ་བ་ལས་འདས་སོ།། སྤྱན་གྱི་སྨིན་མའི ་འོད་འབར་བ་ཡང་དབུའི་ཉག་མ་ཀུན་ཏུ་ཞུགས་ཏེ། དབུའི་སྐུའི་རྩེ་མོར་ཐུགས་ནས་དུང་གི་རི་མོ་ལྟར་འཁྱིལ་ཞིང་། དེ་དྲག་བུང་པའི་འདབ་མ་འམ། རྨ་བྱའི་མདོངས་ཀྱིས་ཀྱང་བ ་དུ་མེད་དོ།། དཔེར་ན་སོལ་བའི་ཕུང་པོ་དང་། བེནྡུཪྻའི། འོད་དུ་བསྐྲུན་པ་བཞིན་ཏེ། དེ་ཡང་ཕྱིར་ཡས་བུར་དུ་གུ་གཅིང་འབྲངས་ཏེ། ལྷག་པའི་རུས་པའི་གནས་ཀུན་ཏུ ་ཞུག་སོ།། དེ་ནས་ཕྱིར་བྱུང་ཞིང་འཁྱིལ་ནས་འོད་ཀྱིས་དབུལ་ལན་བདུན་དུ་བསྐོར་ཏོ།། རི་མོ་དེ་དག་རེ་རེའི་བར་ན་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ། འཁོར་བྱང་ཆུབ་སེམས་དཔལ ་གཉིས་གཉིས་དང་། དགེ་སློང་གཉིས་གཉིས་ཀྱིས་བསྙེན་བཀུར་བྱེད་དོ།། དེ་དག་ཀྱང་སོ་སོ་ན་པདྨོ་གེ་སར་ལ་བཞུགས་ཤིང་། སྔ་མ་བས་ལྷག་པར་ཡིད་དུ་འོང་ལ་མངོན་པར ་གསལ་ལོ།། སྤྱན་གྱི་སྨིན་མའི་འོག་གི་རི་མོ་གསུམ་དང་། སྤྱན་གྱི་སྒྲ་ནས་ཀྱང་འོད་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་བཞི་འཁྱིལ་ཅིང་འབྱུང་སྟེ། སྤྱན་གྱི་རུས ་པར་ཞུགས་ནས། སྤྱན་གི་སྨིན་མའི་ཐོག་མ་ནས་བྱུང་སྟེ། སྔ་མ་བཞིན་ལྷག་ཁྲུང་ནས་བྱུང་ནས་འོང་ལ་ལན་བཞི་བསྐོར་ཏེ། འོད་ཟེར་དེ་ཡང་ཤིན་ཏུ་མངོན་ཞིང་གས ་ལོ། འོད་ཁ་དོག་སེར་པོ་ལ་ནི། སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་གསེར་བཙོ་མའི་ཁ་དོག་ལྟ་བུར་སེར་རོ།། འོད་ཁ་དོག་དཀར་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་དངུལ ་གྱི་མདོག་ལྟར་དཀར་པོ། འོད་ཁ་དོག་སྔོན་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་རྡོ་རྗེའི་མདོག་ལྟར་སྔོའོ།། འོད་ཁ་དོག་དམར་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང ་བྱི་རུ་འམ། པདྨ་རཱ་གའི་མདོག་ལྟར་དམར་པོ། དེ་ད་ག་ཀྱང་འོད་ཟེར་འཁྱིལ་ལ་སྔ་མ་བས་ལྷག་པར་ཤིན། ཏུ་གསལ་ལོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས ་པའི་སྤྱན་ཀྱི་རྫི་མའི་མཚན་ཞེ་ན། དེ་བཞིན་གཤེགས་པའི་སྤྱན་གྱི་རྫི་མ་ནི། ལྷག་འོག་གཉི་ག་ནས་སྐྱེས་ཏེ། དེ་དག་སོ་སོ་ནས་ཉག་མ་ལྔ་བརྒྱ་སྙེད་དོ།། དེ་ཤིན་ཏུ་འཇམ་ལ་ཡིད་ཏུ ་འོང་བ་ནི། མེ་ཏོག་ཨུ་དུམ་འབར་བའི་ཟེ་བ་ལྟ་བུ་སྟེ། སྤུ་ཉག་མ་རེ་རེའི་རྩེ་མོ་ལ་ཡང་ཤེལ་གྱི་ཁ་དོག་ལྟ་བུའི་འོད་རེ་རེ་བྱུང་ནས་མཚན་བཟང་པོ་ཀུན་གྱི་ནང་དུ་ཞུགས་ནས ་དབུ་ལ་ལན་གཅིག་བསྐོར་ཏེ། ལྟག་ཁུང་ནས་བྱུང་ནས་འོད་སྔ་མ་རྣམས་ལ་བསྐོར་ཏོ།། དེ་དག་གི་ནང་ན་པདྨ་སྔོན་པོ་བཻ་ཌཱུཪྻའི་མདོག་ལྟ་བུ་ཡོད་དེ། པདྨོ་དེའི་སྟེང་ན། ཚངས་པའི་རྒྱལ ་པོ་ལག་ན་གདུགས་སྔོན་པོ་ཐོགས་པ་ཡོད་དེ།། མཚན་འདི་བྱུང་བ་ན་སངས་རྒྱས་ཀྱི་སྤྱན་ཡང་ལྷག་པར་དཀར་ནག་བྱེ་སྟེ། དཀར་བ་ཡང་རིན་པོ་ཆེ་དཀར་པོ་བས་བརྒྱ་སྟོང་གིས ་ལྷག་པར་དཀར་རོ།། སྔོ་བ་ཡང་པདྨོ་སྔོན་པོ་དང་། བཻཌཱུཪྻ་མཐོན་མཐིང་བས་བརྒྱ་སྟོང་གིས་ལྷག་པར་སྔོའོ།། སྤྱན་ལྷག་འོག་གཉི་ག་འཛུམ་པ་ནི། ཁྱུ་མཆོག་རྒྱལ་པོའི་མིག། ་ལྟ་བུའི་སྤྱན་གཉིས་ཀྱི་ཐོག་མ་ལ་འོད་པདྨོ་སྔོན་པོའི་ཁ་དོག་འདྲ་བ་རབ་ཕྲ་བ་གཉིས་བྱུང་སྟེ། དབུའི་ཉག་མ་ལ་ལན་རེ་བསྐོར་ནས་ལྷག་ནས་ཕྱིར་བྱུང་སྟེ། འོད་ཀྱི་པདྨོ་གྲངས ་མེད་པ་ཀུན་སྣང་བར་བྱས་ནས། པདྨོའི་ཁ་འབུ་བར་བྱེད་ཅིང་འོད་ཀྱང་ལྷག་པར་གསལ་བར་བྱེད་དོ།། དེ་ལྟར་མཚན་དམ་པ་ཡོན་ཏན་ཚད་མེད་པ་དང་ལྡན་པ་ནི་དེ་བཞིན ་གཤེགས་པའི་སྤྱན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྤྱན་གྱི་མཚན་ལ་རྟོག་པར་འདོད་པ་དག་དེ་ལྟར་རྗེ་སུ་དྲན་པར་བྱའོ།། དེ་ལྟར་རྗེསུ་དྲན་པར་བྱེད་ན་ཉེས་པ་ཀུན་ཞི ་ཞིང་། བྱང་བར་འགྱུརརོ།། མིག་བཙུམས་ཏེ་ལུས་དྲང་པོར་འདུག་ལ་དེ་བཞིན་གཤེགས་པའི་སྤྱད་ལ་ཞག་གཅིག་ནས་ཞག་བདུན་གྱི་བར་དུ་རྟགས་ན། ཕྱི་མ་མ ་འོངས་པའི་དུས་ན་རྟག་ཏུ་སངས་རྒྱས་མཐོང་བ་དང་། ནམ་དུ་ཡང་ལོང་བ་འམ། ཞར་བར་མི་འགྱུར་བ་དང་། ཡུལ་མཐའ་འཁོབ་དང་། ངན་པར་ལྟ་བའི་ཡུལ་སངས་རྒྱས་ཀྱི ་ཆོས་མེད་པའི་གནསུ་མི་སྐྱེ་བ་དང་། རྟག་ཏུ་ཤེས་རབ་དང་ལྡན་ཞིང་གཏི་མུག་ཅན་དུ་མི་འགྱུརརོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ་དེ་བས་ན། མཁས ་པ་ཤེས་རབ་ཅན་དག་འདོམས་ཤིང་འཐོམ་པ་སྤོང་བར་འདོད་ན། སངས་རྒྱས་ཀྱི་སྤྱན་རྗེསུ་དྲན་པར་བྱའོ།། སངས་རྒྱས་ལ་སྤྱན་ལྔ་ཞིག་མངའ་སྟེ། རྗེ་སུ་དྲན་པར་བྱ་བ་འདིར ་ཆོས་ཀྱི་ནང་ནས་སྔར་ཤའི་སྤྱན་ཡོངསུ་དག་ཅིང་འོད་རབ་ཏུ་གསལ་བ་བཤད་དོ།། སྤྱན་རྗེ་སུ་དྲན་པར་བྱས་ཏེ། སེམས་ལ་གསལ་བར་གྱུར་པ་ན། དེ་ལས་བའི ་ཁྱད་པར་གྱི་སྤྱོད་ཡུལ་ནི་རྒྱས་པར་བཤད་དུ་སླ་བ་སངས་རྒྱས་ཀྱི་སྤྱན་གྱི་སྤྱོད་ཡུལ་བཞིན་དུ་ཐང་གཅིག་ཡུད་ཙམ་གཅིག་རྗེ་སུ་དྲན་པར་བྱེད་དམ། སྐུ་གཟུགས་ཀྱི་སྤྱན་ལ ་རྟོགས་པར་བརྟགས་ན། མ་འོངས་པའི་དུས་ན་སྐྱེ་བ་ལྔ་བརྒྱའི་བར་དུ་དབང་པོ་གསལ་ཞིང་དག་པ་དང་། མིག་གི་དབང་པོ་ལ་ནད་མེད་པ་དང་། གཞན་ཡང་བསྐལ་པ ་ཆེན་པོ་བདུན་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤངས་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དགའ་བོ་དང་འཁོར་རྣམ་བཞི་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་སྤྱན་རྗེ་སུ་དྲན་པ ་ནམ་དུ་ཡང་མ་བཏང་ཤིག། སངས་རྒྱས་ཀྱི་སྤྱན་རྗེས་དྲ་ན་པར་བྱས་ན། གདོན་མི་ཟ་བར་ཚད་མེད་པའི་སྟོན་དམ་པ་ཐོབ་པར་འགྱུར་རོ།། དབུ་འདབ་དང་ཞལ་འཕྲལ་བ ་ཡངས་པ་དང་། དབུ་དུང་གི་རི་མོ་ལྟ་བུ་དང་། སྤྱན་གྱི་གྲུ་དང་། སྤྱན་གྱི་སྨིན་མ་དང་། སྤྱན་གྱི་རྫི་མ་དང་། སྤྱན་གྱི་རི་མོ་ལོ་སོགས་པའི་མཚན་མང་པོ་འདི་དག་གི་འོད་ཟེར་སྐད་ཅིག་ཙམ ་མཐོང་བར་གྱུར་ན། བསྐལ་པ་དྲུག་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཐམས་ཅད་སྤོང་བར་འགྱུར་ཞིང་། སྐྱེ་བ་ཕྱི་མ་ལ་སངས་རྒྱས་བྱམས་པ་མཐོང་སྟེ། བསྐལ་པ་བཟང་པོའི་སངས་རྒྱས ་སྟོང་དག་གིས་ཀྱང་བྱིན་གྱིས་རློབ་ཅིང་སྐྱོབ་པར་འགྱུར་ཞིང་། སེམས་ཀྱང་པདྨོ་ལྟར་ཅིས་ཀྱང་མི་འགྲོ་བ་དང་། ནམ་དུ་ཡང་ངན་སོང་གསུམ་དང་། མི་ཁོམ་པ་བརྒྱད་ཀྱི་གན་སུ་མི་སྐྱེ ་གལ་ཏེ་མཚན་རྣམས་ལ་བརྟགས་ཀྱང་མི་མཐོང་ན། མཆོད་རྟེན་གྱི་ནང་དུ་ཞུགས་ཏེ་བརྟག་གོ།། མཆོད་རྟེན་གྱི་ནང་དུ་ཞུགས་ནས། འདི་ལྟར་འོད་ཟེར་རྣམས་ཀྱང་སེམས་ལ་འདུ་ཤེས་པར ་བྱས་ཏེ། ཐལ་མོ་སྦྱར་ནས་པུས་མོ་བཙུགས་ལ་ཤིན་ཏུ་རྟོགས་པར་ཞག་གཅིག་ནས་ཞག་གསུམ་གྱི་བར་དུ་འཁྲུལ་པ་མེད་པ་བརྟགས་ན། ཚེའི་དུས་བྱས་མ་ཐག་ཏུ་དགའ་ལྡན་གནས ་དུ་སྐྱེས་ཏེ། སངས་རྒྱས་བྱམས་པ་མཚན་གྱིས་མཛེས་པར་བརྒྱན་པའི་སྐུས་ཅི་དང་ཅིས་འདུལ་བ་བཞིན་དུ། དེ་དང་དེས་ཆོས་སྟོན་པ་མཐོང་བར་འགྱུར་རོ།། དེ་དག་མཐོང་ནས་ལུས་དང ་སེམས་རབ་ཏུ་དགའ་རངས་ཤིང་ཡང་དག་པའི་ཆོས་རྣམ་ས་ཆད་ཅིང་རྟོགས་པར་འགྱུརརོ།། རྒྱལ་པོ་ཡབ་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག ་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་ད་ནི་ལོག་པར་མཐོང་བའོ།། །། སངས་རྒྱས་རྗེ་སུ་དྲན་པའི་ཏིངངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ། བམ་པོ་གསུམ ་པན་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་ཇི་ལྟར་སངས་རྒྱས་ཀྱི་སྙན་རྗེ་སུ་དྲན་པ་ཞེ་ན། སངས་རྒྱས་ཀྱི་སྙན་ནི་རབ་ཏུ་འབྱུང་ལ་སྙན་གྱི་ནང་ནས ་སྤུ་ཉུག་མ་བདུན་འཁྱིལ་ཅིང་སྐྱེ་བ་ལས་ཁྲེམ་ཉེར་གྱི་མཚན་དང་ལྡན་པ་སྟེ། རྒྱལ་པོའི་ཁབ་དུ་བལྟམ་ནས། ཐོགས་མ་སྙན་འབུགས་པའི་ཚེན། སྙན་གཉིས་ཀྱི་བུ་གནས་ཕྱི་ནང་དུ ་མེ་ཏོག་སྐྱེས་ཤིང་། མེ་ཏོག་དང་སྤུ་ཉག་མ་བདུན་ལས་འོད་རྣམ་པ་ལྔ་བརྒྱ་བྱུང་ངོ་།། འོད་ལྔ་བརྒྱད་དེ་དག་ལས་ཁ་དོག་རྣམ་པ་ལྔ་བརྒྱ་སྟེ།། ཁ་དོག་དེ་གཅིག་ལ་ཡང་སངས་རྒྱས་། ་བརྒྱ་སྙེད་དོ།། སངས་རྒྱས་དེ་གཅིག་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ལྔ་ལྔ་དང་། དགེ་སློང་ལྔ་ལྔའོ།། དེ་ཡང་འོད་དེ་དག་གིས་གཡས་ནས་རིམ་པ་ལྟར ་བསྐོར་ཏེ། བླ་འོག་མཚམས་མཉམ་ཞིང་སངས་རྒྱས་ཀྱི་སྙན་འཚེར་བ་ཡིད་དུ་འོང་བ་ནི། རིན་པོ་ཆེའི་པདྨོ་ཉི་ཟེར་ལ་དཔྱངས་པ་ལྟ་བུར་ཤིན་ཏུ་འཚེར་བའོ།། སངས་རྒྱས་འཇིག ་རྟེན་ན་བཞུགས་པའི་ཚེ། འཁོར་མང་པོ་ཐམས་ཅད་ཀྱིས་མཚན་དེ་དག་མཐོང་བར་གྱུར་ཏེ། དེ་དག་ནི་སངས་རྒྱས་ཀྱི་སྙན་གྱི་མཚན་གྱི་འོད་ཟེར་ཅེས་བྱའོ།། རྒྱལ་པོ་ཡབ་འཁོར ་རྣམ་བཞི་ལས་གང་ཞིག་འདུ་འཛི་ཡོངསུ་སྤངས་ཏེ། སངས་རྒྱས་ཀྱི་སྙན་གྱི་མཚན་ཡང་དག་པར་རྗེསུ་དྲན་པར་ཡིད་ལ་བྱས་ན། གང་ཟག་དེ་སྐྱེ་བའི་གནས་ཀུན་ན་རྣ་བའི་དབང ་བོ་ཡོངསུ་དག་ཅིང་དྲི་མ་མེད་པར་འགྱུར་བླ་ན་མེད་པའི། གསུངས་རབ་དམ་པ་བཅུ་གཉིས་ཀྱང་རྟག་ཏུ་རྣ་ལམ་ན་དེ་ཐོས་པར་འགྱུརརོ།། ཐོས་ནས་ཀྱང་དད་ཅིང་ཡིད་ཆེས ་བ་དང་། ཅི་ལྟ་བ་བཞིན་དུ་ནན་དུ་སྤྱོད་པར་འགྱུརརོ།། དེ་སྐལ་པ་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡང་ཡོངསུ་སྤོང་བ་ར་འགྱུརརོ།། གལ་ཏེ་མི་མཐོང་ན་སྔ་མ་བཞིན་དུ་མཆོད ་རྟེན་གྱི་ནང་དུ་ཞུགས་ཏེ། གཟུགས་བརྙན་གྱི་སྙན་ལ་ཞག་གཅིག་ནས་ཞག་བཅུ་བཞིའི་བར་དུ་བརྟགས་ན། སྔར་བཤད་པའི་ཡོན་ཏན་མང་པོ་ཀུན་ཐོབ་པར་འགྱུརརོ།། དེ་བས་ན་མངས ་པ་དག་རབ་ཏུ་བརྩོན་པའི་སྦྱོར་བས་སངས་རྒྱས་ཀྱི་སྙན་རྗེསུ་དྲན་པ་ནམ་དུ་ཡང་མི་གཏང་བར་བྱའོ།། གལ་ཏེ་ནད་ཀྱིས་ཟིན་ན་ཡང་རྙེས་ཏེ་འདུག་གམ། ཡང་ན་ཉལ་ན་ཡང་སངས ་རྒྱས་ཀྱི་སྙན་ཡོངསུ་དག་པའི་མཚན་རྗེ་སུ་དྲན་པར་བྱའོ།། དེ་ལྟར་གཟུགས་བརྙན་གྱི་རྙན་ལ་སྔ་མ་བཞིན་དུ་འདུ་ཤེས་ཤིང་ཡིད་ལ་བྱེད་པ་ལ། སེམས་མི་ནུར་བར་རྩེ་གཅིག་ན་སྐྱེ་བ ་གནས་ཕྱི་མར་ལྷག་ཏུ་གཟུངས་ཐོབ་པའི་སྐྱེས་བུ་དག། བདག་གི་འཁོར་དུ་འགྱུར་ཞིང་ནོར་བུ་བརྒྱུས་པ་ལྟར་ཆོས་ཐོས་པར་ཀུན་དྲན་ཞིང་འཛིན་པར་འགྱུར་རོ།། དེ་ལ་དེ་ལྟར་ལྟའོ་གང ་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་འགྲམ ་པཟུར་ཕྱིན་པའི་མཚན་རྗེསུ་དྲན་པ་ཞེ་ན། དེ་བཞིན་གཤེ། གས་པའི་ཞལ་འགྲམ་པ་ལ་རི་མོ་དྲུག་ཡོད་དོ།། གཡས། གཡོན་འདྲལ་ལྷུན་མཉམ་པ་སྟེ། དེ་ལས་འོད་ཟེར་དམ ་པ་འཚེར་བ་ནི་འཛམ་བུའི་ཆུ་ཀླུང་གི་གསེར་གྱི་འོད་པས་ཀྱང་ཤིན་ཏུ་ལྷག་པས། སངས་རྒྱས་ཀྱི་ཞལ་གྱི་མཚན་ཤིན་ཏུ་སྣང་བར་བྱེད་དེ། དཔེར་ན། ཉི་ཟླ་བརྒྱ་སྟོང་བསྡུས་པ་ལྟ ་བུ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཞལ་འགྲམ་པ་ཟུར་ཕྱིན་པའི་མཚན་ཞེས་བྱའོ།། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་གང ་སེམས་རྩེ་གཅིག་དུ་ཡིད་ལ་བྱེད་ན། བསྐལ་པ་བརྒྱ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་སྟེ། སངས་རྒྱས་མངོན་སུམ་དུ་མཐོང་བར་འགྱུར་གྱིས་ཐེ་ཚོམ་མི་བྱའོ།། དེ་ལ་དེ་ལྟར ་བལྟའོ།། གང་དེ་ལྟ་བུར་མཐོང་བ་དེ་ནི། ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི། ་ནས་སེ་གེ་ས་རྣས་པའི་མཅན་ནན། ངས་རྒྱས་ཀྱི་རྣས་གངས་པན་སེང་གེའི་རྒྱལ་པོལ་ལབྱར་གྱུ་ནི་ལམཉམ་ཤིང་ཟུར་གྱུན་ཏེ། ས་ཀྱིམས ་ནས། འོད་རྣམ་པ་གཉིས་གསེར་བཙོ་མའི་མདོག་ལྟ་བུན་སྔ་མ་པས་བརྒྱ་སྟོང་གིས་ལྷག་པ་འབྱུང་ཞིང་། སྙན་གྱི་ཁུང་བུར་ཞུགས་ནས་ཕྱིར་ཡང་དབུའི་ཉག་མ་རེ་རེ་ནས་བསྐོར ་ཏེ། སླར་ལྟག་ཁུང་ནས་བྱུང་ནས། འོད་སྔ་མ་འཁྱིལ་ཅིང་ཟླུམ་པ་ལ་བསྐོར་ཏོ།། རི་མོ་དེའི་བར་ན་སྤྲུལ་པའི་སངས་རྒྱས་གསུམ་གསུམ་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་རེ་རེ ་ལ་ཡང་འཁོར་ཚངས་པའི་རྒྱལ་པོ་གཉིས་ཀྱིས་བསྙེན་བཀུར་བྱེད་དོ།། དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་སེང་གེ་ལྟར་གླལ་བའི་མཚན་ཞེས་བྱ་སྟེ། སངས་རྒྱས་ཡོངསུ་མྱ ་ངན་ལས་འདས་ནས། འཁོར་རྣམས་བཞི་ལས་གང་ཞི་ག་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན། བསྐལ་པ་བཅུ་སྙད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར ་ཏེ། སྐྱེ་བ་ཕྱི་མའི་གནས་དེའི་ཁ་ན་མེ་ཏོག་ཨུ་དུམ་འབར་བའི་གསུམ་བྲོ་ཞིང་།། སྨྲ་བའི་ཚིག་ཀུན་གྱིས་ཡིད་ཆེས་པར་གྱུར་ཏེ། ཇི་ལྟར་སུམ་ཅུ་རྩ་གསུམ་གྱི་ལྷ་ཐམས་ཅད་བརྒྱ ་བྱིན་གྱི་ཚིག་ཉན་པ་བཞིན་ནོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་བ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་། ་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་གངས་ཀྱི་མཚན་ནསུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་ཤངས་ནི་མཐོལ་ཤིན་ཏུ་ཆུང་གཞས་གྱི་ཟ་ད། བབ་པ་བྱ་ན ་རྒྱལ་པོའི་མི་ཆུ་ལྟ་བུ་སྟེ། ཤངས་ཀྱི་བུ་གུ་ནས་འོད་ཟེར་འབྱུང་ཞིང་ཡང་རྒྱུ་བ་ནི་སྤྱན་དང་། སྤྱན་གྱི་སྨིན་མ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་དང་། དབུ་འདབ་ཀྱི་མཛོད་སྤུན ་མཚན་ཀུན་སྣང་བར་བྱས་ནས། སྤྱི་གཙུག་གི་དོ་ཀེར་ལ་ཐུག་སྟེ། གསེར་གྱི་རྒྱལ་མཚན་དང་འདྲའོ།། ཕྱིར་ཡང་ལྟག་ཁུང་ནས་བྱུང་ནས། མེ་ཏོག་རྣམ་པ་སྣ་ཚོགསུ་གྱུར་ཏེ། མེ་ཏོག། ་དེ་དག་ལས་ཚད་མེད་པའི་ལྷ་མང་པོ་ཀུན་ལག་ན་རོལ་མོའི་ཆ་སྤྱད་ཐོགས་པ་དག་སྤྲུལ་པའི་ཞ་འབྲིང་དུ་གྱུར་ཅིང་འོད་སྔ་མ་ལ་ལན་བཅུ་བསྐོར་ཏོ།། ཐུར་ཏུ་རྒྱུ་བ་ནི་སངས་རྒྱས ་ཀྱི་ཞལ་གྱི་ཨ་གཙོམ་ཉག་མ་རེ་རེ་ནས་བསྐོར་ཏེ། ཉག་དམ་དེ་རེ་རེའི་དྲུང་ནས་མེ་ཏོག་ཁ་བྱེ་བ་ཁྲེའི་འབུམ་བུ་ཙམ་ལྟ་བུས། ཞལ་གྱི་སྒྲོས་དང་། ཞལ་གྱི་རྐན་དང་། ་ཚེམས་ཀྱི་བར་དང་། མགུར་གྱི་མཚན་སྣང་ཞིང་མཛེས་པར་བྱས་ན། སངས་རྒྱས་ཀྱི་ཐུགས་ཀར་འོད་ཟེར་གྱི་སྤྲིན་དུ་གྱུར་ཏེ། ཕྱི་ནང་གསལ་ལ་ཡོངསུ་དག་ཅིང་རྡུལ་དང ་དྲི་མ་མེད་པ་ནི། དཔེར་ན་བཻཌཱུཪྻའི་སྣོད་ཀྱི་ནང་ན་གསེར་བཙོ་མའི་འོད་སྣང་བ་བཞིན་ནོ།། དེ་དག་ནི་དེ་བཞིན་གཤེགས་པའི་ཡོངསུ་དག་པའི་ཤངས་ཀྱི་མཚན་ཞེས་བྱ་སྟེ། བཅོམ་ལྡན ་འདས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་གྱུར་པ་དག། གང་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན། བསྐལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ངན་པ་ཡོངསུ ་འབྱུང་ཞིང་། སྐྱེ་བའི་གནས་ཕྱི་མར་ཡང་གསུང་དམ་པ་སྔར་རྟག་ཏུ་བྲོ་ཡང་། དེ་ལ་སེམས་མངོན་པར་མི་ཆགས་ཏེ། རྟག་ཏུ་ཚུལ་ཁྲིམས་ཀྱི་གསུང་གིས་ལུས་བརྒྱན་པར་འགྱུརརོ།། ་། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི། ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར། ་ན་དེ་བཞིན་གཤེགས་པའི་ཞལ་གྱི་ཨག་ཙོམ་གྱི་མཚན་རྗེསུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་ཞལ་གྱི་ཨ་གཙོམ་ཉག་མ་རེ་རེའི་ཐོག་མ་ལ་ཡང་འོད་ཟེར་རྣམ་པ་གསུམ་འབྱུང ་སྟེ་རྨ་དང་མཐོན་མཐིང་དང་། ལེབ་རྐང་གི་ཁ་དོག་ལྟ་བུའོ།། དེ་ལྟར་འོད་དེས་ཞལ་གྱི་གྲཝ་དང་ནང་ནས་འཁྱིལ་ཅིང་མགུར་སྣང་བར་བྱས་ནས་འོད་ཟླུམ་པོ་ལྔ་མ་ལ་བསྐོར་ཏོ།། ་ལ་རི་མོ་རྣམ་པ་གསུམ་ཡོད་དེ་ཤིན་ཏུ་གསལ་ལ་ཁ་དོག་གི་ནང་ན་དམ་པའོ།། རི་མོ་དེའི་བར་ན་ནོར་བུ་རིན་པོ་ཆེ། རེ་རེ་ཡོད་དོ།། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱང་ཁ་དོག ་རྣམ་པ་བརྒྱ་སྟོང་སྟེ། ནོར་བུའི་འོག་ན་མེ་ཏོག་དཀར་པོ་སྡོང་བུ་འབྲེལ་ཅིང་གཅིག་གིས་གཅིག་བརྟན་ཏོ།། དེའང་ལེན་གསུམ་དུ་བསྐོར་ནས་ཕྱིར་ཡང་ཞལ་གྱི་ཨག་ཙོམ་གྱི ་གནསུ་ཞུག་སོ།། དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་གྱི་ཨག་ཙོམ་གྱི་འོད་ཀྱི་མཚན་ཞེས་བྱ་སྟེ། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ནས། གང་གིས་དེ་ལྟར་རྗེསུ་དྲན ་པར་བྱས་ན། བསྐལ་པ་སུམ་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་སྤོང་བར་འགྱུར་ཞིང་། བྱེ་བ་ཕྱི་མ་ལ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་འཚེར་ལ། འཁོར་བའི་ཁྱིམ་དང ་འཁོར་གཡོག་ལ་སོགས་པའི་འཇིག་རྟེན་གྱི་དགའ་བ་ལ་མི་ཆགས་ཏེ། རྟག་ཏུ་རབ་ཏུ་འབྱུང་བ་ལ་མོས་པ་དང་། སྦྱངས་པའི་ཡོན་ལ་དད་པར་འགྱུརརོ།། དེ་ལ་དེ་ལྟ་བར་བྱའོ།། ་གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ ་གྱི་སྒྲོས་དམར་ཞིང་མཛེས་ལ། འབིམ་པའི་འབྲས་བུ་ལྟའི་མཚན་ཞེ་ན། དེ་བཞིན་གཤེགས་པའི་ཞལ་གྱི་སྒྲོས་གོང་མ་དང་། འོག་མ་དང་། ཚེམས་དང་ཚེམས་མཆེ་བ་དང་། ཞལ ་གྱི་དཀན་ལས་འོད་གཅིག་ཆར་འབྱུང་བ་ནི་ཟླུམ་པོ་སྟེ། མུ་ཏིག་དམར་པོ་བརྒྱ་སྟོང་སྙེད་བརྒྱུས་པ་ལྟ་བུ་སངས་རྒྱས་ཀྱི་ཞལ་གྱི་ནང་ནས་བྱུང་སྟེ། ཤངས་ཀྱི་ནང་དུ་ཞུག་སོ།། ཤངས། ་ཀྱི་ནང་ནས་བྱུང་སྟེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་ནང་དུ་ཞུག་སོ།། མཛོད་སྤུ་དཀར་པོའི་ནང་ནས་བྱུང་སྟེ། ཞལ་གྱི་ཨག་ཙོམ་གྱི་ནང་དུ་ཞུག་སོ།། ཞལ་གྱི་ཨ་གཙེམ་ནས ་བྱུང་ནས་འོད་ཟླུམ་པོའི་ནང་དུ་ཞུགས་ཏེ། གོང་མའི་མེ་ཏོག་རྣམས་དང་ཞལ་གྱི་ཚེམས་བཞི་བཅུ་མཛེས་ཤིང་།། འོད་འཚེར་བར་བྱསོ།། དེ་ལས་ཀྱང་འོད་ཁ་དོག ་དམར་སྐྱ་བྱུང་སྟེ། འོད་གཅིག་གིས་གཅིག་སྣང་བར་གྱུར་ནོས། ཚེམས་བཞི་བཅུ་ཡང་སྣང་བར་བྱསོ།། ཚེམས་བཞི་བཅུ་དེ་ཡང་ཤིན་ཏུ་ཐགས་བཟང་ལ་ཁོད་སྙོམས་ཏེ་ཤེལ ་དགར་པོ་ལྟ་བུ་ལ་གོང་འོག་གཉི་ག་མཉམ་ཞིང་རྡོ་བར་མ་གྱུར་པ་སྟེ། ཆོམས་ཀྱི་བར་གྱི་རི་མོ་ལས་འོད་དམར་སྐྱ་ལྟ་བུའི་ཁ་དོག་འབྱུང་སྟེ། དེ་དག་བཅོམ་ལྡན་འདས་འཇིག་རྟེན ་ན་མངོན་པར་བཞུགས་པ་ན། འོད་ཀྱི་ཁ་དོག་འཚེར་བ་དེས། འཇིག་རྟེན་ཐམས་ཅད་ཀྱི་མིག་ཟིལ་གྱིས་ནོན་པར་བྱེད་དོ།། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ནས་ཀྱང་། ་། སེམས་ཀྱི་མིག་གིས་འོད་ཟེར་གྱི་ཁ་དོག་དེ་དག་ལ་དེ་ལྟར་རྟགས་ཏེ་མཐོང་བར་བྱའོ།། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་གང་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན། ་བསྐལ་པ་ཉིས་སྟོང་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར་ཞིང་། སྐྱེ་བ་ཕྱི་མའི་གནས་སུ་ཡང་ཁ་དང་མཆུ་ལེགས་ཤིང་། སོ་བཟང་བ་དང་། སོ་མི་རྡོ་བ་དང་། ཁ ་དོག་གི་ནང་ན་ཁ་དོག་མཆོག་རྙེད་ཀྱང་དེ་ལ་སེམས་མི་ཆགས་པ་དང་། རྟག་ཏུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་ཀྱི་ཆོས་འཆད་པ་ཐོས་ཤིང་། ་སེམས་ལ་ཐེ་ཚོམ་མེད་པར་འགྱུརརོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་བལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར ་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས།། པའི་ལྗགས་རིང་ཞིང་ཆེ་བའི་མཚན་ཞེ་ན། དེ་བཞིན་གཤེ་གས་པའི་ལྗགས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དགེ་བ ་བཅུ་ལས་ཡོངསུ་དག་པ་སྟེ། ལྗགས་ཀྱི་འོག་དང་། ལྗགས་ཀྱི་མཐའ་གཉིས་ན་ནོར་བུ་རིན་པོ་ཆེ་གཉིས་གཉིས་ཡོད་དོ།། རིན་པོ་ཆེ་དེ་ལས་ཟིལ་དངར་གྱི་རོ་མཆོག་ལྗགས་ཀྱི་དབང ་པོ་ལ་འབབ་བོ།། ལྷ་དང་མིའི་འཇིག་རྟེན་དང་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡང་དེ་ལྟ་བུའི་མཚན་བཟང་པོ་དང་། རོ་མཆོག་བྲོ་བ་ནི་མི་སྲིད་དོ།། ལྗགས་ཀྱི་སྟེང་ན་རི་མོ་ལ་ཡོད། ་དེ་ཡང་རིན་པོ་ཆེའི་སྨིན་ཕྱག་རྒྱའི་རི་མོ་ལྟ་བུའོ།། རོ་མཆོག་དམ་པ་དེ་ལྟ་བུ་དག་རི་མོ་དེའི་སྲུབ་སུ་ཞུགས་ནས། བཻ་ཌཱུཪྻའི་སྦུབས་ལྟ་བུའི་མགུར་དུ་རྒྱུ་ཞིང་། བཅོམ་ལྡན་འདས་བཤད ་པའི་ཚེ། ལྗགས་ཀྱི་དབང་པོ་འགུལ་ཏེ་རོ་བྲོ་བ་དེའི་དབང་གིས། ལྗགས་ལས་འོད་ཁ་དོག་རྣམ་པ་ལྔ་དང་ལྡན་པ་བྱུང་སྟེ། སངས་རྒྱས་ཀྱི་སྐུ་ལ་ལན་བདུན་བསྐོར་ནས་གཙུག་རྔུ། ་ནུབ་བོ།། སངས་རྒྱས་ཀྱི་ལྗགས་བྱུང་བའི་ཆེ་ན། པདྨོའི་འདབ་མ་ལྟ་བུ། དབུ་འདབ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞལ་ཁྱབ་པར་ཡོག་པ་སྟེ། ཞལ་འོག་ན་ཡང་རི་མོ་རྣམ་པ ་སྣ་ཚོགས་པ་ཡོད་དེ། རོ་མཆོག་དམ་པ་བྲོ་བ་དེ་དག་ལྗགས་ཀྱི་དབང་པོ་ལ་རེག་པའི་དབང་གིས། འོད་ཟེར་ཁ་དོག་རྣམ་པ་བཅུ་བཞི་པ་བྱུང་བར་གྱུར་ཏེ། འོད་ཀྱི་ཁ་དོག་དེ་རེ་རེས ་ཀྱང་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བ.རབྱེད་དོ།། འོད་ཟེར་དེ་རེ་རེ་ལས་ཀྱང་འོད་ཀྱི་ཁ་དོག་བརྩེགས་རབུ་རེ་རེ་ཡོད་པར་གྱུར་ཏེ། དེ་དག་གི་ཁ་དོག་དང་འོད་ཟེར་དམ ་པ་ནི་ཤིན་ཏུ་ཡང་མང་བ་སྟེ། འོད་ཀྱི་ཁང་པ་བརྩེགས་པ་དེ་རེ་རེ་ལ་ཡང་། ཡང་གཏོག་གྲངས་མེད་པ་ཡོད་དོ།། ཡང་ཐོག་དེ་རེ་རེའི་ནང་ན་སྤྲུལ་པའི་སངས་རྒྱས་ཚད་མེད ་བསྲུ་སྐྱིལ་མོ་ཀྲུང་བཅས་ཏེ། དེ་ལ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་མང་པོས་ཡོངསུ་བསྐོར་ཅིང་བཞུག་སོ།། དེ་དག་ཀྱང་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད ་བ་དག་ལས་ཤིན་ཏུ་འདས་ནས། དེ་ཡང་སྤྲུལ་པའི་སངས་རྒྱས་གཅིག་ཏུ་གྱུར་ཏོ།། སངས་རྒྱས་དེའི་སྐུ་ནི་མཐོ་ཁྱད་རི་རབ་ལྷུན་པོ་ཙམ་དུ་སྣང་ངོ་།། དེའི་ཚེ་ན་དེ་དང་འདྲ་བའི་སངས ་རྒྱས་གྲངས་མེད་པ་དང་། ཚད་མེད་པ་དག་ཀུན་གྱི་ལྗགས་ཀྱི་མཚན་སྟོན་པ་ཡང་དེ་དང་འདྲའོ།། འོད་དེ་དག་རེ་རེས་ཀྱང་འོག་མའི་ཕྱོག་སུ་མཚམས་མེད་པའི་སེཾན་དམྱལ་བ་རྣམས ་།། སྣང་བར་བྱེད་དོ།། མཚམས་མེད་པའི་སེམས་ཅན་དམྱལ་བ་དེ་ཡང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ནས། སངས་རྒྱས་ཀྱི་ལྗགས་ཀྱི་མཐུས་དམྱལ་བའི་སྡུག ་བསྔལ་སྐད་ཅིག་རྩེ་ཞིལ་བར་གྱུར་ཏེ། དམྱལ་བ་པ་རྣམས་ཀྱང་སྔོན་གྱི་མི་དགེ་བའི་ལས་ཅི་བྱས་པ་ཀུན་དྲན་པར་གྱུར་ཏོ།། དེ་ལྟར་འོག་མིའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས། ་ཚད་མེད་པ་ལས་ཀྱང་འདས་ནས། འཇིག་རྟེན་གྱི་ཁམས་རེ་རེར་ཡང་རིན་པོ་ཆེའི་མེ་ཏོག་གི་ཤིང་གི་འདབ་མ་སངས་རྒྱས་ཀྱི་ལྗགས་དང་འདྲ་བ་སྤྲུལ་ཏེ། ལྗགས་ཀྱི་མཚན ་དེས་ཀྱང་འོད་ཟེར་བཀྱེ་སྟེ། འོད་དེ་དག་གཅིག་གིས་ག་ཅིག་སྣང་བར་བྱས་ནས། དེ་ལས་སྤྲུལ་པའི་སངས་རྒྱས་འགྱུར་ཏོ།། སྤྲུལ་པའི་སངས་རྒྱས་དེའི་སྐུ་ཡང ་དངུལ་གྱི་ཁ་དོག་ལྟ་བུར་དཀར་ལ། སྐུའི་མཚན་ཕུན་སུམ་ཚོགས་པ་ཤ་དག་གོ།། སྤྲུལ་པའི་སངས་རྒྱས་དེ་དག་རེ་རེས་ཀྱང་སངས་རྒྱས་ཀྱི་ལྗགས་ཆེ་ཞིང་རིང་བའི་མཚན ་བྱུང་སྟེ། དེའི་འོད་ལའང་སྤྲུལ་པའི་སངས་རྒྱས་བཞུགས་ཏེ། དེ་བཞིན་དུ་སྤྲུལ་པའི་སངས་རྒྱས་གྲངས་མེད་ཆད་མེད་པའོ།། སྤྲུལ་པའི་སངས་རྒྱས་ཀྱི་འོད་ལས་དངུལ་གྱི ་རི་རབ་ཏུ་གྱུར་ཏེ། དེ་ཡང་ཆེ་ཞིང་མཐོ་ལ་མཛེས་པ་ཚད་མེད་དཔག་ཏུ་མེད་པ་གཅིག་ཏུ་གྱུར་ཏོ།། རི་རབ་རིའི་རྒྱལ་པོ་དེ་ལ་དངུལ་གྱི་ཤིང་སྐྱེས་ཏེ། དངུལ་གྱི་ཤིང་དེའི་མེ་ཏོག ་ནི་གསེར། འབྲས་བུ་ནི་དངུའོ།། ཤིང་དེ་རེ་རེའི་དྲུང་ན་ཤེལ་དཀར་པོའི་པདྨོ་རེ་རེ་ཡོད་དེ། པདྨོ་དེའི་སྟེང་ན་སྤྲུལ་པའི་མི་ཤེལ་དཀར་པོ་ལས་བྱས་པ་རེ་རེ་ཡོད་དོ།། མི་དེ ་ངག་གི་ལྟེ་བ་ན་སྤྲུལ་པའི་ཀླུ་དྲུག་དྲུག་ཡོད་དོ།། ཀླུ་དེ་དག་ཀྱང་ཁ་ནི་གནག་ལུས་ནི་དཀར་ཏེ། སྤྲུལ་པའི་ཤེལ་གྱི་མི་དཀར་པོ་གྲངས་མེད་པ་སྙེད་དོ།། དེ་བཞིན་དུ་འོག་མའི། ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་འདས་ཏེ། སྣང་བར་བྱས་ནས་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནས་ཤེལ་དཀར་པོའི་ཤིང་བྱུང་སྟེ། ཤིང་དེས་མི། ་མཇེད་ཀྱི་འཇིག་རྟེན་ལ་ཐུག་གི་བར་དུ་སྐྱེས་ནས། རབ་ཏུ་རྒྱས་ཤིང་མཛེས་པས་ཁམས་གསུམ་གྱི་རྩེ་མོར་ཐུག་གོ།། ཡལ་ག་དང་ལོ་མ་ཡང་ཤིན་ཏུ་སྡུག་སྟེ། ལོ་མ་དེ་གཅིག ་ཅིང་ཡང་ཁ་དོག་རྣམ་པ་དགུ་བཅུ་རྩ་བརྒྱད་དང་ལྡན་ནོ།། ཤིང་དེའི་ལོ་མ་དེ་ཆེ་ཁྱད་ནི་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་ཁྲེབ་སོ།། འདབ་མ་དེ་དག་གི་བར་བར་ན་གཞན་ཡང ་ལྷ་མ་སྲིད་སྡེ་བརྒྱད་ལ་སོགས་ཏེ། ཀླུ་དང་། བ་ལང་ད་ང་། སྟག་དང་། སེང་གེ་དང་། གཟིག་དང་། སྤྱང་ཀུ་དང་། དོམ་དང་། དྲེད་དང་། ཁྱུ་མཆོག་དང་། མ་ཧེ་དང་། ་སྦྲུལ་གདུག་པ་དང་། གཅན་ཟན་ཁྲོ་བོ་ལ་སོགས་པ་ཇི་ཡང་མེད་པའི་བག་མེད་དོ།། སྤྱོད་ཡུལ་གཞན་དག་ནི་ཡིད་ལ་བྱེད་དེ། གནས་པ་དང་། འདུག་པ་དག་གིས་རང་མཐོང ་བར་འགྱུརརོ།། འོད་གཅིག་གིས་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ནས། ཤར་ཕྱོགས་ཀྱི་ས་གཞི་ཀུན་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏེ། རི་བྲག་དང་ཆུ ་ཤིང་ཐམས་ཅད་ལས་མེ་འབར་ཏོ།། མེའི་འོད་དང་གསེར་གྱི་འོད་སོ་སོ་ནས་མི་སྒྲིབ་ལ། གསེར་གྱི་འོད་ཀྱི་ཐོག་མ་ལ་སྤྲུལ་པའི་སངས་རྒྱས་གང་དག་བཞུགས་ཏེ། སངས་རྒྱས ་། དེ་འདབ་ཆག་སུ་བཞུགས་པ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་སྟེ། ཇི་ལྟར་འདམ་བུ་འམ། འོད་མའི་ཚལ་བཞིན་དུ་བར་མཚམས་མེད་པའོ།། ་སངས་རྒྱས་གཅིག་ཅིག་ཡང་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་སྙེད་ཀྱིས་ཞ་འབྲིང་བྱེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་གི་ལྗགས་ཀྱི་ཚད་ནི་ཕྱུང་བ་ཡང་སངས ་རྒྱས་དང་ཐ་མི་དད་དེ། དེ་ལྟར་ལྗགས་ཀྱི་མཚན་ཚད་མེད་པ་ལས་འོད་ཆད་མེད་པ་བྱུང་སྟེ། འོད་ཀྱི་སྤྲིན་དུ་གྱུར་ཏོ།། འོད་ཀྱི་སྤྲིན་དེ་ལས་རྡུལ་རབ་ཏུ་ཕྲ་བ་སྙེད་ཀྱི་སྤྲུལ་པའི ་སངས་རྒྱས་ཚད་མེད་པ་སྐྱིལ་མོ་ཀྲུང་བཅས་ནས་བཅུ་གས་ཏེ། དེ་དག་གི་འོད་ཟེར་ཡང་ཚད་མེད་པ་སྙེད་དོ།། འོ།། ད་མེའི་དཔལ་ལྟ་བུའི་རྩེ་མོ་ལ་གནོད་སྦྱིན་ལྔ་ཡོད་དོ། ་ལག་ན་རལ་གྲི་རྣོན་པོ་ཐོགས་པ། མགོ་ལ་ཁ་བཞི་བཞི་ཡོད་དེ། ཁ་ནས་མེ་འབར་ཞིང་རྒྱུག་གོ།། དེ་བཞིན་དུ་གནོད་སྦྱིན་གཞན་ཡང་ཚད་མེད་གྲངས་མེད་པ་སྟེ། ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་བར་དུའོ།། འོད་གཅིག་གིས་ནི་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱས་ནས། ཐམས་ཅད་བཻ་ཌཱུ་ཪྻའི། ་ཁ་དོག་ལྟ་བུར་གྱུར་ཏོ།། བཻ་ཌཱུཪྻའི་ས་བཞིར་གྱུར་པ་ལ་གསེར་གྱི་མེ་ཏོག་སྐྱེསོ།། གསེར་གྱི་མེ་ཏོག་ལས་མུ་པ་ལ་གལ་པའི་མེ་ཏོག་སྐྱེསོ།། མུ་ས་ལ་གལ་པའི་མེ་ཏོག་ལས ་ཤེལ་གྱི་མེ་ཏོག་སྐྱེསོ།། ཤེལ་གྱི་མེ་ཏོག་ལས་བྱི་རུའི་མེ་ཏོག་སྐྱེསོ།། བྱི་རུའི་མེ་ཏོག་ལས་སྲུར་ལོང་གི་མེ་ཏོག་སྐྱེསོ།། སྒུར་ལོང་གི་མེ་ཏོག་ལས་རིན་པོ་ཆེའི་མེ་ཏོག་སྐྱེསོ།། ་པའ་མ་ཏོག་ལས་གསེར་བཙོ་པའི་མེ་ཏོག་སྐྱེས་སོ།། གསེར་བཅོ་མའི་མེ་ཏོག་ལས་རྡོ་རྗེའི་མེ་ཏོག་སྟེསོ།། རྡོ་རྔའི་མེ་ཏོག་ལས་མིང་བཞིན་ནོར་བུའི་འོད་ཀྱི་མ་རྟོག ་སྐྱེསོ།། ཡིད་བཞིན་གྱི་ནོར་བུའི་འོད་ཀྱི་མེ་ཏོག་རེ་རེའི་བར་ན་ཡང་ཁ་དོག་རྣམ་པ་བརྒྱ་སྟོང་དང་ལྡན་པའི་མེ་ཏོག་གི་ཟེ་བ་གཅིག་ལ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཚད་མེད་པ ་སྙེད་སྐྱིལ་མོ་ཀྲུང་བཅས་ནས་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཞུག་སོ།། འཁོར་མང་པོ་དེ་དག་གི་ལུས་ཀྱི་བ་སྤུའི་བུ་ག་ཀུན་ནས་ཀྱང་། མེ་ཏོག་དེ་དག་དང་འ ་བ་དག་འབྱུང་སྟེ། མེ་ཏོག་དེ་རེ་རེ་ལ་ཡང་ངོ་མཚར་རྨད་ཀྱི་ཆོ་འཕྲུལ་བསྟན་པ་ཡང་གོང་མ་བཞིན་ནོ།། སྤྲུལ་པའི་སངས་རྒྱས་དེ་དག་གིས་ཀྱང་ཆེ་ཞིང་རིང་བའི་ལྗགས་ཀྱི ་མཚན་བྱུང་ནས། འོད་ཟེར་བཀྱེ་བ་ཡང་སྔ་མ་པས་བརྒྱ་སྟོང་གིས་ལྷག་གོ།། མེ་ཏོག་དེ་དག་གི་བར་མཚ་ཨ་ནི་རིན་པོ་ཆེའི་གདན་བཟང་པོ་ཤིན་ཏུ་མཐོ་ཞིང ་མཛེས་པ་ལྟ་འདོད་པ་ཚངས་པའི་རྒྱལ་པོའི་ཁྲི་བས་ཤིན་ཏུ་འཕགས་པ་ཡོད་དེ། ཁྲི་དེ་དག་རེ་རེའི་སྟེང་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུའི་མཚན་དང་ལྡན་པ་མཛེས་པར ་བརྒྱན་པ་བྱམས་པ་དང་འདྲ་བ་དག་བཞུགས་ཏེ། དེ་དག་ཀྱང་ཆེ་ཞིང་རིང་བའི་ལྗགས་ཀྱི་མཚན་སྟོན་ཏོ།། ལྗགས་ཀྱི་མཚན་གྱི་འོད་ཟེར་ལས་ནོར་བུ་ཡིད་བཞིན་གྱི་དྲ་བར ་གྱུར་ཏེ། སྤྲུལ་པའི་སངས་རྒྱས་དང་འཁོར་མང་པོའི་བླ་རེར་བྲེས་པར་གྱུར་ཏོ།། ནོར་བུ་ཡིད་བཞིན་གྱི་དྲ་བའི་མིག་ནས། རིན་པོ་ཆེ་སྣ་བདུན་གྱི་འོད་བྱུང་སྟེ། རིན་པོ་ཆེའི། ་། འོད་ཀྱི་ཐོག་མ་ལ་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་དཔག་ཏུ་མེད་པ་དག་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་དགེ་སློང་གི་འཁོར་ཚད་མེད ་པས་བསྐོར་ཏོ།། དགེ་སློང་དེ་དག་ཀྱང་གསེར་གྱི་པདྨོ་ལ་འདུག་ཅིང་། ལུས་ཀྱི་མདོག་ཀྱང་གསེར་ལྟ་བུར་གྱུར་ནས། བདེ་བར་ཐལ་མོ་སྦྱར་ཏེ། སངས་རྒྱས་རྗེསུ་དྲན་པའི་ཏིང ་འཛིན་ལ་ཞུགས་པ་ཤ་དག་གོ།། དེ་དག་གི་ལུས་ཀྱི་བ་སྤུའི་བུ་ག་ནས་ཀྱང་གསེར་གྱི་མདོག་ལྟ་བུའི་འོད་བྱུང་སྟེ། འོད་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་བཞུན ་ཏེ། འོད་ཟེར་གྱི་རི་ལྟ་བུས་དགེ་སློང་དེ་དག་ལ་བསྐོར་བར་གྱུར་ཏོ།། སྤྲུལ་པའི་དགེ་སློང་རྣམས་ཀྱིས་ཀྱང་སངས་རྒྱས་དེ་དག་ལ་ཡོངསུ་བསྐོར་ཏོ།། དེ་བཞིན་དུ་གྲངས་མང ་ཞིང་བརྗོད་དུ་མེད་པའོ།། འོད་ཟེར་གཅིག་གིས་ནི་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན། སྣང་བ་བྱས་ནས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི ་ཁམས་ཀྱི་ས་གཞི་ཀུན་ཤེལ་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། ཤེལ་ལྟ་བུར་གྱུར་པའི་ས་གཞིའི་སྟེང་ན་རྡོ་རྗེའི་སྤྲིན་ཡོད་དོ།། རྡོ་རྗེའི་སྤྲིན་གྱི་སྟེང་ན་རིན་པོ་ཆེ་དཀར་པོའི་སྤྲིན་གྱི ་སྟེང་ན་མུ་ཏིག་སྨུག་པོའི་སྤྲིན་ཡོད་དོ།། མུ་ཏིག་སྟུག་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་སྔོན་པོའི་སྤྲིན་ཡོད་དོ།། མུ་ཏིག་དམར་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་ཀར་པོའི་སྤྲིན་ཡོད་དོ།། ་མུ་ཏིག་དཀར་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་སྤུག་པོའི་སྤྲིན་ཡོད་དོ།། མུ་ཏིག་སྨུག་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་སྔོན་པོའི་སྤྲིན་ཡོད་དོ།། མུ་ཏིག་སྔོན་པོའི་སྤྲིན་གྱི་སྟེང་ན། མུ ་ཏིག་ལེབ་རྒན་གྱི་སྤྲིན་ཡོད་དོ།། མུ་ཏིག་ལེབ་རྒན་གྱི་སྤྲིན་གྱི་སྟེང་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་བྱེ་མའི་སྤྲིན་ཡོད་དོ།། གསེར་གྱི་བྱེ་མའི་སྤྲིན་གྱི་སྟེང་ན་རྡོ་རྗེ་ཡིད་བཞིན ་གྱི་ནོར་བུའི་རྡུལ་ཕྲ་མོ་སྙེད་ཀྱི་སྤྲིན་ཡོད་དོ།། རྡོ་རྗེ་ཡིད་བཞིན་གྱི་ནོར་བུའི་རྡུལ་ཕྲ་མོ་སྙེད་ཀྱི་སྤྲིན་གྱི་སྟེང་ན། རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་འོད་ཟེར་རྡུལ་ཕྲ་རབ་སྙེད ་ཀྱི་སྤྲིན་ཡོད་དོ།། དེ་བཞིན་དུ་འོད་ཟེར་དང་སྤྲིན་གཅིག་ཅིང་ཡང་ཁ་དོག་གསལ་ཞིང་དམ་པར་གྱུར། མིག་གི་སྤྱོད་ཡུལ་ལས་འདས་པ་ཁྲི་ཕྲག་ལྔ་བཅུ་རྩ་དྲུག་སྙེད་དེ། ་གང་སེམས་ཤིན་ཏུ་སྦྱངས་ཤིང་ཞི་བར་གྱུར་པ་དེ་ནི། དམཚན་དེ་དག་དང་ལྡན་པར་འགྱུརརོ།། དེ་བཞིན་དུ་དེ་དེ། ག་ཐམས་ཅད་ལས་གཞན་ཡང་སྤྲུལ་པའི་སངས ་རྒྱས་ཚད་མེད་པ་རྡུལ་ཕྲ་རབ་སྙེད་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་སྤྲུལ་པའི་ཉེ་གནས་ཀྱི་འཁོར་ཚད་མེད་པ་རྡུལ་ཕྲ་རབ་སྙེད་ཡོད་ཀྱང་། ་རྡུལ་དེ་དག་ཆེན་པོར་གྱུར་པ་འམ། སངས་རྒྱས་དང་འཁོར་རྣམས་ཆུང་བར་གྱུར་པར་མི་སྣང་སྟེ། མཚན་ཕུན་སུམ་ཚོགས་པ་ནི་ཇི་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་དང་འདྲ ་བར་རོ།། དེ་དག་ཀྱང་ལྗགས་ཀྱི་མཚན་སྟོན་པ་ཡང་གོང་མ་དང་འདྲའོ།། འོད་ཟེར་གཅིག་གིས་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བས་བྱས་ནས། ་བྱང་ཕྱོགས་ཀྱི་ས་གཞི་ཀུན་སྦུར་ལོང་གི་ཁ་དོག་ལྟ་བུར་གྱུར་ཏེ། སྦུར་ལོང་ལྟ་བུའི་ས་བཞིའི་སྟེང་ན། རྡོ་རྗེའི་མཆོད་རྟེན་ཡོད་དོ།། མཆོད་རྟེན་དེ་གཅིག་ལ་ཡང་མཆོད་རྟེ། ་།། ཆུང་ངུ་བརྒྱ་སྟོང་སྙེད་ཀྱིས་བསྐོར་ཏོ།། དེ་དང་འདྲ་བར་གྲངས་མེད་དོ།། མཆོད་རྟེན་ནང་གི་ཆུང་ངུ་ཡང་མཐོ་ཁྱང་དཔག་ཚད་ཁྲི་ཕྲག་ལྔ་བཅུའོ།། མཆོད་རྟེན་དེ་རེ། ་རེའི་ནང་ན་ཡང་། ཡང་ཐོག་ཁྲི་ཕྲག་དུ་མ་སྙེད་ཡོད་དོ།། ཡང་ཐོག་དེ་རེ་རེ་ནས་ཀྱང་རིན་པོ་ཆེ་ཚད་མེད་དཔག་ཏུ་མེད་པའི་ཁ་དོག་དང་ལྡན་པའི་ཆུ་ཆེན་པོ་འབབ་བོ།། ཆུ་དེ ་ལ་པདྨོ་ཆེན་པོ་ཡོད་དོ།། པདྨོ་དེ་ལས་ཀྱང་འོད་ཟེར་ཆེན་པོ་འགྱེད་དོ།། འོད་ཟེར་འགྱེད་པ་དེ་ལས་ཀྱང་བསྲུང་ཞིམ་པོ་བྲོ་བ་ནི་རྒྱ་མཚོའི་འགྲམ་གྱི་ཅན་དན་གྱི་དྲི་བས་བརྒྱ ་སྟོང་གིས་ལྷག་གོ།། དྲི་བསྲུང་དེ་ལས་འོད་ཟེར་དམ་པར་གྱུར་ཏོ།། འོད་ཟེར་དེ་དག་ལས་སྤྲུལ་པའི་སངས་རྒྱས་སྐུ་མདོག་མཆོག་དམ་པ་དང་ལྡན་པ། རིན་པོ་ཆེ། ་གང་བས་ཀྱང་ལྷག་པ་དག་བཞུག་སོ།། རིན་པོ་ཆེ་དེ་དག་ཐམས་ཅད་དང་། འོད་ཟེར་སྣ་ཚོགས་པ་ལྗགས་ཀྱི་མཚན་ལས་འབྱུང་བའི་ཚེ། ཡང་ཏོག་དེ་རེ་རེ་ལས་ཀྱང་འོད ་ཟེར་ཚད་མེད་པ་དག་འབྱུང་ངོ་།། འོད་ཟེར་དེ་རེ་རེ་ལ་སྤྲུལ་པའི་སངས་རྒྱས་ཚད་མེད་པ་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེས་ཀྱང་ལྗགས་ཀྱི་མཚན་བསྟན་ཏེ ་འོད་ཟེར་ཚད་མེད་པ་ལས། འོད་ཀྱི་མཆོད་རྟེན་དང་སྤོས་ཀྱི་སྤྲིད་གྱུར་ནས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་བརྗོད་དུ་མེད་པ་ལས་ཤིན་ཏུ་འང་སོ།། དེ་དག་ཀྱང ་སངས་རྒྱས་རྗེ་སུ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ་ལས་བྱུང་ཞིང་སྐྱེས་པའོ།། འོད་ཟེར་གཅིག་གིས་ནི་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ ་ཀུན་སྣང་བར་བྱས་ནས། ཤར་ལྷོའི་ཕྱོགས་མཚམས་ཀྱི་ས་གཞི་མུ་ས་ལ་གར་པའི་ཁ་དོག་ལྟ་བུར་གྱུར་ཏོ།། མུ་ས་ལ་གར་པ་ལྟ་བུར་གྱུར་པའི་ས་གཞིའི་སྟེང་ན ་སྲུར་ལོང་གི་རི་ཡོད་པར་གྱུར་ཏོ།། སྲུར་ལོང་གི་རི་ལས་རིན་པོ་ཆེ་སྣ་བདུན་གྱི་ཚལ་སྐྱེསོ།། རིན་པོ་ཆེ་སྣ་བདུན་གྱི་ཚལ་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཆུ་མིག ་རྣམ་པ་བཅུ་ཡོད་དོ།། ཆུ་དེ་དག་ཀྱང་རིན་པོ་ཆེའི་ཁ་དོག་རྣམ་པ་བཅུ་དང་ལྡན་ཏེ། ཆུ་དེའི་ཁ་དོག་ལས་འོད་འཚེར་ཞིང་འབར་བས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམ ་ཚད་མེད་པ་སྙེད་སྣང་བར་བྱེད་དོ།། འོད་ཀྱིས་སྣང་བར་བྱས་པ་དེ་དག་ཀུན་ཏུ་རིན་པོ་ཆེའི་རི་ཆེན་པོ་ཡོད་པར་གྱུར་ཏོ།། རི་དེ་རེ་རེའི་བར་རམ་ཤིང་རེ་རེའི་དྲུང་ན་མེ་ཏོག་མན་ད་ར་བ་དང་། ་མན་ད་ར་བ་ཆེན་པོ་སྐྱེས་ཏེ། མེ་ཏོག་གི་ཁང་པ་བརྩེགས་པར་བརྩེགས་པར་གྱུར་པ་ཀུན་ན། སྤྲུལ་པའི་སངས་རྒྱས་དསུ་བཻ་ཌཱུཪྻ་ལྟ་བུ་ལ་ཕྱི་ནང་དུ་འོད་གསལ་བ་ཤ་དག ་བཞུག་སོ།། དེ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟ་བུའི་འོད་ཀྱིས་སྐུ་ལ་ལན་སྟོང་དུ་མར་བསྐོར་ཏོ།། འོད་དེ་རེ་རེ་ལ་ཡང་སྤུ་ལ་པའི་སངས་རྒྱས་ཚད་མེད་པ་བཞུག་སོ།། སྤྲུལ ་པའི་སངས་རྒྱས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཚད་མེད་པས་བསྐོར་ཏོ།། དེ་དག་ཐམས་ཅད་ཀྱང་བཻ་ཌཱུཪྻའི་ཁ་དོག་ལྟ་བུའོ།། སྤྲུལ་པའི་སངས་རྒྱས་རེ་རེ་རས ་ཀྱང་ལྗགས་ཀྱི་མཚན་གྱི་འོད་ཟེར་བཀྱེ་བ་ལས་རིན་པོ་ཆེའི་རི་དཔག་ཏུ་མེད་པར་གྱུར་ཏེ། རིན་པོ་ཆེའི་རི་དེ་ལས་འོད་ཟེར་བྱུང་བ་དང་། ཆོ་འཕྲུལ་སྟོན་པ་ནི་ཤར་ལྷོའི་ཕྱོགས ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་ཤིན་ཏུ་འང་སོ།། འོད་ཟེར་གཅིག་གིས་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣད ་བར་བྱས་ནས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་ས་གཞི་ཀུན་བྱི་རུའི་ཁ་དོག་ལྟ་བུར་གྱུར་ཏོ།། བྱི་རུ་རིས་བཞི་ལྟ་བུར་གྱུར་པ་ལ་ཤེལ་སྔོན་པོའི་ཡང་ཐོགས་ཡོད་པར་གྱུར་ཏོ།། ཡང ་ཐོག་དེ་ནང་གི་ཆུང་ཡང་མཐོ་ཁྱད་དཔག་ཚད་ཁྲི་ཕྲག་ལྔ་བཅུ་སྙེད་དོ།། ཡང་ཐོག་གཅིག་ལ་ཡང་ཀ་བ་ཁྲི་ཕྲག་བཅུ་སྙེད་ཡོད་དོ།། ཀྲ་བ་རེ་རེ་ཡང་རིན་པོ་ཆེའི་ཁ་དོག་ཁྲི་ཕྲག་བརྒྱ ་དང་ལྡན་ནོ།། རིན་པོ་ཆེའི་ཁ་དོག་དེ་གཅིག་ལ་ཡང་གྲངས་མེད་ལ་སྙེད་ཀྱི་འོད་བྱུང་སྟེ། འོད་དེ་རེ་རེ་ལ་ཡང་རིན་པོ་ཆེའི་ཤིང་ཚད་མེད་པ་བརྒྱ་སྟོང་དུ་མར་སྤྲུལ་ཏོ།། ཤིང་དེ་རེ་རེག ་དྲུང་ན་ཆུ་མིག་དྲུག་དྲུག་ཡོད་དོ།། ཆུ་མིག་དེ་ཡང་རིན་པོ་ན་འི་ཤིང་གི་རྩ་བར་ཞུགས་ནས་ཤིང་གི་ཡལ་གན་ས་འབོ་སྟེ་འབྱུང་བའི་ཚེ་ན། རིན་པོ་ཆེའི་ཁ་དོག་རྣམ་པ ་དྲུག་དང་ལྡན་ནོ།། ཆུ་དེ་རེ་རེ་ལ་མེ་ཏོག་པདྨོ་ཤིན་ཏུ་དཀར་བ་རེ་སྐྱེས་ཏེ། པདྨོ་དེའི་སྟེང་ན་སྤྲུལ་པའི་སངས་རྒྱས་སུ་ཤིན་ཏུ་དཀར་བ་ནི་རིན་པོ་ཆེ་དཀར་པོ་ཐམས་ཅད་པས་ལྷག་པ ་རེ་རེ་བཞུག་སོ།། སྐུ་དེ་ལ་ཡང་ཁ་དོག་རྣམ་པ་ལྔ་བརྒྱ་དང་ལྡན་པའི་འོད་དམ་པས་ཡོངསུ་བསྐོར་ཏོ།། འོད་ཟེར་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་ཞུགས་ཏེ། ་སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྙེད་དོ།། ཡང་ཐོག་གི་ཀ་བ་ཐམས་ཅད་ལས་འོད་བྱུང་སྟེ། འོད་རེ་རེ་ལ་ཡང་སྤྲུལ་པའི་སངས ་རྒྱས་གྲངས་མེད་པ་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སྐུ་མདོག་སྔོ་བ་ནི་བྱི་རུའི་ས་གཞི་ལ་འཆག་ཅིང་གཤེག་སོ།། སྐུ་མདོག་དཀར་བ་ནི་ཤེལ་སྔོན་པོའི་ཡང་ཐོག་ན ་འཆག་ཅིང་གཤེག་སོ།། ཡང་ཐོག་དེ་དག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བཞུགས་ཏེ། དེ་དག་གིས་ཀྱང་ལྗགས་ཀྱི་མཚན་གྱི་འོད་ཟེར་བཀྱེ་ནས། འོད་ཟེར་དེས ་ཀྱང་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་བརྗོད་དུ་མེད་པ་ལས་འདས་པ་སྣང་བར་བྱསོ།། འོད་ཟེར་གཅིག་གིས་ནི་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག ་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས་ནུབ་བྱུང་དགི་ཕྱོགས་མཚམས་ཀྱི་ས་གཞི་ཀུན་སྔར་ལོང་གི་ཁ་དོག་ལྟ་བུར་གྱུར་ཏོ།། སྦུར་ལོང་ལྟ་བུར་གྱུར་པའི་ས་གཞི་ལ ་མུ་ཏིག་གི་རི་ཡོད་པར་གྱུར་ཏོ།། མུ་ཏིག་གི་རིང་གྱུར་པ་ལ་བྱི་རུ་ལྟ་བུའི་ཤིང་སྐྱེས་ཏེ། ཤིང་དེའི་འདབ་མ་ནི་ཤེལ་དཀར་པོའོ།། མེ་ཏོག་ནི་ཡིད་བཞིན་གྱི་ནོར་བུ ་རིན་པོ་ཆེའོ།། གེ་སར་དང་ཟེ་བ་ནི་གསེར་བཙོ་མ་སྟེ། ཤིང་དེའི་དྲུང་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་སེང་གེ་ཡོད་དོ།། སེང་གེ་དེའི་མིག་ནས་འོད་ཟེར་ཆེན་པོ་བྱུང་ཞིང་། སྲུར ་ལོང་གི་ས་གཞིར་གྱུར་པ་ཀུན་སྣང་བར་བྱས་ནས། སྦུར་ལོང་གི་ས་གཞི་ལས་ཀྱང་པདྨོ་ཆེན་པོ་གཅིག་སྐྱེས་ཏེ། མེ་ཏོག་དེ་ཟླུམ་པོར་འདུག་ལ་ཁ་དོག་དང་། འོད་ཟེར་ཡང་ཆད་མེད ་དཔག་ཏུ་མེད་དོ།། མེ་ཏོག་རེ་རེའི་སྟེང་ན་ཡང་འོད་ཟེར་གྱི་སྤྲིན་ཡོད་དེ། སྤྲིན་དེ་ཡང་ཁ་དོག་དམར་བར་འདུག་ལ་སྟེང་ཡང་མུ་ཏིག་སྔོན་པོའི་དྲ་བས་བླ་རེར་བྲེས་སོ།། མུ་ཏིག་གི ་དྲ་བའི་མིག་ནས་ཀྱང་གསེར་གྱི་པདྨོ་སྐྱེསོ།། གསེར་གྱི་པོདྨོ་སྐྱེས་པ་དེའི་སྟེང་ན་སྤྲུལ་པའི་སངས་རྒྱས་སུ་མདོག་གསེར་མའི་མདོག་ལྟ་བུ་རེ་རེ་བཞུག་སོ།། དེ་ལ་འོད། ་ཟེར་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་ཀུ་སྟེ། ཁ་དོག་རྣམ་པ་ལྔའི་འོད་ཟེར་གྱིས་བསྐོར་བར་གྱུར་ཏོ།། འོད་དེ་གཅིག་གི་ནང་ན་ཡང་སྤྲུལ་པའི ་སངས་རྒྱས་གྲངས་མེད་པ་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་ཚད་མེད་པ་སྙེད་དོ།། སྤྲུལ་པའི་སངས་རྒྱས་དེ་དག་གིས་ཀྱང་ཆེ་ཞིང་རིང་བའི་ལྗགས་ཀྱི་མཚམ ་བྱུང་བ་ཡང་སྔ་མ་བཞིན་ནོ།། དེ་ལྟར་འོད་ཟེར་གྱིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་ལྗགས་ཀྱི་མཚན་གྱིས་སྣང་བར་བྱས་པ་ནི་མཐར ་ཐུག་པར་མི་ནུསོ།། འོད་ཟེར་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད། ཀུན་སྣང་བར་བྱས་ནས། བྱང་ཤར་གྱི་ཕྱོགས་མཚམས་ཀྱིས ་གཞི་ཀུན་རྡོ་རྗེའི་ཁ་དོག་ལྟ་བུར་གྱུར་ཏོ།། རྡོ་རྗེ་ལྟ་བུར་གྱུར་པའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་མེ་ཏོག་སྐྱེསོ།། མེ་ཏོག་དེའི་སྟེང་ན་འཛམ་བུ་ཆུ་ཀླུང་གི་གསེར་ལྟ་བུའི ་རྒྱལ་མཚན་ཡོད་དོ།། རྒྱལ་མཚན་དེའི་དབུ་རྩེ་ལ་མེ་ཏོག་གི་ཏོག་ཡོད་དེ། མེ་ཏོག་དེ་ཡང་རིན་པོ་ཆེ་ཚད་མེད་པ་བརྒྱ་སྟོང་གི་ཁ་དོག་ལྡན་ལ་འདབ་མ་ཡང་གྲངས་མེད་དོ།། འདབ ་མ་རེ་རེ་ལ་ཡང་རིན་པོ་ཆེའི་བླ་རེ་བརྒྱ་སྟོང་སྙེད་དུ་གྱུར་ཏོ།། བླ་རེའི་གྲཝ་རེ་རེ་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་རེ་རེ་ཡོད་དོ།། རྒྱལ་མཚན་གྱི་རྩེ་མོ་ཀུན་ན་རིན་པོ་ཆེ་སྣ་བདུར ་གྱི་གདུགས་རེ་རེ་ཡོད་དོ།། གདུགས་དེ་གཅིག་གིས་ཀྱང་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ཁེབས་ལ། གདུགས་དེ་གཅིག་ལ་ཡང་གསེར་\ུ0f7f ་རྒྱལ་མཚན་ལྔ་ལྔ་ཡོད་དོ།། རྒྱལ་མཚན་སྟོང་ཕྲག་དུ་མ་རྙེད་ལ་རིན་པོ་ཆེའི་དྲིལ་བུ་ཆད་མེད་པ་སྙེད་དོ།། དྲིལ་བུ་དེ་དག་ལས་སངས་རྒྱས་ཀྱི་མཚན་ལ་བསྔགས་པའི་སྒྲ་དང ་སངས་རྒྱས་ལ་ཕྱག་འཚལ་བ་ལ་བསྔགས་པའི་སྒྲ་དང་། སངས་རྒྱས་རྗེསུ་དྲན་པ་ལ་བསྔགས་པའི་སྒྲ་དང་། འགྱོད་ཚངས་བྱེད་པ་ལ་བསྔགས་པའི་སྒྲ་སྟེ། སྒྲ་དབྱངས་དེ་དག་ཏུ ་ནས་རིན་པོ་ཆེའི་བླ་རེའི་འོག་གི་ས་བཞི་ལས་འོད་ཟེར་ཆེན་པོ་བྱུང་ངོ་།། འོད་ཟེར་དེ་ཡང་ཤིན་ཏུ་མཛེས་ཤིང་ཚད་མེད་གྲངས་མེད་དོ།། འོད་དེ་དག་རེ་རེ་ལས་སྤྲུལ་པའི་སངས་རྒྱས ་རེ་རེ་སྐྱིལ་མོ་ཀྲུང་བཅས་ནས། རིན་པོ་ཆེའི་བླ་རེའི་འོག་ན། བཞུག་སོ།། གཞན་ཡང་ལ་ལ་ནི་གཏེང་གི་ནམ་མཁའ་། ལས་མངོན་པར་འཕག་སོ།། ལ་ལ་ནི་ནུབ་ཕྱོགས་ན་མི་སྣ། ་བར་གྱུར་ཏེ། ཤར་ཕྱོགསུ་མངོན་པར་བྱུང་ངོ་།། ཤར་ཕྱོགས་ནས་མི་སྣང་བར་གྱུར་ཏེ། ནུབ་ཕྱོགསུ་མངོན་པར་བྱུང་ངོ་།། བྱང་ཕྱོགས་ན་མི་སྣང་བར་གྱུར་ཏེ། ལྷོ་ཕྱོགསུ་མངོན་པར ་བྱུང་ངོ་།། ལྷོ་ཕྱོགས་ན་མི་སྣང་བར་གྱུར་ཏེ། བྱང་ཕྱོགསུ་མངོན་པར་བྱུང་ངོ་།། མཐའ་ན་མི་སྣང་བར་གྱུར་ཏོ།། དབུས་སུ་མངོན་པར་བྱུང་ངོ་།། དབུས་ན་མི་སྣང་བར་གྱུར་ཏེ། མཐའ་ན། ་མངོན་པར་བྱུང་ཞིང་གསལ་ལོ།། ལ་ལས་ནི་སྐུ་ཆེན་པོས་ན་མཁའི་ཁམས་ཀུན་ཏུ་གང་བར་སྟོན་ཏོ།། ལ་ལས་ནི་སྐུ་ཆེན་པོ་ལས་སྐུ་ཆུང་ངུ་འཇིག་རྟེན་གྱི་ཁམས་ཡོངསུ་གང་བ ་། སྟོན་ཏེ། ནམཁའ་ལ་གཤེགས་པ་དང་བཞེངས་པ་དང་། བཞུགས་པ་དང་གཟིམས་པ་ཡང་སྟོན་ཏོ།། ལ་ལ་ནི་སྐུའི་སྟོང་ནས་ཆུ་འངབ་ཅིང་སྐུའི་སླད་ནས་མེ་འབ ་ལ། སྲུའི་སྤང་ནས་ཆུ་འབབ་ཅིང་སྐུའི་སྟོང་ནས་མེ་འབར་ཏེ། ཆུ་བཞིན་དུ་ས་ལ་ཡང་ནུབ་ཅིང་འབྱུང་བར་སྟོན་ཏོ།། ས་བཞིན་དུ་ཆུ་ལ་ཡང་འབྱིང་བ་མེད་པར་འགྲོའོ།། སྐུ་སྟོད་དང་། སྨང ་ཀྱི་ཆུ་དེ་ལས་ཀྱང་པདྨོ་ཤིང་རྟའི་འཁོར་ལོ་ཙམ་ཤ་དག་སྐྱེས་ཏེ། པདྨོ་དེ་དག་ལ་སྤྲུལ་པའི་སངས་རྒྱས་ཀྱིལ་མོ་ཀྲུང་བཅས་ནས་བཞུག་སོ།། དེ་ལྟར་སྤྲུལ་པའི་སངས་རྒྱས་ཚད་མེད་པ། ་སྟེད་གྲངས་མེད་པ་སྙེད། དུས་གཅིག་ཏུ་སྟེང་གི་ན་མཁའ་ལ་མངོན་པར་འཕགས་ནས་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་སྟོན་ཏོ།། སུའི་སྟོང་སླད་ཀྱི་མེ་དེ་ལས་ཀྱང་གསེར་གྱི་རི་རབ་ལྷུར ་པོ་ལ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། ཉི་ཟླ་དང་། གཟའ་སྐར་དུ་བཅས་པ། ཀླུ་དང་། གནོད་སྦྱིན་དང་། རྒྱ་མཚོ་ཆེན་པོར་བཅས་པ་སྤྲུལ་ཏེ། རི་རབ་ལྷུན་པོ་དེ་དག་གི་དྲུང་ན ་སྲིད་པ་ཐམས་ཅད་ཀྱང་མངོན་པར་སྣང་ངོ་།། དེ་ལྟ་བུའི་རི་རབ་ལྷུན་པོ་གྲངས་མེད་པ་དང་། ཆད་མེད་པ་ཡོད་དོ།། རི་དེའི་རྩེ་མོ་ལ་ཡང་སངས་རྒྱས་གྲངས་མེད་པ་བཞུགས་ཤིང་། དེ ་ངག་གིས་ཀྱང་ལྗགས་ཀྱི་མཚན་གྱི་ཕྱུང་ནས། ལྗགས་ཀྱི་མཚན་གྱི་འོད་ཟེར་གྱིས། བྱང་ཤར་གྱི་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་བརྗོད་དུ་མེད་པ་སྙེད་སྣང་བར ་བྱསོ། འོད་ཟེར་གཅིག་གིས་ནི་བླ་མའི་ཕྱོགསུ་འཛམ་བུ་གླིང་ནས། རྒྱལ་ཆེན་བཞིའི་གནས་ཀྱི་བར་དུ་སྣང་བར་བྱའོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས ་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་གི་མིའི་ནང་ན་ཉི་མ་ལྟ་བུ་དེ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ན་བཞུགས་ཤིང་འཁོར་མང་པོ་དང་བཅས་ཏེ་ལྷ་རྣམས་ཀྱི་གནསུ་གཤེགས་པར། ་མཐོང་ངོ་།། ལྷ་རྣམས་ཀྱིས་དེ་ལྟ་བུ་མཐོང་ནས་བྱང་ཆུབ་དུ་སེམས་བསྐྱེད་དོ།། གཟུགས་མེད་པའི་ཁམས་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་མཚན་དེ་དག་མངོན་སུམ་དུ་འཁྲུལ་པ། ་མེད་པར་མཐོང་ངོ་།། གཟུགས་མེད་པའི་ཁམས་ཀྱི་བར་གྱི་ལྷ་དག་ཀྱང་མྱ་ངན་ལས་འདའ་བ་ལ་མི་བསྐུར་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། འོད་ཟེར་གཅིག་གིས་ནི། ་འོག་མིའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱས་ཏེ། དེ་ན་ལྷ་མ་ཡིན་དང་། གནོད་སྦྱིན་ལ་སོགས་པ། དྲི་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། ན་མཁའ་ལྡིང ་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཀླུ་རྣམས་དང་།། སྲིན་པོ་རྣམས་དང་། གཤིན་རྗེ་རྣམས་དང་། གྲིང་གནོན་རྣམས་དང་། ཀིམ་པའི་ར་རྣམས་དང་། མདངས ་འཕྲོགས་པ་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། འབྲོག་དགོན་པའི་འབྱུང་པོ་རྣམས་དང་། དམྱལ་བ་རྣམས་དང་། ཡི་དྭགས་རྣམས་དང་། གཞན་ཡང་སྐྱུགས་པ་ཟ་བའི ་གདོན་རྣམས་དང་། ངར་རྣབས་ཟ་བའི་གདོན་རྣམས་དང་། རྣག་ཁྲག་ཟ་བའི་གདོན་རྣམས་དང་། བཤང་གཅི་ཟ་བའི་གདོན་རྣམས་དང་། འོག་གི་ཕྱོགས་ཀྱི་རིའི་ལྷ་དང་། ཤིང་གི ་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། དེ་ལ་སོགས་པའི་ལྷ་དང་། གདོན་སྟོང་ཕྲག་མང་པོ་རྣམས་ཀྱང་ཡུད་ཙམ་གཅིག་གི་ལྷའི་ལུས་སུ་གྱུར ་།། ཏེ། གཉེན་ཞིང་འཇམ་པ་དང་། མཛེས་ཤིང་སྡུག་པར་གྱུར་ནས། དགའ་ཞིང་བདེ་བ་ནི་ཇི་ལྟར་དགེ་སློང་དག། བསམ་གཏན་གསུམ་པ་ལ་མཉམ་པར་གཞག་པ། ་བཞི་ནོ།། ལྷ་མ་ཡིན་ལ་སོགས་པའི་གདོན་དེ་ཐམས་ཅད་སོ་སོའི་དད་པ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་གྱི་སེམས་བསྐྱེད་པར་གྱུར་ཏོ།། ཡི་དྭགས་ཀྱི་རྣམ ་ཀྱང་ལྗགས་ཀྱི་འོད་ཀྱིས་ཕོག་ན། ཆུ་གྲང་མོས་ཕོག་པ་བཞིན་དུ། ལཱུ་ཚིགས་ཀྱི་མེ་ཀུན་རྩེ་ཞིལ་བར་གྱུར་ཏོ།། ལྷ་ཚིགས་ཀྱི་མེ་དེ་དག་ཀུན་ཞི་བར་གྱུར་པ་དང་། ལྕགས་ཀུ་ཡང ་ས་ལ་པོ་སྟེ། མེའི་དཔལ་ཡང་སའི་ནང་དུ་སོང་ངོ་།། དེའི་ཚེ་ཡཾ་དྭགས་ཀྱི་རྣམས་ཁ་གདངས་ནས་འདི་སྐད་དུ། བཀྲེ་སོ།། ཤིན་ཏུ་ལྟོག་སོ།། ལོ་བརྒྱ་སྟོང་དུ་མའི་བར་དུ་ཆུ་མ ་མཐོང་བ་ལས་ད་ལྟར་ཆུ་དང་ཕྲད་དེ། ཆ་བཞི་ནས་རབ་བསིལ་བར་གྱུར་པ་འདི་སུའི་མཐུ་ཞེས་སྨྲས།། དེ་ཆེ་སྟེང་གི་ན་མཁའ་ལས་ཚིག་འདི་སྐད་ཅེས་གྲག་སོ།། ཡེ ་དྲགས་གླེན་ཞིང་གཏི་མུག་པ་ཁྱེད་མི་ཤེས་སམ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྗགས་ཀྱིས་འོད་ཟེར་བཀྱེ་ནས། འོད་དེས་ཕོག་མ་ཐག་ཏུ་ཁྱེད་ཀྱི་སྡུག་བསྔལ་གྱིས་གདུངས ་པ་ཀུན་རྩེ་ཞིལ་བར་གྱུར་ཏོ།། ཞེས་པའི་ཚིག་གྲགས་པར་གྱུར་ཏོ།། དེ་ནས་ཡི་དྲགས་དེ་དག་ཀུན་སོ་སོའི་མདུན་ན་སོ་སོའི་མ་རེ་རེ་པདྨོའི་སྟེང་ན་འདུག་ཅིང་། བུ་བང་དུ་བླངས་ནས ་ནུ་མ་བསྣུན་པར་མཐོང་ངོ་།། ཡི་དྭགས་དེ་དག་ཀུན་ནུ་ཞོས་འདྲངས་པར་གྱུར་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སོ་སོའི་མ། ་དེ་དག་སྤྲུལ་པའི་སངས་རྒྱས་རེ་རེར་གྱུར་ཏོ།། སངས་རྒྱས་དེ་དག་གིས་ཀྱང་ལྗགས་ཀྱི་མཚན་བཀྱེ་ནས་ཡི་དྭགས་ཀྱི་རྣམས་ལ་སྐྱབས་མཛད་དོ།། བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི ་མཚན་སླར་བསྡུས་ནས། ཁ་དོག་རྣམ་པ་སྟོང་དང་ལྡན་པའི་འོད་ཟེར་གྱིས། སངས་རྒྱས་ལ་ལན་སྟོང་དུ་བསྐོར་ཏོ།། འོད་དེ་དག་གི་ནང་ན་ཡང་སངས་རྒྱས་སྟོང་སྙེད་བཞུགས་ཏེ། ་ཕྱིར་སངས་རྒྱས་ཀྱི་གཙུག་ཏུ་ནུབ་ནས། སངས་རྒྱས་ཀྱི་སྐུའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་མཛེས་པར་སྣང་སྟེ། སྐུ་ཁྱད་པར་མཛེས་ཤིང་འོད ་འཚེར་བ་ནི་ལྷམ་མེ་ལྷན་ནེ་ལྷ་ང་སྟེ། ཉི་མ་གྲངས་མེད་པ་བརྒྱ་སྟོང་མང་པོ་བས་ལྷག་པར་གསལ་ཞིང་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་ཡང་བཀའ་སྩ། ་པ་དེ་བཞིན་གཤེགས་པའི་ལྗགས་ཀྱི་མཚན་དང་། ལྔ་གས་ཀྱི་སྟོན་དང་། ལྗགས་ཀྱི་སྤྱོད་ཡུལ་ལ་བརྟ། གས་པའི་དངོས་པོ་ནི་འདི་དག་སྟེ། སངས་རྒྱས་ཡོངསུ ་ངན་ལས་འདས་ནས། སངས་རྒྱས་རྗེསུ་དྲན་པ་དང་། མཚན་ལ་རྟོག་པ་རྣམས་ཀྱིས། སངས་རྒྱས་ཀྱི་ལྗགས་མཚན་ནི་སེམས་དང་། མིག་གི་སྤྱོད་ཡུལ་ཡིན་པར་ནི་གང་དུ་བཤད ་བ་བཞིན་དུ་ཤེས་པར་བྱའོ།། གང་གིས་དེ་ལྟར་རྗེ་སུ་དྲན་པར་བྱས་ན་བསྐལ་པ་བརྒྱ་ཕྲག་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱི་འཁོར་བའི་ཉེས་པ་སྤོང་བར་འགྱུར་ཞིང་། སྐྱེ་བའི་གནས་ཕྱི ་མར་སངས་རྒྱས་ཁྲི་ཕྲག་བརྒྱ་བཅུ་སྙེད་དང་ཕྲད་པར་འགྱུརརོ།། སངས་རྒྱས་དེ་དག་གི་སྤྱན་མངའ་ན་སངས་རྒྱས་དེ་དག་གི་ལྗགས་ཆེ་ཞིང་རྙིང་བའི་མཚན་ལས་འོད་ཟེར་ཆེན ་བོ་འབྱུང་བ་མཐོང་བ་ཡང་དེ་བཞིན་ཏེ། དེ་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས། ་ངའི་སྙན་པ་འདི་གཟུངསུ་ཟུང་ལ་མ་བརྗེད་པ་ཉམས་པར་ངའི་ཉེ་གནས་རྣམས་ལ་འདི་སྐད་དུ་སྒོ་ཤིག། ལུས་དང་སེམས་དྲང་པོར་བྱས་ཏེ། འདུག་ལ་མཉམ་པར་གཞག་ནས། ་ཆེ་ཞིང་རིང་བའི་ལྗགས་ཀྱི་མཚན་རྗེསུ་དྲན་པར་བྱེད་ན། སངས་རྒྱས་མངོན་ཏུ་བཞུགས་པ་དང་ཐ་དད་པ་མེད་དོ།། སེམས་ཅན་གང་འདི་སྐད་དུ་བཤད་པ་ཐོས་ན། སེམས་མི ་སྨསླད་ཅིང་ཐེ་ཚོམ་མི་ཟ་ལ་སྐུར་པ་མི་འདེབས་པ་དང་། སངས་རྒྱས་རྗེ་སུ་དྲན་པར་བྱེད་པ་ལ་མི་འཚེ་བ་དང་། སངས་རྒྱས་རྗེསུ་དྲན་པར་བྱེད་པ་ལ་བརྩོན་པར་གཞན་འདེབས ་པ་དང་། རིམ་གྲོ་དང་། བཀུར་བསྟི་དང་། བླ་མར་བྱེད་པ་དང་། བསྟོད་ཅིང་བསྔགས་པ་བརྗོད་ན། དེས་སང་ཉེས་རྒྱས་རྗེསུ་དྲན་པ་ཡིད་ལ་མ་བྱས་ཀྱང་། དགེ་བའི་སེ ་དེ་ཉིད་ཀྱིས་བརྒལ་པ་བརྒྱ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ངན་པ་ཡོངསུ་སེལ་ཅིང་། སྐྱེ་བའི་གནས་ཕྱི་མར་སངས་རྒྱས་བྱམས་པ་མཐོང་བ་ནས་སྡང་མཛད་ཅེས་བྱ་བའི ་བར་དུ་མཐོང་ངོ་།། གཞན་ཡང་སངས་རྒྱས་སྟོང་རྣམས་ཀྱི་དམ་པའི་ཆོས་འཆད་པ་ཐོས་ཤིང་། རྟག་ཏུ་དེ་ལྟ་བུའི་སངས་རྒྱས་རྗེ་སུ་དྲན་པའི་ཏིང་འཛིན་ཀྱང་ཐོབ་པར་འགྱུརརོ།། ་རྒྱལ་པོ་ཡབ་དེ་ལ་དེ་ལྟ་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ། ་ཇི་ལྟར་ན་དེ་བཞིན་གཤེགས་པ་མགུར་གྱི་མཚན་དང་། སྐུའི་སྒྲོགས་རུས་མཉམ་པར་གང་བའི་མཚན་དང་། ཐུགས་ཀའི་དཔལ་བེའུའི་མཚན་དང་། རི་མོ་གཡུང་དྲུང་གི ་མཚན་རྗེ་སུ་དྲན་པ་ཞེ་ན། རི་མོའི་བར་ནས་འོད་ཟླུམ་པོ་དག་བྱུང་ངོ་།། མགུར་ཟླུམ་ལ་བཻ་ཌཱུཪྻའི་སྦུབས་ལྟ་བུ་ནས་གསེར་གྱི་རྒྱལ་མཚན་འཕྱང་བ་ལྟ་བུ་དང་། སོལ་མདུད་ཐིག ་ལེ་ཕོ་སུམ་ཡི་གེ་ཨི་ལྟ་བུ་མངོན་ཞིང་གསལ་ཏེ། ཐིག་ལེ་རེ་རེ་ལས་ཀྱང་འོད་གཉིས་གཉིས་འབྱུང་ངོ་།། འོད་རེ་རེས་ཀྱང་འོད་ཟླུམ་པོ་སྔ་མ་ལ་ལན་བདུན་བདུན་བསྐོར་ཏོ།། ་རི་མོ་དེ་མངོན་པར་གསལ་ཞིང་རི་མོའི་བར་ཀུན་ན་པ་དྨོ་ཆེན་པོ་ཡོད་དེ། པདྨོ་དེ་དག་གི་སྟེང་ན་སྤྲུལ་པའི་ས་ངེས་རྒྱས་བདུན་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེ ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་བདུན་བདུན་སྙེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་གི་ལག་པ་གཉིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རེ་རེ་ཐོག་སོ།། ་ནོར་བུ་རིན་པོ་ཆེ་དེ་མེ་ལྟར་འབར་ཞིང་ཁ་དོག་བཻ་ཌཱུཪྻའི་མདོག་དང་། གསེར་བཙོ་མའི་མདོག་དང་། པདྨ་ར་ག་ལྟ་བུའི་མདོག་དང་། ཤེལ་དཀར་པོ་ལྟ་བུའི་མདོག་དང་། ཡིད ་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཁ་དོག་ལྟ་བུའོ།། དེ་ལྟ་བུའི་འོད་ཀྱིས་མགུར་ཡོངསུ་བསྐོར་ཏེ། འདི་ནི་དེ་བཞིན་གཤེགས་པའི་མགུར་གྱི་མཚན་གྱི་འོད་ཟླུམ་པོ་ཞེས་བྱའོ།། ཐུགས ་ཀའི་དཔལ་བེའུའི་མཚན་དང་། རི་མོ་གཡུང་དྲུང་ལྟ་བུའི་མཚན་དང་། སྐུའི་སྒྲོག་རུས་མཉམ་པར་གང་བའི་མཚན་དང་། སྐུའི་མཚན་ཀུང་གི་ནོར་བུ་རིན་པོ་ཆེའི་མཚན ་བཟང་པོ་དེ་དག་ལས་ཁ་དོག་རྣམ་པ་ལྔ་བརྒྱ་དང་ལྡན་པའི་འོད་ཟེར་སྣ་ཚོགས་སོ་སོ་ནས་འཚེར་ཞིང་། གཅིག་གིས་གཅིག་མི་སྒྲིབ་སྟེ། འོད་ཟེར་དེ་དག་ཀུན་གྱིས། ་མགུར་གྱི་འོད་ལ་ལན་ལྔ་བརྒྱར་བསྐོར་ཏོ།། བསྐོར་བའི་རི་མོའི་ཀུན་ནས་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་འཁོར་བྱང་ཆུབ ་སེམས་དཔའ་ལྔ་བརྒྱ་དང་། དགེ་སློང་ལྔ་བརྒྱ་ཡོད་དེ། དེ་དག་ཀུན་གྱི་ལག་ན་སྦྲང་ཡབ་དཀར་པོ་ཐོགས་ཤིང་། བསྙེན་བསྐུར་བྱེད་དོ།། སྤྲུལ་པའི་སངས་རྒྱས་ཀྱི་འོད་དང་། བྱང ་ཆུབ་སེམས་དཔའི་འོད་དང་། དགེ་སློང་གི་འོད་དང་། འོད་དེ་དག་ལས་རིན་པོ་ཆེའི་རི་རབ་ལྷུན་པོ་དང་། རྒྱལ་ཆེན་བཞིའི་གནས་དང་། ཕྱོགས་བསྐྱོང་བ་རྣམས་ཀྱི་གནས་དང་། ་ལྷ་གཞན་དག་གི་གནས་དང་བཅས་པ་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། ཀླུའི་གནས་དང་བཅས་པ་དང་། གནོད་སྦྱིན་གྱི་གནས་དང་བཅས་པ་དང་། ལྷ་མ་ཡིན ་གྱི་གནས་དང་བཅས་པ་དང་། གཞན་ཡང་རིན་པོ་ཆེའི་རི་བཅུའི་ལྷ་དང་། རྒྱ་མཚོ་ཆེན་པོ་བཞིའི་ལྷ་དང་། ཆུ་སྲིན་རྣམས་དང་། སྡེ་བརྒྱད་རྣམས་དང་། བྲམ་ཟེ་ལ་སོགས་པའི ་ལྷ་རྣམས་ཀྱི་མཆོག་དང་། གཙོ་བོར་འཛིན་པའི་དངོས་རྣམས་དང་། གཞན་ཡང་རིག་འཛིན་དགུ་བཅུ་རྩ་ལྔ་སྙེད་དང་། སྐྱེ་བོ་མང་པོའི་རྒྱུ་དང་། རྐྱེན་དུ་གྱུར་པའི་ཕ་མ་དང་། ཉེ ་འདུན་དང་། ལྷ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་འོད་ལས་མངོན་པར་སྣང་བར་གྱུར་ཏོ།། གཞན་ཡང་འབྱུང་པོ་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱི་གཟུགས་ཀྱང ་འོད་ཟླུམ་པོ་ལས་མངོན་པར་སྡང་སྟེ། དེ་དག་གིས་འཛམ་བུ་གླིང་གི་མི་རྣམས་ལ་སྲི་ཞུས་ཆོས་སྟོན་ཅིང་། འོད་ཟེར་ལུས་སྣང་བའི་གཟུགས་བརྙན་དེ་དག་ཀུན་གྱིས་མི་ནམ། ་ལ་སོ་སོ་ནས་འདི་སྐད་དུ་ང་ནི་ཁྱོད་ཀྱི་ཕའོ།། བདག་ནི་ཁྱོད་ཀྱི་མའོ།། སྔོན་ཁྱོད་ཀྱི་མིང་ནི་འདི་ཞེས་བྱའོ།། ངའི་མིང་ནི་འདི་ཞེས་བྱའོ་ཞེས་སྨྲས་ཏེ་མང་པོ་དེ་དག་ཐམས་ཅད་ཀྱང་། ་འཁོར་མང་པོའི་བླ་མར་བྱ་བའི་གནས་ཤ་སྟག་སྟེ། སངས་རྒྱས་ཀྱི་འོད་ཟླུམ་པོ་ལ་མངོན་ཞིང་གསལ་བར་སྣང་བ་ནི། རི་མོར་བྲིས་པ་འམ། མེ་ལོང་གི་ནང་ན་བཞིན་སྣང་བ་འདྲ་སྟེ ་མཚན་དེ་དག་ནི་དེ་བཞིན་གཤེགས་པའི་འོད་ཟླུམ་པོས་སངས་རྒྱས་ཀྱི་མགུར་ལ་བསྐོར་བ་ཞེས་བྱའོ།། འོད་དེ་བླ་མའི་ཕྱོགསུ་ཡང་འདོམ་གང་། འོག་མའི་ཕྱོགསུ་ཡང་འདོམ ་གང་གཡ་སུ་ཡོང་འདོམ་གང་། གཡོན་དུ་ཡང་འདོ། མ་གང་སྣང་སྟེ། འོད་ཟླུམ་པོ་ལས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བྱུང་ནས་སེམས་ཅན་ཐམས་ཅད ་ཀྱི་ངོ་མཚར་རྨད་དུ་གྱུར་པ་ཐམས་ཅད་མངོན་ཞིང་གསལ་བར་སྣང་བར་གྱུར་ཏོ།། འོད་ཟླུམ་པའི་སྟེང་ན་གསེར་བཙོ་མའི་མདོག་ལྟ་བུའི་དཔལ་ཡིད་བཞིན་གྱི་ནོར་གྱི་ནོར་བུ ་རིན་པོ་ཆེ་དང་འདྲ་བར་མཛེས་ཤིང་། བལྟ་ན་སྡུག་པ་ཡོད་དོ།། ཡིད་བཞིན་གྱི་ནོར་བུའི་དཔལ་ལས་མེ་ཏོག་གི་ཤིང་སྐྱེས་ཏེ། ཤིང་དེའི་ཁ་དོག་སྣ་ཚོགས་ཏེ། བརྒྱ་སྟོང་གིས ་བསྐྲུན་དུ་མི་བཟོད་དོ།། ཤིང་དེ་དག་རེ་རེའི་དྲུང་ན་རིན་པོ་ཆེའི་པདྨོ་རེ་རེ་ཡོད་དོ།། པདྨོ་དེ་དག་གི་སྟེང་ན་སྤྲུལ་པའི་སངས་རྒྱས་སྐུ་གསེར་གྱི་མདོག་ལྟ་བུ་རེ་རེ་བཞུག་ཏེ། བཻ་ཌཱུཪྻ ་། ལྟ་བུའི་གདུགས་ཀྱི་བླ་རེར་བྲེས་སོ།། འོད་དེས་སངས་རྒྱས་ཀྱི་སྐུའི་ཡོང་སུ་གསལ་བར་བྱས་ཏེ། དེ་ལྟ་བུའི་སྤྲུལ་པའི་སྐུ་དང་གཟུགས་ནི་གྲངས་མེད་ཆད་མེད་དོ།། ་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་པའི་ཚེ། འོད་ཟེར་འདིས་འདུན་ཡང་དཔག་ཚད་གཅིག་གསེར་གྱི་མདོག་ལྟར་སྣང་བར་གྱུར། རྒྱབ་ཀྱང་དཔག་ཚད་གཅིག་གསེར ་གྱི་མདོག་ལྟར་སྣང་བར་གྱུར། གཡསུ་ཡང་དཔག་ཚད་གཅིག་གསེར་གྱི་མདོག་ལྟར་སྣང་བར་གྱུར། གཡོན་དུ་ཡང་དཔག་ཚད་གཅིག་གསེར་གྱི་མདོག་ལྟར་སྣང་བར ་གྱུར་ཏོ།། སེམས་ཅན་ལ་ལ་ཞིག་བདག་གི་ལུས་དམ་ངན་ཞིང་སྨེ་བའི་བག་མེད་པར་གྱུར་ནས། སངས་རྒྱས་ཀྱི་ཕྱོགསུ་ཉེ་བར་སོང་བ་ན། གཞན་དག་གིས་བལྟས་ན་གང ་ཟག་དེ་ཡང་གསེར་གྱི་མདོག་ཏུ་སྣང་ངོ་།། སངས་རྒྱས་ཤིང་དྲུང་ན་བཞུགས་པ་ན་འོད་ལྷང་ངེ་ལྷ་མེར་འགྲོ་ར་བ་ནི། མཛེ་ཏའི་ཚལ་དུ་གསེར་གྱི་མེ་ཏོག་ཆལ་པར་གཏོ། ་བ་བཞི་ནོ།། གང་ཞིག་སངས་རྒྱས་ཀྱི་མགུར་གྱི་འོད་ལ་བརྟགས་ན། མདུན་དུ་བལྟས་ན་ཡང་སངས་རྒྱས་མཐོང་ངོ་།། རྒྱབ་དུ་བལྟས་ན་ཡང་སངས་རྒྱས་མཐོང་ངོ་།། གཡསུ་བལྟས ་ན་ཡང་སངས་རྒྱས་མཐོང་ངོ་།། གཡོན་དུ་བལྟས་ན་སངས་རྒྱས་མཐོང་བར་གྱུར་ཏེ། ཕྱོགས་བརྒྱད་ནས་འོངས་པའི་མི་དག་གིས། སངས་རྒྱས་ཀྱི་མགུར་གྱི་འོད་དེ་མཐོང་བ་ན།། ་འདི་སྐད་དུ་དགེ་སྦྱོང་གོའུ་ཏ་མ་གསེར་གྱི་རི་ལ་འཆག་ཅིང་། བདག་གི་མདུན་དུ་གཤེག་པོ་ཞེས་ཟེར་རོ།། དེ་ལྟར་སྐྱེ་བོ་རྣམས་སོ་སོ་ནས་རྣམ་པ་སྣ་ཚོག་སུ་མཐོང་བ་ནི། སངས ་རྒྱས་ཀྱི་མགུར་གྱི་འོད་ཅེས་བྱའོ།། འོད་དེ་སྣང་བ་ན་སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལས་འོད་ཁྲི་ཕྲག་དུ་མ་བྱུང་སྟེ། འོད་དེ་དག་འདབ་ཆག་སུ་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི ་ཁམས་ཚད་མེད་པ་སྣང་བར་བྱས་ནས། ལྷ་དང་མིའི་འཇིག་རྟེན་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའི་གནས་ཀུན་གསལ་བར་གནང་བར་བྱས་ཀྱང་། དེ་དག་ཀུན་གྱིས ་སངས་རྒྱས་ཀྱི་སྤྱི་གཙུག་མཐོང་བར་མི་འགྱུ་རོ།། སངས་རྒྱས་ཀྱི་དབུ་གཡསུ་འཁྱིལ་པ་དུང་གི་རི་མོ་ལྟ་བུ་རབ་ཏུ་མཛེས་པ་ནི། བུང་བའི་འདབ་མ་འམ། རྨ་བྱའི་མདོངས་ཀྱིས ་ཀྱང་དཔེར་བྱར་མི་བཟོད་དོ།། དེ་ལས་འོད་ཟེར་སྟོང་སྙེད་ལྷམ་མེ་ལྷན་ནེ་ལྷང་ངེར་འཚེར་ཞིང་འབར་ཏེ་འོད་འབྱུང་བ་ན། སངས་རྒྱས་ཀྱི་དབུ་དང་། དབུའི་གཙུག་ཏོར་དང་། དབུའི ་ནང་གི་མཚན་བཟང་པོ་ཐམས་ཅད་ཀྱང་ཤིན་ཏུ་སྣང་བ་དར་བྱེད་དོ།། སངས་རྒྱས་ཀྱི་ཞལ་གྱི་འོད་ཟེར་ཀུན་ལྔ་དང་མིའི་འཇིག་རྟེན་ཡོངསུ་དག་པ་ན། བསོད་ནམས་ཀྱི་རྒྱུ ་ལས་སྨིན་པའི་མེ་ཏོག་དམ་པས་ཀྱང་དཔེར་མི་བཟོད་པ་ར་ལྷག་པར་མཛེས་ཤིང་གས་ལོ།། སངས་རྒྱས་ཀྱི་མགུར་དང་། སངས་རྒྱས་ཀྱི་ཐུགས་ཀ་དང་། སངས་རྒྱས་ཀྱི་ཕྱག ་ལག་ངར་ལུས་འོད་འབྱུང་བ་ཡང་སྔ་མ་བས་ལྷག་པར་མཛེས་ཤིང་གསལ་ལོ།། སངས་རྒྱས་ཀྱི་ཞབས་པུས་མོ་ལས་འོད་བྱུང་བ་ནི། ཁ་དོག་ཤིན་ཏུ་དཀར་བ་སྟེ། དེ་ལས་ཁ ་བཞིར་གྱེས་ནས་སྐུ་ལ་འཁོར་རོ།། དེ་ལས་མེ་ཏོག་དཀར་པོར་གྱུར་ནས་སྤྱི་གཙུག་གི་འོད་ཀྱི་ནང་དུ་ཞུག་སོ།། སྐུའི་ལྟེ་བ་ལས་ཀྱང་འོད་རྣམ་པ་ལྔ་བྱུང་སྟེ། འོད་དེ་གཅིག་ལ ་ཡང་ཁ་དོག་རྣམ་པ་ལྔ་ལྔ་དང་ལྡན་སྟེ། སྐུའི་མཆན་ཁུང་དང་རྩིབ་མའི་བར་དུ་ཞུགས་ནས། ཇི་ལྟར་ཤེལ་གྱི་སྲུབ་སུ་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པའི་ཆུ ་བླུགས་པ་བཞིན་ཏེ། ཕྱིར་ཡང་འཕྲག་པ་གཉིས་ཀྱི་གོང་ནས་འཕྲོ་བ་དང་། འོད་འབར་བ་ནི་ཇི་ལྟར་གསེར་གྱི་ནོར་བུ་ཡིད་བཞིན་གྱི་དཔལ་ལྟ་བུའོ།། ནོར་བུ་རིན་པོ་ཆེའི་དཔལ ་དེ་འདབ་ཆག་སུ་གྱུར་པ་ལས། པདྨའི་མཆོག་དམ་པར་གྱུར་ཏོ།། པདྨོ་དེ་གཅིག་ལ་ཡང་སྤྲུལ་པའི་སངས་རྒྱས་བདུན་བདུན་བཞུགས་པ་ནི། ཇི་ལྟར་རི་མོ་བྲིས་པ་འམ། ཕྱག ་རྒྱས་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་སྐུའི་རྗེསུ་འཁོར་ཏེ། གཅིག་གིས་གཅིག་སྒྲིབ་པར་མི་འགྱུརརོ།། ཞབས་བྱིན་པ་རི་དྭགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་དང་། ཀླུ་འཁྱིལ་པ ་ལྟ་བུའི་རུས་པ་གཅིག་ལ་གཅིག་ལུ་གུ་རྒྱུད་དུ་འབྲེལ་བའི་བར་དང་མཚམས་ནས། གསེར་བཅོམ་ལྟ་བུའི་འོད་རྣམ་པ་མང་པོ་འབྱུང་སྟེ། འོད་དག་རེ་རེ་ཡང་ལུ་གུ ་རྒྱུད་ཀྱི་ཚིགས་རེ་རེའི་ནང་ནས་འབྱུང་ཞིང་། ཚིགས་རེ་རེའི་ནང་དུ་འཇུག་གོ།། འོད་དེ་དག་འདུས་པ་ལས་འོད་ཆེན་པོ་གཅིག་ཏུ་གྱུར་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ ་བུར་གྱུར་ནས། སངས་རྒྱས་ཀྱི་ཕྱག་གི་གྲུ་མོང་འཁོར་ཞིང་དབུའི་གཙུག་ཏོར་གྱི་འོད་དང་གཉིསུ་མེད་པར་འདྲེས་པར་བྱེད་དོ།། ཟངས་ཀྱི་ཁ་དོག་ལྟ་བུའི་ཞབས་ཀྱི་སེན་མོ་དང ་ཞབས་ཀྱི་སོར་མོ་འབྲེལ་པ་ལས་ཀྱང་སོ་སོ་ནས་འོད་འབར་ཞིང་། ལྷམ་མེ་ལྷན་ནེ་ལྷང་ངེར་འཚེར་བ་ནི། བཻ་ཌཱུཪྻ་འམ་ཤེལ་ལྟ་བུ་སྟེ། རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་དང་ལྡན ་སངས་རྒྱས་ཀྱི་ཞབས་ཀྱི་བོས་ནས་ཀྱང་། སངས་རྒྱས་ཀྱི་སྐུ་དང་འཚམ་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་འོད་སྔ་མ་དང་འདྲ་བས་འོད་ཟླུམ་པོ་ལ་བསྐོར་ཏོ།། ཞབས་ཀྱི་མཐིལ ་གྱི་འཁོར་ལོའི་མཚན་དང་། ཞབས་ཀྱི་རྟིང་པ་རིང་བའི་མཚན་ལས་ཀྱང་མེ་ཏོག་རེ་རེ་སྐྱེས་ཏེ། མེ་ཏོག་དེ་ཡང་མཛེས་ཤིང་བཟང་བ་ནི་ཞིང་ཡོངསུ་དག་པའི་མེ་ཏོག་ཨུ་དུམ ་འབར་བཞིན་ནོ།། སངས་རྒྱས་ཀྱི་ཞབས་ཀྱི་རྟིང་པ་ལས་འོད་འབྱུང་བས་ཞབས་ཀྱི་སོར་མོ་ལས་བྱུང་བའི་འོད་ལ་ལན་བཅུ་ཚང་བར་བསྐོར་ནས། པདྨོ་ཆེན་པོར་གྱུར་ཏོ།། པདྨོ ་དེ་འདབ་ཆགསུ་འབྲེལ་པ་སྤྲུལ་པའི་སངས་རྒྱས་ལྔ་ལྔ་བཞུགས།། སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་བྱང་ཆུབ་སེམས་དྲཔའི་འཁོར་ལྔ་བཅུ་སྙེད་ཀྱིས་བསྐོར་ཏོ།། བྱང་ཆུབ་ས ་དཔའ་དེ་དག་རེ་རེའི་སྤྱི་གཙུག་ལ་ཡིད་བཞིན་གྱི་ནོར་བུའི་འོ།། ད་འབར་རོ།། མཚན་དེ་དག་བསྟན་པའི་ཚེ་ན། སང་ས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་འོད ་འབར་ཏེ། བ་སྥུ་རེ་རེ་ནས་ཀྱང་འོད་ཟེར་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་རྙེད་འབྱུང་ཞིང་སྐུའི་འོད་ལྷག་པར་མཛེས་ཤིང་ཡིད་དུ་འོང་བར་བྱེད་དོ།། དེ་ལྟ་བུའི་འོད་རྣམ་པ་སྣ་ཚོགས་པ་ནི ་འོད་རྟག་མ་ཞེས་བྱའོ།། ཚིམ་པར་བྱེད་པའི་འོད་ཅེས་བྱའོ།། སྐྱེ་བོ་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་མཐོང་བར་བྱེད་པའི་འོད་ཅེས་བྱའོ།། སྐྱེ་བོ་ཐམས་ཅད་ལ་སྣང་བའི ་མིག་སྦྱིན་པའི་འོད་ཅེས་བྱའོ།། འོད་འདོམ་གང་དུ་འབར་བ་ལ་མཚན་བཟང་པོ་རབ་ཏུ་མང་སྟེ། འོད་དེ་ལ་སེམས་ཅན་ཀུ་ཤི་ལ་ཞེས་བྱ་བས་རྟོག་པའི་དུས་ན། འོད་ཀྱང ་།། ཆུང་བར་འགྱུརརོ།། དེ་བཞིན་དུ་ཕྱོགས་གཞན་དག་གི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ལ་རྟོག་པ་ན་དེ་བཞིན་དུ་འོད་ཀྱང་ཆེ་སྟེ། མེ་ཏོག་སྣ། ་ཚོགས་ཤེས་བྱ་བའི་ནང་ནས་བཤད་པ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་དང་དགའ་བོ་ལ་བཀའ་སྩལ་པ། ངས་ཁྱེད་ལ་སྐུའི་མཚན་དང་། འོད་ཟེར་ཕུན་སུམ ་ཚོགས་པ་བསྟན་ཏོ་ཞེས་བཀའ་སྩལ་ནས་བཞུགས་པ་ལས་བཞེངས་ཏེ། ཡང་དགའ་བོ་ལ་བཀའ་སྩལ་པ། ཁྱེད་དགེ་སློང་གི་རྣམས་དང་ཤཱ་རིའི་བུ་རྣམས་ཀུན་ལོངས་ཡ། ་བཅོམ་ལྡན་འདས་གང་ན་བའི་ལོག་སུ་ཐལ་མོ་སྦྱར་ཏེ། ཤིན་ཏུ་རྟོགས་པར་དེ་བཞིན་གཤེགས་པའི་སྤྱི་གཙུག་གི་འོད་ནས་ཞབས་ཀྱི་འོད་ཀྱི་བར་དང་། སྤྱི་གཙུག་ནས ་ཞབས་ཀྱི་མཐིལ་མཉམ་པར་གང་བའི་མཚན་ལ་ལྟོས་ཤིག། ཡང་དགེ་སློང་གི་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་གཞན་ཡང་ཞབས་འཐིལ་མཉམ་པར་གང ་བའི་མཚན་ནས་སྤྱི་གཙུག་གི་བར་དང་། དེ་བཞིན་གཤེགས་པའི་སྐུའི་འོད་རྣམས་དང་མགུར་གྱི་འོད་ལ་རྟོགས་ཤིག་ཡང་བཀའ་སྩལ་པ། སངས་རྒྱས་ཀྱི་བ་སྤུའི་བུ་ག་རེ་རེ་ནས ་ལུས་ཀྱི་ཡན་ལག་རེ་རེའི་བར་དུ་སོ་སོར་བརྟགས་ཏེ་མངོན་ཞིང་གསལ་བར་ཇི་ལྟར་མེ་ལོང་ལ་ངོ་ལྟ་བ་བཞིན་དུ་རྟོགས་ཤིང་། གང་དུ་དྲི་མ་དང་བཅས་པའི་མི་དགེ་བའི་སེམས ་བསྐྱེད་པ་འམ། སངས་རྒྱས་ཀྱི་ཚུལ་ཁྲིམས་ཉམས་པ་དག་གིས་ནི་སངས་རྒྱས་ཀྱི་སྐུ་དང་། འོད་སོལ་བ་ལྟར་གནག་པར་མཐོང་བར་འགྱུརརོ།། དེའི་ཚེ་ཤཱཀྱའི་བུ་མང་པོའི་ནང་ནས ་དཤཱཀྱའི་བུ་ལྔ་བརྒྱ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་སོལ་བ་ལ་བྱས་པ་ལྟ་བུར་གནག་པར་མཐོང་ངོ་།། དགེ་སློང་མང་པོའི་ནང་ན་དགེ་སློང་བརྒྱ་ཕྲག་བཅུས་ནི ་སངས་རྒྱས་ཀྱི་སྐུ་ཁམས་ལ་བྱས་པ་ལྟ་བུར་མཐོང་ངོ་།། དགེ་བསྙེན་མང་པོའི་ནང་ནས་དགེ་བསྙེན་བཅུ་དྲུག་གིས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་བན་ལང་ནག་པོའི་རྐང་པ་ལྟ ་བུར་མཐོང་ངོ་།། དགེ་བསྙེན་མ་མང་པོའི་ནང་ནས་དགེ་བསྙེན་མ་ཉི་ཤུ་རྩ་བཞིས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སོལ་བའི་ཕུང་པོ་ལྟ་བུར་མཐོང་བར་གྱུར་ཏོ།། དེ་ལྟར་འཁོར ་རྣམ་བཞི་དག་སོ་སོ་ནས་མི་འཐུན་པར་མཐོང་ངོ་།། དེའི་ཚེ་དགེ་སློང་མ་མང་པོའི་ནང་ནས་དགེ་སློང་མ་ལྔ་བརྒྱ་པ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་དངུལ་གྱི་ཁ་དོག་ལྟ་བུར ་མཐོང་ངོ་།། འཁོར་མང་པོ་དེ་དག་ལས་སྦྱངས་པའི་ཡོན་ཏན་བཅུ་གཉི་ས་དང་ལྡན་པའི་དྲི་མ་དང་བྲལ་བ་རྣམས་ཀྱིས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གསེར་བཙོ ་མའི་ཁ་དོག་ལྟ་བུ་ལ་འོད་འདོམ་གང་བ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངསུ་བརྒྱན་པ། སངས་རྒྱས་ཀྱི་སྐུ་ལ་ཆེ་བའི་སྟོན་བརྒྱ་བཞི་བཅུ་དང ་ལྡན་པར་མཐོང་ངོ་།། དེ་ལྟར་འཁོར་མང་པོ་དག་སོ་སོ་ནས། སངས་རྒྱས་ཀྱི་སྐུ་དང་འོད་ཟེར་ལ་རྟོག་པ་ན་མི་མཐུན་པར་མཐོང་བར་གྱུར་ཏོ།། དེའི་ཚེ་འཁོར་རྣམ་བཞི་དག་སངས ་རྒྱས་ཀྱིས་གསུངས་པ་ཐོས་པ་དང་། ངུས་ཏེ་མཆི་མ་བྲགས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ནི་སྐུ ་གཟུགས་བཟང་པོ་ནི་མ་མཐོང་ངོ་ཞེས་བརྗོད་དེ། ཤཱཀྱའི་བུ་ལྔ་བརྒྱས་ནི་རང་གི་སྲ་བལ་ནས། ལུས་ས་ལ་བརྡབས་ཏེ་སྣ་ནས་ཁྲག་ཕྱུང་ཞིང་འདི་སྐད་དུ། སངས་རྒྱས ་བཅོམ་ལྡན་འདས་ཁྱོད་བདག་ཅག་གི་རིག་སུ་སྐྱེས་པ་ལས། འཁོར་མང་པོ་ཀུན་གྱི་སྐུ་གསེར་བཅོ་མའི་ཁ་དོག་ལྟ་བུར་མཐོང་ན། བདག་ཅག་འབའ་ཤིག་གིས་ནི་སངས་རྒྱས་ཀྱི་སྐུའི་སོལ་པ། ་འམ་ཐལ་བ་ལས་བྱས་པའི་མི་ལྟ་བུར་གནག་པ་དང་། བྲམ་ཟེ་ཤིན་ཏུ་རིང་པ་ལྟ་བུར་མཐོང་ན། བདག་ཅག་གིས་སྔོན་གྱི་མི་དགེ་བའི་ལས་ཇི་བགྱིས་པ་བཅོམ་ལྡན་འདས་ཀྱིས་བདག ་ཅག་ལ་བཤད་དུ་གསོལ་ཞེས་བརྗོད་ནས། སོ་སོའི་སྨྲ་བལ་ཏེ་ངུ་ཞིང་ས་ལ་འགྱེལ་ཏོ།། དེའི་ཚེ་དེ་དག་གི་ཕས་ཚངས་པའི་སྒྲ་དབྱངས་བྱུང་སྟེ། དེ་དག་ཀུན་སྤྲོ་བ་བསྐྱེད་པའི་ཕྱིར། ཤཱཀྱའི ་བུ་རྣམས་དང་འཁོར་རྣམ་བཞི་ལ་སྨྲས་པ། རིགས་ཀྱི། བུ་སངས་རྒྱས་བཅོམ་ལྡན་འདས་ཉི་མ་ལྟ་བུ་འཇིག་རྟེན་དུ་གཤེགས་པས་ཁྱེད་རྣམས་ཀྱི་མི་དགེ་བའི་ལས་ཀྱི་རྣམ ་བར་སྨིན་པ་ཡོངསུ་སེལ་བར་འགྱུར་གྱིས། ཁྱེད་རྣམས་ལོངས་ལ་སངས་རྒྱས་ལ་ཕྱག་འཚོལ་ཅིག། སངས་རྒྱས་ནི་ཤིན་ཏུ་དུས་མཁྱེན་པས་ཁྱེད་ལ་བཤད་པར་འགྱུར་རོ།། ཞེས ་པ་དང་། དེའི་ཚེ་དེ་དག་ཀུན་ལངས་ནས། སངས་རྒྱས་ལ་ལན་གསུམ་དུ་བསྐོར་ནས། ཞབས་ལ་སྤྱི་བོས་ཕྱག་འཚལ་ཏོ།། དེ་ནས་ཤཱཀྱའི་བུ་དེ་རྣམས་དགའ་བོ་གང་ན་བར་སོང་སྟེ་ཕྱག ་བྱས་ནས། དགའ་བོ་ལ་འདི་སྐད་སྨྲསོ།། བཙུན་པ་བདག་ཅག་འདྲ་བར་ཤཱཀྱའི་རིག་སུ་སྐྱེས་ན། ཁྱོད་འབའ་ཤིག་ཤེས་རབ་རྣོ་ལ། སངས་རྒྱས་ཀྱི་གསུངས་རབ་འཛིན་པའི་དཔེར་ན་སྡོད ་གཅིག་ནས་གཅིག་ཏུ་བྱ་བ་བཞིན་ཏེ། བདག་ཅག་ནི་སྔོན་གྱི་མི་དགེ་བའི་ལས་ཀྱིས་སངས་རྒྱས་ཀྱི་སྐུ་ཡང་མི་མཐོང་ན། ཆོས་ཐོས་པ་ལྟ་ཅི་སྨོས་ཏེ། མི་ཐོས་སོ་ཞེས་སྨྲས་ནས། དགག ་བོའི་དྲུང་དུ་ངུས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚངས་པའི་དབྱངས་ཀྱི་ཤཱཀྱའི་བུ་རྣམས་དང་། འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ལ་སོགས་རྣམ་མ་དུ་ཤིག། སྔོན་འདས། ་པའི་དུས་ན་བཅོམ་ལྡན་འདས་བསོད་སྐྱབས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། སེམས་ཅན་ཡོངསུ་སྨིན། ་པར་མཛད་ནས་སྐུ་མྱ་ངན་ལས་འདས་ཏེ། ཆོས་ཀྱི་གཟུ་གས་བརྙན་བཞུགས་པའི་དུས་ན། ཁྱིམ་བདག་ལྟོ་ན་ཟླ་བ་ཞེས་བྱ་བ་ལ་བུ་ལྔ་བརྒྱ་ཞིག་ཡོད་དེ། ཐམས་ཅད་ཀུན ་ཀྱང་ཤེས་རབ་རྣོ་ཞིང་ཡིད་བཞུངས་ལ་ཤེས་རབ་དང་ལྡན་པ་འཇིག་རྟེན་གྱི་གཙུག་ལག་དང་རིག་བྱེད་ཀྱི་བཟོ་དང་། རྩལ་དང་། གཟའ་དང་། སྐར་མའི་རྩིས་ལ་སོགས ་ཏེ། གང་ལ་ཡང་མི་ཤེས་པ་མེད་དོ།། ཁྱིམ་བདག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ལ་དད་དེ། རྟག་ཏུ་བུ་རྣམས་ལ་སངས་རྒྱས་བརྟགས་པའི་སེམས་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བའི ་ཆོས་ཟབ་མོ་བཅུ་གཉིས་བསྟན་ན། བུ་རྣམས་ཀྱི་ཆོས་དེ་ཐོས་པ་དང་། ཐེ་ཙོམ་དུ་གྱུར་ཏེ་མ་དད་ནས། འདི་སྐད་དུ་བདག་ཅག་གི་ཕ་འདི་རྒས་ཤིང་མྱོས་པས་དགེ་སྦྱོང་རྣམས་ཀྱིས ་བསླབས་སམ། བདག་ཅག་གི་རྩིས་དང་གཙུག་ལག་གང་ལས་ཀྱང་འདི་ལྟ་བུའི་ཚིག་མི་འབྱུང་ན། ཕ་ཁྱོད་ཀྱིས་ག་ལས་རྙེད་ཅེས་ཟེར་རོ།། དེའི་ཚེ་ཁྱིམ་བདག་དེས་བུ་རྣམས ་། ལ་སྙིང་བརྩེ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་བཅབས་ཏེ་མ་བཤད་དོ།། དེ་ནས་ཁྱིམ་བདག་དེའི་བུ་དེ་རྣམས་དུས་གཅིག་ཏུ་ནང་ཚབས་པོ་ཆེས་བཏབ་ཏེ། ཁྱིམ ་བདག་དེ་ཉིད་ཀྱིས་བལྟས་ན། བུ་རྣམས་ཀྱང་རིང་པོ་མི་ཐོགས་པར་དུས་བྱེད་པར་རྟོགས་ན། བུ་རྣམས་ཀྱི་མདུན་དུ་མཆི་མ་བླགས་ནས་ཐལ་མོ་སྦྱར་ཏེ། འདི་སྐད་དུ་ཁྱེད་རྣམས ་ངན་པར་ལྟ་སྟེ། དམ་པའི་ཆོས་ལ་མ་དད་པས་ད་མི་རྟག་པའི་མཆོད་ཀྱིས་ཁྱེད་ཀྱི་ལུས་ལ་གཅོད་ཅིང་ཉམ་ཐག་པར་གྱུར་ན། ཁྱེད་ཀྱི་སྐྱབསུ་འགྱུར་བ་སངས་རྒྱས་བཅོམ་ལྡན ་འདས་བསོད་སྐྱབས་ཞེས་བྱའི་མཚན་ནས་བརྗོད་དེ་ཕྱག་འཚོལ་ཅིག་ཅེས་སྨྲས་པ་དང་། བུ་རྣམས་ཀྱིས་ཕའི་ངགེ་མཉན་པའི་ཚུལ་གྱིས་སངས་རྒྱས་ལ་ཕྱག་འཚ་ལོ་ཞེས་སྨྲས། ་ཁྱིམ་བདག་གིས་སྨྲས་པ། དམ་པའི་ཆོས་ཀྱང་རྗོད། ལ་ཕྱག་འཚོལ་ཅིག། དགེ་འདུན་ཡང་བརྗོད་ལ། ཕྱག་འཚོལ་ཅིག་ཅེས་སྨྲས་པ་ལས། གསུམ་ཅར་གྱི་མཚན ་ནས་རྗོད་མ་ཁོམ་པར། བུ་རྣམས་ཀྱང་ཚེ་འཕོས་སོ།། སངས་རྒྱས་ཀྱི་མཚན་ནས་བརྗོད་པའི་བསོད་ནམས་ཀྱིས་མཐོ་རིསུ་རྒྱལ་ཆེན་བཞིའི་ལྷའི་གནསུ་སྐྱེསོ།། ལྷའི་གནས་ནས ་ཚེ་ཟད་ནས་སྔོན་གྱི་ངན་པར་ལྟ་བའི་ལས་ཀྱིས། སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། དམྱལ་བ་ཆེན་པོར་ལྷུང་ནས་དམྱལ་བའི་བསྲུངས་མས་མདུང་རྩེ་ཁ་བྲག་པ་མིག་དུ ་གཙུགས་ཏེ། སྡུག་བསྔལ་ཆེན་པོ་མྱོང་བ་ན། སྔོན་ཁྱིམ་བདག་པ་དེས་བསྟན་པའི་ཚིག་དྲན་ཏེ། སངས་རྒྱས་དེ་དྲན་པའི་མཐུས་དམྱལ་བའི་གནས་ནས་ཐར་ཏེ། ཕྱིར་མིར་སྐྱེས་ནས ་དབུལ་ཞིང་ཕོངས་པར་གྱུར་ཏོ།། སངས་རྒྱས་གསེར་ཐུབ་འཇིག་རྟེན་ཏུ་བྱུང་བའི་ཚེ་ན། སངས་རྒྱས་ཀྱི་མཚན་ནི་ཐོས་ཀྱི་དེ་ཉིད་ཀྱི་སྐུ་ནི་མི་མཐོང་ངོ་།། སངས་རྒྱས་ལོག་པར་དད་སེལ ་འཇིག་རྟེན་དུ་བྱུང་བའི་ཚེ་ན། སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏོ།། གཙུག་ཏོར་ཅན་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས ་བར་གྱུར་ཏོ།། རྣམ་པར་གཟིགས་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏོ།། ཐམས་ཅད་སྐྱོབ་བྱུང་བའི་ཆན་ཡང་སངས་རྒྱས་ཀྱི་སྐུ་ནི་མ ་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏོ།། སངས་རྒྱས་འོད་སྲུང་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏེ། སངས་རྒྱས་དྲུག་གི་མཚན་ཐོས་པ ་དེའི་རྒྱུ་དེའི་རྐྱེན་གྱིས་དེ་ལྟར་ང་དང་རིགས་གཅིག་ཏུ་སྐྱེ་སོ།། གནས་འདིར་རིགས་གཅིག་ཏུ་སྐྱེས་མོད་ཀྱི། ངའི་སྐུ་མཛེས་ཤིང་མཚན་དམ་པ་དང་ལྡན་པ་ལ་ཁྱེད་ཀྱིས ་བྲམ་ཟེ་ཤིན་ཏུ་རིད་པ་ལྟ་བུར་མཐོང་ངོ་།། ངའི་སྐུ་གསེར་གྱི་མདོག་ལྟ་བུ་ལ་འཛམ་བུ་ཆུ་ཀླུང་གི་གསེར་གྱིས་ཀྱང་དཔེར་མི་བཟོད་པ་ལ། ཁྱེད་ཀྱིས་སོལ་བ་འམ། ཐལ་བ་ལས ་བྱས་པ་ལྟ་བུར་མཐོང་ངོ་ཞེས་གསུང་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱག་གི་བུ་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་འདས་པའི་སངས་རྒྱས་རྣམས་ཀྱི་མཚན་ནས་བརྗོད ་ལ་ཕྱག་འཚོལ་ཅིག། ཁྱེད་ཀྱི་ཕའི་མིང་ནས་ཀྱང་རྗོད་ལ་ཡང་འདས་པའི་སངས་རྒྱས་རྣམས་ལ་ཕྱག་འཚོལ་ཅིག། ངའི་མཚན་ནས་ཀྱང་བརྗོད་ལ་ང་ལ་ཡང་ཕྱག་འཚོལ་ཅིག། ་། མ་འོངས་པའི་སངས་རྒྱས་བྱམས་པ་ལ་ཡང་ཕྱག་འཚོལ་ལ། སྔོན་གྱི་ངན་པར་ལྟ་བའི་མི་དགེ་བ་ཀུན་ཤོགས་ཤིང་སྤྲོས་ཤིག། ད་ལྟར་སངས་རྒྱས་བཅོམ་ལྡན ་འདས་འཇིག་རྟེན་ན་བཞུགས་པ་དང་། དགེ་སྦྱོང་གི་འཁོར་ཐམས་ཅད་འདུས་པའི་འཕགས་པའི་དགེ་འདུན་རྣམས་ལ་ཉེས་པ་འགྱོད་ཅིང་སངས་རྒྱས་ཀྱི་སྤྱན་སྔར་མཐོལ་ཞིང ་རབ་ཏུ་ཤོགས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་དེ་དག་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྤྱན་སྔར་ལུས་ཀྱི་ཡན་ལག་ལྔ་ས་ལ་བརྡབས་པ་ནི། ཇི་ལྟར་རི་རབ ་ལྷུན་པོ་འགྱེལ་བ་བཞིན་ཏེ། བཅོམ་ལྡན་འདས་ལ་འགྱོད་ཅིང་འཐོལ་ནས། སེམས་ཀྱི་མིག་བྱེ་བར་གྱུར་ཏེ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རབ་ཏུ་མཛེས་ཤིང་གསལ་བ། ཇི ་ལྟར་རྒྱ་མཚོའི་ནང་ནས་རི་རབ་ལྷུན་པོ་མངོན་ཞིང་གསལ་བ། ལྟར་མཐོང་བར་གྱུར་ཏོ།། དེ་ལྟར་སངས་རྒྱས་མ་ཐོང་ནས་སེམས་རབ་ཏུ་དགའ་བར་གྱུར་ཏོ།། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། དེ་བཞིན་གཤེགས་པའི ་སྐུ་གསེར་གྱི་མདོག་ལྟ་བུ་དང་། མཚན་དང་དཔེ་བྱད་བཟང་པོ་རེ་རེ་ནས་ཀྱང་འོད་ཟེར་དམ་པ་ཚད་མེད་པ་སྙེད་མཐོང་ངོ་།། ཞེས་དེ་སྐད་སྨྲས་ནས་དེ་མ་ཐག་ཏུ་རྒྱུན་ཏུ་ཞུགས་པའི ་འབྲས་བུ་ཐོབ་པར་གྱུར་ཏོ།། དེ་ནས་དེ་དག་གིས་ཀྱང་ཡབ་རྒྱལ་པོ་ལ་སྨྲས་པ། བདག་ཅག་རྣམས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་འབྱུང་བར་འཚལོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཡབ་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པ། ཁྱེད་རྣམས་སངས་རྒྱས་ལ་གཅིག་ཅེས་བསྒོའོ།། དེ་ནས་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་གང་ན་བར་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་གསོ། ་ཏོ། བཅོམ་ལྡན་འདས་བདག་ཅག་རབ་ཏུ་འབྱུང་བར་འཚལོ།། ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱཀྱའི་བུ་རྣམས་ལེགས་པར་འོངསོ་ཞེས་བཀའ་སྩལ་པ ་དང་སྐྲ་དང་ཁ་སྤུ་རང་ལྷུང་སྟེ་དགེ་སློང་དུ་གྱུར་ཏོ།། གྱོན་པའི་གོས་ཀྱང་ཆོས་གོསུ་གྱུར་ཏེ། ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ཏོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ་ཞེས་མགོ་མ་བཏེག་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ ་སྩལ་པ། རྒྱལ་པོ་ཆེན་པོ་དང་ཤཱཀྱ་གི་བུ་རྣམས་ཀྱི་སྔོན་གྱི་སྡེ། ག་པ་མི་དགེ་བ་ཀུན་འགྱོད་ཅིང་འཐོལ་ནས། དག་བཅོམ་པར་གྱུར་པ་གཟིགས་སམ། རྒྱལ་པོས་གསོ། ་པ། བདག་གིས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། དགེ་སློང་འདི་དག་ཀུན་སྔོན་མི་དགེ་བའི་སེམས་ཀྱིས། སངས་རྒྱས་ཀྱི་ཆོས་ལ་བསྐུར་བ་ལས། ་དག་གི་ཕས་སངས་རྒྱས་ལ་ཕྱག་འཚལོ་ཞེས་བརྗོད་པ་བསྟན་པ་ཙམ་གྱིས། སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི་མཚན་ཐོས་ནས། ང་འཇིག་རྟེན་དུ་མངོན་པར་བྱུང་བའི་བར་དུ་ངའི་གཟུགས ་ཀྱི་སྐུ་དམ་པ་མཐོང་ཞིང་འཕགས་པའི་དགེ་འདུན་རྣམས་ཀྱང་མཐོང་བར་གྱུར་ཏོ།། སངས་རྒྱས་ལ་ཉེས་པ་འགྱོད་ཅིང་འཐོལ་བས་སངས་རྒྱས་ཀྱི་གསུངས་པ་ཡང་ཐོས་སོ།། ་། ཉེས་པ་འགྱོད་ཅིང་བཤགས་པས་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ ་བཀའ་སྩལ་པ། ང་ཡོངསུ་མྱ་ངན་ལས་འདས་ནས། ལྷ་དང་བཅས་པའི་འཇིག་རྟེན་དག་གིས་ངའི་མཚན་ནས་བརྗོད་དམ། སངས་རྒྱས་ལ་ཕྱག་འཚལོ་ཞེས་བརྗོད་ན་དེའི་བསོད ་ནམས་ཚད་མེད་པར་ཆེ་སྟེ། དཔག་ཏུ་མེད་པ་དག་འཐོབ་པར་འགྱུར་ན། གང་གིས་སངས་རྒྱས་རྗེསུ་དྲན་པ་དམིགས་པ་ལ་འཇོག་ན། སྒྲིབ་པ་ཐམས་ཅད་ཡོངསུ་བླང་བར ་འགྱུར་བ་ལྟ་ཅི་སྨོས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་བརྒྱ་ཕྲག་བཅུ་པོ་ལ་བཀའ་སྩལ་པ། དགེ་གྲོང་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་ཁམས་ལྟ་བུར ་མཐོང་བ་ནི། འདི་ལྟ་སྟེ། ཁྱེད་སྔོན་སངས་རྒྱས་མར་མེ་མཛད་ཀྱི་ཆོས་རྣམ་པར་འཇིག་པའི་དུས་ན་ཁྱེད། རྣམས་རབ་ཏུ་བྱུང་སྟེ། རྣལ་འབྱོར་ལ་ཞུགས་པས་སྟོན་པའི ་སློབ་དཔོན་ལ་ཡོངསུ་མ་དག་པའི་སེམས་བསྐྱེད་དེ། སྟོན་པའི་སློབ་དཔོན་དེ་ཡང་དགྲ་བཅོམ་པ་ཡིན་པས། སློབ་མ་རྣམས་ཀྱི་བསམ་པ་ཤེས་ནས་སྨྲས་པ། རིགས་ཀྱི་བུ ་ཁྱེད་སློབ་དཔོན་དང་། དགེ་འདུན་རྣམས་ལ་ཐེ་ཙོམ་གྱི་སེམས་མ་བསྐྱེད་ཅིག། གལ་ཏེ་ཐེ་ཚོམ་གྱི་སེམས་བསྐྱེད་ན་ཁྱེད་ཀྱི་ཚུལ་ཁྲིབས་རྣམ་པར་དག་ཀྱང་དོན་མེད་པར་འགྱུ ་ཞེས་གསུངས་པ་དང་། དགེ་སློང་རྣམས་ཀྱིས་སློབ་དཔོན་གྱི་ཚིག་དེ་ཐོས་ནས་ཁྲོས་ཏེ་ཞེ་སྡང་གི་སེམས་སྐྱེསོ།། སློབ་དཔོན་གྱིས་ཀྱང་སློབ་མའི་བསམ་པ་ཤེས་ནས། བགས་ཀྱིས ་བསྟན་པ་བཏང་ནས་མི་སྟོན་ཏོ།། དེའི་སློབ་མ་དགེ་སློང་བརྒྱ་ཕྲག་བཅུ་པོ་དེ་དག་ཚེ་རིང་ཐུང་ལས་སོ་སོ་ནས་འཆི་བའི་དུས་བྱེད་དུ་ཡང་ཉེའོ།། དེ་ནས་དེ་དག་གི་སྟོན་པ་དགྲ་བཅོམ ་པ་ཆེན་པོ་དེ་ནི། སྐུ་མྱ་ངན་ལས་མ་འདས་ཏེ། དེའི་ཚེ་སློབ་དཔོན་དེ་སློབ་མ་རྣམས་ག་ལ་བར་ཕྱིན་ནས་འདི་སྐད་ཅེས་སྨྲ་སོ།། དགེ་སློང་ཁྱེད་རྣམས་ཐོག་མ་ནས་ཆོས་ཐོས་པ་དེ ་སློབ་དཔོན་དང་། ཚུལ་ཁྲིམས་ལ་ཐེ་ཙོམ་ཟ་བཞིན་དུ། སྦྱིན་བདག་དད་པའི་ཟས་ཟོས་ནས། ད་ཁྱེད་ཀྱི་སྐྱབསུ་གྱུར་པ་སུ་ཡིན་ཞེས་སྨྲས་པ་དང་། དེ་དག་ཀུན་གྱིས་ཚིག་དེ ་ཐོས་ནས་སེམས་སྐྲག་ཅིང་ཤིན་ཏུ་སྤྱི་གཡའ་བར་གྱུར་ནས། སློབ་དཔོན་ལ་འདི་སྐད་སྨྲསོ།། སློབ་དཔོན་ཆེན་པོ་བདག་ཅག་ལ་སྒྲིབ་པ་སྦྱངས་པའི་ཆོས་བསྟན་ཏུ་གསོལ། ་སློབ་དཔོན་གྱིས་སྨྲས་པ། ཁྱེད་རྣམས་རྟིང་ལ་ཐུག་པས་འགྱོད་ཚངས་ཀྱི་ཆོས་མང་པོ་བསྟན་ཀྱང་བྱེད་མི་ནུས་ཀྱིས། ཁྱེད་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཅུ་དང་ལྡན་པའི་མཚན་ནས་རྗོད་ལ་ཕྱག་འཚོལ་ཅིག་ཅེས་བསྟན་ཏོ།། དེའི་ཚེ་དགེ་སློང་རྣམས་ཀྱང་སློབ་དཔོན་གྱིས་བསྟན་པའི ་ཚིག་བཞིན་དུ་སངས་རྒྱས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་ཏོ།། དེ་ལྟར་སངས་རྒྱས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་ནས་དེ་ཐག་ཏུ་ཚེ་འཕོས་སོ།། དགེ་བའི་སེམས་དེ་ཉིད་ཀྱིས ་མཐོ་རིས་ཀྱི་གནས་སུམ་ཅུ་རྩ་གསུམ་དགའ་ལྡན་གྱི་གནས་སུ་ལོངས་སྤྱོད་དང་ལྡན་པར་སྐྱེ་སོ།། ལྷའི་གནས་ནས་ཚེ་དང་བསོད་ནམས་ཟད་ནས། སྔོན་གྱི་སྦྱིན་བདག་དད་པའི ་།། ཟས་ཟོས་པའི་སྡིག་པས་འཇིག་རྟེན་དུ་ཡི་དྭགས་ཀྱི་ཁམ་སུ་སྐྱེས་ནས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་མེ་མ་མུར་ཟ་བར་གྱུར་ཏོ།། ཡི་དྭགས་ཀྱི་ལས་དེ་ཟད་ནས། ་བྱོལ་སོང་གི་ཁམསུ་སྐྱེསོ།། བྱོལ་སོང་གི་ལས་ཟད་ནས་ཕྱིར་ཡང་མིར་སྐྱེས་ཏེ། དབུལ་ཕོངས་པས་རབ་ཏུ་རྒུད་པར་གྱུར་ཏོ།། དེ་ནས་མིར་སྐྱེས་ནས་སྔོན་རབ་ཏུ་བྱུང་བའི་མཐུས། ་སངས་རྒྱས་ཀྱི་མཚན་ཐོས་ཤིང་དད་པའི་སེམས་གཡོས་ནས་སྔོན་བཞིན་དུ། སངས་རྒྱས་ཀྱི་མཚན་ནས་བརྗོད་པར་གྱུར་ཏོ།། སངས་རྒྱས་ཀྱི་མཚན་ནས་བརྗོད་པའི་བསོད་ནམས ་ཀྱི་རྒྱུ་དང་རྐྱེན་གྱིས་སྐྱེ་བ་བརྒྱད་སྟོང་གི་བར་དུ་སངས་རྒྱས་འཇིག་རྟེན་དུ་བླང་བ་དང་ཕྲད་ཀྱང་མིག་གིས་སངས་རྒྱས་ཀྱིས་གཟུགས་ཀྱི་སྐུ་མི་མཐོང་ན། ཆོས་ཐོས་པ་ལྟ་ཅི་སྨོས་ཏེ། ་ད་ལྟར་ང་འཇིག་རྟེན་དུ་བྱུང་བ་དང་ཕྲད་ཀྱང་ངའི་སྐུ་ཁམས་ལས་བྱས་པ་ལྟ་བུར་མཐོང་བར་གྱུར་ཏོ།། བཅོམ་ལྡན། འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེད་རྣམས ་སྔོན་ཐེ་ཙོམ་གྱི་གནས་མ་ཡིན་པ་ལ་ཐེ་ཙོམ་གྱི་སེམས་བསྐྱེད། དོད་པ་བསྐྱེད་པའི་གནས་ལ་ནི་མ་དད་པའི་སྡིག་པ་བྱས་པས། སངས་རྒྱས་རྣམས་མི་མཐོང་ཞིང་དམ་པའི་ཆོས་ཀྱ ་མ་ཐོས་པར་གྱུར་ཏོ།། ང་རྒྱལ་པོའི་ཁབ་ཏུ་བལྟམ་པའི་ནང་ན་ཡང་ངའི་ཁ་དོག་ལྟ་བུ་ཁ་དོག་དམ་པ་ཁ་དོག་ཡང་དག་པ་ལ་ཁྱེད་ཀྱིས་ཁམས་ལྟ་བུར་མཐོང་བ་ཡིནོ།། དེ་ནས་དགེ། ་སློང་རྣམས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས། སོ་སོ་ནས་འགྱོད་ཅིང་འཐོལ་ཏེ། འཕྲག་པ་གཡས་པ་ཆོས་བཞིན་དུ་ཕྱུང་ནས། སངས་རྒྱས་གང་ན་བཞི ་ལོག་སུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་སྔོན་སྐལ་པ་གྲངས་མེད་པའི་ཕ་རོལ་ན། ལོག་པར་ལྟ་ཞིང་སློབ་དཔོན་ལམ་དག་པའི་སེམ ་སྐྱེང་ནས་ཐེ་ཙོམ་དུ་གྱུར་ཏེ། སྦྱིན་བདག་དད་པའི་སྦྱིན་པ་འཆུང་གསན་པ་དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བར་ལྷུང་སྟེ། དེ་ལ་ཐར་ཀྱང་སྐྱེ་བ་ཚད་མེད་གྲངས་མེད་པའི་བར་དུ ་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་གི་མཚན་འབའ་ཤིག་ནི་ཐོས་སོ།། ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་སྐུ་ཁམས་ལྟ་བུ་ལ་མཐོ་ལྔ་ལས་མི་རིང་བར་མཐོང་ངོ་།། ཞེས་འཛེར་ཏོ།། དེའི ་ཚེ་བཅོམ་ལྡན་འདས་ཀྱིས་ན་བཟའ་ཤང་འགག་ཇི་ཕྱེ་ནས། ཐུགས་དཀུའི་དཔལ་བེའུ་ཕྱུང་སྟེ། དགེ་སློང་རྣམས་ལ་བསྟན་ཏོ།། དགེ་སློང་རྣམས་ཀྱིས་དཔལ་བེའུའི་རི་མོ་གཟུགསུ ་འཛིན་ཅིང་ནན་ཏན་དུ་བྱས་པས། བཅོམ་ལྡན་འདས་ཀྱི་སྐུལ་བ། སོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བརྒྱན་བར་རིག་པར་གྱུར་ཏེ། ཐུགས་ཀའི་རི་མོ་གཡུང ་དྲུང་ལས་ཀྱང་སངས་རྒྱས་ཀྱི་སྟོན་བརྒྱད་ཁྲི་བཞི་སྟོང་སྙེད་ཤིན་ཏུ་བསྔགས་པར། དགེ་སློང་རྣམས་ཀྱིས་མཐོང་བར་གྱུར་ནས། དེ་དག་ཀུན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་སྟོད་དོ།། བཅོམ་ལྡན་འདས་ངོ་མཚར་རྨད་དོ།། ཐུགས་ཀའི་དཔལ་བེའུའི་རི་མོ་ལས་ཀྱང་ཚད་མེད་པའི་དོན་སྟོན་ན། སངས་རྒྱས་ཀྱི་ཐུགས་ལ་ཡོན་ཏན་མང་པོ་མངའ་བ་ལྟ་ཇི ་སྤོས་ཞེས་དེ་སྐད་སྨྲས་ནས། སངས་རྒྱས་ག་ལ་བའི་ལོག་སུ་རི་བོ་འགྱེལ་བ་བཞིན་དུ་ཡན་ལག་ལྔ་ས་ལ་གཏུགས་ཏེ། མཆི་མ་བླགས་ཤིང་ངུས་ནས་འགྱོད་ཅིང་འཐོལ ་བཤགས་བྱསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་པའི་དབྱངས་ཀྱི་སྤྲོ་བ་སྐྱེད་དེ། དགེ་སློང་རྣམས་ཀྱི་སེམས་རབ་ཏུ་དག་པར་བྱསོ།། སེམས་རབ་ཏུ་དག་པར ་གྱུར་ནས། ཇི་ལྟར་སྤྲིན་སྟུག་པོ་ལ་རླུང་དྲག་པོས་བུས་ནས། ཕྱོགས་བཞིར་གྱེས་ཤིང་སངས་པ་བཞིན་དུ། སྔོན་གྱི་མི་དགེ་བའི་བག་ཆགས་རྣམས་ཡོངསུ་བསལ་ཏེ། བཅོམ ་ལྡན་འདས་ཀྱི་སྐུ་གསེར་གྱི་མདངས་ཅན་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་མངོན་ཞིང་གསལ་བར་མཐོང་བར་གྱུར་ཏོ།། དེ་ལྟར་སངས་རྒྱས ་ཀྱི་སྐུ་མཐོང་ནས་སེམས་རབ་ཏུ་དགའ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དགེ་སློང་བརྒྱ་ཕྲག་བཅུ་པོ་འདི་རྣམས་ཆོས ་ཚོལ་བ་ལ་ནན་ཏན་དུ་བྱེད་ཅིང་རྒྱུན་མི་གཅོད་པས་ཕྱི་མ་མ་འོང་། ཉེས་པའི་དུས་བསྐལ་པ་འགྲང་བ་དང་། བརྩི་བ་ལ་ས་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་འོད ་སྣང་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཅུ་ཡོངསུ་རྫོགས་པར་འགྱུར་རོ།། དེ་དག་མངོན་པར་སངས་རྒྱས་ནས་ཞིང་དེའི ་ས་གཞི་ཡང་གསེར་གྱི་ཁ་དོག་ལྟ་བུ་སྟེ། ས་གཞི་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་ཤིང་མངར་བ་ལ་རིན་པོ་ཆེའི་ཡང་ཏོག་གིས་ཡོངསུ་བརྒྱན་ཏོ།། ཞིང་དེའི་སེམས་ཅན་ཐམས་ཅད་ཀྱང ་ཁྲེལ་ལ་འཛེམ་པ་དང་། ངོ་ཚ་ཆེ་བ་དང་། མི་དགེ་བ་རྣམས་འགྱོད་ཚངས་བྱེད་ཅིང་། དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤ་སྟག་གོ།། དེ་ལྟར་སངས་རྒྱས་སྟོང་མས ་གྱིས་འབྱུང་བ་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་མཐར་གྱིས་མངོན་པར་འཚང་རྒྱ་བ་བཞིན་ནོ།། རྒྱལ་པོ་ཡབ་དགེ་སློང་འདི་རྣམས་སྔོན་སློབ་དཔོན་དང་། དགེ ་འདུན་ལ་ཐེ་ཙོམ་ཟོས་པས་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པར་གྱུར་པ་ལས། སངས་རྒྱས་ཀྱི་མཚན་ནས་བརྗོད་དེ། ཕྱག་འཚལོ་ཞེས་བརྗོད་པའི་བསོད་ནམས་ཀྱི་འབྲས་བུ་སྨིན ་པས། ད་ལྟར་ངའི་སྤྱན་དང་བསྟན་པར་གྱུར་ན། སངས་རྒྱས་རྗེ་སུ་དྲན་པར་ཡིད་ལ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཤེས་གསུང་སོ།། དེ་ནས་དགེ་སློང་མ་རྣམས་ཀྱི་ནང་ནས་སངས་རྒྱས ་ཀྱི་སྐུའི་དངུལ་གྱི་ཁ་དོག་དུ་མཐོང་བའི་རྣམས་འདུག་པ་ལས་ལང་ས་ནས། བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་དེ་བཞིན་གཤེགས་པས་དིང་སྐུའི་མདོག་དང་། འོད་ཟེར་བཤདཔས་སེམས་ཅན་མང་པོའི་ཁ་ན་མ་ཐོ་བའི་སྡིག་པ་སེལ་བར་འགྱུ་རོ་ཞེས་གསུངས་ན། བདག་ཅག་གིས ་ཇིའི་སླད་དུ་ཐོག་མ་སྐྱེས་ནས་རབ་ཏུ་བྱུང་བ་དང་། ད་ལྟར་གྱི་བར་དུ་སངས་རྒྱས་ཀྱི་སྐུ་དངུལ་གྱི་མདོག་ཏུ་མཐོང་ཞིང་། དངུལ་གྱི་མེ་ཏོག་དང་། དངུལ་གྱི་འོད་དང་རྒྱན་དང་། ཡོ་བྱད ་ཐམས་ཅད་ཀྱང་དངུལ་གྱི་ཁ་དོག་མཐོང་ན། བདག་ཅག་གིས་ཅིའི་སླད་དུ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ལ་འོད་ལྷམ་མེར་འབར་བ་དང་། མཚན་སུམ་ཅུ་རྩ་གཉིས ་བསོད་ནམས་ཀྱི་འབྲས་བུ་ལས་སྨིན་པ་མ་མཐོང་བར་གྱུར་པ་ལགས་ཞེས་གསོལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་གསོལ་བ་ཞལ་འཛུམ་པ་མཛད་དེ། ་གསེར་གྱི་མདོག་ལྟ་བུའི་འོད་ཟེར་ཞལ་གྱི་སྒོ་ནས་བྱུང་སྟེ། སངས་རྒྱས་ཀྱི་སྐུ་དངུལ་གྱི་ཁ་དོག་ལྟ་ལ་ལན་བཅུ་ཚང་བར་བསྐོར་ཏོ།། འོད་ཟེར་དེ་དག་བསྟན་པ་ན། དགེ། ་སློང་མ་རྣམས་ཀྱིས་ཀྱང་། སངས་རྒྱས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟ་བུ་ལ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་འོད་ཤིན་ཏུ་གསལ་བར་མཐོང་སྟེ། རྒྱས་པར་བཤད་དུ་བདེ་བར་མི ་ནུསོ།། དགེ་སློང་མ་རྣམས་ཀྱིས་དེ་ལྟར་མཐོང་ནས། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ལ་བརྟགས་ན་གཡ་སུ་འཁྱིལ་པ་མཐོང་སྟེ། དེ་ལྟར་མཐོང་ནས་དགའ་བར་གྱུར་པ་དང་དེ་མ ་ཐག་དུ་དགྲ་བཅོམ་པ་ཐོབ་སྟེ། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ།། དགེ་སློང་མ་རྣམས་ཀྱིས་ཀྱང་སྔོན་གྱི་ཡུན་རིང ་པོའི་གནས་དྲན་པར་གྱུར་ཏེ། སྔོན་བསྐལ་པ་གྲངས་མེ། པ་འདས་པའི་སྔོན་རོལ་ན། སངས་རྒྱས་ཤཱཀྱཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། སངས་རྒྱས་དེ་མྱ་ངན ་ལས་འདས་པའི་འོག་ཏུ་ཉེ་གནས་རྣམས་རབ་ཏུ་བྱུང་ཞིང་རྣལ་འབྱོར་དུ་སྤྱོད་པའི་དགེ་འདུན་གྱི་ནང་ན། གང་ཟག་གཅིག་རྒྱུ་ཞིང་སེམས་ཅན་གྱི་དོན་བྱེད་དུ་སོང་བ་ལས་ཡུལ་དགོན ་པ་ཞིག་ན་བུ་མོ་ལྔ་བརྒྱ་ཞིག་རྩེ་ཞིང་འདུག་པ་མཐོང་ངོ་།། དེའི་ཚེ་དགེ་སློང་དེ་སྤྱོད་ལམ་བསྡམས་ཏེ། མཛེས་པའི་ཚུལ་གྱིས་གོམ་པ་དལ་བུས་སུ་བུ་མོ་དེ་དག་གི་དྲུང་དུ་སོང་ནས། ་གདིང་བ་བཏིང་སྟེ། འདུག་གོ།། བུ་མོ་དེ་རྣམས་ཀྱིས་དེ་དག་མཐོང་ནས་རབ་ཏུ་དགའ་སྟེ་འདི་སྐད་དུ། ཡུལ་སྟོང་པ་ལྷ་དང་དྲང་སྲོང་རྒྱུ་བའི་གནས་འདི་དག་དུ་མའི་མཆོག་དགེ་སློང ་འདིར་འདུག་པ་འདི་ནི་ངེས་པར་མ་རབས་ཕལ་པ་མ་ཡིན་དུ་ངེས་ཀྱིས་བདག་ཅག་མཆོད་པ་བྱའོ་ཞེས་སྨྲས་ནས། སོ་སོའི་དངུལ་གྱི་གདུ་བུ་ཕུད་ནས། དགེ་སློང་ལ་གཏོར་ཏོ།། དགེ་སློང་། ་འདི་བརྩོན་འགྲུས་དང་སྤྱོད་པའི་ཡོན་ཏན་དུ་ལྡན་པས་གདོན་མི་ཟ་བར་འཚང་རྒྱ་བར་འགྱུར་གྱིས། དེའི་དུས་ན་བདག་ཅག་རྣམས་ཀྱིས་མཐོང་བར་ཤོག་ཤིག་ཅེས་སྨོན་ལམ ་བཏབ་བོ།། དེའི་ཚེ་ཁྱེད་རྣམས་གདུབུ་བོར་བ་ལ་ཆགས་པ་སྐྱེས་པས་སྐྱེ་གནས་ཐམས་ཅད་དུ་དངུལ་གྱི་རི་ལ་དངུལ་གྱི་ལྷའི་བུ་མོ་རིན་པོ་ཆེར་སྐྱེསོ།། དགེ་སློང་དེ་ལ་ཕྱག་འ ་ཏེ། དངུལ་གྱི་གདུ་བུ་ཕུལ་བས་ང་འཇིག་རྟེན་དུ་བྱུང་བ། དང་ཕྲད་དེ། བཀྲུས་པ་བཞིན་དུ་ཡོངསུ་དག་ནས། དགྲ་བཅོམ་པར་གྱུར་ཏོ།། དེའི་ཚེ་དགེ་སློང་དེ་ནི་ད་ལྟར་གྱི་ང ་ཡིནོ།། ཁྱེད་སྔོན་དགེ་སྦྱོང་ལ་མཆོད་ཅིང་སྨོན་ལམ་པ་ཏབ་སྟེ། སངས་རྒྱས་ལ་ཕྱག་བྱས་པས། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་དང་ཕྲད་པར་གྱུར་ཏོ།། རྒྱལ་པོ་ཡབ་མིའི ་རིན་པོ་ཆེ་སངས་རྒྱས་བཅོམ་ལྡན་འདས་ནི་ཀུན་ལ་ཕན་པ་དང་། སྐྱབསུ་གྱུར་པའི་བདག་ཉིད་ཡིན་ཏེ། གང་གིས་མཚན་ཐོས་པ་འམ། ཕྱག་འཚལ་ཞིང་མཆོད་པ་ཆ་གཅིག་ཕུལ ་བ་ཙམ་གྱིས་ཀྱང་། བསོད་ནམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་འཐོབ་ན། སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་སྐུ་ཡིད་ལ་བྱེད་པ་ལྟ་ཅི་སྨོས་ཤེས་གསུང་སོ།། དེ་ནས་ཡང་དགེ། ་བསྙེན་གྱི་འཁོར་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བལ་གླང་ནག་པོའི་རྐང་པ་ལྟ་བུར་མཐོང་བ་རྣམས་འདུག་པ་ལས་ཏེ་བླ་གོས་ཕྱོགས་གཅིག་ཏུ་བྱས་ནས། བཅོམ ་།། ལྡན་འདས་གང་ན་བའི་ལོག་སུ་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏོ།། བདག་ཅག་ཡུལ་འདིར་སྐྱེས་ཏེ། བདག་ཅག་གི་ཡུལ་གྱི་རྒྱལ་བུ་རབ་ཏུ་བྱུང་ནས་མངོན ་པར་འཚང་རྒྱའོ་ཞེས། དྲང་སྲོང་མི་དཀར་བས་ཀྱང་མཚན་སུམ་ཅུ་རྩ་གཉིས་མངའ་བ་མཐོང་སྟེ། བདག་ཅག་ལ་ཡང་འདི་སྐད་དུ་སའི་ལྷ་རྒྱལ་བུ་འདི་ནི། གདོན་མི་ཟ་བར ་མངོན་པར་འཚང་རྒྱའོ་ཞེས་སྨྲས་ཏེ། བདག་ཅག་གིས་ཀྱང་དེ་སྐད་ཐོས་ནས། སངས་རྒྱས་ལ་སྐྱབསུ་གསོལ་ཏེ། སངས་རྒྱས་ཀྱི་ཞབས་འབྲིང་འཚལ་ཞིང་སྐྱབསུ་མཆི་བ་གསུཾ ་དང་། ཉིན་ཞག་གི་ཁྲིམས་བརྒྱད་དང་། ལྔ་མནོས་ཏེ་མོས་པས་བསྲུངས་ཀྱང་བདག་ཅག་གི་སྔོན་གྱི་སྡིག་ལྕི་བའི་ལས་ཀྱིས་སངས་རྒྱས་ཀྱི་གསུངས་ནི་ཐོས་ཀྱིས། སྐུ་ནི་མི་མཐོང ་དོ་བདག་ཅག་སངས་རྒྱས་ལྟ་བ་ན་རྟག་ཏུ་བ་ལང་ནག་པོའི་རྐ། ཏིང་བ་ལྟ་བུར་མཐོང་ན། ཇི་ཞིག་གིས་མནར་ཅེས་། སྨྲས་ཏེ། བྲང་རྡུང་ཞིང་ངུས་ནས་ས་ལ་འགྱེལ་ཏོ།། ་དེ་ནས་དེ་བཞིན་གཤེགས་པས་ཚངས་པའི་དབྱངས་ཀྱི་ཇི་ལྟར་ཕོ་བུ་ལ་བྱམས་པས་སྤྲོ་བ་སྐྱེད་པ་བཞིན་དུ། དགེ་བསྙེན་རྣམས་ལ་བཀའ་སྩལ་པ། ཆོས་ཀྱི་བུ་ཁྱོད་ལོངས ་ཤིག། བཅོམ་ལྡན་འདས་ཀྱིས་ཁྱེད་ཀྱི་ཐེ་ཙོམ་ཡོངསུ་བསལ་ཏེ། སྒྲིབ་པར་བྱང་བར་བྱའོ་ཞེས་གསུངས་ནས། བཀའ་སྩལ་པ། ཁྱེད་རྣམས་སྔོན་བསྐལ་པ་གྲངས་མེད་པ། ་འདས་པའི་སྔོན་རོལ་ན། འཛམ་བུ་གླིང་གི་ཁམས་ན་སོ་སོ་ནས་དབང་དང་ལྡན་པའི་རྒྱལ་ཕྲན་རེ་རེ་བྱེད་དོ།། དེའི་ཚེ་དགེ་སྦྱོང་དག་ཅིག་འཇིག་རྟེན་པའི་ཁེ་དང་གྲགས ་བ་འདོད་པའི་ཕྱིར། ཁྱེད་རྣམས་ལ་དེ་བཞིན་གཤེགས་པའི་གསུང་རབ་ལས་འགལ་བའི་ཕན་པར་ལྟ་བའི་ཆོས་བསྟན་ཏེ། ཆོས་རྣམས་ནི་ཆོས་མ་ཡིན་པར་བཤད། ཆོས་མ ་ཡིན་པ་རྣམས་ནི་ཆོས་ཡིན་པར་བཤད་དེ། ཁྱེད་རྣམས་དེ་ལ་ཡིད་ཆེས་ཤིང་རྗེ་སུ་དད་པར་བྱེད་དོ།། དེ་དག་གིས་དེ་ལྟར་ཆོས་མ་ཡིན་པ་ལོག་པར་བསྟན་པས། དེ་དག་ཚེ ་འཕོས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེསོ།། ཁྱེད་རྣམས་ལོག་པར་བསྟན་པའི་རྗེསུ་གཞོལ་བ་རྣམས་ཀྱང་ཚེ་འཕོས་ནས། མུན་ནག་གི་སེམས་ཅན་དམྱལ་བར ་སྐྱེ་སོ།། སྔོན་ཆོས་ལ་མོས་པ་བསྐྱེད་པའི་དགེ་བའི་མཐུས་ང་ད་ད་ལྟར་བྱུང་བ་དང་ཕྲད་ནས། ཁྲིམས་ལྔ་འཛིན་པར་གྱུར་ཏོ།། ཁྱེད་རྣམས་ད་སངས་རྒྱས་དང་། ཆོས་དང་། ་དགེ་འདུན་གྱི་སྤྱན་ངར་སྔོན་ངན་པར་ལྟ་བ་དང་། ལོག་པར་བསྡུ། ན་པའི་ཆོས་ཐོས་ཤིང་སྤྱད་པ་ཀུན་འགྱོད་ཅིང་ཤོག། ས་ལ་འཐོལ་ཅིག་ཅེས་གསུང་སོ།། དགེ་བསྙེན་རྣམས ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས། སངས་རྒྱས་ལ་ཕྱག་འཚ་ལོ།། ཆོས་ལ་ཕྱག་འཚལོ།། དགེ་འདུན་ལ་ཕྱག་འཚལོ་ཞེས་བརྗོད་ནས། སྡིག་པ་མི་དགེ་བ ་རྣམས་སེམས་ཀྱི་འགྱོད་པས་འཐོལ་ཞིང་བཤག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྨིན་མཚམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་གྱི་འོད་ཟེར་བཀྱེ་ནས། དགེ་བསྙེན་རྣམས་ཀྱི་སེམས ་སྣང་ཞིང་གྲོལ་བར་བྱས་ཏེ། འཐུན་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་ཏོ།། དགེ་བསྙེན་དེ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས། སངས་རྒྱས་ཀྱི་སྐུ ་འཇིག་རྟེན་ན་དཔེ་ཟླ་མེད་པ་རབ་ཏུ་མཛེས་པར་མཐོང་སྟེ། སངས་རྒྱས་ཀྱི་སྤྱན་ངར་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ།། དེ་ནས་དགེ་བསྙེན་མའི་འཁོར་ལས་སངས ་རྒྱས་ཀྱི་སྐུའི་སོལ་བའི་ཕུང་པོ་ལྟ་བུར་མཐོང་བའི་རྣམས་འདུག་པ་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་ཏེ། མཆི་མ་བླགས་ནས་སྐད་ཀྱིས་བརྣངས ་པ་ཙམ་དུ་ངུས་ཏེ། མགོ་ལ་ཐལ་མོས་རྡེབས་ཅིང་དབུགས་ཆད་ནས་ས་ལ་འགྱེལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ལྟར་གྱུར་པ་གཟིགས་ནས། ཚངས་པའི་དབྱངས་ཀྱིས་བུ་མོ ་རྣམས་ལ་སྤྲོ་བ་བསྐྱེད་དེ་འདི་སྐད་དུ། བུ་མོ་ཁྱེད་རྣམས་ཅིའི་ཕྱིར་འདི་ལྟར་མྱ་ངན་ཆེན་པོ་བྱེད་ཅིང་འདི་ལྟ་བུར་གྱུར་ཅེས་བཀའ་སྩལ་པ་དང་། དགེ་བསྙེན་མའི་རྣམས་ཀྱིས་སངས ་རྒྱས་ཀྱི་གསུངས་ཐོས་པ་ལས་དབང་པོའི་རྒྱུད་ཀུན་གྲོལ་བར་གྱུར་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྔ། ན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བཅོམ ་ལྡན་འདས་སྤྲིན་མེད་པའི་ཉི་མ་ལྟ་བུ་འཇིག་རྟེན་དུ་གཤེགས་ནས་ཐམས་ཅད་དུ་སྣང་ཞིང་ཤར་ཏེ། ཀུན་གྱིས་ཟླ་བ་རྒྱས་པ་དང་འདྲ་བར་མཐོང་ན། བདག་ཅག་འབའ་ཤིག་གིས་ནི ་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་ཚེ་ན། གཞན་ཀུན་གྱིས་ནི་གསུངས་དབྱངས་རྣམ་པ་བརྒྱད་མངའ་བར་ཐོས་ན། བདག་ཅག་གིས་ནི་འོན་པ་དང་འདྲ་བར་ཅི་ཡང་། ་མི་ཐོས་སོ།། བཙུན་པ་ཤཱ་རིའི་བུས་བདག་ཅག་ལ་དུས་ཁྲིམས་ལྔའི་ཆོས་བཤད་པ་དག་ཙམ་ནི་ཐོས་སོ།། བདག་ཅག་སངས་རྒྱས་ཀྱི་ཞབས་འབྲིང་འཁོར་དུ་གྱུར་པ་ལགས་ན། སངས ་རྒྱས་ཀྱི་སྐུ་བདག་ཅག་གིས་སོལ་བའི་ཕུང་པོ་དང་འདྲ་བར་མཐོང་ངོ་།། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་བདག་ཅག་གི་སྒྲིབ་པ་བསལ་ཏེ། བདག་གིས་ཀྱང་མཐོང་བར། ་མཛད་དུ་གསོལ་ལོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་ལ་བཞུགས་པའི་ཞབས་བརྐྱང་ནས། འཁོར་ལོ་བརྩིབས་སྟོང་དང་ལྡན་པའི་མཚན ་དགེ་བསྙེན་མ་རྣམས་ལ་བསྟན་ནས། དགེ་བསྙེན་མ་རྣམས་ཀྱིས་འཁོར་ལོའི་མཚན་ལས་པདྨོ་སྐྱེས་པ་ལ་སྤྲུལ་པའི་སངས་རྒྱས་བཞུགས་པ་ཡང་མི་ནག་པོ་དང་འདྲ་བར་མཐོང ་ངོ།། དེ་ནས་ཡང་ལྷག་པར་སངས་རྒྱས་ལ་ཐལ་མོ་དར་ཏེ། ཕྱག་འཚལ་ནས་འདི་སྐད་དུ་བཅོམ་ལྡན་ནི་འདས་བདག་ཅག་སངས་རྒྱས་ཀྱི་ཉེ་གནས་གྱུར་ནས་ཡུན་རིང་པོ ་བསྙེན་ཅིང་མཆིས་ན་དིང་གདོད་པདྨོ་བཟང་པོ་དང་སྤྲུར་པའི་སངས་རྒྱས་དམ་པ་ལ་སོལ་བས་བྱུགས་པ་དང་འདྲ་བར་ནག་པོར་མཐོང་ན། སྔོན་སྡིག་པ་ཇི་ལྟ་བུ་ཞིག ་བགྱིས་ནས། འདི་ལྟར་མིག་མདོངས་པར་གྱུར་པ་ལགས་ཤེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱེད་རྣམས་བརྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ། ་ཟུང་ཤིག་དང་། ངས་ཁྱེད་ལ་སྔོན་འདས་པའི་དུས་ན་ཁྱེད་བྱུང་བའི་ལོ་རྒྱུས་བཤད་པར་བྱའོ།། སྔོན་གྱི་དུས་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་དེའི་དུས་ནས། སངས་རྒྱས་རིན་ཆེན ་གདུགས་གཅིག་མར་མེའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་།། སངས་རྒྱས་དེ་མྱ་ངན་ལས ་།། འདས་ནས་གཟུགས་ཀྱི་ཆོས་བྱེད་པའི་ཚེ་ན། དགེ་སློང་དག་ཅིག་གིས་གྲོང་དུ་བསོད་སྙོམས་ལ་ཞུགས་ནས། ལྷུང་བཟེད་དང་། མཁར་སིལ་ཐོགས་ཏེ་སྤྱོད་ལམ་མཛེས ་པར་བྱས་ནས། སྤྲུལ་འཚོང་མའི་ཁྱིམ་སྒོར་ཕྱིན་ཏོ།། དེའི་ཚེ་སྤྲུལ་འཚོང་མ་དག་གིས་དགེ་སློང་གི་ལྷུང་བཟེད་བླངས་ནས་བསོད་སྙོམས་ཀྱིས་བཀང་སྟེ། དགེ་སློང་ལ་ཕུལ་ནས་འདི ་སྐད་དུ་སྨྲ་སོ།། ཤཱཀྱའི་རིགས་ཀྱི་བུ་ཁྱེད་མདོག་མི་སྡུག་པ་ནི་སོལ་བ་ལས་བྱས་པ་འདྲའོ།། ལུས་ལ་གོས་གྱོན་པ་ནི་སྤྲང་པོ་དང་འདྲ་སྟེ། ཁྱེད་ལས་མི་སྡུག་པ་ནི་གནམ་གྱི་འོག་ན ་ཟླ་མེད་དོ།། ཁྱེད་རང་བཞིན་གྱིས་འདོད་ཆགས་མེད་ཅེས་ཟེར་གྱི། སུས་ཀྱང་ཁྱེད་མི་འདོད་དོ།། ཞེས་སྨྲསོ།། དེའི་ཚེ་དགེ་སློང་རྣམས་ཀྱིས་དེ་སྐད་ཀྱི་ཚིག་ཐོས་པ་དང་ལྷུང་བཟེད་ན་མཁའ ་ལ་བསྐུར་ཏེ་ཕྱི་བཞིན་དུ་འཕུར་ཏེ་སོང་ངོ་།། དེ་ནས་བུ་མོ་རྣམས། ཀྱིས་དེ་ལྟར་གྱུར་པ་མཐོང་ནས། རྡོས་ལ་ཁྲེལ་ནས་ཤིན་ཏུ་འཛེམ་ཞིང་འགྱོད་པས་འཐོལ་ཏེ། འདི་སྐད ་དུ་བདག་ཅག་དང་དགེ་སྦྱོང་ལ་བསོད་སྙོམས་ཕུལ་བས། ཕྱི་མ་མ་འོངས་པའི་དུས་ན་ལུས་ཀྱི་དབང་པོ་དག་ཅིང་། དགེ་སྦྱོང་དང་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་རྣམས་དེའི་ཚེ་དགྲ་བཅོམ་པ་ལ་ཅོ་འབྲི་བའི་བུ་མོ་དེ་དག་ནི་ཁྱེད་ཡིན་ཏེ། ཁྱེད་རྣམས་དགེ་བའི་སེམས་ཀྱིས་དགེ་སློང་ལ་བསོད་སྙོམས་ཕུལ་བ ་བསྐལ་བ་ཉིས་སྟོང་གི་བར་དུ་བཟའ་བཏུང་གི་ལོངས་སྤྱོད་དང་མ་བྲལ་བར་གྱུར་ཏོ།། དགེ་སྦྱོང་ལ་འདོད་ཆགས་ཀྱི་ཚིག་ངན་པ་སྨྲས་པ་དེའི་རྒྱུ་དེའི་རྐྱེན་གྱིས། བསྐལ་པ་ཆུང་ངུ་དྲུག ་བཅུའི་བར་དུ་མུན་ནག་གི་སེམས་ཅན་དམྱལ་བར་སྐྱེསོ།། སྨོན་ལམ་བཏབ་པའི་དགེ་བའི་སེམས་མ་སྟོར་བས་ནི། ང་འཇིག་རྟེན་དུ་བྱུང་བ་དང་ཕྲད་དེ། ཁྲིམས་ལྔ་ཐོས་ནས་བསྲུངས ་པར་གྱུར་ཏོ།། དགྲ་བཅོམ་པ་ལ་ཕུལ་བས། ཤཱ་རིའི་བུ་ནི་མཐོང་གི་ངའི་སྐུ་ནི་མ་མཐོང་བ་ཡིནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ནས། སྐུའི་ལྟེ་བ་ལས་པདྨོ་ཆེན་པོ ་གཅིག་བྱུང་སྟེ། པདྨོ་ཆེན་པོ་དེ་ལས་འོད་ཟེར་གྱི་ཁང་པ་བརྩེགས་པ་ཡོད་པར་གྱུར་ཏོ།། འོད་ཟེར་གྱི་ཁང་པ་བརྩེགས་པ་དེ་ལ་ཉན་ཐོས་ཀྱི་དགེ་སློང་ཤཱ་རིའི་བུ་དང་། མོའུ་དགལ ་གྱི་བུ་ལྟ་བུ་གྲངས་མེད་པ་བརྒྱ་སྟོང་སྙེད་ཡོད་པར་གྱུར་ཏེ། སངས་པ་རྒྱས་ཀྱི་འོད་ཀྱི་ཁང་པ་བརྩེགས་པ་ལ་མངོན་པར་ཤེས་པའི་དབང་གིས་ཆོ་འཕྲུལ་ཆེན་པོ་བཅོ་བརྒྱད ་བསྟན་ཏོ།། བུ་མོའི་རྣམས་ཀྱིས་དེ་ལྟ་བུ་དག་མཐོང་ནས། ཤིན་ཏུ་དགའ་བའི་སེམས་བསྐྱེད་དེ། དེ་ཉིད་དུ་ཤེས་ར་བ་ཀྱི་སེམས་ཉེ་བའི་ཉོན་མོངས་པ་ཁྲི་ཕྲག་ཉི་ཤུ་སྐྱེད ་བསྲེགས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་བསྙེན་མ་རྣམས་འབྲས་བུ་ཐོབ་ནས། སངས་རྒྱས་ཀྱི་སྐུ་རབ་ཏུ་མཛེས་ཤིང་འོད་ལྷང་ངེར་འཚེར་བ་ནི་མཐོང་གི། ་སངས་རྒྱས་ཀྱི་སྨན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཚན་ནི་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། ཆུང་ངུན་བཙོ་བར་བྱ་བའི ་ཕྱིར། ཚིག་ངན་པ་སྨྲས་ན་ཡང་འབྲས་བུ་ཐོབ་ཀྱི་བར་དུ་མཐོང་བ་མི་གས་ལོ།། དེ་ལྟ་བས་ན་གང་ཟག་གི་རྣམས་ངག་ཡོངསུ་བསྲུངས་ཏེ། སེམས་རྩེ་གཅིག་ཏུ་སངས་རྒྱས ་།། དྲན་པའི་ཏིང་འཛིན་ལ་མཉམ་པར་ནོག་ཤིག། སངས་རྒྱས་མཐོང་བས་བསོད་ནམས་ཆད་མེད་པ་ཐོབ་པར་འགྱུརརོ།། དེའི་ཚེ་བཅོམ་ལྡན་འདས་འཁོར་མང་པོ་མ། ་ཀྱིས་སངས་རྒྱས་ཀྱི་སྐུའི་གཟུགས་དང་། འོད་ཟེར་མངོན་ཞིང་གསལ་བར་མཐོང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གཞལ་ཡས་ཁང་ཆེན་པོ་ཤེལ་གྱི་རི་ལྟ་བུ་ཆེ་ཆུང ་དང་། མཐོན་དམན་རི་རབ་དང་འདྲ་བ་སྤྲུལ་ཏེ། དེ་ལ་ལྡི་བའི་ཁང་བུ་བརྒྱ་སྟོང་སྙེད་སྤྲུལ་ཏོ།། ལྡིང་བའི་ཁང་བུ་དེ་དག་ལས་སངས་རྒྱས་དང་ཐ་མི་དད་པའི་གཟུགས་བརྙན་སྣང ་བར་གྱུར་ཏོ།། དེའི་ཚེ་སངས་རྒྱས་ཀྱི་སྦྱར་ནི་རིན་པོ་ཆེའི་པ་དྨ་འདབ་མ་སྟོང་དང་ལྡན་པ་གཅིག་ཡོད་པར་གྱུར་ཏོ། འདབ་མ་དེ་རེ་རེ་ལ་ཡང་འོད་སྟོང་སྟོང་འབར་རོ།། འོད་རེ་རེ་ལ ་ཡང་སྤྲུལ་པའི་སངས་རྒྱས་སྟོང་སྟོང་བཞུག་སོ།། ས། ངས་རྒྱས་རེ་རེ་ལ་ཡང་ཉེ་གནས་ཀྱི་འཁོར་སྟོང་སྟོང་སྙེད་དོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ ་པ་སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས་ཉེ་གནསུ་གྱུར་པའི་རྣམས་བྱ་བྱེད་ཐམས་ཅད་བཏང་ནས་སྡིག་པ་ཀུན་སྤངས་ཏེ། དྲན་པ་རྩེ་གཅིག་ཏུ་སངས་རྒྱས་ཀྱི་འོད་རྟག་པ ་མར་ཡིད་ལ་བྱས་ན། སངས་རྒྱས་མངོན་སུམ་དུ་མ་གཤེགས་ཀྱང་སངས་རྒྱས་མཐོང་བ་ཞེས་བྱའོ།། སངས་རྒྱས་མཐོང་བས་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། ཇི་ལྟར ་སྨོན་པ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་རྣམ་གསུམ་ཐོབ་པར་འགྱུར། དགའ་བོ་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། ་གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། །། སངས་རྒྱས་རྗེ་སུ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ།། བམ་པོ་བཞི་པ།། བཅོམ་ལྡན། ་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་འོད་རྟག་མ་རྗེ་བུ་དྲན་པ་ཞེས་ན། དེ་བཞིན་གཤེགས་པའི་ཕྱི་མ་མ་འོངས་པའི་སོ་སོའི་སྐྱེ་བོ ་རྣམས་ཀྱི་ཕྱིར་འོད་ཟེར་ཆུང་ཟད་ཙམ་བསྟན་པ་འདི་དེ་བཞིན་དུ་སོ་སོའི་སྐྱེ་བོ་དག་བསླབ་ཅིང་བརྟག་པར་བྱའོ།། གང་གིས་དེ་ལྟར་རྟོག་ན་ད་ལྟར་གྱི་དེ་བཞིན་གཤེགས་པའི་འོད་ཟེར་གྱི། ་མཚན་མཐོང་བ་དང་ཐ་མི་དད་དོ་ཞེས་གསུང་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྤྱི་གཙུག་ནས་འོད་ཟེར་ཁ་དོ་གྲ་རྣམ་པ་སྟོང་དང་ལྡན་པ་བཀྱེའོ།། ཁ་དོག་དེ་གཅིག་ཀྱང་རྣམ ་བ་བརྒྱད་ཁྲི་བཞི་སྟོང་སྙེད་དུ་འཕྲོས་ཏེ། འཕྲོས་པ་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་བརྒྱད་ཁྲི་བ་ནི་སྟོང་སྙེད་ཡོད་དོ།། སྤྲུལ་པའི་སངས་རྒྱས་དེ་དག་གི་སྐུའི་ཚང ་ནི་དཔག་ཏུ་མེད་དེག་སྤྲུལ་པའི་སངས་རྒྱས་དེ་དག་གི་སྤྱི་གཙུག་ནས་ཀྱང་འད་ཟེར་གཏོང་ངོ་།། འོད་ཟེར་དེ་དག་རྒྱུན་མ་ཆད་པར་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ ་སྣང་བར་བྱས་ནས། བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་སྙེད་སྤྲིན་ལྟར་སྟེང་གི་བར་སྣང་ལས་བབས་ནས། སངས་རྒྱས ་རྣམས་ལ་ཡོངསུ་བསྐོར་ཏོ།། བཅོམ་ལྡན་འདས་ཀྱི་འོད་འདི་བསྟན་པ་ན། ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ཀྱང་སྡང་བར་གྱུར་ཏེ།། ་འོད་དེས་སངས་རྒྱས་རྣམས་ཀྱི་སྤྱི་གཙུག་ཀྱང་སྡང་བར་བྱསོ།། སངས་རྒྱས་དེ་དག་གིས་ཀྱང་འོད་ཟེར་བཀྱེ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་དང་། ་བར་བྱས་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སོ་སོ་སྐྱེ་བོ་གང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་གི་འོད་ཟེར་ལ་རྟོགས་པར་འདོད་པ་དག་དེ་ལྟར ་རྗེསུ་དྲན་པར་བྱའོ།། དེ་ལྟར་རྟོག་པ་དག་གལ་ཏེ་དམིགས་པ་འཛིན་པར་གྱུར་ཀྱང་རྨི་ལམ་དུ་མཐོང་བ་ཙམ་གྱིས་ཀྱང་། སེམས་ཀྱིས་འདུ་ཤེས་ཡིན་མོད་ཀྱི། ཁ་ན་མ་ཐོ་བའི ་སྡིག་པ་ཚད་མེད་པ་བརྒྱ་སྟོང་སྙེད་བྱང་བར་འགྱུརརོ།། གང་གིས་དེ་ལྟར་རྗེསུ་དྲན་པར་བྱེད་ན། ལུས་འདི་ཉིད་ཀྱིས་ངེས་པར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མཐོང་བར ་འགྱུརརོ།། བྱང་ཆུབ་སེམས་དཔའ་རྣམས་མཐོང་བས། དམ་པའི་ཆོས་ཐོས་པར་འགྱུ་རོ།། ཆོས་ཐོས་པས། གཟུངས་ཆེན་པོ་ཐོབ་པར་འགྱུར་ཏེ། གཟུངས་ཐོབ་པ་དེ་ནི ་ཡོངསུ་འཁྱིལ་བའི་གཟུངས་ཤེས་བྱའོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་འོད་ཟེར་རྗེསུ་དྲན་པ་ཞེ་ན། དེ ་བཞིན་གཤེགས་པས་ཕྱི་མ་མ་འོངས་པའི་སྐྱེ་བོ་དག་གི་ཕྱིར། སྨིན་མཚམས་ཀྱི་འོད་ཟེར་གྱི་ཕྱོགས་གཅིག་ཙམ་བསྟན་ནོ་ཞེས་གསུངས་ནས། དེའི་ཚེ་བཅོམ་ལྡན་འདས ་ཀྱིས་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་གྱི་འོད་ཟེར་གྱི་བཀྱེའོ།། འོད་ཟེར་དེ་དག་རྣམ་པ་བརྒྱད་ཁྲི་བཞི་སྟོང་སྙེད་དུ་འཕྲོས་ཏེ། ཁ་དོག་ཀྱང་རྣམ་པ་བརྒྱད་ཁྲི་བཞི་སྟོང་། ་སྙེད་དོ།། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། འོད་དེ་རེ་རེ་ལ་གསེར་གྱི་རི་རེ་རེ་སྤྲུལ་ཏོ།། གསེར་གྱི་རི་དེ་རེ་རེ་ལ་ཡང་གསེར་གྱི་བྲག ་ཕུག་ཚད་མེད་པ་སྙེད་དོ།། བྲག་ཕུག་དེ་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་སྐྱིལ་མོ་ཀྲུང་བཅས་ནས། ཏིང་འཛིན་ལ་མཉམ་པར་བཞག་སྟེ། ཉན་ཐོས་དང་། བྱང་ཆུབ ་སེམས་དཔའི་འཁོར་བརྒྱ་སྟོང་སྙེད་དང་བཞུག་སོ།། དེའི་ཚེ་གྲ་སེར་གྱི་བྲག་ཕུག་ན་བཞུགས་པའི་སངས་རྒྱས་དེ་དྲག་ཐམས་ཅད་ཀྱང་སྨིན་མཚམས་ནས། སྐྱེས་བུ་ཆེན་པོའི ་མཚན་མཛོད་སྤུ་དཀར་པོའི་འོད་ཟེར་བཀྱེ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ཏེ། ས་གཞི་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་དུ ་གྱུར་ཏོ།། གསེར་གྱི་ཁ་དོག་ལྟ་བུར་གྱུར་པའི་ས་གཞི་ལ་གསེར་གྱི་པདྨོ་སྐྱེ་སོ།། གསེར་གྱི་པདྨོ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ། དེ་དག་ཀྱང་མཚན་འཐུན་པར ་ཤཱཀྱ་ཐུབ་པ་ཞེས་བྱའོ།། སངས་རྒྱས་དེ་དག་གི་སྨིན་མཚམས་ནས་ཀྱང་འོད་ཟེར་དེ་ལྟ་བུ་བཀྱེའོ།། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་པ་ནི། ཇི་ལྟར་རི ་རབ་ལྷུན་པོ་ཁྲི་ཕྲག་བརྒྱ་སྟོང་དུ་མ་ལྷན་ཅིག་ཏུ་སྤུངས་པ་ལྟ་བུའོ།། རི་རབ་ལྷུན་པོ་དེ་དག་ལ་སངས་རྒྱས་ཐམས་ཅད་མངོན་པར་སྣང་སྟེ། སངས་རྒྱས་དེ་དག་ཀུན་གྱི་སྐུའི་ཚད ་། ཀྱང་རི་རབ་དང་མཉམ་པར་སྡང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་གི་སྨིན་མཚམས་ནས་ཀྱང་། འོད་ཟེར་བཀྱེ་ནས་སྤྲུལ་པའི་སངས་རྒྱས་རྣམས་ལ་ལན་བདུན་ཚང ་བར་བསྐོར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམསུ་ནུབ་བོ།། འོད་དེ་སྨིན་མཚམསུ་ནུབ་པ་ན། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཀུན་ནས་སྤྲུལ་པའི་གཟུགས་བརྙན ་རེ་རེ་ཡོད་པར་གྱུར་ཏོ།། སྤྲུལ་པའི་གཟུགས་བརྙན་དེའི་བ་སྤུའི་བུ་གནས་ཀྱང་སྤྲུལ་པའི་གཟུགས་དམ་པ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཐམས་ཅད་ཀྱི་ངོ་མཚར་རྨད་དུ་བྱ་བ་ཐམས་ཅད་དུ་སྣང་ངོ་།། དེ་ནི་དེ་བཞིན་གཤེགས་པའི་དཔེ་བྱད་བཟང ་པོ་བརྒྱད་ཅུའི་ནངངན། དཔེ་བྱང་བཟང་པོ་གཅིག་གི་འ། ཟེར་ཡིན་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་འོད་ཟེ་ནི་རྒྱས་པར་བཤད་དུ་བདེ་བར་མི་ནུསོ།། དེ་བཞིན་གཤེགས། ་བས་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་ཕྱོགས་ཙམ་ཞིག་བསྟན་པ་ན། རྒྱལ་པོ་ཡབ་དང་འཁོར་བརྒྱ་སྟོང་སྙེད་དྲི་མ་དང་བྲལ་ཏེ། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་ནི་མདོ་སྡེ་གཞན་ལས་ཀྱང་བཅོམ ་ལྡན་འདས་ཀྱིས་རྒྱས་པར་བཤད་དེ། མཚན་བཟང་པོ་རྣམས་ཀྱི་འོད་དམ་པའི་སངས་རྒྱས་ཉག་ཅིག་གིས་གཟིགས་ཀྱི། ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་མངོན་སུམ ་དུ་གསལ་བར་མི་མཐོང་ངོ་།། དེ་བས་ན་སེམས་ཅན་སོ་སོའི་སྐྱེ་བོ་དག་གི་ཕྱིར་ཕྱོགས་ཙམ་ཞིག་བཤད་དོ།། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། དེ་ལ་དེ་ལྟར་བལྟ ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སྡིག་པ་དག་སྤོང་བར་གྱུར་པ ་ནི་གོང་དུ་བཤད་པ་བཞིན་ཏེ། འོད་ཟེར་མཐོང་བ་དག་གིས་ནི། སངས་རྒྱས་ཁྲི་ཕྲག་བརྒྱ་སྙེད་མངོན་སུམ་དུ་མཐོང་བར་འགྱུརརོ།། མཛོད་སྤུ་དཀར་པོ་མཐོང་བ་ནི་སེམས་ཀྱི་འདུ་ཤེས ་ཀྱིས་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་འཕྲལ་བ་ཡངས་ཤིང་མཉམ་པའི་མཚན་གྱི་འོད་ཟེར་ལ་རྟོག་པ་ཞེ་ན། དེ་བཞིན་གཤེགས་པའི་ཞལ་ལ་དཀྱིལ ་འཁོར་གསུམ་གྱི་མཚན་དང་། དབུ་འདབ་ཀྱི་མཚན་ད་། སྨིན་མཚམས་ཀྱི་མཚན་ལ་སོགས་པ་ཏེ། མཚན་རེ་རེ་ལས་གསེར་གྱི་འོད་བྱུང་བར་གྱུར་ཏེ། གསེར་གྱི ་འོད་དེ་ལས་གསེར་གྱི་ཁྲི་གྲངས་མེད་པ་ཡོད་པར་གྱུར་ཏོ།། ཁྲི་དེ་རེ་རེའི་སྟེང་ན་བྱང་ཆུབ་སེམས་དཔའ་སྟོང་སྟོང་བཞུགས་ཏེ། དེ་ནི་རྣམ་པར་གཟིགས་པ་ནས་སྣང་མཛད་ལ ་ཐུག་གི་བར་དུའོ།། བྱང་ཆུབ་སེམས་དཔའ་སྟོང་པོ་དེ་དག་ཐམས་ཅད་ཀྱང་། འོད་ཟེར་སྟོང་ཞིང་གསེར་གྱི་ཁྲི་ལ་བཞུག་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང ་དུ་མ་སྟེ། གསེར་གྱི་ཁྲི་ཡང་ཁྲི་ཕྲག་བརྒྱ་སྟོང་དུ་མའོ།། གསེར་གྱི་ཁྲི་དེ་དག་ཀུན་གྱི་སྟེང་ན་ཡང་རིན་པོ་ཆེའི་བླ་རེ་བྲེསོ།། རིན་པོ་ཆེའི་བླ་རེ་དེ་རེ་རེའི་འོག་ན་ཡང་འོད་ཟེར་སྟོང་སྟོང། ་འབར་རོ།། འོད་ཟེར་དེ་རེ་རེ་ལ་ཡང་རིན་པོ་ཆེའི་རྒྱལ་མཚན་སྟོང་སྟོང་དུ་གྱུར་ཏོ།། རྒྱལ་མཚན་དེ་རེ་རེ་ལ་ཡང་རིན་པོ་ཆེའི་གདུགས་བརྒྱ་སྟོང་དུ་མ་བྲེས་སོ།། རིན། ་པོ་ཆེའི་གདུགས་དེ་དག་ལ་རིན་པོ་ཆེའི་བ་དན་དུ་མ་དཔྱངསོ།། རིན་པོ་ཆེའི་བ་དན་དེ་དག་ཀུན་གྱི་བར་ན། སྤྲུལ་པའི་སངས་རྒྱས་ཚད་མེད་པ་དག་བཞུག་སོ།། སྤྲུལ་པའི་སངས ་རྒྱས་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་དང་། སྟོང་པ་ཉིད་དང་། མི་རྟག་པ་དང་། བདག་མེད་པའི་ཆོས་འཆད་དེ། དེ་ཀུན་དུ་འཆད་པའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད ་ཀྱང་དེ་སྐད་ཅེས་འཆད་དོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་སྐུའི་ཚད་མཐོ་བཅུ་དྲུག་པ། རྣལ་འབྱོར་ཅན་གྱི་མདུན་དུ་བཞུགས་ཏེ་ཕྱག་གཡས་པ་བཏེག་ན ་འདི་སྐད་དུ། ཤིན་ཏུ་ལེག་སོ།། རིགས་ཀྱི་བུ་ཤིན་ཏུ་ལེག་སོ།། ཁྱོད་སངས་རྒྱས་ཀྱི་མཚན་དང་། དཔེ་བྱད་བཟང་པོ་རྗེསུ་དྲན་པར་བྱེད་པ་ཤིན་ཏུ་ལེག་སོ།། ངས་ཀྱང ་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ་ན་ཡང་ཁྱོད་དང་འདྲ་བར་སྤྱད་དོ།། ཁྱོད་ཀྱིས་སངས་རྒྱས་ཀྱི་སྤྱོད་ཡུལ་རྗེསུ་དྲན་པ་ལེག་སོ།། སྤྱོད་ཡུལ་འདི་ཡང་ཁྱོད་ཀྱི་སེམས ་ཀྱི་རྣམ་པར་རྟོག་པ་ལས་ཤེས་སོ་ཞེས་དེ་སྐད་གསུངས་ནས་མི་སྣང་བར་གྱུར་ཏོ།། ཞལ་འཕྲལ་བའི་འོད་རྣམས་ནི་ཕྱིར་ཞིང་ལྷག་པར་གསལ་ཏེ། གཞན་ཡང་འོད་ཟེར་བརྒྱ ་སྟོང་དུ་མ་དག་འབྱུང་ངོ་།། འོད་ཟེར་དེ་དག་གིས་རིན་པོ་ཆེའི་ཁྲི་ལ་འདུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདོང་སྣང་བར་བྱསོ།། བྱང་ཆུབ་སེམས་དཔའ་དེ་དག་གི་གདོང་། ་ལས་ཀྱང་འོད་ཟེར་བཀྱེ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྡང་བར་བྱའོ།། མཚན་འདི་བསྟན་པའི་ཚེ་ན། རྣལ་འབྱོར་ཅན་གྱིས་ཐེ་ཙོམ་མེད་པར་སངས་རྒྱས་ཀྱི་ཞལ་མངོན་སུམ། ་དུ་ཡང་དག་པར་རྟོག་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་དག། གང་གིས ་དེ་ལྟར་རྟོགས་ན་སངས་རྒྱས་ཀྱི་ཞལ་ཡང་དག་པར་མཐོང་བ་སྟེ། ང་འཇིག་རྟེན་ན་བཞུགས་པ་དང་མི་འདྲ་བ་མེད་དོ།། གང་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན་བསྐལ་པ་ཁྲི་ཕྲག ་བརྒྱའི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར་ཞིང་། སྐྱེ་བའི་གནས་ཕྱི་མར་སངས་རྒྱས་རྣམས་མཐོང་བ་དང་། སངས་རྒྱས་ཀྱི་རིགསུ་སྐྱེས་པ་དང་། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའི་འཁོར་དུ་སྐྱེ་བར་འགྱུར་རོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཤངས་ཀྱི་འོད་ཟེར་ལ་རྟོགས་པ་ཞེ་ན། ཤངས་ཀྱི་ནང་ནས་འོད་ཟེར་རྣམ་པ་བཞིར ་གྱེས་ཏེ། སངས་རྒྱས་ཀྱི་སྤྱན་དང་། སྤྱད་གྱི་སྨིན་མ་དང་། སྤྱན་གྱི་རྫི་མའི་ནང་དུ་ཞུག་སོ།། དེ་ནས་ཡང་འོད་ཟེར་ཆེན་པོ་བྱུང་སྟེ། འོད་ཀྱི་དབྱིངས་ཀྱང་ཀླུ་འམ། བལ་གླང་གི་གཟུགས ་ལྟ་བུར་སྣང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱས་ནས། སངས་རྒྱས་ཀྱི་སྤྱདན་གྱི་ནང་དུ་ཞུག་སོ།། འོད་འདི་སྟོན་པའི་ཚེ་ན་ཕྱོགས་བཅུ་ཀུན་ཏུ ་རབ་ཏུ་སྣང་བར་གྱུར་ནས། དེའི་ཚེརྣལ་འབྱོར་ཅན་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ས་གཞི་དང་། སྟེང་གི་ནམཁའ་ལ་སངས་རྒྱས་ཀྱིས་ཡོངས། ་གང་བར་མཐོང་ངོ་།། སངས་རྒྱས་དེ་དག་གིས་ཀྱང་སོ་སོའི་སྤྱན་དང་། སྤྱན་གྱི་རྫི་མ་དང་། སྤྱན་གྱི་སྨིན་མ་དང་། ཤངས་ནས་འོད་ཟེར་ཆེན་པོ་བཀྱེ་བ་ཡང་གོང་མ་བཞིན་ནོ།། སངས ་རྒྱས་ཀྱི་སྤྱན་གཉིས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་སྤྱན་གྱི་ནང་དུ་ཞུགས་ནས། སྟེང་གི་ནམ་མཁའ་ལ་འོད་ཟེར་གྱི་ཁང་པ་བརྩེགས་པ ་གྱུར་ཏོ།། འོད་ཟེར་གྱི་ཁང་པ་བརྩེགས་པ་དེའི་སྟེང་ན་འོད་ཀྱི་སྤྲིན་ལྡིང་ངོ་།། འོད་ཀྱི་སྤྲིན་དེ་ཡང་ཁ་དོག་སྔོན་པོ་དང་དཀར་པོ་སྟེ། འཇིག་རྟེན་ན་དཔེར་བྱར་མེད་དོ།། འོད་ཁ་དོག ་སྔོན་པོའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་སྔོན་པོ་བཞུག་སོ།། འོད་ཁ་དོག་དཀར་པོའི་ནང་ན་ཡང་། སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་དཀར་པོ་བཞུགས ་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་གི་གཡས་གཡོན་དང་། ཕྱོགས་མཚམས་ན་རིན་པོ་ཆེའི་ཁ་དོག་བརྒྱ་དང་ལྡན་པའི་འོད་ཀྱི་སྤྲིན་པ་ནི། ཇི་ལྟར་མངོན་པར་ཤེས་པ་དྲུག་དང ་ལྡན་པ་དག་ན་མཁའ་ལ་འཕུར་བ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་སྐུའི་བ་སྤུའི་བུ་ག་ཀུན་ནས། མེ་ཏོག་གི་ཤིང་རིན་པོ་ཆེ་འོད་འབར་བ་ལྟ་བུ་རེ་རེ་བྱུང་ངོ་།། མེ་ཏོག་གི་ཤིང ་དེ་དག་རེ་རེས་ཀྱང་ཚངས་པའི་འཇིག་རྟེན་ལ་ཐུག་གོ།། མེ་ཏོག་དེ་དག་གི་འདབ་མའི་བར་ན་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་སྟོང་དུ་མ་ཡོད་དོ།། དགེ་སློང་དེ་དག་གི་ལུས་ལ ་ལྡན་པ་སྟོང་དང་ལྡན་པའི་ཚེམ་བུ་གྱོན་ཏེ། ལྡན་པ་སྟོང་དེ་ལ་འོད་ཟེར་སྟོང་འབར་རོ།། འོད་ཟེར་དེ་དག་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་བརྒྱ་སྟོང་དུ་མ་སྙེད་བཞུགས ་ཏེ། དེ་དག་གི་སྐུའི་མདོག་ཀྱང་གསེར་བཙོ་མའི་མདོག་ལྟ་བུའོ།། དགེ་སློང་དེ་དག་འོད་ཟེར་གྱི་སྤྲིན་གྱི་ནང་དུ་ཞུགས་ནས། སངས་རྒྱས་ཀྱི་ཞ་འབྲིང་དུ་དོང་བ་ནི། ཀླུ་འམ་བལ་གླང ་གི་ཕྱི་བཞིན་དུ་ཕྲུག་གུ་སོང་བ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ ་དག་ཡང་དག་པའི་སེམས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱི་འོད་རྗེ་སུ་དྲན་པར་བྱེད་ན། ཚེ་འདི་ཉིད་ལ་སྒྲིབ་པ་ལྕི་བ་ཀུན་བྱང་སྟེ། མ་འོངས་པའི་དུས་ན་ཡང་རྟག་ཏུ་སངས ་རྒྱས་རྗེསུ་དྲན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཉི་མ་དང་མི་འ་བྲལ་བར་འགྱུརརོ།། གལ་ཏེ་མའི་མངལ་ན་འདུག་ན་ཡང་རྟག་ཏུ་ཏིང་འཛིན་ལས་མི་གཡོ་སྟེ། མངལ ་གྱི་གནས་ན་འདུག་པའི་ཚེ་ན་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྤྱན་གྱི་འོད་ཟེར་བཀྱེ་ནས། བདག་གི་ལུས་སྡང་བར་གྱུར་པར་མཐོང་ངོ་།། མའི་མངལ་ན་གནས་པའི་ཚེ་ན། ་ཡང་རྟག་ཏུ་དམ་པའི་ཆོས་ཐོས་ན་བཙས་ཟིན་ནས་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས ་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། གཞན་ཡང་བཅོམ་ལྡན་འདས་ཀྱི་ཤངས་ཀྱི་བུ་གུནས། འོད་རྣམས་གཉིས་བྱུང་སྟེ། འོད་དེས་ཀྱང་ཕྱོགས་བཅུར། ་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱེད་དོ།། འོད་དེ་རེ་རེ་ལས་ཆུ་ཆེན་པོ་རེ་རེ་བྱུང་སྟེ། ཆུ་ཆེན་པོ་དེ་ཡང་ན་མཁའ་ལ་འོད་ཀུན་གྱི་ནང་དུ་འབབ་བོ།། དེ་ལྟར ་ཆུ་དེ་འབབ་པ་ན་འོད་དེ་དག་ཀྱང་ཐམས་ཅད་ཀུན་ཏུ་གསལ་བར་གྱུར་ཏོ།། འོད་ཟེར་དེ་རེ་རེ་ལས་ཤེལ་གྱི་རེ་རེ་རེ་ཡང་ཡོད་པར་གྱུར་ཏོ།། ཤེལ་གྱི་རི་དེ་དག་ལ་ཡང་རིན་པོ ་ཆེ་སྣ་བདུན་གྱི་པདྨོ་སྐྱེས་ནས། པདྨོ་དེ་ལས་ཀྱང་གསེར་གྱི་ཁ་དོག་ལྟ་བུའི་ཆུ་གསེར་གྱི་རྒྱལ་མཚན་གྱི་གཟུགས་ལྟ་བུ་འཐབ་བོ།། གསེར་གྱི་རྒྱལ་མཚན་ལྟ་བུའི་ཆུ་དེའི་ནང ་ན་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་ཁྲི་ཕྲག་བརྒྱ་སྟོང་དུ་མ་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེའི་སྐུའི་ཚད་ཀྱང་མཐོ་བཅུ་དྲུག་སྟེ། སྐུའི་བ་སྤུའི་བུ་ག་ནས་ཀྱང ་རིན་པོ་ཆེ་དམ་པའི་ཁ་དོག་ལྟ་བུའི་འོད་བརྒྱད་ཁྲི་བ། ཞི་སྟོང་རྙེད་འབྱུང་ངོ་།། འོད་དེ་རེ་རེ་ལས་ཀྱང་རི་ན་པོ་ཆེའི་ཁ་དོག་ལྟ་བུའི་འོད་ཟེར་གང་གའི་ཀླུང་བཅུའི་བྱེ ་མ་སྙེད་དོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཉེ་གན་སུ་གྱུར་པ་དག་གིས་དེ་ལྟར་རྗེསུ་དྲན་པར ་བྱས་ན། བསྐལ་པ་སྟོང་རྙེད་ཀྱི་མི་དགེ་བའི་ལས་ངན་པ་ཀུན་ཡང་དག་པར་སྟོང་པར་འགྱུར་ཞིང་། སྐྱེ་བའི་གནས་ཕྱི་མར་སེམས་ཅི་ལ་ཡང་མི་ཆགས་ཤིང་མངལ་གྱི་གནས། ་མི་སྐྱེ་སྟེ། རྟག་ཏུ་རྫུས་ཏེ་སྐྱེ་བར་འགྱུར་རོ།། རྫུས་ཏེ་སྐྱེས་ནས་ཀྱང་ལུས་ཀྱི་མཚན་དང་འོད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་སངས་རྒྱས་དང་མི་འབྲལ་བར་འགྱུརརོ།། དེ་ལ ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན ་གཤེགས་པའི་ཞལ་གྱི་སྒོའི་འོད་ཟེར་ཞེ་ན། འོད་ཟེར་དེ་ནི་ཁ་དོག་དཀར་པོ་སྟེ། རིན་པོ་ཆེ་དཀར་པོའི་རི་ལྟར་ཕྱི་ནང་གསལ་ཞིང་དག་པའོ།། རིན་པོ་ཆེའི་རི་དེ་ལ་སྤྲུལ་པའི་སངས ་རྒྱས་སྐུ་གསེར་བཙོ་མའི་མདོག་ལྟ་བུར་ཚད་མེད་པར་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་དག་གི་ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བཀྱེ་སྟེ། འོད་དེ་ཡང་ཁ་དོག་རྣམ་པ་ལྔར་གྱུར ་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་དབྱས་ནས། སངས་རྒྱས་ཀྱི་ཞལ་གྱི་སྒོར་ཞུག་སོ།། དམཚན་འདི་བསྟན་པའི་ཚེ་ན་རྣལ་འབྱོར་ཅན་དེ་ཉིད་འགྲོ་འམ། ་སྡོད་དམ། འདུག་གམ། ཉལ་ན་ཡང་དེ་བཞིན་གཤེགས་པས། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་བཞི་བཤད་པ་ཐོས་ཤིང ་སྤྱོད་ཡུལ་གཞན་དག་ཀྱང་འཆད་དེ་རྣལ་འབྱོར་ཅན་གྱིས་ཐོས་པར་བྱེད་དོ།། དེས་ཐོས་ནས་ཀྱང་གཟུངསུ་འཛིན་ཅིང་། མིག་བཙུམས་ནས་ཡིད་ལ་བྱེད་དོ།། འོད་ཟེར་དེའི ་ཤུགས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞིའི་ཆོས་ཀྱི་རྣམ་གྲངས་ཀྱང་ཐོབ་པར་གྱུར་ཏོ།། དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། ་ཏིང་འཛིན་ལས་མ་བཞེངས་པར་ཕྱག་གཡས་པ་བརྐྱང་སྟེ། རྣལ་འབྱོར་ཅན་གྱི་སྤྱི་བོ་ལ་བྱུགས་ནས། ཤིན་ཏུ་ལེག་སོ།། རིགས་ཀྱི་བུ་ཁྱོད་ཡང་དག་པར་སངས་རྒྱས་རྗེས་སུ ་།། དྲན་པའི་ཏིང་འཛིན་ལ་ཞུག་སོ་ཞེས་གསུང་སོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན། ་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྙན་གྱི་འོད་ཟེར་ཞེ་ན། དེ་བཞིན་གཤེགས་པའི་སྙན་ལས་འོད་ཟེར་རྣམ་པ་ལྔ་བྱུང་སྟེ། འོད ་ཟེར་དེ་ཡང་ཁ་དོག་རྣམ་པ་སྟོང་དང་ལྡན་ནོ།། ཁ་དོག་དེ་གཅིག་ལ་ཡང་སྤྲུལ་པའི་སངས་རྒྱས་སྟོང་སྙེད་བཞུག་སོ།། སངས་རྒྱས་དེ་དག་གིས་ཀྱང་འོད་ཟེར་སྟོང་སྟོང་བཀྱེ་ནས་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱས་ཏེ། པདྨོ་ཆེན་པོ་གཅིག་ཏུ་གྱུར་ཏོ།། འཇིག་རྟེན་གྱི་ཁམས་པདྨོ་ཆེན་པོར་གྱུར་པ་དེའི་ཚད་ནི་དཔག་ཏུ་མེད་པ་སྟེ། ཤེས ་པར་མི་ནུསོ།། གཞན་དུ་སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་གྱི་རླབས་ནི་མ་གཏོག་སོ།། པདྨོ་ཆེན་པོའི་འཇི་ག་རྟེན་དེ་ལས་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་ཁྲི་ཕྲག ་བརྒྱ་སྟོང་སྣང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲི་ཕྲག་བརྒྱ་སྟོང་དུ་མ་སྙེད་ཀྱང་པདྨོའི་ཟེ་བ་རེ་རེ་ལ་འདུག་པར་སྣང་ཡང་། དོག་ཅིང་འཛེར་བ་ཡང་མེད་ལ། པདྨོའི་ཟེ ་བ་ཡང་ཆེན་པོར་མ་གྱུར་ལ། བྱང་ཆུབ་སེམས་དཔའ་ཡང་ཆུ་ངུར་མ་སོང་སྟེ། གཅིག་ལ་གཅིག་གི་འོད་ཟེར་མི་སྒྲིབ་བོ།། བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་རྣ་བ་ཡང་གསེར་གྱི ་པདྨོ་ཉི་ཟེར་ལ་དཔྱངས་པ་བཞིན་དུ་ཤིན་གསལ་ལོ།། རྣ་བ་དེ་དག་ལས་ཀྱང་འོད་ཟེར་རྣམ་པ་ལྔ་འབྱུང་ངོ་།། མཚན་འདི་སྟོན་པའི་ཚེ་ན། སངས་རྒྱས་ཀྱི་སྙན་གྱི་སྤུ་བརྒྱ་བྱིན་གྱི ་ཤིང་ལྟ་བུར་གྱུར་ཏེ། ཐམས་ཅད་ཀྱིས་བལྟ་ན་ཡིད་དུ་འོང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། ་སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་དག་གང་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན། རྟག་ཏུ་སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་སྟོན ་པ་ཐོས་ཏེ། རྣ་བའི་དབང་པོ་ཡོངསུ་དག་པར་གྱུར་ཏོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན། ་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟ་དར་ན་དེ་བཞིན་གཤེགས་པའི་མགུར་གྱི་མཚན་གྱི་འོད་ཟེར་ཞེ་ན། མགུར་གྱི་མཚན་ལས་འོད་ཟེར་རྣམ་པ་གཉིས ་བྱུང་སྟེ། འོད་དེ་དག་ཁ་དོག་རྣམ་པ་བརྒྱད་ཁྲི་དང་ལྡན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱའོ།། སེམས་ཅན་གང་ཞིག་དགེ་བའི་རྩ་བ་ཡོངས ་སུ་སྨིན་པ་དག་འོད་འདིས་རེག་པ་ན། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་དོན་ཆུད་རྟོགས་ནས། རང་སངས་རྒྱསུ་འགྱུར་རོ།། འོད་དེས་རང་སངས་རྒྱས་ཀུན་གྱི་མགུར་སྣང་བར ་བྱེད་དེ། མཚན་འདི་ལྟ་བུ་དག་བསྟན་པའི་ཚེ་ན། རྣལ་འབྱོར་ཙན་དེས་མཐོང་བར་གྱུར་པ་ནི། ཕྱོགས་བཅུའི་རང་སངས་རྒྱས་ཐམས་ཅད་ཀྱིས་ལྷུང་བཟེད་ན་མཁའ་ལ་འཕགས་ནས། ་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མཛད་པ་དང་། རང་སངས་རྒྱས་ཐམས་ཅད་སོ་སོའི་ཞབས་རེ་རེའི་འོག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་བཤད་པའི་ཡི་གེ་སྣང་བ་ནི། ་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུག་སོ།། མིང་དང་གཟུགས་ཀྱི་རྐྱེན་གྱིས། ་སྐྱེ་མཆེད་དྲུག་གོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པའོ།། རེག་པའི་རྐྱེན་གྱིས་ཚོར་བའོ།། ཚོར་བའི་རྐྱེན་གྱིས་སྲེད་པའོ།། སྲིད་པའི་རྐྱེན་གྱིས་ལེན་པའོ།། ལེན་པའི་རྐྱེན་གྱིས་སྲིད་པའོ།། ་སྲེད་པའི་རྐྱེན་གྱིས་སྐྱེ་བའོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་ཟློས་པའི་མྱ་ངན་དང་། སྡུག་བསྔལ་བ་དང་། འཁྲུག་པ་ལ་སོགས་པའོ།། ཡི་གེ་འབྲུ་དེ་རེ་རེ་ལ་ཡང་འོད་རེ་རེ་འབར་ཏེ། ་འོད་དེ་རེ་རེ་ལ་ཡང་སྒྲ་དབྱངས་བཅུ་གཉིས་རྙེད་དོ།། དབྱངས་དེ་ཡང་ལ་ལས་ནི་སྡུག་བསྔལ་དང་། སྟོང་དཔ་ཉིད་དང་། མི་རྟག་པ་དང་། བདག་མེད་པ་འཆད་དོ།། ཟླ་བྱ་། ་ལ་ལས་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་འ་ཆད་དེ། དེ་ལྟར་རང་སངས་རྒྱས་དེ་དག་གི་ཞབས་ཀྱི་འོག་གི་འོད་བཀྱེ་བ་ལས་ཡི་གེ་དེ་རྣམས་ཡོད་པ་ནི་ཤིན་ཏུ ་གསལ་བར་སྣང་ངོ་།། དེ་ལྟར་མགོ་འཇུག་དུ་ལན་བཅུ་གཉིས་སྣོལ་མེར་འདུག་སྟེ། དེ་དག་ནི་འཁོར་བའི་རྩ་བ་ཞེས་བྱའོ།། འོད་ཟེར་དེས་རང་སངས་རྒྱས་རྣམས་སྡང་བར་བྱས་ནས། ་ཕྱིར། སངས་རྒྱས་ཀྱི་མགུར་དུ་ཞུགས་ཏེ་མི་སྣང་བར་གྱུར་ཏོ།། གང་གིས་དེ་ལྟར་རྗེ་སུ་དྲན་པར་བྱས་ན། སྐྱེ་བ་ཕྱི་མར་མིའི་ནང་དུ་མི་སྐྱེ་སྟེ། དགའ་ལྡན་གནམ་དུ་སྐྱེ་ཞིང་སྐྱེ་བ ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དང་ཕྲད་ནས། དམ་པའི་ཆོས་རྣམས་ཀྱང་ཐོས་པར་འགྱུརརོ།། ཆོས་ཐོས་ནས་ཀྱང་ལུས་དང་སེམས་རབ་ཏུ་དགའ་སྟེ། བྱང་ཆུབ་སེམ། ་དཔའི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་རྣམས་ལ་རྟོག་ཅིང་དེའི་དོན་རྟོགས་པར་འགྱུརརོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང ་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུའི་སྒྲོག་རུས་མཉམ་པར་གང་བའི་མཚན་གྱི་འོད་ཟེར་ཞེ་ན། ་མཉམ་པར་གང་བའི་མཚན་གྱི་འོད་ཟེར་གྱིས་ཕྱོགས་བཅུར་སྣང་བར་བྱས་པ་ནི། སྦུར་ལོང་ལྟ་བུའི་ཁ་དོག་དང་། གསེར་བཙོ་མའི་མདོག་ལྟ་བུའོ།། སེམས་ཅན་གང་ཞིག་འོད ་ཟེར་ངེས་རེག་ན་ཉན་ཐོས་སུ་སེམས་བསྐྱེད་པར་འགྱུརརོ།། ཉན་ཐོས་སུ་གྱུར་པ་དེ་དག་གིས་མཐོང་བ་ནི། འོད་ཟེར་དེ་རྣམས་སྟོང་དུ་འཕྲོས་ཏེ། འབྲོས་པ་དེ་རེ་རེ་ལ་ཡང་ཁ་དོག་རྣམ ་པ་སྟོང་སྟོང་ཡོད་དོ།། ཁ་དོག་དེ་གཅིག་ལ་ཡང་འོད། ཟེར་སྟོང་ཕྲག་བཅུ་སྙེད་དོ།། འོད་ཟེར་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེའོ།། སྤྲུལ་པའི་སངས་རྒྱས་དེ ་རེ་རེ་ལ་ཡང་ན་འབྲིང་དགེ་སློང་བཞི་བཞི་ཡོད་དོ།། དགེ་སློང་དེ་དག་ཀུན་ཀྱང་སྡུག་བསྔལ་དང་། སྟོང་པ་ཉིད་དང་། མི་རྟག་པ་དང་། བདག་མེད་པ་དང་། བདེན་པ་བཞི་དང་། སྐྱེས ་བུ་བརྒྱད་ཀྱི་དོན་དང་། འབྲས་བུ་བཞིའི་མཚན་ཉིད་དང་། ཏིང་འཛིན་གསུམ་དག་འཆད་དེ། སེམས་ཅན་རྣམས་ཀྱང་ཆོས་དེ་ལ་རབ་ཏུ་འབྱུང་བར་རྩོལ་ལོ།། རབ་ཏུ་བྱུང་ནས་ཀྱང་། ་རིང་པོ་མ་ཐོགས་པར་དགྲ་བཅོམ་པ་ཐོབ་པར་མཐོང་ངོ་།། འོད་ཟེར་དེས་ཕྱོགས་བཅུའི་དགྲ་བཅོམ་པ་རྣམས་སྤྱི་བོ་ཀུན་སྣང་བར་བྱའོ།། སྤྱི་བོ་དེ་དག་སྣང་བར་བྱེད་པ་ན། དཔེར ་ན་མི་ཞིག་གིས་སྨན་གྱི་བུམ་པ་ཞིག་ཐོགས་ནས། སྤྱི་བོར་ཐུགས་པ་བཞིན་ནོ།། དེའི་ཁ་དོག་དབྱིབས་ཀྱང་མར་གྱི་སྙིང་ཀུ་ལྟ་བུ་སྟེ། སྤྱི་བོར་ཞུགས་ནས་ཕྱི་ནང་ཀུན། ་ཏུ་ཐལ་བྱུང་དུ་སྣང་ངོ་།། དེའི་ཚེ་ན་རྣལ་འབྱོར་ཅན་དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་ནས། སེམས་ཤིན་ཏུ་དག་ཅིང་འདུ་ཤེས་ངན་པ་མི་འབྱུང་སྟེ། ཉོན་མོངས་པ་དང་ཉེ ་བའི་ཉོན་མོངས་པའི་མཚན་ཉིད་ཀུན་མི་མཐོང་སྟེ་གསལ་བར་དགྲ་བཅོམ་པར་གྱུར་ཏོ།། དེ་ནས་འོད་དེ་གསེར་གྱི་ཁ་དོག་ལྟ་བུའི་གདུགས་གྲངས་མེད་པར་གྱུར་ཏེ། གདུགས་དེ་དག ་རེ་རེ་ལ་ཡང་སངས་རྒྱས་བདུན་པོ་བརྒྱ་སྟོང་སྙེད་དེ། སངས་རྒྱས་བདུན་པོ་དེ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་དང་ད་ཉན་ཐོས་ཀྱི་དགེ་སློང་བཞི་བཞི་ཞབས་འབྲིང་བྱེད་དོ།། ་དགེ་སློང་དེ་དག་ཀུན་ཀྱང་ཏིངངེ་འཛིན་ཆེན་པོ་བཞི་ལ་ཞུག་སོ།། ངེ་འཛིན་ཆེན་པོ་བཞི་ལ་ཞུགས་ནས། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གཟུགས་མངོན ་པར་སྟོན་ཏོ།། དེ་དག་འདི་ལྟ་སྟེ། ལུས་ཀྱི་སྲིན་བུ་བརྒྱད་སྟོང་སྙེད་འབྲུལ་ཞིང་བྱུང་ནས། སྲིན་བུ་ཕྲ་མོ་རྣམས་པ་མང་པོ་ཡང་རྗེས་བཞིན་དུ་འབྱུང་ངོ་།། དེ་ལྟར་གྱུར་པ་ན། མེ ་ཆེན་པོ་ཡང་སྔ་ནས་བ་སྤུའི་བུ་ག་ཀུན་ནས་བྱུང་སྟེ། མེ་ཆེན་པོ་དེ་བྱུང་བ་ཡང་ཐོག་མ་ཡུངས་ཀར་གྱི་འབྲས་བུ་ཙམ་བྱུང་ནས། ཆུང་ངུན་ལས་ཆེར་མཆེད་དེ། ལུས་ཀུན་ལ་མེ ་འབར་ཏེ། ལུས་མེའི་ཕུང་པོ་ལྟ་བུར་གྱུར་ནས། སྲིན་བུ་རྣམས་ཀྱང་མེ་ཡིས་ཉེན་ནས། སེང་གེའི་སྒྲ་ལྟ་བུར་སྒྲོགས་ཤིང་འབོད་དོ།། སྒྲ་སྒྲོགས་པའི་ཚེ་ན་རྣལ་འབྱོར་ཅན ་གྱི་སེམས་སྐྲག་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ།། ཏིང་ངེ་འཛིན་ལས་ཕྱིར་ལངས་ནས་བདག་གི་ལུས་མེ་ཤོར་ནས་ཤིང་ཚིག་པའི་འགལ་དུམ་ལྟ་བུར་མཐོང་ན་ཡང་འདི་ལྟར ་སེམས་སྐྱེད་པར་བྱ་སྟེ། སྨན་ཆེན་པོར་འདུ་ཤེས་བསྐྱེད་དོ།། དེ་ཡང་སྔར་ལུས་སུ་འདུ་ཤེས་བསྐྱེད་དེ། ལུས་དེ་ཉིད་ཀྱང་སྤྱི་བོ་བརྟོལ་ཏེ་སྟོང་པར་ཕྱུང་ལ། ཚངས་པའི་རྒྱལ་པོར ་འདུ་ཤེས་པ་དང་། བརྒྱ་བྱིན་དུ་འདུ་ཤེས་པ་དང་། ལྷའི་ལག་ན་རིན་པོ་ཆེའི་སྨན་གྱི་བུམ་པ་ཐོགས་ནས། སྤྱི་བོར་ལྡུགས་པར་འདུ་ཤེས་བསྐྱེད་དོ།། སྤྱི་བོར་བླུགས་པ་ན་ལུས ་ཀུན་ཏུ་ཁྱབ་ཅིང་། རྩ་ཐམས་ཅད་དུ་ཞུགས་ནས་རྩ་དང་། ལུས་བཻ་ཌཱུཪྻའི་སྦུངས་ལྟ་བུར་མཐོང་སྟེ། སྲིན་བུ་རྣམས་ཀྱང་མེ་ཏོག་རྙིང་པ་ལྟ་བུར་མཐོང་ངོ་།། དེའི་ཆ་རྩ་ཀུན་ནས་ཆུ ་དག་རྒྱུ་ཞིང་འབྱུང་སྟེ། ཆུས་ཕྱིན་པ་ཀུན་ཏུ་མེ་ཡང་ཞི་བར་གྱུ་སྟེར་ཏོ།། དེ་ནས་རྣལ་འབྱོར་ཅན་དེའི་ཚིགས་ཀུན་ནས་ཆུ་བྱུང་བ་ནི། ན་མཁར་མདའ་འཕངས་པ་བཞིན་དུ ་ཚངས་པའི་འཇིག་རྟེན་ལ་ཐུག་དུ་ཉེའོ།། དེ་ནས་ཆུ་དེ་རྒྱུན་མི་འཆད་པར་ཚངས་པའི་འཇིག་རྟེན་ལ་ཐུག་ནས། བདག་གི་ལུས་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ནང་ན་འདུག་པར་མཐོང་ངོ་།། ་སྲིན་བུ་རྣམས་ཀྱང་སྨས་ཤིང་མགོ་སྣད་པ་དང་། ཡན་ལག་ཆད་པ་དང་། རྐང་པ་གྱོལ་པོར་སོང་བར་མཐོང་ངོ་།། ཡང་རྣལ་འབྱོར་ཅན་དེའི་སེམས་ལས་མེ་ཆེན་པོ་བྱུང་བས། ་སྲིན་བུ་རྣམས་ཀྱི་ལུས་ལ་ཐོག་པ་དང་། སྲིར་བུ་དེ་དག་མེས་རབ་ཏུ་འཇིགས་ནས། ཆུའི་ནང་དུ་སོང་ཡང་མེ་དེ་མི་འཆི་བར་གྱུར་ཏེ། ཆུའི་འོད་གར་ཕྱིན་པར་མེའི་འོད་ཀྱང་དེའི ་། རྗེས་བཞིན་དུ་འབར་རོ།། ཆུ་དང་མེ་གཉིས་ཀྱི་འོད་ཀྱང་སེམས་ལས་བྱུང་བ་ཙམ་པས་འོད་དེ་གཉིས་ཀ་འདྲེས་ཏེ། གྱེན་དུ་ནི་ཁམས་གསུམ་གྱི་རྩེ་མོ་ལ་ཐུགས་ཅིང་། ་འོག་ཏུ་ནི་མཚམས་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་སྟེ། འཇིག་རྟེན་གྱི་ཁམས་གཅིག་ཆིབ་པར་ཆུ་དང་མེ་དེ་དག་གིས། ལྷོ་བྱང་ཤར་ནུབ་དུ་འབབ་ཅིང་མེ་ཡང་རྗེས་བཞིན ་དུ་འབར་རོ།། དེའི་ཚེ་སྙིང་ལས་སྤུ་ནག་པོ་ཅིག་སྐྱེས་ཏེ། སྤུའི་དེའི་ཐོག་མ་ལས་རླུང་ཆེན་པོ་བྱུང་སྟེ། རླུང་དེ་ཡང་ཁ་དོག་རྣམ་བཞིའོ།། དེ་དག་ཀྱང་སེམས་ལས་བྱུང་བ་སྟེ། རླུང ་རམ་པ་ལྟར་དབྱིབས་དང་ཁ་དོག་ཀྱང་ངུང་པ་འདྲའ་བའོ།། རླུང་དེས་ཆུ་ཐམས་ཅད་བསྐྱོད་དེ་ཆུའི་རླབས་ཀྱིས་གཡེངས་ཤིང་དཀྲུགས་པས་དབུ་བའི་ཕུང་པོར་གྱུར་ཏོ།། མེ་ཡང ་དེའི་ནང་དུ་སོང་ནས་མེའི་མཐུས། ལྦུ་བ་འདུས་པ་ཆབ་བྲོམ་ལྟ། ར་སྲ་བར་གྱུར་ཏོ།། རླུང་གཞན་དག་བྱུང་བས་རྡུལ་དང་མི་གཙང་བའི་རྫས་རྣམ་པ་དགུ་བཅུ་རྩ་བརྒྱད ་བུས་ཏེ་ཆབ་བྲོམ་གྱི་སྟེང་དུ་གཡོག་སོ།། མི་གཙང་བས་གཡོགས་པས་ཆབ་བྲོམ་དེ་ཞིག་པར་གྱུར་ཏོ།། ཆབ་བྲོམ་དེ་ཞིག་པ་ནས། སྐྱེས་བུ་མི་བརྒྱད་ལག་ན་རལ་གྲི་ཐོགས ་ཤིང་འཕྲོ་ནས་བཅད་ནས་ཁྱེར་ཏེ་སོང་ངོ་།། རྡུལ་དང་མི་གཙང་བ་རྣམས་ཀྱིས་སྐྱེས་བུ་དེ་དག་ཀུན་སེམས་མོས་པར་གྱུར་ཏེ། ཉལ་ཏེ་འདུག་པ་དང་། རླུང་དང་། མེ་དང་། ཆུ་ལ་སོག ་པ་གཅིག་ཏུ་འདུས་པ་ལས་མེའི་མཐུས། མི་གཙང་བའི་རྣམ་པ་ཀུན་བསྲེགས་ཏེ། མེའི་ནང་ནས་སྦྲུལ་གདུག་པ་བཞི་ཁ་ནས་ནོར་བུ་རིན་པོ་ཆེ་རེ་རེ་ཐོགས་པ་བྱུང་སྟེ། ནམཁའ ་ལ་འབུར་ཏོ།། གཞན་ཡང་ཀླུ་ཆེན་པོ་དྲུག་རི་དགས་ཕྲ་མོ་བཞི་ཁན་མེད་ཅིང་རྒྱུག་སྟེ། ཀླུ་རྣམས་ཀྱི་མགོ་ལ་ཤིང་སྐྱེས་པ་ལས་གཟུགས་མེད་པའི་ཁམས་ལ་ཟུག་གོ། དའདྲུང་ན ་རྩ་ཕྲ་མོ་ཤིན་ཏུ་འཇམ་པ་ཡིད་དུ་འོང་བ་གསེར་གྱི་ཁ་དོག་ཅན་སྐྱེས་ནས་ཤིང་དེ་དག་གྱི་རྩ་བར་ཞུག་སོ།། ཤིང་གི་བྱུང་སྟེ་སྡོང་པོའི་ནང་དུ་སོང་ངོ་།། སྡོང་པོའི་ནང་ནས་བྱུང་སྟེ། ཡལ ་ག་དང་ལོ་མ་ཀུན་ཏུ་སོང་ངོ་།། ཡལ་ག་དང་ལོ་མའི་ནང་ནས་བྱུང་སྟེ། མེ་ཏོག་དང་འབྲས་བུའི་ནང་ཀུན་ཏུ་སོང་ངོ་།། ཤིང་དེའི་མེ་ཏོག་ནི་དཀར་པོ་དང་། ལེབ་རྒན་དམར་པོ་དང་། མཐོང ་ཐིང་དང་། སེར་པོ་སྟེ། དེའི་འབྲས་བུ་ཡང་མ་སྨིན་གྱི་བར་དུ་ཁ་དོག་རྣམ་པ་བཞི་དང་ལྡན་ནོ།། སྟོན་གྱི་དུས་སུ་སྨིན་ནས་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། འོད་ཟེར་དེས་ཉན་ཐོས ་ཆེན་པོ་རྣམས་སྣང་བར་བྱས་ནས། གཞན་ཡང་སྤྱོད་ཡུལ་ཆད་མེད་པ་བརྒྱ་སྟོང་རྙེད་མངོན་པར་སྟོན་ཏོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུ་མཐོང་བ་དེ་ནི ་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དགེ་སློང་དག་གང་ཞིག་ཏིང་འཛིན་འདི་ལ་ཞུགས་པའི་ཚེ། ལུས་ཆུ་ཤིང་གི་སྡོང་པོ་དང ་འདྲ་བར་སྙིང་པོ་མེད་པས། ཏིང་འཛིན་ལས་བྱུང་བའི་ཚེ། ལུས་དང་ཚིགས་ཀུན་བརྩེ་ཞིང་ནའོ།། གལ་ཏེ་དེ་ལ་སྨན་གྱིས་མ་གསོས་ན་སྙོས་ཏེ་ཤི་བར་འགྱུར་གྱིས་གསོ་བར་བྱའོ།། གང ་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན། བསྐལ་པ་གྲངས་མེད་པའི་འཁོར་བའི་སྡིག་པ་ལྕི་བ་ཀུན་འབྱང་ཞིང་། ཆུ་བོ་ཆེན་པོ་ལྟར་རིང་པོར་མི་ཐོགས་པར་དགྲ་བཅོམ་པར་འགྱུར་རོ།། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ངའི་གསུང་རབ་ཡང་དག་པ་འདི་མ་བརྗེད་མ་ཉམས་པར་དགེ་སློང་རྣམས་ལ་རྒྱས་པར་ཤོད་ཅིག ་སྟོན་ཅིག། དེ་སྐད་ཅེས་གསུངས་པ་ན་དགེ་སློང་ལྔ་བརྒྱ་རྣམས་ཏིང་འཛིན་ཆེན་པོ་བཞི་དང་། དགེ་སྦྱོང་གི་འབྲས་བུ་བཞི་ཡང་ཐོབ་པར་གྱུར་ཏོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི ་ཐུགས་ཀའི་དཔལ་བེའུའི་རི་མོ་དང་། གཡུང་དྲུང་གི་མཚན་དང་སྐུའི་མཆན་ཁུང་གི་ཡིད་བཞིན་གྱི་ནོར་བུའི་མཚན་གྱི་འོད་ལ་བརྟག་ན། དེ་དག་ཀུན་ལས་འོད་ཟེར་འབྱུང་བ་ནི་ཁ་དོག ་ལེབ་རྒན་དང་རྨུག་པོ་སྟེ། དེ་དག་གི་དབུས་ན་གསེར་གྱི་མེ་ཏོག་ཤིན་ཏུ་རྒྱས་པ་ཡོད་དོ།། གསེར་གྱི་མེ་ཏོག་དེ་ཡང་གྲངས་མེད་པའི་ཁྲི་ཕྲག་དུ་མར་གྱུར་ཏེ། མེ་ཏོག་དེ་རེ་རེ་ལ་ཡང ་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་ཁྲི་ཕྲག་བརྒྱ་སྟོང་དུ་མ་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱས་དང་། ག་རེ་རེས་ཀྱང་འོད་ཟེར་སྟོང་སྟོང་འགྱེད་དོ།། འོད་དེ་རེ་རེ་ལ ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་སྟེ། དེ་ཡང་འོད་ཟེར་ཁ་དོག་རྣམས་པ་ལྔ་ལྔ་དང་ལྡན་ནོ།། སེམས་ཅན་གང་དག་འོད་དེས་རེག་པར་གྱུར་ན། སྨྱོས་པ་རྣམས་ནི་དྲན་པ་རྙེད་པར་གྱུར ་ཏོ།། དྲན་པ་ཁྲུགས་པ་རྣམས་ནི་ཏིང་འཛིན་ཐོབ་པར་གྱུར་ཏོ།། རྣ་བ་རྣམས་ནི་སོས་ཤིང་བདེ་བར་གྱུར་ཏོ།། དབུལ་ཕོངས་པ་རྣམས་ནི་རིན་པོ་ཆེ་རྙེད་པར་གྱུར་ཏོ།། ལོང་བ་རྣམས་ནི ་མིག་མཐོང་བར་གྱུར་ཏོ།། འོན་པ་རྣམས་ནི་སྒྲ་ཐོས་པར་གྱུར་ཏོ།། ལྐུགས་པ་རྣམས་ནི་སྒྲ་ཤེས་པར་གྱུར་ཏོ།། ཞྭ་འཐེང་བ་རྣམས་དང་། གཡན་པ་ཅན་དང་། མཛེ་ཤུ་ཅན་རྣམས། ་ཀྱང་སོས་ཤིང་བྱང་བར་གྱུར་ཏོ།། དེ་ནས་འོད་ཟེར་དེ་ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་སྤྱི་གཙུག་ཏུ་ཞུགས་པར་གྱུར་ཏོ།། སངས་རྒྱས་རྣམས་ཀྱི་ཐུགས་ཁའི་རི་མོ་གཡུང་དྲུང་ལས་ཀྱང་། ་འོད་ཟེར་བརྒྱ་སྟོང་དུ་མ་སྙེད་འབྱུང་ངོ་།། འོད་ཟེར་དེ་རེ་རེ་ལ་ཡང་ཚིགསུ་བཅད་པའི་སྒྲ་དབྱངས་བརྒྱ་སྟོང་དུ་མ་འབྱུང་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པའི་སྒྲའོ།། དེ་ལྟར་འོད་ཟེར ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པའི་ཚིག་སུ་བཅད་པའི་སྒྲ་ནི་གྲངས་མེད་པ་སྙེད་དོ།། རྣལ་འབྱོར་ཅན་དེ་དེ་ལྟར་སངས་རྒྱས་ཆད་མེད་པ་རྣམས་ཀྱིས་ཆོས་བཤད་པ་ཐོས་པ་དང་། ་སྤྲུལ་པའི་སངས་རྒྱས་དེ་རེ་རེས་ཀྱང་སྤྲུལ་པའི་མི་རབ་ཏུ་མཛེས་པ། བྱམས་པའི་གཟུགས་དང་འདྲ་བ་རེ་རེ་སྤྲུལ་ནས། རྣལ་འབྱོར་ཅན་གྱི་སེམས་སྤྲོ་བར་བྱ་བའི་ཕྱིར། སྤྲུལ ་པོའི་མི་དེ་དག་གིས་ཀྱང་འདི་སྐད་དུ་ཤིན་ཏུ་ལེག་སོ།། རིགས་ཀྱི་བུ་སེམས་རྩེ་གཅིག་ཏུ་ཡིད་ལ་བྱས་ཏེས། སངས་རྒྱས་ཀྱི་འོད་ཟེར་མཐོང་བར་གྱུར་ཏེ། སངས་རྒྱས་ཀྱི ་འོད་ཟེར་ལས་མཚན་མ་མེད་པའི་སྦྱིན་པ་བཤད་པ་དང་། མཚན་མ་མེད་པའི་ཚུལ་ཁྲིམས་བཤད་པ་དང་། མཚན་མ་མེད་པའི་བཟོད་པ་བཤད་པ་དང་། མཚན་མ་མེད་པའི་བརྩོན། ་འགྲུས་བཤད་པ་དང་། མཚན་མ་མེད་པའི་བསམ་གཏན་བཤད་པ་དང་། མཚན་མ་མེད་པའི་ཤེས་རབ་བཤད་པ་ལ་ཁྱོད་སྐྲག་པར་མ་བྱེད་ཅིག། འདི་ནི་འདས་པའི་སངས་རྒྱས ་རྣམས་ཀྱིས་ཀྱང་འདི་ལྟར་ཡིད་ལ་བྱས་པས། ཆོས་འདི་གནས་པར་གྱུར་ཏེ། དེའི་མཚན་ཉིད་ཀྱང་མཁྱེན་པར་གྱུར་ཏོ།། དེའི་མཚན་ཉིད་མཁྱེན་པས་འཁོར་བའི་མཐས་མི ་བསྙེངས་ཏེ། དམྱལ་བ་ཆེན་པོའི་གནས་ན་བཞུགས་ཀྱང་མཚམས་མེད་པའི་དམྱལ་བའི་བསྐལ་པ་ཆེན་པོས་ཀྱང་ཚིག་པར་མི་འགྱུར་རོ།། དམྱལ་བ་རྣམས་ཀྱི ་དོན་དུ་དམྱལ་བའི་གནས་ན་བཞུགས་ཀྱང་ལྷའི་ཕོ་བྲང་ན་བཞུགས་པ་དང་འདྲ་སྟེ། དེ་བས་ན་ཐུགས་ཁའི་རི་མོ་དཔལ་བེའུའི་མཚན་ནི་ཡང་དག་པའི་མཚན་གྱི་ཕྱག་རྒྱ་ཞེས་བྱའོ། ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གྲངས་མེད་པ་དཔག་ཏུ་མེད་པ་ཚད་མེད་པའི་བར་དུ་ཕྱག་རྒྱ་འདི་བསླབས་པས། འཁོར་བའི་མཐས་མི་བསྙེངས་ཤིང་འདོད ་པ་རྣམ་པ་ལྔ་ལ་མཆོག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་དག་གང་གིས། ་སངས་རྒྱས་ཀྱི་ཐུགས་ཁའི་འོད་ཟེར་གྱི་མཚན་མཐོང་བ་དེ་ནི། བསྐལ་པ་ཁྲི་ཕྲག་བཅུ་གཉིས་ཀྱི་འཁོར་བའི་ཉེས་པ་རྣམས་ཡོངསུ་སྤོང་བར་འགྱུར་རོ།། གལ་ཏེ་ཐུགས ་ཁའི་མཚན་ལ་བརྟགས་ཏེ་གསལ་བར་མི་མཐོང་ན། མཆོད་རྟེན་གྱི་ནང་དུ་སོང་ལ་རྟོགས་ཤིག། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག ་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཕྱག་དར་གྱི་མཚན་གྱི་འོད་ཟེར་ལ་བརྟགས་པ། ་ཞེ་ན། དེ་བཞིན་གཤེགས་པའི་ཕྱག་ངར་ཟླུམ་ཞིང་དྲང་ལ་རིང་བ་ནི་བལ་གླང་གི་རྒྱལ་པོའི་སྣ་ལྟ་བུའི་མཚན་དང་། ཕྱག་སོར་བཅུའི་བར་མཚམས་འབྲེལ་པ་དང་། ཕྱག་མཐིལ ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་དེ་དག་ཀུན་ལས་སོ་སོ་ནས་འོད་ཟེར་བརྒྱ་སྟོང་སྙེད་འབྱུང་སྟེ། འོད་ཟེར་དེ་གཅིག་ཅིང་ཡང་རྣམ་པ་སྟོང་སྟོང་དང་ལྡན་ཞིང་ལེབ ་རྒན་གྱི་ཁ་དོག་ལྟ་བུའོ།། དེ་ལྟར་འོད་ཟེར་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་འོད་ཀྱིས་སྣང་བར་བྱསོ།། སྣང་བར་བྱས་ནས་འོད་དེ་གསེར་གྱི་ཆུ་ལྟ་བུར་གྱུར ་ཏེ། གསེར་གྱི་ཆུ་དེའི་ནང་ན་ཤེལ་གྱི་ཁ་དོག་ལྟ་བུའི་ཆུ་བཟང་པོ་ཞིག་ཀྱང་ཡོད་དེ། ཡི་དྭགས་རྣམས་ཀྱིས་མཐོང་ན་ཚ་བཞི་ཞིང་རབ་ཏུ་བསིལ་བར་གྱུར་ཏོ།། བྱོལ་སོང་རྣམས ་ཀྱིས་མཐོང་ན་སྔོན་གྱི་གནས་དྲན་པར་གྱུར་ཏོ།། བལ་གླང་སྨིས་པསྲ་ནི་སེང་གེའི་རྒྱལ་པོ་ལྟ་བུར་མཐོང་ངོ་།། སེང་གེ་དེའི་རྒྱལ་པོས་ནི་ན་མཁའ་ལྡིང་གི་རྒྱལ་པོ་ལྟ་བུར ་མཐོང་ངོ་།། ཀླུ་རྣམས་ཀྱིས་ཀྱང་ན་མཁའ་ལྡིང་གི་རྒྱལ་པོ་ལྟ། བུར་མཐོང་སྟེ། བྱོལ་སོང་དེ་དག་གིས་སོ་སོ་ནས་བླ་མར་གྱུར་པར་མཐོང་ནས། འཇིགས་ཤིང་སྐྲག་པ ་སེམས་སྐྱེས་ཏེ་ཐལ་མོ་སྦྱར་ནས་སྟི་སྟང་བྱེད་དོ།། སྟི་སྟང་དུ་བྱས་པས་ཚེ་འཕོས་མ་ཐག་ཏུ་མཐོ་རིས་ཀྱི་ལྷར་སྐྱེསོ།། མི་རྣམས་ཀྱིས་ནི་ཚངས་པའི་རྒྱལ་པོ་འམ། ཉི་ཟླ་འམ། གཟའ ་སྐར་ལྟ་བུར་མཐོང་སྟེ། མཐོང་ནས་རབ་ཏུ་དགའོ།། དེ་ནས་ཚེ་འཕོས་ནས་དགའ་ལྡན་གནམ་གྱི་ལྷར་སྐྱེསོ།། རྣལ་འབྱོར་ཅན་གྱིས་མཐོང་ན་སེམས་ཀྱི་མིག་དབྱེ་ཞིང་། ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ན། སྤྲུལ་པའི་སངས་རྒྱས་ཀྱིས་ཡོངསུ་གང་བར་མཐོང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་གིས་སོ་སོ་ནས་ཕྱག་ལས་འོད་ཟེར་བཀྱེ་སྟེ། རྣལ ་འབྱོར་ཅན་གྱི་མིག་ལ་རེག་པར་བྱས་པས། མིག་དེ་ཕྱི་འམ་བཙུམས་ཀྱང་སངས་རྒྱས་མང་པོ་དག་མཐོང་ཞིང་། བདག་གིས་ལུས་ཀྱང་རིན་པོ་ཆེའི་བུམ་པའི་ན ་དུ་མི་གཙང་བས་གང་བ་དང་འདྲ་བར་མཐོང་ངོ་།། གང་གིས་དེ་ལྟ་བུར་མཐོང་བ་ནི་མངོན་པར་ཤེས་པ་དྲུག་ཐོབ་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས ་ཅད་ལ་མཐར་གྱིས་བསྙེན་བཀུར་བྱེད་པར་གྱུར་ཏེ། སངས་རྒྱས་དེ་དག་སོ་སོ་ནས་ཕྱག་གི་འོད་བཀྱེ་བ་ཡང་གོང་མ་བཞིན་དུ་མཐོང་བར་གྱུར་ཏོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། ་གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གྲང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས ་པའི་སྐུ་ལྟེ་བའི་མཚན་གྱི་འོད་ཟེར་ལ་རྟོག་ཞེ་ན། དེ་བཞིན་ག་ཤེགས་པའི་སྐུ་ལྟེ་བའི་མཚན་ལ་རིན་པོ་ཆེའི་པད་མོ་ཁྲི་ཕྲག་དུ་མ་ཡོད་དོ།། རིན་པོ་ཆེའི་པདྨོ་དེ་རེ་རེ་ལ ་ཡང་མདབ་མ་ཁྲི་ཕྲག་དུ་མ་ཡོད་དོ།། འདབ་མ་དེ་རེ་རེ་ལ་ཡང་ཁ་དོག་ཁྲི་ཕྲག་དུ་མ་ཡོད་དོ།། ཁ་དོག་དེ་རེ་རེ་ལ་ཡང་འོད་ཟེར་ཁྲི་ཕྲག་དུ་མ་ཡོད་དེ། མཚན་འདི་བསྟན་པའི་ཚེ ་ན་འཁོར་མང་པོ་ཐམས་ཅད་ཅིས་དེ་བཞིན་གཤེགས་པའི་ཐུགས་ཀྱི་མཚན་རྣམས་ཀྱང་མཐོང་ངོ་།། དེ་བཞིན་གཤེགས་པའི་ཐུགས་ནི་པདྨོ་ལེབ་རྒན་ལྟ་བུ་སྟེ། པདྨོ་ལེབ་རྒན ་དེ་ལ་གསེར་གྱི་པདྨོའི་འོད་ཀྱིས་འཚེར་བར་བྱེད་ཅིང་། རིན་པོ་ཆེ་ཁ་དོག་དམུགས་པོ་འོད་ཀྱིས་ཀྱང་སྤྲསོ།། བཻ་ཌཱུཪྻ་དམ་པའི་སྦུབས་ལྟ་བུ་སངས་རྒྱས་ཀྱི་ཐུགས་ཁ་ནས་འོད་དང ་བཅས་པས་འབྱུང་ཞིང་། སངས་རྒྱས་ཀྱི་སྐུའི་འོད་ཟེར་གྱི་ནང་ནས་ཡང་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་དུ་མ་འཆག་ཅིང་གཤེགས་པར་མཛ་དྲག་། སངས་རྒྱས་ཀྱི་བུ་ལྟེ་བའི་འོད ་འབྱུང་བ་ནི། རབ་ཏུ་ཆེ་སྟེ་རི་རབ་ལྷུན་པོ་ལྟ་བུའོ།། འོད་དེའི་བར་བར་ན་རིན་པོ་ཆེ་རི་ཚད་མེད་པ་ཡོད་པ་ཡང་རི་རབ་ལྷུན་པོ་ལྟ་བུ་སྟེ། པདྨོ་དེ་དག་གི་སྟེང་ན་ཡང་སྤྲུལ་པའི་སངས ་རྒྱས་མང་པོ་བཞུགས་ཏེ། དེ་དག་ཀྱང་ཡིད་དུ་འོང་ཞིང་མཛེས་པ་ནི་རི་རབ་ལྷུན་པོ་དང་འདྲའོ།། སྤྲུལ་པའི་སངས་རྒྱས་དེའི་འོད་ཟེར་ཀྱང་རྣམ་པ་སྟོང་སྙེད་དོ།། འོད་དེའི་ཁ་དོག ་ཀྱང་སྟོང་ཕྲག་བཅུ་སྙེད་དེ། སྟོང་ཕྲག་བཅུ་པོ་དེ་ལས་འོད་རྣམ་པ་ཁྲི་ཕྲག་བཅུར་འཕྲོས་སོ།། ཁྲི་ཕྲག་དེ་གཅིག་གིས་ནི་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར ་བྱསོ།། ཁྲི་ཕྲག་གཅིག་གིས་ནི་བླ་མའི་ཕྱོགས་ཀུན་སྣང་བར། བྱསོ།། ཁྲི་ཕྲག་གཅིག་གིས་ནི་ཤར་ཕྱོགས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་ལྷོ་ཕྱོགས ་སྡང་བར་བྱའོ།། ཁྲི་ཕྲག་གཅིག་གིས་ནི་ནུབ་ཕྱོགས་སྣང་བར་བྱའོ།། ཁྲི་ཕྲག་གཅིག་གིས་ནི་བྱང་ཕྱོགས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་ཤར་ལྷོའི་ཕྱོགས་མཚམ ་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམས་སྣང་བར་བྱའོ།། ཁྲི་ཕྲག་གཅིག་གིས་ནི་ནུབ་བྱང་གི་ཕྱོགས་མཚམས་སྣང་བར་བྱསོ།། ཁྲི་ཕྲག ་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམས་སྣང་བར་བྱས་ཏེ། དེ་བཞིན་དུ་ཕྱོགས་བཅུར་པདྨོ་རྣམས་ཀྱང་སྡང་བར་གྱུར་ཏོ།། པདྨོ་ནང་གི་ཆུ་དུན་ཡང་རི་རབ་ལྷུན་པོ་སྟོང ་། ཕྲག་བརྒྱ་སྟོང་རྙེད་དང་མཉམ་སྟེ། པདྨོ་རི་རབ་ལྟ་བུ་དེའི་སྟེང་ན་ཡང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱ་སྙེད་དོ།། བྱང་ཆུབ་སེམས་དཔའ་ལུས་ནང ་གི་ཆུ་དུན་ཡང་རི་རབ་ལྷུན་པོ་དང་མཉམ་མོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་ལྟེ་བ་ནས་ཀྱང་པདྨོ་ཆེན་པོ་རེ་རེ་སྐྱེས་ཏེ། པདྨོ་དེས་ཀྱང་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངསུ་ཁེབ་སོ།། པདྨོ་དེ་དག་ཀུན་ཁ་བྱེ་བ་ནས་སོ་སོ་ནས་འཛམ་བུ་གླིང་གི་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་དང་ལྡན་ནོ།། གསེར་གྱི་འོད ་དེ་རེ་རེ་ལས་ཀྱང་རྡུལ་ཕྲ་རབ་སྙེད་ཀྱི་སྤྲུལ་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དག་བྱུང་ངོ་།། ཤཱཀྱ་ཐུབ་པ་དེ་རེ་རེའི་སྐུ་ལྟེ་བ་ནས་འོད་ཟེར་ཆེན་པོ་བཀྱེ་བ་ཡང་གོང་མ་བཞིན་ནོ།། ་དེ་ལྟར་འོད་ཟེར་མང་པོ་འདུས་པ་ལས་འོད་ཟེར་གྱི་ཁ་ང་པ་བརྩེགས་པར་གྱུར་ཏེ། འོད་ཟེར་གྱི་ཁང་པ་བརྩེགས་པ་དེ་ལ་སྤྲུལ་པའི་སངས་རྒྱས་གང་གའི་ཀླུང ་གི་བྱེ་མ་སྙེད་བཞུག་སོ།། སངས་རྒྱས་དེ་དག་འདབ་ཆགསུ་བཞུགས་ཏེ། དེ་དག་ཀུན་གྱི་སྐུའི་ལྟེ་བ་ནས་ཀྱང་འོད་ཟེར་བཀྱེ་ནས། འོད་ཟེར་རབ་ཏུ་འབར་བ་དེས་བླ་མའི་ཕྱོགས ་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱའོ།། སྣང་བར་བྱས་པའི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྟེ། ་དོ། འཇིག་རྟེན་གྱི་ཁམས་དེ་དག་ན་བཻ་ཌཱུཪྻ་དང་ཤེལ་ལས་བྱས་པའི་བྲག་ཕུག་གྲངས་མེད་པ་ཡོད་དེ། བྲག་ཕུག་དེ་དག་སོ་སོའི་ནང་ན་ཡང་། སངས་རྒྱས་ཁྲི་ཕྲག ་ཚད་མེད་པ་སྙེད་བཞུག་སོ།། སངས་རྒྱས་དེ་དག་གི་སོ་སོའི་ལྟེ་བ་ནས་ཀྱང་པདྨོ་ཆེན་པོ་རེ་རེ་སྐྱེས་པ་ཡང་སྔ་མ་བཞིན་ནོ།། པདྨོ་དེ་ལས་ཀྱང་འོད་ཟེར་ཆེན་པོ་བྱུང་སྟེ། འོད་ཟེར་དེ ་དག་གིས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རེག་པ་དང་། དེ་མ་ཐག་ཏུ་དཔའ་བར་འགྲོ་བའི་ཏིང་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་སྙོམས་པར་བཞུགས ་བར་འགྱུརརོ།། འོད་དེས་ཁམས་གསུམ་གྱི་ལྷ་རྣམས་ལ་རེག་པ་ན་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། སེམས་ཀྱི་མིག་ཤིན་ཏུ་གསལ་བར་གྱུར།། སངས ་རྒྱས་ཀྱི་མཚན་བཟང་པོ་ཀུན་མཐོང་བར་འགྱུར་རོ།། འོད་ཟེར་དེས་བྱང་ཆུབ་སེམས་དཔའ་རྣམས་ལ་རེག་པའི་ཚེ་ན། བྱང་ཆུབ་སེམས་དཔའ་དེ་དག་གི་བ་སྤུའི་བུ་ག་ཀུན ་ནས་མཆོད་པའི་གདུགས་ཀྱི་སྤྲིན་གྲངས་མེད་པ་སྙེད་ད་། མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་འབྱུ་ང་ངོ་།། དེ་ལས་བྱུང་བའི་གདུགས་ནང་གི་ཆུང་ངུ་ཡང ་འཛམ་བུའི་གླིང་གི་འཇིག་རྟེན་ཁེབ་སོ།། རིན་པོ་ཆེའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་འབྱུང་བ་ནི་བཤད་ཀྱིས་མི་རྫོགས་བརྗོད་ཀྱིས་མི་ལང་སྟེ། མཆོད་པའི་ཡོ་བྱད ་དེ་དག་ཐམས་ཅད་འབྱུང་བ་ཡང་དཔའ་བར་འགྲོ་བའི་ཏིངངེ་འཛིན་གྱི་རྒྱ་མཚོ་ལས་བྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འམ། རིགས ་ཀྱི་བུ་མོ་གང་གིས་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པའི་ཚེ་ན། དེ་བཞིན་དུ་ཡིད་ལ་འདུ་ཤེས་པ་དང་། དངོས་པོ་དེ་དག་རྨི་ལམ་དུ་མཐོང་ཡང་རུང་སྟེ། སྐྱེ་བའི་གནས ་། ཐམས་ཅད་དུ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་གནོན་ནུར་གྱུར་པ་དང་། རྟག་ཏུ་ཕྲད་པར་འགྱུརརོ།། རྣལ་འབྱོར་ཅན་དེའི་རྨི་ལམ་དུ་ཡང་འདས་པ་དང་། ་མ་བྱོན་པ་དང་། ད་ལྟར་བཞུགས་པ་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཆོས་འཆད་པ་དང་། དཔའ་བར་འགྲོ་བའི་ཏིང་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་། སྒྱུ་མ ་ལྟ་བུའི་ཏིང་འཛིན་གྱི་རྒྱ་མཚོ་འཆད་དོ།། གཉིད་སད་ནས་ཀྱང་ཡིད་ལ་དྲན་ཞིང་མི་བརྗེད་དོ།། གང་ཟག་དེ་ཚེ་འདི་ཉིད་ལ་ལྷ་མོ་བཀྲ་ཤིས་མས་གཡོགས་བྱེད་པར་འགྱུར། ་ཞིང་། བསྐལ་པ་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུརརོ།། དེ་ལ་དེ་ལྟར་བལྟ། བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག། ་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། འོད་ཟེར་དེ་འབུམ་ཕྲག་གཅིག་གིས་ནི་འོག་མའི་ཕྱོགས་འཛམ་བུའི་གླིང་གི་ཆུའི ་ཁ་དོག་ལྟ་བུར་སྣང་བར་བྱས་ནས། ཆུ་དེ་དག་གི་ནང་ན་རིན་པོ་ཆེའི་ཡང་ཐོག་གང་གའི་ཀླུང་གི་བྱེ་མ་སྙེད་མང་པོ་ཡོད་དོ།། རིན་པོ་ཆེའི་ཡང་ཐོག་དེ་དག་གི་དྲུང་ན་རིན་པོ ་ཆེའི་མཁར་དྲི་ཟའི་གྲོང་ཁྱེར་ལྟ་བུ་དག་ཀྱང་ཡོད་དོ།། རིན་པོ་ཆེའི་ཡང་ཐོག་དེའི་སྟེང་ན་རིན་པོ་ཆེའི་ཤིང་ཆེན་པོ་འོད་རབ་ཏུ་འབར་བ་ཞིག་ཡོད་དེ། ཤིང་དེའི་ཡལ་ག ་དང་། ལོ་མ་ལས་མེ་འབར་ཏེ། མེའི་དཔལ་གྱིས་ས་གཞི་དེ་ཉིད་ཀྱི་བླ་འོག་དང་། ཕྱོགས་མཚམས་ཀུན་ཚིག་སྟེ། ས་གཞི་དེ་ཉིད་ཆུ་དང་འདྲ་བའི་བཻ་ཌཱུརླར་གྱུར་ཏོ།། བེམྦུ་། ་ཐུ་སྤྱོ་གཱའི་ལུས་བ་ད་རྗེ་དག་གན་གསེར་གྱི་འཛིན་ལྟ་དུང་སྣང་བར་བྱའོ།། ཀླུ་རྣམས་ཀྱིས་ཡུས་སྤྲུག་པའི་ཆེན། འི་བ་ཐུག་ཐམས་ཅད་ན ་བུ་དེའི་འོད་ཟེར་གྱིས་ཀླུའི་ལུས་དང་ཤིང་དེ་དག་ཀུན་གསེར་གྱི་ཁ་དོག་ལྟ་བུར་སྣང་བར་བྱསོ།། ཀླུ་རྣམས་ཀྱིས་ལུས་སྤྲུག་པའི་ཚེ་ན། ཀླུའི་བ་སྤུའི་བུ་ག་ཐམས་ཅད་ནས་གསེར ་གྱི་ཁ་དོག་ལྟ་བུའི་འོད་ཟེར་འབྱུང་ཞིང་། འོད་ཟེར་དེས་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ལས་འདས་ནས། འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས ་ཚད་མེད་པ་སྙེད་ཀྱང་གསེར་གྱི་ཁ་དོག་ལྟ་བུར་སྣང་བར་བྱསོ།། གསེར་གྱི་ཁ་དོག་ལྟ་བུར་གྱུར་པའི་ས་གཞིའི་སྟེང་ན། རྡོ་རྗེའི་པདྨོ་སྐྱེས་ཏེ། རྡོ་རྗེའི་པདྨོའི་སྟེང་ན་ལྷ་མོ་གསེར་གྱི ་མདོག་ཅན་རེ་རེ་ཡོད་དོ།། ལྷ་མོ་དེ་རེ་རེ་ལ་ཡང་འཁོར་ལྟ། མོ་འོད་ཟེར་ཅན་བརྒྱ་སྟོང་སྙེད་ཡོད་དོ།། ལྷ་མོ་དེ། ངག་ཀུན་ཀྱང་བྱམས་པའི་སེམས་ཀྱི་ཏིང་འཛིན་གྱི་རྒྱ་མཚོ ་བསྔགས་ཤིང་སྒྲོག་སོ།། བསྔགས་པའི་སྒྲས་འོག་མའི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་གྲོང་ཁྱེར་སེར་སྐྱ་ལ་ཐུག་གི་བར་དུ་འབྲུག་གི་སྐད་དང་འདྲ་བར་གྲངས་པར་གྱུར་ཏོ།། བྱམས་པའི ་སེམས་བསྔགས་པའི་ཚིགས་གི་སྒྲ་དེ་གྲགས་པའི་ཚེན། ཀླུ་རྣམས་ཀྱི་བ་སྤུའི་ཐོག་མ་རེ་རེ་ལས་རིན་པོ་ཆེའི་སྤྲིན་རྣམས་བྱུང་སྟེ། རིན་པོ་ཆེའི་སྤྲིན་དེ་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང ་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཡོད་པར་གྱུར་ཏོ།། ཞིང་དེ་རེ་རེ་ན་ཡང་སྤྲུལ་པའི་སངས་རྒྱས་རྡུལ་ཕྲ་མོའི་གྲངས་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ ་ནས་འོད་ཟེར་གོང་མ་དང་འདྲ་བ་འགྱེད་དོ།། འོད་ཟེར་དེ་དག་བྱུང་བའི་ཚེ་ན། འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་གསེར་གྱི་རི་བརྒྱ་སྟོང་སྙེད་ཡོད་པར་གྱུར། ་ཏོ། གསེར་གྱི་རི་དེ་དག་ལ་རིན་པོ་ཆེའི་བྲག་ཕུག་ཁྲི་ཕྲག་དུ་མ་ཡོད་པར་གྱུར་པཱ་ནི། ཇི་ལྟར་སྤྲིན་ཆེན་པོ་འདུས་པ་ལྟ་བུའོ།། རིན་པོ་ཆེའི་བྲག་ཕུག་དེ་དག་གི་ནང་ན་སྤྲུལ་པའི་སངས ་རྒྱས་སྐུའི་ཁ་དོག་དཀར་པོ་བཞུགས་ཏེ། འཁོར་ཡང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཁ་དོག་དཀར་པོ་ཤ་སྟག་གོ། རིན་པོ་ཆེའི་བོག་རི་གསེར་བཙོ་མའི་མདོག་ཅན་ལ ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རྣམ་པར་སྤྲས་པ་དག་སངས་རྒྱས་ཀྱི་སྐུའི་གཡས་གཡོན་ན་ཡོད་དོ།། གཞན་ཡང་རིན་པོ་ཆེའི་གདུགས་དམ་པ་རི་རབ་ལྷུན་པོ་དང་མཉམ་པ་དང ་རིན་པོ་ཆེའི་མཁར་དྲི་ཟའི་གྲོང་ཁྱེར་ལྟ་བུ་ཚད་མེད་པ། ཡོད་དོ།། རིན་པོ་ཆེའི་གདུགས་དེ་རེ་རེའི་བར་ན། འོད་ཟེར་བརྒྱ་སྟོང་དུ་མ་སྙེད་འཁྱིལ་ཅིང་འབྱུང་ངོ་།། འོད་ཟེར་དེ ་དག་ལས་སེང་གེའི་ཁྲི་འབུམ་ཕྲག་དུ་མ་ཡོད་དེ། སེང་གེའི་ཁྲི་དེ་དག་རེ་རེའི་སྟེང་ན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུག་སོ།། ་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་རྣམས་ཀྱི་བ་སྤུའི་བུ་ག་ཀུན་ནས་འོད་ཟེར་གྲངས་མེད་པ་འགྱེད་དེ། འོད་ཟེར་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་བཞུག་སོ།། སངས་རྒྱས ་དེའི་སྐུ་དྲང་ལ་རིན་པ་ནི་རི་རབ་ལྷུན་པོ་དང་མཉམ་མོ།། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་ཚིག་སུ་བཅད་པ་བརྒྱ་སྟོང་སྙེད་ཀྱིས་སྲོག་མི་གཅོད་པའི་ལེགས ་བ་དང་བསྔགས་པ་བརྗོད་དེ། ཐོག་མི་གཅོད་པ་ནི་བྱམས་པའི་རྩ་བའོ།། ཁྱམས་པ་ནི་སྨན་དམ་པ་སྟེ། འཁོར་བའི་ཉེས་པ་ཡོང་སུ་སྤོང་བའོ།། བྱམས་པ་ནི་མིག་ཡོང་སུ་དག་པ་སྟེ ་ལྷ་དང་མིའི་ལམ་ཡོངསུ་སྟོན་པའོ།། ཞེས་སྤྲུལ་པའི་སངས་རྒྱས་དེ་དག་ཀུན་གྱིས་བྱམས་པའི་སེམས་ཀྱིས་བསྔགས་པ་བརྗོད་ནས། སོ་སོ་ནས་འདི་ལྟ་བུའི་སྤྲུལ་པ་དག་མཛད་དེ། ་བཻཌཱུཪྻའི་རི་ཚད་མེད་པ་སྤྲུལ་ནས། རི་དེ་ལ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་རེ་རེ་ལ་ཡང་འཁོར་ཚངས་པའི་རྒྱལ་པོ་ཁྲི་ཕྲག་དུ ་མ་སྙེད་ཀྱིས་བསྐོར་ཅིང་། རྣལ་འབྱོར་ཅན་གྱི་དྲུང་དུ་ལྷགས་ནས། རིན་པོ་ཆེའི་རི་ལས་གསུང་སྐད་འཐུན་པར་ཚིག་འདི་སྐད་དུ་ཆོས་འཆད་དོ།། ཀྱེ་རིགས་ཀྱི་བུ་ཁྱོད་སངས་རྒྱས ་རྗེསུ་དྲན་པའི་ཏིངངེ་འཛིན་གྱི་རྒྱ་མཚོས་བྱམས་པ་ལ་ན་ན་ཏན་ཆེན་པོ་བྱའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱམས་པའི་སེམས་ཀྱིས་སངས ་རྒྱས་ཀྱི་བློ་གྲོས་ཆེན་པོ་བརྙེས་པར་གྱུར་ཏོ།། ཁྱོད་ཀྱང་སྲོག་མི་གཅོད་པའི་ཁྲིམས་ཡོངསུ་སྲུང་ཞེས་བྱམས་པ་དང་། སྙིང་རྗེ་ཆེན་པོ་ལ་ནན་ཏན་དུ་བྱའོ།། ཞེས་འཆད་ཅིང ་སྟོན་ཏོ།། དེའི་ཚེ་གང་ཞིག་ལྷ་དང་། ཀླུ་དང་། གནོད་སྦྱིན་གྱི་འཇིག་རྟེན་དུ་བཅས་པ་དེ་དག་ཐམས་ཅད་ལ་འོད་འདིས་རེག་པར་གྱུར་པ་འམ། ཚིག་འདི་ཐོས་པར་གྱུར་པ་དེ ་འདི་ནས་ཚེ་འཕོས་ནས་སྐྱེ་བ་ཕྱི་མར་གདོན་མི་ཟ་བར་ཚངས་པའི་འཇིག་རྟེན་དུ་སྐྱེའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ངའི་གསུངས་རབ་འདི ་མ་བརྗེད་མ་ཉམས་པར་དགེ་སློང་གི་རྣམས་སྤྱོད་དུ་ཆུག་ཤིག། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་གྱུར་པ་གང་ཞིག་ཚིག ་འདི་ཐོས་ནས། ཆོས་འདི་སེམས་ཤིང་ཡང་དག་པར་དྲན་པ་ཡིད་ལ་བྱེད་དམ་སྙོམས་པར་ཞུགས་སམ། ཏིང་འཛིན་ལས་མི་གཡོ་ཞིང་སེམས་ཕྱིར་མི་ནུར་ནས། ཐེག་པ་ཆེན་པོའི ་སེམས་བསྐྱེད་ནས། སྐྱེས་བུ་དེ་རྨི་ལམ་ན་རྟག་ཏུ་འོད་ཟེར་འདི་མཐོང་ཞིང་སྤྲུལ་པའི་སངས་རྒྱས་ཀྱིས་བྱམས་པའི་ཆོས་སྟོན་པ་ཐོས་ཏེ། སད་ནས་ཀྱང་གཟུངསུ་འཛིན་ཅིང་མི ་བརྗེད་པ་དང་། དོན་ཟབ་མོ་པ་ལ་མཁས་པ་དང་། ཆོས་ཉིད་ཀྱི་དོན་ལ་སེམས་པས་བྱམས་པའི་ཏིང་འཛིན་ཡང་ཐོབ་པར་འགྱུརརོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གི་ས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མ་ཐོང་བའོ།། སངས་རྒྱས་ཡོངསུ་མྱ་ངན་ལས་འདས ་ནས། སངས་རྒྱས་ཀྱི་ཉེ་གན་སུ་གྱུར་པ་དག་ཆོས་འདི་སེམས་དཔའ་འམ། འཛིན་པར་གྱུར་པ་དེ་ནི་སེམས་ཡོངསུ་རྣམ་པར་དག་ཅིང་། སངས་རྒྱས་རྣམས་ཀྱི་ཐུགས་དང་འདྲ ་པབར་རིག་པར་བྱའོ།། དེ་ནས་བསྐལ་པ་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར་ལ། རྟག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་ཞིང་། སངས་རྒྱས་རྣམས་དང ་ཕྲད་པ་དང་། ཕྲད་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་པ་དང་། ཆོས་ཐོས་ནས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕྱི་མ་མ་འོངས་པའི་དུས་ན་མངོན་པར་འཚང ་རྒྱ་བར་འགྱུརརོ།། འོད་འབུམ་ཕྲག་གཅིག་གིས་ནི་ཤར་ཕྱོགས་ལོག་སུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱས་ཏེ། ཤར་ཕྱོགས་ཀྱི་ས་གཞི ་ཀུན་དཀར་ཁྱད་གངས་རི་དང་འདྲ་བར་གྱུར་ཏོ།། གངས་ཀྱི་རི་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་དཀར་པོའི་འོད་ཀྱི་སྤྲིན་ལྡིང་ངོ་།། རིན་པོ་ཆེ་དཀར་པོའི་སྤྲིན་གྱི་དབྱིབས་ཀྱང་རིན་པོ ་ཚེའི་ཁང་པ་བརྩེགས་པ་ལྟ་བུ་སྟེ། རིན་པོ་ཆེའི་དྲ་བས་བླ་རེར་བྲེས་ཤིང་། རིན་པོ་ཆེའི་དྲིལ་བུ་ཁྲི་ཕྲག་དུ་མ་དཔྱངསོ།། རིན་པོ་ཆེའི་དྲིལ་བུ་དང་དྲ་བའི་མིག་ནས་འོད་དཀར་པོ་ཁྲི། ་ཕྲག་བཅུ་སྙེད་འབྱུང་ངོ་།། འོད་ཟེར་དཀར་པོ་དེ་དག་ལས་གསེར་བཙོ་མའི་ཁང་པ་བརྩེགས་པ་གྲངས་མེད་པར་གྱུར་ནས། གསེར་གྱི་ཁང་པ་བརྩེགས་པ་དེ་རེ་རེའི་སྟེང་ན་ཡང ་སྤྲུལ་པའི་སངས་རྒྱས་སྟོང་སྟོང་སྙེད་བཞུག་སོ།། སྤྲུལ་པའི་ས་ངས་རྒྱས་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཞི་བཅུ་སྙེད་དོ།། སངས་རྒྱས་དང་བྱང ་སེམས་དཔའ་དེ་དག་ཀྱ་ང་བྱམས་པའི་ཆོས་སྲོག་མི་གཅོད་པ་བསྟོད་ཅིང་བསྔགས་ཏེ། སྟོན་ཅིང་ཆད་པའི་ཚིགསུ་བཅད་པའི་སྒྲ་ཡང་ཁྲི་ཕྲག་སྟོང་སྙེད་དོ།། དེ་ལ་དེ་ལྟར་བལྟ ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་དགའ ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་དག་གང་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན། བསྐལ་པ་འབུམ་ཕྲག ་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུ་རོ།། འོད་ཟེར་འབུམ་ཕྲག་གཅིག་གིས་ནི་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང ་བར་བྱས་ཏེ། དེའི་ས་གཞི་ཀུན་ཀྱང་ཁ་དོག་ལེབ་རྒན་ལ་གསེར་གྱི་འཕྲོ་བར་སྣང་སྟེ། ལེབ་རྒན་ལྟ་བུའི་ཁ་དོག་གི་འོད་ཀྱིས་སྒོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ ་དེ་རིན་པོ་ཆེ་དཀར་པོའི་འོད་ཀྱི་སྤྲིན་ལྟ་བུར་གྱུར་ཏོ།། ཁ་དོག་ལེབ་རྒན་དང་དཀར་པོ་དང་། གསེར་གྱི་འོད་རབ་ཏུ་དབྱེ་ཞིང་སྤྲིན་གྱི་བར་མཚམས་ན་སྤྲུལ་པའི་སངས་རྒྱས་མང ་པོ་བཞུགས་ཏེ། མུ་ཏིག་དཀར་པོའི་ཁ་དོག་དང་བཻཌཱུཪྻ་སྔོན་པོའི་འོད་དང་། གསེར་དམ་པའི་པདྨས་སངས་རྒྱས་ཀྱི་གདན་དུ་གྱུར་ཏོ།། གསེར་གྱི་པདྨོའི་སྟེང་ན་བྱང་ཆུབ་སེམས ་དཔའ་ཁྲི་ཕྲག་བརྒྱ་སྙེད་བཞུགས་ཏེ། ཐམས་ཅད་མཐུན་པ་ཉེར་གསེར་བཙོ་མའི་མདོག་ལྟ་བུའོ།། གཞན་ཡང། ཏེ་རིན་པོ་ཆེའི་འོད་ཟེར་ཁྲི་ཕྲག་བརྒྱ་སྙེད་ཀྱིས་སྤྲིན་དཀར ་པོའི་འོད་ཟིལ་གྱིས་མནན་ཏེ། འོད་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་སྙེད་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀུན་གསུང་འཐུན་པར་སྲོག་མི ་གཅོད་པ་དང་། བྱམས་པ་དང་། སྙིང་རྗེ་ཆེན་པོ་བསྔགས་ཤིང་བསྟོད་དེ་སྒྲོག་སོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། ་གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས ་། རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་གིས་ཆོས་འདི་ཐོས་པ་འམ། ཆོས་འདི་སེམས་པ་འམ། ཆོས་འདི་རྗེསུ་དྲན་པར་བྱས་ན། རྟག་ཏུ་རྨི་ལམ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ ་མཐོང་ཞིང་། བཅོམ་ལྡན་འདས་ཀྱི་སྐུ་ལྟེ་བ་ནས་འོད་ཟེར་ཆེན་པོ་བཀྱེ་བ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། འོད་ཟེར་གྱི་མཚན་ནི་སྔ་མ ་བཤད་པ་བཞི་ནོ།། གང་ཟག་དེ་སྐྱེས་པའི་གནས་ཐམས་ཅད་དུ་མངལ་གྱི་གནས་སྤོང་བར་འགྱུར་ཞིང་། རྟག་ཏུ་ཡོང་སུ་དག་པའི་འཇིག་རྟེན་དུ་སྐྱེ་བ་དང་། མཐོ་རིས་སུ་ཡང། ་རྫུས་ཏེ་སྐྱེ་བར་འགྱུརརོ།། འོད་འབུམ་ཕྲག་གཅིག་གིས་ནི་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ཏེ། འོད་དེའི་ཁ་དོག་ནི་རྣམ་པ་སྣ་ཚོགས་པ ་སྟེ། ཉི་ཟླ་དང་། སྐར་མ་ལྟ་བུའོ།། ཉི་ཟླ་དང་སྐར་མ་ལྟ་བུའི་བར་བར་ན་རིན་པོ་ཆེ་སྣ་བདུན་གྱི་ནོར་བུ་འོད་འབར་བ་གྲངས་མེད་པ་ཡོད་དོ།། ནོར་བུ་དེ་ལ་ལ་ལས་ནི ་འོད་ཟེར་ལྟ་བུའི་ཆུ་འབབ། ནོར་བུ་དེ་ལ་ལ་ལས་ནི་འོད་ཟེར་ལྟ་བུའི་མེ་འབར། ནོར་བུ་དེ་ལ་ལ་ལས་ནི་འོད་ཟེར་ལྟ་བུའི་ཤིང་སྐྱེས་ཏེ། ཤིང་དེ་ཡང་རིན་པོ་ཆེ་སྣ་བདུན་གྱི ་ཤིང་སྟེ། འབྲས་བུ་ནི་རྡོ་རྗེའོ།། ནོར་བུ་དེ་ལ་ལ་ལས་ནི་འོད་ཟེར་ལྟ་བུའི་མེ་ཏོག་གྲངས་མེད་པ་སྐྱེསོ།། ཉི་མ་དང་ཟླ་བའི་འོད་ཀྱི་ནང་ན་ཡང་ལྷའི་གཞལ་མེད་ཁང་དཔག་ཏུ ་མེད་པ་རྣམ་པར་རྒྱལ་བ་ཡོད་དེ། དེ་ན་ཚངས་པའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཚངས་པ་ཀུན་རིས་ཀྱི་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གནསོ།། སྐར་མའི་འོད ་ནང་ནི་དབང་ཕྱུག་གི་གཞལ་མེད་ཁང་དཔག་ཏུ་མེད་པ་ཡོད་དེ། དེ་ན་ཡང་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པོར་སྣང་ངོ་།། ལྷའི ་གཞལ་མེད་ཁང་དེ་གཅིག་གི་ནང་ན་ཡང་ཚངས་པའི་རྒྱལ་པོ་ཁྲི་ཕྲག་བརྒྱ་སྟོང་སྙེད་དོ།། ཚངས་པའི་རྒྱལ་པོ་དེ་རེ་རེ་ལ་ཡང་ལྷའི་འཁོར་གྲངས་མེད་པ་སྙེད་དོ།། དབང་ཕྱུག། ་གི་ལྷ་ཆེན་པོ་ལ་སོགས་པའི་གྲངས་ནི་ཤེས་པར་ཡང་མི་ནུསོ།། རིན་པོ་ཆེའི་ནོར་བུ་རྣམས་ལས་བཻཌཱུཪྻའི་འོད་ཀྱི་ནང་ན་གསེར་བཅོམ་ལྟ་བུའི་གཟུགས་དམ་པ་མཛེས་པར ་སྣང་ཞིང་། གཟུགས་ཀྱི་སྐུའི་དེ་ཡང་རིན་པོ་ཆེ་དཀར་པོའི་གདན་ལ་བཞུག་སོ།། རིན་པོ་ཆེ་དཀར་པོའི་གདན་ལ་མུ་ཏིག་དམར་པོའི་དོ་ཤལ་འཕྱང་ངོ་།། མུ་ཏིག་དམར་པོའི་འོད ་དེའི་ནང་ན་མུ་ཏིག་ལྗང་ཁུའི་ཁ་དོག་ལྟ་བུའི་སྤྲུལ་པའི་སན་ས་རྒྱས་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ། དག་དང་། ལྷ་རྣམས་ཀྱི་གསུང་སྐད་འཐུན་པར་སྲོག ་མི་གཅོད་པ་ལ་ནམ་ཏུ་བྱེད་ཅིང་བྱམས་པ་དང་། སྙིང་རྗེ་ཆེན་པོ་སྤྱོད་པ་ལ་བསྟོད་ཅིང་བསྔགས་པ་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་དེ ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་ཡོངས ་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཉེ་གནས་གྱུར་པ་གང་གིས་ཡིད་ལ་འདུ་ཤེས་སུ་བྱེད་པ་འམ། སེམས་ཀྱིས་ཡང་དག་པར་རྗེསུ་དྲན་པར་བྱས་ན། རྟག་ཏུ་མི ་ལམ་ན་ཡང་སངས་རྒྱས་ཀྱིས་བྱམས་པའི་ཆོས་སྟོན་ཅིང་འཆད་པ་མཐོང་ཞིང་ཐོས་ཏེ། བསྐལ་པ་འབུམ་ཕྲག་དུ་མ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར།། འོད ་འབུམ་ཕྲག་གཅིག་གིས་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། བྱང་ཕྱོགས་ཀྱི་ས་གཞི་དེ་དག་ཀུན་ནི་རིན་པོ་ཆེ་ཨིན་ཏྲ་ནཱི་ལའི་ཁ་དོག ་ལྟ་བུར་གྱུར་ཏེ། དེ་ལ་སྦུར་ལོང་དང་ཤེལ་དཀར་པོ་དང་། མུ་ཏིག་སྣ་ཚོགས་དང་། སྤུག་དང་། བཻ་ཌཱུཪྻ་དང་། གསེར་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་རྣམ་པར ་སྤྲསོ།། རིན་པོ་ཆེ་དེ་རེ་རེ་ལ་ཡང་འོད་ཁྲི་ཕྲག་བཅུ་སྙེད་ཡོད། འོད་དེ་རེ་རེ་ལས་འོད་ཀྱི་སེང་གེ་རེ་རེར་གྱུར་ཏོ།། སེང་གེའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་གདུགས་རེ་རེ་ཡོད་པར ་གྱུར་ཏེ། རིན་པོ་ཆེའི་གདུགས་དེ་ཡང་ཤིན་ཏུ་མཐོ་ཞིང་མ་ངེས་པ་ནི་རི་རབ་ལྷུན་པོ་དང་འདྲའོ།། གདུགས་ཀྱི་སྙིང་པོ་ནི་བཻ་ཌཱུཪྻ་དམ་པ་སྟེ། རིན་པོ་ཆེ་རྣམ་པ་སྣ་ཚོགས ་བའི་མེ་ཏོག་གིས་ཡོངསུ་བརྒྱན་ཏོ།། མེ་ཏོག་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་འབུམ་ཕྲག་དུ་མ་སྙེད་བཞུག་སོ།། སངས་རྒྱས་དེ་དག་རེ་རེའི་ཞིང་ཡང་འཛམ་བུའི་ཆུ་བོ ་གསེར་གྱི་ཁ་དོག་ལྟ་བུའོ།། སངས་རྒྱས་རྣམས་ཀྱི་དབུ་ནི་བཻཌཱུཪྻ་མཐོན་མཐིང་གི་ཁ་དོག་གོ། སྐུ་ནི་རིན་པོ་ཆེ་ཁྲི་ཕྲག་དུ་མའི་ཁ་དོག་གོ།། ཕྱག་ནི་མུ་ཏིག་དམར་པོའི་ཁ་དོག་གོ།། ་ཕྱག་གི་མཐིལ་ནི་པདྨོ་དཀར་པོའི་ཁ་དོག་གོ།། ཕྱག་གི་སེན་མོ་རྣམས་ནི་གསེར་བཙོ་མའི་ཁ་དོག་གོ།། ཞབས་ཀྱི་བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ནེ་ཡའི་རྗེ་ངར་ལྟ་བུ་ནི། མེ ་ཏོག་ཨུ་དུམ་འབར་བའི་ཁ་དོག་གོ།། ཞབས་ཀྱི་མཐིལ་འཁོར་ལོའི་མཚན་ནི་རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཁ་དོག་གོ།། ཞབས་ཀྱི་སེན་མོ་རྣམས་ནི་ཟངས ་ཀྱི་ཁ་དོག་ལྟ་བུ་ལ་འདོད་འབར་བའོ།། ཞབས་ཀྱི་མཐིལ་ནས་འོད་རྣམ་པ་ལྔ་བཀྱེ་སྟེ། དབུ་འདབ་ཀྱི་མཚན་ལ་ཐུག་ནས་སྐུའི་བ་སྤུའི་བུ་ག་ཐམས་ཅད་དུ་ཞུག་སོ།། ཁ ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་འོད་ཟེར་མང་པོ་བྱུང་ངོ་།། བ་སྤུའི་བུ་གའི་འོད་ཟེར་དེ་གཅིག་གི་ནང་ན་ཡང་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཅུ་སྙེད་དོ།། བྱང་ཆུབ་སེམས ་དཔའ་དེ་དག་ཀུན་གྱི་ལྟེ་བ་ན་པདྨོ་ཆེན་པོ་རེ་རེ་ཡོད་དོ།། པདྨ་མོ་དེ་ཡང་རིན་པོ་ཆེ་བརྒྱ་ལས་གྲུབ་པ་སྟེ། ཚེ་ཁྱད་ཀྱང་རི་རབ་ལྷུན་པོ་ཙམ་མོ།། པད་མོ་ཆེན་པོ་དེའི་སྟེང་ན་ཡང ་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་ཞུག་སོ།། སངས་རྒྱས་དེའི་སྐུ་ཚེ་ཁྱད་ཀྱང་པད་མོ་དང་མཉམ་སྟེ། དེ་དག་ཀུན་གྱི་ལྟེ་བ་ནས་བྱུང་བ་ཡང་གོང་མ་དང ་འདྲའོ།། མཚན་འདི་དག་བསྟན་པའི་ཚེ་ན་རིན་པོ་ཆེའི་འོད་ཀྱི་སེང་གེ་རྣམས་རྔངས་ཤིང་འདྲོགས་པའི་ཚུལ་བསྟན་ནས། འོད་ཟེར་སྤྲོས་པ་ལས། སེང་གེ་རྣམས་ཀྱི་སྤུའི ་ཐོགས་མ་ལ་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བརྒྱ་སྙེད་ཡོད་པར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་གཅིག་ཅིང་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨོ་བརྒྱ་སྟོང་སྙེད་ཀྱིས་རྣམ་པར། ་བཀོད་དོ།། པདྨོའི་དེའི་སྟེང་ན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱ་སྟོང་སྙེད་བཞུག་སོ།། བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་སྐུ་ལྟེ་བའི་མཚན་ཡང་བྱང་ཆུབ ་སེམས་དཔའ་སྔ་མ་བཞིན་ནོ།། བྱང་ཆུབ་སེམས་དཔའ་དེ་དག་གི་ཁ་དོག་མང་པོའི་འོད་ཟེར་རྣམས་འདུས་པ་ལས་འོད་ཀྱི་གཅིག་ཏུ་གྱུར་ནས། རི་དེ་མཐོའ་ལ་གསལ་བ། ་ནི་གསེར་བཙོ་མའི་ཁང་པ་རྩེགས་པ་ལྟ་བུའོ།། ཁང་པ་བརྩེགས་པ་དེའི་གྲཝ་བཞིན་ཚངས་པའི་རྒྱལ་མཚན་ཆེན་པོ་བཞི་ཡོད་དེ། རྒྱལ་མཚན་དེའི་ཐོག་མ་ལ་སངས་རྒྱས ་ཀྱི་ཞིང་ཁྲི་ཕྲག་བཞི་བཞི་ཡོད་དོ།། ཞིང་དེ་རེ་རེ་ན་ཡང་མཆོད་རྟེན་ཆེན་པོ་བརྒྱ་ཕྲག་སྟོང་སྙེད་ཡོད་དེ། མཆོད་རྟེན་དེ་ནང་གི་ཆུང་ངུན་ཡང་འཛམ་བུའི་གླིང་ནས་ཚངས་པའི ་འཇིག་རྟེན་ལ་ཐུག་སྟེ། རིན་པོ་ཆེའི་དབྱིག་དམ་པ་ཐམ་ས་ཅད་ཀྱིས་ཡོངསུ་བརྒྱན་ཏོ།། རིན་པོ་ཆེའི་མཆོད་རྟེན་རྣམས་དང་། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ ་དག་ཀུན་ཀྱང་སྙིང་རྗེ་དང་། བྱམས་པ་དང་། དགའ་བ་ད་ང་། བཏང་སྙོམས་ཀྱི་ཆོས་རྣམས་བསྟོད་ཅིང་བསྔ་གས་པ་སྒྲོག་སོ།། སེམས་ཅན་གང་དག་འོད་ཟེར་འདི ་མཐོང་ཞིང་རྟོགས་ན། ཤཱ་རིའི་བུ་དང་འདྲ་བར་བློ་གྲོས་ཆེན་པོར་འགྱུར་ཞིང་། དགའ་བོ་དང་འདྲ་བར་ཐོས་པ་འཛིན་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་དག། མཚན་འདི་མཐོང་བར་འདོད་ན། བྱམས་པའི་སེམས་སྐྱེད་དོ།། སྲོག ་མི་གཅོད་པའི་ཁྲིམས་ཡོངསུ་སྲུང་ཞིང་ཕྱོགས་བཅུའི་སྐྱེ་བོ་ཐམས་ཅད་ཀྱི་ཕྱིར། སྤྱད་པ་འདི་སྤྱོད་པ་ནི་བསམ་གཏན་མ་བྱས་ཀྱང་། རྟག་ཏུ་རྨི་ལམ་ན་ཡང་གོང་དུ ་བཤད་པའི་འོད་ཟེར་དང་། སྤྲུལ་པ་མང་པོ་དག་མཐོང་བར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གང་དག་ཚིག་འདི་གཟུངསུ་འཛིན ་པ་དེ་ནི། སངས་རྒྱས་ཀྱི་ཐུགས་ཡོངསུ་འཛིན་པའོ།། གང་གིས་འདི་ལྟར་རྗེསུ་དྲན་པར་བྱེད་པ་ནི། སངས་རྒྱས་ཀྱི་ཐུགས་རྗེ་སུ་དྲན་པར་བྱེད་པའོ།། སངས་རྒྱས་བཅོམ་ལྡན ་འདས་ཀྱི་ཐུགས་ནི། བྱམས་པ་དང་སྙིང་རྗེའི་བདག་ཉིད་ཆེན་པོའོ།། སྐུ་ནི་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ ་བའི་ཡེ་ཤེས་ཆེན་པོ་སྟོན་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེ། ས་པ་བཅོ་བརྒྱད་དང་། སྙིང་རྗེ་ཆེན་པོ་དང་། དྲན་པ ་བར་གཞག་པ་གསུམ་གྱིས་ཡོངསུ་བརྒྱན་ཏེ། གང་དེ་ལྟར་རྗེ་སུ་དྲན་པར་བྱེད་པ་ནི། སངས་རྒྱས་ཀྱི་ཐུགས་ཡང་དག་པར་རྗེསུ་དྲན་པར་བྱེད་ཅིང་འཛིན་པའོ།། བཅོམ་ལྡན ་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུའི་ལྟེ་བའི་མཚན་ཕྱོགས་གཅིག་ཙམ་བཤད་པ་ཡིན་ཏེ། ཐུགས་ཀྱི་སྤྱོད་ཡུལ་ནི་གཞན་ལས ་རྒྱས་པར་འཆད་དོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར ་མཐོང་བའོ།། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གན་སུ་གྱུར་པ་གང་གིས་ཆོས་འདི་ཡིད་ལ་བྱེད་དམ། ཆོས་འདི་འཛིན་ཅིང་རྗེསུ་དྲན་པར ་བྱེད་ན། ཚེ་འདི་ཉིད་ལ་སྡིག་པ་མི་དགེ་བའི་ལས་ཀྱིས་བསྒྲིབས་པ་ཀུན་ཡོངསུ་བྱང་ཞིང་དག་པར་འགྱུརརོ།། འོད་འབུམ་ཕྲག་གཅིག་གིས་ནི་ཤར་ལྷོའི་ཕྱོགས་མཚམས་སྣང ་བར་བྱས་ཏེ། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་པར་མཚམས་མེད་པར་གསེར་གྱི་འཁོར་ལོར་གྱུར་ཏོ།། གསེར་གྱི་འཁོར་ལོ་དེ་དག་ལས་འཁོར ་ལོ་གྲངས་མེད་པར་གྱུར་རིན་པོ་ཆེ་སྣ་བདུན་དང་བཅསོ།། གསེར་གྱི་འཁོར་ལོ་དེ་གཅིག་ཅིང་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཁྲི་ཕྲག་བརྒྱ་སྙེད་དོ།། འཁོར་ལོ་སྒྱུར་བའི ་རྒྱལ་པོ་དེ་རེ་རེ་ལ་ཡང་བུ་སྟོང་སྟོང་དང་དམག་རྣམས་བཞི་དང་བཅསོ།། རིན་པོ་ཆེ་སྣ་བདུན་དེ་ལས་འོད་ཟེར་ཆེན་པོ་འབྱུང་བ་ནི། དུད་པ་འམ་སྤྲིན་ལྟ་བུ་སྟེ། འོད་དེ ་རེ་རེ་ལ་ཡང་པདྨོ་ཆེན་པོ་རེ་རེ་ཡོད་དོ།། པདྨོ་ད་ཡང་གཅིག་ལ་གཅིག་མཚམས་འབྲེལ་ཏོ།། པདྨོའི་མཚམས་དང་བར་ཀུན་ནས་ཉི་མ་ལྟ་བུའི་འོད་ཆེན ་པོ་འབྱུང་སྟེ། ཉི་མ་ལྟ་བུའི་འོད་རེ་རེ་ལ་ཡང་གསེར་གྱི་ཁ་དོག་ལྟ་བུའི་བལ་གླང་རེ་རེ་ཡོད་དེ། དེ་ལ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རེ་རེ་བཅིབ་སོ།། བལ་གླང་དེ་དག ་ལ་བཅིབས་པའི་ཚེ་ན་བརྗོད་ཀྱིས་མི་རྫོགས་པའི་མཚན་དང་། དཔེ་བྱང་མང་པོ་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འོད་ཟེར་འདུས་པ་ལས་སངས ་རྒྱས་ཀྱི་སྐུ་གཅིག་ཏུ་གྱུར་ཏེ། སངས་རྒྱས་ཀྱི་སྐུའི་ཁ་དོག་ཀྱང་གསེར་བཙོ་མ་ལྟ་བུ་སྐུའི་ཚད་ཀྱང་དཔག་ཏུ་མེད་གཞལ་དུ་མེད་པའོ།། དེ་དག་ཀྱང་སྐུའི་ལྟེ་བའི ་མཚན་སྟོན་ཏེ། དེའི་འོད་ཟེས་བཟང་པོ་ཡང་གོང་དུ་བཤད་པ་བཞིན་ནོ།། འོད་ཀྱི་ནང་ནས་སྣང་བར་གྱུར་པ་ཐམས་ཅད་ཀྱང་། ཁྲིམས་ལྔ་དང་དགེ ་བ་བཅུ་བསྟོད་པ་དང་། ཆོས་དང་འདུལ་བ་དང་། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་རྗེསུ་དྲན་པ་ལ་བསྔགས་པ་བརྗོད་པ་དང་། འཁོར་ལོ་སྒྱུར་བ ་རྒྱལ་པོ་རྣམས་ཀྱང་ལག་ན་གསེར་གྱི་འཁོར་ལོ་ཐོགས་ཏེ། དགེ་བ་བཅུའི་ཆོས་སྒྲོག་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་དེ་ལྟར་བརྩ ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་ཡོངསུ་མྱ ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གན་སུ་གྱུར་པ། ངག་འདི་ལྟར་སེམས་ཤིང་འདུ་ཤེས་པ་འམ། ཡིད་ལ་བྱེད་ཅིང་ཆོས་འདི་རྗེསུ་དྲན་པར་བྱེད་ན།། ་བསྐལ་པ་ཁྲི་ཕྲག་ཉི་ཤུའི་འཁོར་བའི་ཉེས་པ་འབྱང་ཞིང་རྟག་ཏུ་མཐོ་རིསུ་སྐྱེས་ཏེ། དགེ་བ་བཅུའི་ཆོས་ཐོས་པར་འགྱུརརོ།། འོད་འབུམ་ཕྲག་གཅིག་གིས་ནི་ལྷོ ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་སྣང་བར་བྱས་ཏེ། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ ་ཚོགསུ་གྱུར་ཏོ།། ནོར་བུ་དེ་རེ་རེ་ཡང་འོད་ཟེར་སྟོང་སྟོང་འབར་རོ།། འོད་ཟེར་དེ་དག་འདུས་པ་ལས་རིན་པོ་ཆེའི་ཁང་པ་བརྩེགས་པ་དཔག་ཏུ་མེད་པར་གྱུར་ཏོ།། ཁང་པ། ་བརྩེགས་པ་དེའི་གྲཝ་བཞིན་ཡང་རིན་པོ་ཆེའི་རི་རབ་གླིང་བཞི་པ་ལ་གཉི་ཟླ་གཟའ་སྐར་དང་བཅས་པ་གླིང་ཕྲན་བཅུ་གཉིས་ཀྱིས་བསྐོར་བ་འོད་ཟེར་མང་པོ་དང་། བཅས ་པ་རེ་རེ་ཡོད་དོ།། རི་རབ་ལྷུན་པོ་དེ་རེ་རེ་ལ་ཡང་རིན་པོ་ཆེའི་བྲག་ཕུག་འོད་འབར་བ་གྲངས་མེད་པ་སྙེད་དོ།། བྲག་ཕུག་དེ་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཚད ་མེད་གྲངས་མེད་པ་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་གྲངས་མེད་པ་སྙེད་དོ།། སྤྲུལ་པའི་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་དེ་དག་ཀུན་ཀྱང་དགེ་བ་བཅུའི་ཆོས་སྟོན་ཅིང་བསྔགསོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང ་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོ་ང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས ་རྒྱས་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གན་སུ་གྱུར་པ་དག། འདི་ལྟར་སེམས་ཤིང་འདུ་ཤེས་པ་དང་། ཡིད་ལ་བྱེད་པ་འམ། ཆོས་འདི་རྗེསུ་དྲན་པར ་བྱས་ན། བསྐལ་པ་ཁྲི་ཕྲག་བཅུ་གཉིས་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར་ཞིང་ཡོངསུ་དག་པའི་འཇིག་རྟེན་དུ་བསམས་པ་བཞིན་དུ་སྐྱེ་བར་འགྱུར་རོ།། ་འོད་འབུམ་ཕྲག་གཅིག་གིས་ནི་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་སྣང་བར་བྱས་ནས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ། ་།། སྙེད་དེ་དག་འོད་དེས་ཤེལ་སྣ་ཚོགས་ཀྱི་ཁ་དོག་དུ་གྱུར་ཏེ། ཤེལ་ལེབ་རྒན་དང་དཀར་པོ་དང་། ལྗང་ཁུ་ལ་གསེར་དང་བཻ་ཌཱུཪྻ་དང་པདྨ་རགས་ཀྱང་མཛེས ་པར་བརྒྱན་ཅིང་སྤྲསོ།། ཤེལ་དང་རིན་པོ་ཆེ་དེ་དག་གི་འོད་ཟེར་ལས་རིན་པོ་ཆེའི་ཤིང་རྟ་ཁྲི་ཕྲག་དུ་མ་སྙེད་བྱུང་ངོ་རིན་པོ་ཆེའི་ཤིང་རྟ་རྣམས་ཀྱི་ཁ་དོག་ཇི་ལྟ་བ་དེ་བཞིན ་དུ་འབར་རོ།། ཤིང་རྟ་དེ་དག་གི་སྲོག་ཤིང་ནི་གསེར་བཙོ་མའི་ཁ་དོག་གོ།། དེ་ལྟ་བུའི་ཤིང་རྟ་དེ་དག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དང་། རྒྱལ་མཚན་ཆེན་པོ། ་ཡད་དེ། མཆོད་རྟེན་དང་རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེའི་གདུགས་ཆེན་པོ་ཡོད་དོ།། གདུགས་དེ་ཡང་རིམ་པ་བཅུ་སྙེད་དོ།། གདུགས་དེ་ལས་འོད་ཟེར་སྟོང་སྟོང་སྙེད ་འབར་རོ།། རིན་པོ་ཆེའི་འཕྲེང་བ་མང་པོས་ཀྱང་ཤིན་ཏུ་མ། ཛེས་པར་བརྒྱན་ཏེ། འོད་ཟེར་ཀྱང་དེའི་རྗེ་སུ་འཛུ་ག་གོ།། དེ་ནས་ཡང་ཕྱིར་བྱུང་བ་དང་། དེ་ལས ་སྤྲུལ་པའི་སངས་རྒྱས་མང་པོ་བྱུང་སྟེ། སངས་རྒྱས་དེ་དག་གི་སྐུའི་ཚད་ཀྱང་དཔག་ཚད་འབུམ་ཕྲག་ཁྲི་སྙེད་དོ།། སངས་རྒྱས་དེ་དག་རེ་རེའི་སྐུའི་ལྟེ་བ་ནས་ཀྱང་འོད་གྲངས ་མེད་པ་བྱུང་སྟེ། འོད་དེས་ཀྱང་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། སྤྲུལ་པའི་སངས་རྒྱས་ཐམས་ཅད་སྣང་བར་བྱསོ།། སེམས་ཅན་གང་ཞིག་ལ་འོད་ཟེར་འདིས་རེག་པར ་གྱུར་པ་དེ་ཡང་ངན་སོང་གསུམ་ལས་ཡོངསུ་ཐར་ཏེ། ངན་སོང་གསུམ་གྱི་ཉེས་པས་མི་འཚེ་བར་འགྱུརརོ།། འོད་ཟེར་དེ་དག་འཁྱིལ་ཅིང་འདུས་པ་ལས་འོད་ཀྱི་ཁང་པ ་བརྩེགས་པ་ལྟ་བུར་གྱུར་ཏེ། སྤྲིན་ལྟར་སྟེང་གི་བར་སྣང་ལ་འཕགས་ཏེ་འོད་དེའི་ནང་ནས་སྤྲུལ་པའི་སངས་རྒྱས་བརྒྱ་སྟོང་དུ་མ་སྙེད་སྣང་ངོ་།། སྤྲུལ་པའི་སངས་རྒྱས་དེ་རེ ་རེ་ལ་ཡང་ཉེ་གནས་ཀྱི་འཁོར་ཁྲི་ཕྲག་བརྒྱ་སྙེད་དེ། འོད་སྲུངས་ཆེན་པོ་ལྟར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་དཀའ་ཐུབ་ཏུ་སྤྱོད་ཅིང་། སེམས་ཅི་ལ་ཡང་མ་ཆགས་ཏེ། ་འཇིག་རྟེན་ལས་ཡོངསུ་འདའ་བ་ཤ་དག་གོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར ་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་ཡོངསུ་མྱ་དྲན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་དག་འདི་ལྟར་འདུ་ཤེས་པ་འམ། སེམས ་ཤིང་ཡིད་ལ་བྱེད་པ་འམ། ཆོས་འདི་རྗེསུ་དྲན་པར་བྱས་ན། གང་ཟག་དེས་རྟག་ཏུ་སངས་རྒྱས་རྣམས་མཐོང་ཞིང་མྱུར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་རྟོགས་པ ་དང་། བསྐལ་པ་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་རིག་པར་བྱའོ།། འོད་འབུམ་ཕྲག་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམས་སྣང་བར ་བྱས་ཏེ། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་འོད་ཀྱིས་ཡོངསུ་དག་ཅིང་རྙོག་པ་འམ། དྲི་མ་མེད་པ་ནི་ཤེལ་གྱི་སྒོ་ངའི་མེ་ལོང ་ལྟར་ཕྱི་ནང་ཀུན་གསལ་བར་བྱསོ།། འོད་དེ་དག་གི་ནང་ནས་ཕྱོགས་བཅུའི་སངས་རྒྱས་ཀུན་ཀྱང་སྐུ་ལྟེ་བའི་མཚན་སྟོན་པར་སྣང་ངོ་།། སངས་རྒྱས་དེ་དག་རེ་རེའི ་།། སྐུ་ལྟེ་བའི་འོད་ཟེར་གྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་སྙེད་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་སྤྲུལ་པའི་སངས་རྒྱས ་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་བཞུགས་པར་གྱུར་ཏོ།། སངས་རྒྱས་དེ་རེ་རེ་ལ་ཡང་རྡུལ་ཕྲ་རབ་སྙེད་ཀྱང་བྱང་ཆུབ་སེམས་དཔའ་ངག་ཞབས་འབྲིང་འཁོར་དུ་གྱུར་ཏེ། དེ་ལྟར་བྱང ་ཆུབ་སེམས་དཔའ་དག་ཀྱང་ལྟེ་བའི་མཚན་སྟོན་ཏོ། འོད་ཟེར་ལས་གསེར་གྱི་ཀ་བ་དང་། རིན་པོ་ཆེའི་གདུང་མ་རྣམ་པར་རྒྱལ་བའི་ཁང་པ་ལྟ་བུར་བྲེས་ཏེ། དེ་ལས་རིན ་པོ་ཆེའི་ཡང་ཐོག་དང་སྤྲོས་མ་དང་སྒྲོམ་བུ་དང་། རིན་པོ་ཆེའི་རྒྱན་འཕྲེང་ཚད་བརྗོད་དུ་མེད་པ་སྙེད་དེ། སྤྲིན་ལྟར་སྟེང་གི་ན་མཁའ་ལ་འཕགས་ཏེ། འོད་རབ་ཏུ ་འབར་རོ།། རིན་པོ་ཆེའི་ཆ་རྐྱེན་དེ་དག་ཀུན་ལས་འོད་ཟེ་ར་སོ་སོ་ནས་འབུམ་ཕྲག་ཁྲི་ཁྲི་ཡོད་པར་གྱུར་ཏོ།། འོད་ཟེར་འབུམ་ཕྲག་དེ་རེ་རེ་ལ་ཡང་སངས་རྒྱས ་ཀྱི་སྐུ་དེ་སྙེད་གཅིག་ཏུ་གྱུར་ཏེ་སྣང་ངོ་།། སངས་རྒྱས་དེ་རེ་རེའི་སྐུ་ལ་ཡང་སྤྲུལ་པའི་འོད་ཟེར་རྡུལ་ཕྲ་རབ་སྙེད་འབྱུང་ཞིང་། འོད་དེའི་ཐོག་མ་ལ་ཡང་སྤྲུལ་པའི་སངས ་རྒྱས་སྐུ་ཡུངས་ཀར་གྱི་འབྲས་བུ་ཙམ་ཤ་སྟག་ཡོད་པར་གྱུར་ཏོ།། སངས་རྒྱས་སུ་ཕྲ་མོ་དེ་དག་གི་ལྟེ་བའི་མཚན་སྟོན་པ་ཡང་གོང་དུ་བཤད་པ་བཞིན་ནོ།། དེ་ལྟར ་སྐུ་ལྟེ་བའི་འོད་ཟེར་རྣམས་ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱས་ནས། ཕྱིར་ཡང་སངས་རྒྱས་ཀྱི་ལྟེ་བར་ཞུག་སོ།། སངས་རྒྱས་རྣམས་ཀྱི་ལྟེ་བ་ནས། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སྙིང་ཀར་ཞུག་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་ཁ་ནས་ཕྱིར་བྱུང་ནས་ཉན་ཐོས་རྣམས་ཀྱི་སྤྱི་བོར་ཞུག་སོ།། ཉན་ཐོས་རྣམས་ཀྱི་སྤྱི་བོ་ནས་ཕྱིར་བྱུང ་ནས་འོད་ཀྱི་སྤྲིན་ཆེན་པོ་ཚད་མེད་པར་གྱུར་ཏེ། དེ་གསེར་གྱི་ཁ་དོག་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་སྤྲས་ཤིང་བརྒྱན་ཏེ། སངས་རྒྱས་ཀྱི་ཞབས་ཀྱི་མཐིལ་དུ་ཞུག་སོ།། སངས ་རྒྱས་ཀྱི་ཞབས་ཀྱི་མཐིལ་ཏུ་ཞུགས་ནས། ཞབས་ཀྱི་མཐིལ་འཁོར་ལོ་བརྩིབས་སྟོང་དེང་ལྡན་པའི་མཚན་ལས་ཀྱང་འོད་ཟེར་ཆེན་པོ་བྱུང་བར་གྱུར་ཏོ།། འོད་ཟེར་དེ་ཡང་བདྨོ། ་ཆེན་པོ་ལྟ་བུ་སྟེ། པདྨོ་དེ་འདབ་ཆགསུ་གྱུར་ཏེ། སངས་རྒྱས་ལ་ལན་སྟོང་ཕྲག་བཅུ་བསྐོར་ནས་ཟངས་ཀྱི་ཁ་དོ། ག་ལྟ་བུའི་ཞབས་ཀྱི་སེན་མོ་དང་། ཞབས་ཀྱི་སོར ་མོའི་གོང་ནས་དབུའི་གཙུག་ཏོར་ལ་ཐུག་གི་བར་དུ་ཡོངསུ་བརྒྱན་ཏེ། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་གའི་མཚན་ན་མས་པདྨོ་ཁ་བྱེ་བ་ལྟ་བུར་གྱུར་ནས། བ་སྤུའི་བུ་ག ་གཅིག་གི་ནང་ན་ཡང་པདྨོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར་ཏོ།། པདྨོ་དེ་གཅིག་གི་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་སྙེད་བཞུག་སོ།། སྤྲུལ་པའི ་སངས་རྒྱས་དེ་རེ་རེའི་ཞབས་འབྲིང་ན་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་སྙེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་རེ་རེའི་སྨིན་མཚམས་ཀྱི་འོད་ཟེར་གྱི་རྣམ ་བ་ལས་སྒྲ་དབྱངས་སྣ་ཚོགས་བྱུང་སྟེ། དེ་ཡང་སངས་རྒྱས་ཀྱི་སྐུའི་ཡོན་ཏན་དང་མཚན་དང་། དཔེ་བྱད་བསྟོད་ཅིང་བསྔགས་པའི་སྒྲའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ ་། པས་འོད་ཟེར་དང་། སྤྲུལ་པ་དེ་དག་བསྟན་ནས། རྒྱལ་པོ་ཡབ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་མཚན་གྱི ་ཁྱད་པར་ནི་འདི་དག་སྟེ། སངས་རྒྱས་ཀྱི་ཐུགས་ནི་མ་གཏོགས་ཀྱི། སྤྱོད་ཡུལ་གཞན་ནི་གོང་དུ་བཤད་པ་དག་གོ་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་། དེའི་ཚེ ་རྒྱལ་པོ་ཡབ་འདུག་པ་ལས་ལངས་ཏེ་གོས་ཚགས་བཅོས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ། ཏོ།། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་། མམ་ན་ནི་ཐམས་ཅད་དུ་ཁྱབ་པར་བསྟན་ན། བཅོམ་ལྡན་འདས། ་ཀྱི་ཐུགས་ཀྱི་མཚན་དང་། སྤྱོད་ཡུལ་ཇི་ལྟ་བ་དང་། མཚན་ཅི་འདྲ་བ་དང་། ནན་ཏན་ཅི་མཛད་པ་དང་། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ཇི་ལྟ་བུ་དང་། ཐུགས་ཀྱི ་འོད་ཟེར་ཇི་ལྟ་བུ་ལགས་པ་བསྟན་དུ་གསོལ་ཞེས་གསོལ་པ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། ལྗགས་ཀྱི་མཚན་གྱི་འོད་ཟེར་ཡང་སྔར་བཤད ་པ་བཞིན་དུ་སངས་རྒྱས་ལ་ལན་བདུན་བསྐོར་ནས་སངས་རྒྱས་ཀྱི་གཙུག་ཏུ་ནུབ་བོ།། དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་ཏིང་འཛིན་ལ་སྙོམས་པ ་ཤུགས་ནས། རྒྱལ་པོ་ཡབ་ཀྱིས་འདི་ལྟ་བུར་མཐོང་བར་བྱསོ།། བཻ་ཌཱུཪྻའི་སྲུབ་སུ་གསེར་བཙོ་མ་གཟུགས་མཛེས་པ་བཞག་པ་ལྟར་ཤིན་ཏུ་མཛེས་པར་སྣང་བར་བྱས་ཏེ། ་ལྟར་དེ་བཞིན་གཤེགས་པའི་སྐུ་མཛེས་པ་གསེར་བཙོ་མ་ལྟ་བུའི་ཐུགས་ཁ་ནས་མགུར་དུ་བཻ་ཌཱུཪྻའི་སྦུབས་ནས་ཟིལ་དངར་གྱི་རོ་དང་འོད་ཟེར་རྒྱུ་ཞིང་འབབ་ཏེ། དེ་བཞིན་གཤེགས ་པའི་ཐུགས་པད་མོ་ལེབ་རྒན་ལྟ་བུ་ལ་གསེར་གྱི་པད་མོས་ཤིན་ཏུ་བརྒྱན་པར་མཐོང་ངོ་།། ཐུགས་པད་མོ་ལེབ་རྒན་ལྟ་བུ་དེ་པད་མོ་ཁ་བྱེ་བ་ཡང་མ་ཡིན་པ་མ་བྱེ་བ་ཡང་མ་ཡིན ་ཏེ། དཔལ་གྱི་བེའུ་ལ་རྩ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། རྩ་དེའི་རི་མོ་ཡང་ལྷའི་རི་མོ་ལྟ་བུ་དང་གཡུང་དྲུང་ཁྱིལ་པ་ལྟ་བུ་སྟེ། རི་མོའི་བར་མཚམས་ཀུན་ན་འོད་ཟེར་བརྒྱད་ཁྲི ་བཞི་སྟོང་སྙེད་ཡོད་དོ།། འོད་ཟེར་དེ་རེ་རེ་ལ་ཡང་ཁ་དོག་བརྒྱད་ཁྲི་བཞི་སྟོང་སྙེད་དང་ལྡན་ནོ།། ཁ་དོག་གི་རྣམ་པ་དྲི་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་སྐུ་ཚད་མེད་པ་རྡུལ་པ ་རབ་ཀྱི་གྲངས་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱ་ས་དེ་དག་ཀུན་ཀྱང་རྡོ་རྗེའི་ཁང་པ་བརྩེགས་པ་ན་བཞུག། ས་པར་སྣང་ངོ་།། རྡོ་རྗེའི་ཁང་པ་བརྩེགས་པ་གྲངས་མེད ་པ་དེ་དག་ལས་ཀྱང་གསེར་གྱི་ཁ་དོག་ལྟ་བུའི་འོད་གྲངས་མེད་པ་སྙེད་འབྱུང་སྟེ། རྒྱས་པར་བཤད་དུ་བདེ་བར་མི་ནུས་སོ།། འོད་དེ་དག་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས ་གྲངས་གོང་དུ་སྨོས་པ་བཞིན་དུ་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་ལྗགས་ཆེ་ཞིང་རིང་བའི་མཚན་བྱུང་ནས་དབུ་འདབ་ལ་ཐུག་གི་བར་དུ་ཡོག་སྟེ། འོད ་རབ་ཏུ་འགྱེད་དོ།། སངས་རྒྱས་ཀྱི་ལྗགས་དེ་རེ་རེ་ལ་ཡང་འོད་ཟེར་ཁྲི་ཕྲག་བཅུ་སྙེད་དོ།། འོད་ཟེར་དེ་དག་ཀྱང་སྤྱིར་ཚོམ་བུ་རྣམ་པ་སྟོང་ཕྲག་བཅུར་གྱུར་ནས། འོད་ཟེར་དེ་རེ་རེ་ལ ་།། ཡང་སྤྲུལ་པའི་སངས་རྒྱས་འབུམ་ཕྲག་བརྒྱ་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས། སྐུ་ཀུན་ཁྱབ་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུག་སོ།། ཕྱོགས ་བཅུའི་སངས་རྒྱས་རྣམས་ཀྱི་སྐུའི་གཟུགས་དམ་པ་ཡང་ཏིངངེ་འཛིན་གྱི་རྒྱ་མཚོ་འདིར་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་ཏིངངེ་འཛིན་འདི་ལ་སྙོམས་པར་ཞུགས་པའི་ཚེ་ན། གྲོང ་ཁྱེར་སེར་སྐྱ་དང་། ནྱ་གྲོ་དའི་གཞལ་མེད་ཁང་དང་འཛམ་བུའི་གླིང་འདི་རིན་པོ་ཆེའི་པདྨོ་ལྟ་བུར་གྱུར་ཏོ།། པདྨོ་ཁང་པ་བརྩེགས་པར་གྱུར་པའི་སྟེང་ན་ཤེལ་གྱི་རྒྱལ་མཚན་ཆེན ་པོ་ཡོད་དོ།། ཤེལ་གྱི་རྒྱལ་མཚན་གྱི་དབུ་རྩེ་ལ་ཤེལ་གྱི་མེ་ལོང་ཡོད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམ་ས་ཚད་མེད་པ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོང་སུ་དག ་པ་ཐམས་ཅད་ཀྱང་དེར་སྣང་བར་གྱུར་ཏོ།། དེའི་ཚེ་འཁོར་མང་པོ་ཐམས་ཅད་ཀྱིས་སངས་རྒྱས་རྣམས་མཐོང་བ། ར་གྱུར་ཏེ། ལ་ལས་ནི་སངས་རྒྱས་ཀྱི་སྐུ་ན་མཁའ་ཚང ་དང་མཉམ་པ་གསེར་གྱི་ཁ་དོག་ཅན་དུ་མཐོང་ངོ་།། ལ་ལས་ནི་སུ་རི་རབ་ལྷུན་པོ་དང་འདྲ་བ་རིན་པོ་ཆེ་སྣ་བཞི་ལས་བྱས་པར་མཐོང་ངོ་།། ལ་ལས་ནི་སངས་རྒྱས་ཀྱི་སྐུ་བཻ་ཌཱུཪྻའི ་ཁ་དོག་ལྟ་བུ་ལ་ཚད་ཀྱང་མཐོ་བརྒྱ་པར་མཐོང་ངོ་།། ལ་ལས་ནི་སངས་རྒྱས་ཀྱི་སྐུ་དངུལ་གྱི་ཁ་དོག་ལྟ་བུ་ལ་ཁྲུ་བརྒྱད་སྟོང་སྙེད་དུ་རིང་བར་མཐོང་ངོ་།། ལ་ལས་ནི་སྐུ་གདུང་གི། ་མདོག་གམ་ཟླ་བ་དྲི་མ་མེད་པ་ལྟ་བུ་ལ་སྐུ་ཆག་བཞི་བཅུ་རྩ་དགུ་པར་མཐོང་ངོ་།། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ནི་ཚད་བཞིན་དུ་མཐོ་བཅུ་དྲུག་པར་མཐོང་ངོ་།། ལ་ལས། ་ནི་མཐོ་བདུན་པར་མཐོང་ངོ་།། ལ་ལས་ནི་མཐོ་གསུམ་པས་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་ཡོངསུ་གང་བར་མཐོང་ངོ་།། ལ་ལས་ནི་སོར་བདུན་པས་འཇིག་རྟེན་གང་བར ་མཐོང་ངོ་།། དེ་དག་ཀུན་ཀྱང་འོད་ཟེར་དང་། མཚན་དང་། དཔེ་བྱད་ཀྱིས་ཡོངསུ་བརྒྱན་པའོ།། ལ་ལས་ནི་ཡུངས་ཀར་གྱི་འབྲུམ་བུ་ཙམ་དུ་མཐོང་ངོ་།། ལ་ལས་ནི་གསེར་གྱི་ཁྲེའི ་འབྲས་བུ་ཙམ་དུ་མཐོང་ངོ་།། ཡི་དྭགས་རྣམས་ཀྱིས་ནི་རྡུལ་ཕྲ་མོ་ཙམ་དུ་མཐོང་སྟེ། ཡི་དྭགས་རྣམས་ཀྱིས་དེ་ལྟ་བུར་མཐོང་བ་དང་། ཡི་དྭགས་ལུས་ཆུང་ངུན་མའི་རྣམས་རབ་ཏུ ་དགའ་བར་གྱུར་ཏོ།། མཚན་དང་དཔེ་བྱད་བཟང་པོ་རྗེས་དྲན་པ་རྟོགས་པའི་ལེའུ་སྟེ་བཞི་པའོ།། །། སངས་རྒྱས་རྗེསུ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ ་བྱ་བའི་མདོ།། བམ་པོ་ལྔ་པ།། དེའི་ཚེ་སངས་རྒྱ་ས་ཀྱི་ཐུགས་པདྨོ་ལེབ་རྒན་ལྟ་བུ་ལས། པདྨོའི་འང་བ་མའི་བར་དང་། མཚམས་ཀུན་ནས་འོད་ཟེར་ཁ་དོག ་དཀར་པོ་བརྒྱད་ཁྲི་བཞི་སྟོང་སྙེད་བྱུང་སྟེ། འོད་དེས་རྒྱུད་ལྔ་འི་སེམས་ཅན་ཀུན་མཐའ་ཡས་པར་ཐམས་ཅད་སྣང་བར་བྱསོ།། འོད་ཟེར་འདི་དག་བྱུང་བའི་ཚེ་ན། སྡུག ་བསྔལ་གྱིས་གདུངས་པ་སེམས་ཅན་མང་པོ་མངོན་དུ་སྣང་བར་གྱུར་པ་ནི། འདི་ལྟ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས་ཅན་དམྱལ་བ་ཆུ་དུན་བཅོ ་བརྒྱད་དང་། རབ་ཏུ་གྲངས་པའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མུན་པ་ནག་པོའི་སེམས་ཅན་དམྱལ་ཆེན་པོ་བཅོ་བརྒྱད་དང་། རབ་ཏུ་ཚ་བའི་སེམས་ཅན་དམྱལ ་པ་ཆེན་པོ་བཅོ་བརྒྱད་དང་། མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། རལ་གྲིའི་ཚལ་གྱི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ་མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ཤིན་ཏུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ཆུ་ཚན་ཁོལ་བའི་སེམས ་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ཐལ་ཆུའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མཚོན་གྱི་ནགས་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། རལ་གྲིའི ་སྡོང་པོའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་སྡོང་པོའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ ་དང་། ལྕགས་ཀྱི་ཐགས་ཟངས་ཀྱི་སེམས་ཅན་དམྱལ་བ། ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་ཁང ་པའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། རྡོ་ཟུར་མོང་གི་སེམས་ཅན་དམྱལ་བ་ཆེན་པོ་བཅོ ་བརྒྱད་དང་། ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། དེ་དག་ལ་སོགས་པ་སེམས་ཅན་དམྱལ་བ་མང་པོ་དག་ཡོད་པར་གྱུར་ཏོ།། བཅོམ་ལྡན ་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཞེ་ན། མནར་མེད་པའི་ཚ་གྲང་གིས་གདུངས་པ་དང་མགོན་དང་། སྐྱབས ་མེད་པའི་སྒྲ་སྐད་དུ་ནི། ཨ་བྱི་ཞེས་འདོན་ཏེ། ཨ་ཞེས་བྱ་བ་བྱ་ནི་མེད་པའོ།། བྱི་ནི་མཚམ་སོ།། ཨ་ཞེས་བྱ་བ་ནི་མེད་པའོ།། བྱི་ནི་སྐྱབ་སོ།། ཨ་ཞེས་བྱ་བ་ནི་མཚམས་མེད་པའོ།། ་བྱི་ནི་མི་གཡོ་བའོ།། ཨ་ཞེས་བྱ་བ་ནི་རབ་ཏུ་ཚ་བའོ།། བྱི་ནི་རབ་ཏུ་གདུང་བའོ།། ཨ་ཞེས་བྱ་བ་ནི་རབ་ཏུ་གྲང་བའོ།། བྱི་ནི་རབ་ཏུ་གདུང་བའོ།། ཨ་ཞེས་པ་ནི་མི་དལ་བའོ།། བྱིན། ་མི་སྡོང་བའོ།། སྡུག་བསྔལ་ཆེན་པོ་ལས་མི་དལ་མི་སྡོད་པའི་ཕྱིར་ན་མནར་མེད་པ་ཞེས་བྱའོ།། ཨ་ཞེས་པ་ནི་མེ་ཆེན་པོའོ།། བྱི་ནི་རབ་ཏུ་ཚ་བའོ།། རབ་ཏུ་ཚ་བའི་མེ་འབར་བས ་སྙིང་ལ་གདུགས་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། མནར་མེད་པའི་སེམས་ཅན་དམྱལ་བ ་ཆེན་པོ་ནི། ཆུ་ཞེང་གབ་པར་དཔག་ཚད་བརྒྱ་སྟོང་སྙེད་དེ། མཐའ་མ་ཡང་ལྕགས་ཀྱི་མཁར་མེ་འབར་བ་རིམ་པ་བདུན་གྱི་བསྐོར་ཏོ།། འོག་ཀྱང་ལྕགས་ཀྱི་དྲ་བ་མེ ་འབར་བ་རིམ་པ་བདུན་ནོ།། འོག་ན་བར་ཆད་འབར་བ་བཅོ་བརྒྱད་ཡོད་དེ། ཁོ་ར་ཁོར་ཡུག་ཏུ་རལ་གྲིའི་ཚལ་རིམ་པ་བདུན་ཡོད་དོ།། མཁར་རིམ་པ་བདུན་གྱི་བར་ན་ཡང་རལ ་གྲིའི་ནགས་ཚལ་རིམ་པ་བདུན་ཡོད་དོ།། འོག་གི་བར་ཆད་རིམ་པ་བཅོ་བརྒྱད་ལ། བར་ཆད་དེ་གཅིག་ཡང་དྲ་མིག་དང་རིམ་པ་བརྒྱད་ཁྲི་བན་སྟོང་ཡོད་དེ། དེའི་གྲཝ་བཞི ་ཡང་བས་ཀྱི་གྱིར་ཡོད་དེ།། ཕྱི་བཞིའི་ལུས་ཀྱི་ཆང་ཀྱང་དངག་ཅད་འནི་འདུ་མེད་དོ།། མིག་ན་ཐོག་ལྟར་བངར་མཆེ་བ་ན་རལ་གྲྀ་ཀར་ནར།། སོ་རྣམས་ནི་མཚན ་རི་ལྟར་འདུག་ཀྱི། ལྕེ་ནི་ལྕགས་ཀྱི་ཟེམ་ལྟར་རྔུབ་ལ་ལུས་ཀྱི་སྤུ་ཐམས་ཅད་ལས་ཀྱང་མེ་རབ་ཏུ་འབར་ཏེ། དེ་ལས་དུད་པ་རབ་ཏུ་དྲི་མི་ཞིམ་པ་ནི། འཇིག ་རྟེན་གྱི་དྲི་མི་ཞིམ་པ་གང་གིས་ཀྱང་དཔེར་མི་བཟོད་པ་དག་འཁྲིག་སོ།། སེམས་ཅན་དམྱལ་བའི་བསྲུངས་མ་བཅོ་བརྒྱད་ཡོད་དེ། མགོ་ཡང་སྲིན་པོའི་མགོ་ལྟ་བུ་ལ། ཁ་ཡང ་སྲིན་པོའི་ཁ་འདྲ་བ་སྟེ། མགོ་ལ་མིག་དྲུག་ཅུ་རྩ་བཞི་སྙེད་ཡོད་དོ།། མིག་ནས་ལྕགས་ཀྱི་ཐུ་ལུམ་དཔག་ཚད་ཕྱེད་པ་དག་འབེབ་སོ།། ཁྱིའི་མཆེ་བ་དེ་རིང་ཁྱད་ཀྱང་དཔག་ཚད ་བཞི་སྟེ། མཆེ་བ་དེའི་ཐོག་མ་མེ་རབ་ཏུ་འབར་ཞིང་། ལྕགས་ཀྱི་ཤིང་རྟ་ཡང་འབར་བར་བྱེད་དོ།། ལྕགས་ཀྱི་ཤིང་རྟ་ཡང་འཁོར་ལོ་རེ་རེ་ལ་ཡང་དེ་ལྟར་འབར་བའི་མཚོན་གྱི ་འཁོར་ལོ་དང་། རལ་གྲིའི་འཁོར་ལོ་རབ་ཏུ་རྣོ་བ་དག། འབྱུང་ངོ་།། མེ་དེ་སྙེད་ཀྱིས་མནར་མེད་པའི་སེམས་ཅ། རྐྱེན་དམྱལ་བ་བསྲེགས་ཏེ། མནར་མེད་པའི་སེམས ་ཅན་དམྱལ་བ་ཡོངསུ་གདུང་སོ།། དམྱལ་བའི་སྲུངས་མའི་མགོ་ལ་གླང་གི་མགོ་བརྒྱད་ཡོད་དེ། གླང་གི་མགོ་གཅིག་ལ་ཡང་རྭ་བཅོ་བརྒྱད་ཡོད་དོ།། རྭའི་རྩེ་མོ་དེ་རེ་རེ་ལ་ཡང ་མེའི་ཕུང་པོ་རེ་རེ་འབྱུང་ངོ་།། མེའི་ཕུང་པོ་དེ་རེ་རེ་ལ་ཡང་མེའི་དྲ་བ་ཆད་བཅོ་བརྒྱད་དུ་གྱུར་ནས། ཤིང་རྟའི་འཁོར་ལོ་ཙམ་གྱི་མེའི་རལ་གྲི་འཁོར་ལོར་གྱུར་ཏོ།། འཁོར་ལོ ་དེའདབ་ཆགསུ་མེ་འབར་བའི་ནང་ནས་དཀྲིགས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་གཤེག་ཅིང་སྲེག་གོ།། ལྕགས་ཀྱི་ཁྱི་རྣམས་ཁ་གདངས་ཤིང་ལྕེ་ལྕགས་ཀྱི ་གཟེམ་དང་འདྲ་བ་ཕྱུང་ནས་ས་ལ་ཕབ་པའི་ཚེ། གདུགས་པའི་ལྕེ་མེ་འབར་བ་གྲངས་མེད་པར་གྱུར་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཡོངསུ་གང་ངོ་།། ལྕགས ་ཀྱི་མཁར་རིམ་པ་བདུན་གྱི་བར་ན་ལྕགས་ཀྱི་རྒྱལ་མཚན་འབར་བ་གྲངས་མེད་པ་ཡོད་དེ། རྒྱལ་མཚན་གྱི་རྩེ་མོ་ནས་ལྕགས་ཚན་གྱི་ཁུ་བ་ལུད་ཅིང་། ཆུ་མིག་དྲག་པོ་ལྟར ་འབབ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཡོངསུ་གང་ངོ་།། མནར་མེད་པའི་སེམས་ཅན་དམྱལ་བ་ལ་སྒོ་བཞི་ཡོད་དེ། སྒོའི་ཐེམ་པ་ན་ཟངས་ཚན་འབར་བ་བརྒྱད ་ཅུ་སྙེད་ཡོད་དོ།། ཟངས་ཀྱི་ནང་ནས་ལྕགས་ཚན་གྱི་ཁུ་བ་ལུད་ཅིང་འབོ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཡོངསུ་གང་ངོ་།། མནར་བཅད་དེ་རེ་རེ་ན ་ཡང་ལྕགས་ཀྱི་སྤྲུལ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། ཁ་ནས་གདུགས་པ་དང་མེ་འབྱིན་ཏོ།། སྦྲུལ་གདུག་པ་ཅན་དེས་སེམས་ཅན་དམྱལ་བའི་ལུས་ལ་ཡོངསུ ་གང་སྟེ། སྐད་འབྱིན་པ་ན་འབྲུག་ལྟར་སྐད་རབ་ཏུ་ཆེ་བ་སྒྲོགས་ཤིང་ལྕགས་ཀྱི་ཐུ་ལུམ་ཡང་ཆར་བཞིན་དུ་འབེབས་པས། མནར་མེད་པའི་སེམས་ཅན་དམྱལ་བར་ཡོངསུ ་གང་ངོ་།། སེམས་ཅན་དམྱལ་བའི་སྡུག་བསྔལ་འདི་ནི་སྡུག་བསྔལ་འབུམ་ཕྲག་བརྒྱད་ཁྲི་སྙེད་ཀུན་འདི་ན་ཚང་བར་ཡོད་དོ།། སེམས་ཅན་དམྱལ་བའི་གནས་དེ་ན་ལྕགས ་ཀྱི་སྲིན་བུ་ཁྲི་ཕྲག་ལྔ་བརྒྱ་སྙེད་ཡོད་དེ། སྲིན་བུ་གཅིག་ལ་ཡང་ཁ་བརྒྱད་ཁྲི་བཞི་སྟོང་སྙེད་དོ།། དེའི་ཁ་ནས་མེ་ཆར་བཞིན་དུ་འབེབས་པས། མནར་མེད་པའི་སེམས ་། ཅན་དམྱལ་བར་ཡོངསུ་གང་ངོ་།། སྲིན་བུ་ཆེན་པོ་དེ་ཆར་བཞིན་དུ་བབ་པའི་ཚེ་ན། མནར་མེད་པའི་སེམས་ཅན་དམྱལ་བའི་མེ་ཡང་རབ་ཏུ་ཆེར་འབར་ཏེ། ་མེའི་འོད་ཀྱིས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་སྙེད་ཁོ་ར་ཁོར་ཡུག་ཀུན་སྣང་བར་བྱེད་དོ།། མེ་དེས་མནར་མེད་པའི་སེམས་ཅན་དམྱལ་བ་ནས། རྒྱ་མཚོ་དང་རི་རབ་ཏུ་གདུས ་པ་ཞེས་བྱ་བ་ལ་ཐུག་གོ། རྒྱ་མཚོའི་གཏིང་ནས་ཀྱང་ཤིང་རྟའི་སྲོག་ཤིང་ཙམ་གྱི་ལྕགས་ཀྱི་སྐུང་དུ་གྱུར་ནས། མནར་མེད་པའི་སེམས་ཅན་དམྱལ་བར་ཡོངསུ་གང་ངོ་།། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གང་སློབ་དཔོན་དང་། ཕ་མ་བསད་པ་དང་། གཉེན་གྱི་དྲུག་རྒྱུད་ལ་སྐྱོ་ཞིང་སྨོད་པ་དང་། ་གཤེ་ཞིང་བརྒྱད་པ་དང་། སེམས་ཅན་ཉོན་མོངས་པ་རྣ་མས་ལ་སྙིང་མི་བརྩེ་བ་དང་། གཡོ་སྒྱུས་ལོག་པ། ར་འཚོ་བ་དང་། སེམས་ཅན་མང་པོའི་སྲོག་བཅད ་བ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པའི་ལས་བྱས་པ་དག། འཆི་འཕོའི་དུས་བྱེད་པ་ན་ལྕགས་ཀྱི་ཁྱི་རྣམས་ཁ་གདང་སྲ་བ་གསེར་ལྟ་བུའི་ཤིང་རྟ་བཅོ་བརྒྱད ་དུ་སྤྲུལ་པ་ལ། སྟེང་ཡང་རིན་པོ་ཆེའི་གདུགས་བྲེས་པ་ལྟར་སྤྲུལ་ཏེ། མེ་ལྕེ་ཐམས་ཅད་ཀྱང་བུ་མོ་གཞོ་ནུར་སྤྲུལ་ནས། སྤྲོ་བ་བསྐྱེད་པར་གྱུར་ཏོ།། སྡིག་པ་ཅན་དེས་རྒྱང་ནས ་མཐོང་བ་དང་རབ་ཏུ་དང་བའི་སེམས་སྐྱེད་དེ། བདག་དེར་འགྲོ་ན་རེ་དགའ་སྙམ་ནས། བདག་དེར་འགྲོའོ་ཞེས་སྨྲས་པ་དང་། དེ་མ་ཐག་ཏུ་རླུང་གི་མཐུས་རབ་ཏུ་གྲང་བར ་གྱུར་ཏེ། སྐད་ཆེན་པོ་ཕྱུང་ནས་མེ་ཚ་བ་ཞིག་དང་ཕྲད་ན་ཅི་མ་རུང་སྙམ་བསམས་ཏེ་བརྗོད་ནས། ཤིང་དྷ་དེའི་སྟེང་ན་འདུག་ཅིང་། མེ་ཆེ་བ་ཞིག་དང་ཕྲད་ན་རེ་དགའ་སྙམ་པསམ ་པབ་དང་། དེ་མ་ཐག་ཏུ་ཉམ་ཐག་ནས་ཚེ་འཕོས་ཏེ། གསེར་གྱི་ཤིང་རྟ་རྟ་འབར་བའི་སྟེང་ན་འདུག་ཅིང་། བུ་མོ་གཞོནུ་རྣམས་ཀྱང་ལག་ན་སྟ་རེ་རྣོན་པོ་རེ་རེ་ཐོགས་ཤིང་ལུས་ལ ་གཅོད་ཅིང་གཤེགས་པ། ཤིང་རྟའི་འོག་ན་མེ་རབ་ཏུ་འབར་ཏེ། དཔེར་ན། སྟོབས་པོ་ཆེ་ཞིག་ལག་ངར་བརྐྱང་བ་ལས་བསྐུམ་པ་ཙམ་གྱི་སྲིད་དུ། མནར་མེད་པའི་སེམས་ཅན ་དམྱལ་བ་ཆེན་པོར་ལྷུང་ངོ་།། བར་ཆད་ལྷག་མ་ནས་མེ་མ་གལ་བསྐོར་བའི་འཁོར་ལོ་བཞིན་བར་ཆད་ནང་གི་འོག་མར་ཕྱིན་ཏེ། བར་ཆད་ཀུན་ཏུ་ལུས་ཀྱིས་ཡོངསུ ་གང་ངོ་།། ཟངས་ཀྱི་ཁྱིས་སྐད་ཆེན་པོ་ཕྱུང་ནས། རུས་པ་འཆའ་ཞིང་རྐང་འཇིབ་བོ།། སྲུངས་མ་སྲིན་པོས་ནི་ལག་ན་མ་དུང་རྩེ་ཁ་བྲེག་པ་ཐོགས་ནས་མགོ་ལ་བཙུགས་ཏེ ་ཕྱིར་བསླང་ངོ་།། དེ་ཉིད་དུ་ལུས་ཀུན་ནས་མེ་འབར། མནར་མེད་པའི་སེམས་ཅན་དམྱལ་བར་ཡོངསུ་གང་ངོ་།། ལྕགས་ཀྱི་དྲ་བ་ལས་རལ་གྲི་འབར་བ་ཆར་བཞིན་དུ་འབབ་སྟེ། ་ལུས་ཀྱི་བ་སྤུའི་བུ་ག་ཀུན་དུ་ཟུག་གོ།། དེའི་ཚེ་སྤྲུལ་པའི་གཤིན་རྗེ་འོངས་ནས་སྐད་ཆེན་པོས་འདི་སྐད་ཅེས་སྨྲའོ།། གླེན་པ་གཏི་མུག་ཅན་དམྱལ་བའི་ས་བོན་ཁྱོད་སངས་རྒྱས་དང ་ཆོས་དང་སློབ་དཔོན་དང་ཕ་མ་ལ་སྲི་ཞུ་མ་བྱས་ཏེ། ང་རྒྱལ་གྱིས་ཆོས་ལོག་པ་སྤྱད་པས་ཁྱོད་ཀྱིས་སྐྱེ་བའི་གནས་འདི་ནི། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ ་ཞེས་བྱའོ།། ཁྱོད་བྱས་པ་མི་ཤེས་ཤིང་དྲིན་དུ་མི་གཟོ་བས། ངོ་ཚ་བ་དང་ཁྲེལ་དང་གཞུང་མེད་པས་འདི་ལྟར་སྡུག་བསྔལ་གྱིས་གདུངས་པར་གྱུར་པ ་འདི་ལ་ད་བདེ་བ་ཅི་ཡོད་ཅེས་སྨྲས་ནས་མི་སྣང་བར་གྱུར་ཏོ།། དེའི་ཚེ་ན་དམྱལ་བའི་སྲུངས་མས་སྡིག་པ་ཅན་དེ་བར་ཆད་འོག་མ་ནས་བར་ཆད་ལྷག་མའི་བར་དུ་བར་ཆད ་བརྒྱད་ཁྲི་བཞི་སྟོང་སྙེད་ཀུན་ཏུ་འདས་ནས། ཀུན་ལ་ལུས་ཀྱིས་འགྲེ་ཞིང་འགྲོ་སྟེ། ལྕགས་ཀྱི་དྲ་བའི་མཐར་ཕྱིན་ཏོ།། ཉིན་ཞག་གཅིག་གིས་ལན་རེ་འཁོར་རོ།། མནར ་མེད་པའི་ཉིན་ཞག་གཅིག་ལ་ནི། འཛམ་བུའི་གླིང་གི་ལོ་དང་ཟླ་བ་དང་། ཞག་དང་ཉི་མས་བགྲང་བའི་བསྐལ་པ་ཆུང་ངུ་དྲུག་ཅུ་སྙེད་དེ། དེའི་ཚེའི་ཚད་ནི་བསྐལ་པ་ཆེན ་པོ་གཅིག་གོ།། མཚམས་མེད་པ་ལྔ་བྱས་པའི་ག། ང་ཟག་སྡིག་པ་ཅན་དེ་དག་འཆི་འཕོ་བའི་དུས་བྱེད་པ། ན་རླུང་གི་མཚོན་ཆ་འབར་བ་ལྕགས་ཀྱི་ཤིང་རྟངདང ་འདྲ་བ་བཅོ་བརྒྱད་ཀྱིས་ལུས་གཏུབ་གཤེགས་སྟེ། མེ་རབ་ཏུ་ཚ་བས་སྙིང་ལ་གདུངས་པས་འདི་སྙམ་དུ་བདག་མེ་ཏོག་སྣ་ཚོགས་དང་ལྡན་པའི་བསིལ་གྲིབ་ཅན ་གྱི་ཤིང་ཆེན་པོ་ཞིག་གི་འོག་ན་རྩེ་ན་རེ་དགའ་སྙམ་བསམས་པ་དང་། དེ་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བའི་མཚོན་གྱི་ནགས་ཚལ་ཐམས་ཅད་རིན་པོ ་ཆེའི་ནགས་ཚལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྒྱས་པ་ལྟ་བུར་སྤྲུལ་པ་རབ་ཏུ་དཀྲིགས་པར་གྱུར་ཏེ། མེ་ལྕེ་ཐམས་ཅད་ནི་ཤིང་རྩ་བ་ནས་པདྨོ་ལྟ་བུར་སྤྲུལ། ་ཏེ་སྤོ་བ་བསྐྱེད་པ་དང་། སྡིག་པ་ཅན་དེས་མཐོང་བ་དང་བདག་གི་ཡིད་ལ་འདོད་པ་དང་ཕྲད་དོ་སྙམས་བསམས་ནས། བུ་ཡུག་དྲག་པོ་བས་ཀྱང་མགྱོགས་པར་མེའི་པདྨོ ་སྟེང་དུ་འདུག་པར་གྱུར་པ་དང་། དེ་མ་ཐག་ཏུ་ལྕགས་ཀྱི་སྲིན་བུ་རྣམས་ཀྱང་མེའི་ནང་ནས་བྱུང་སྟེ། རུས་པ་དང་། རྐང་གི་ནང་དུ་ཐལ་བྱུང་དུ་སོང་ནས། སྙིང་དང་གླད་མའི ་ནང་དུ་ཡང་ཐལ་བྱུང་དུ་སོང་ངོ་།། འཕོངས་ནས་ཤིང་ལ་འཇུག་ཏེ་འཛེགས་པ་དང་། ཐམས་ཅད་རལ་གྲི་འབར་བར་གྱུར་ཏེ་ཡན་ལག་དང་རུས་པ་ཀུན་དུམ་བུར་ཆད ་དེ་རལ་གྲིའི་འཁོར་ལོ་གྲངས་མེད་པ་སྙེད་ཀྱང་། སྟེང་ནས་བབ་པོ། མེའི་ཤིང་རྟ་དང་། ལྕགས་ཚན་ལ་བར་བ་དང་། སྡུག་བསྔལ་གྱི་དངོས་པོ་བཅོ་བརྒྱད ་ཀྱང་དུས་གཅིག་ཏུ་འདུས་ན་སུའོ།། དེ་ལྟར་གྱུར་པ་དང་། ས་ལ་འགྱེལ་ཏོ།། བར་ཆད་འོག་མར་ལུས་པདྨོ་ཁེ་བྱེ་དང་འདྲ་བར་རལ་ཞིང་གས་པས་ཡོངསུ་གང་ངོ་།། ་བར་ཆད་འོག་མ་ནས་བར་ཆད་གོང་མར་རིམས་བཞིན་དུ་འཕར་ཏེ། མེ་རབ་ཏུ་འབར་བས་བསྲེགས་པས་བར་ཆད་ཀུན་ཏུ་ལུས་ཀྱིས་གང་སྟེ། ཚ་བས་ཡོངསུ་གདུངས་པས ་མིག་དགྲང་ཁ་གདངས་ཏེ་ལྕེ་འབྱིན་ཏོ།། སྡིག་པ་ཅན་དེ་ལ་སྡིག་པའི་ལས་ཀྱིས་ལྕགས་ཚན་གྱི་ཁུ་བ་ཁྲི་ཕྲག་བརྒྱད་སྟོང་དང་། མཚོན་གྱི་འཁོར་ལོ་བརྒྱད་སྟོང་སྙེད ་འབབ་ཅིང་འབོ་སྟེ། སྤྱི་བོར་ཕོག་ནས་རྐང་མཐིལ་དུ་ཐལ་བྱུང་དུ་བྱུང་ངོ་།། སྡུག་བསྔལ་གྱི་དངོས་པོ་རྣམས་ནི་བཤད་པ་བས་ཀྱང་བརྒྱ་སྟོང་གིས་ལྷག་པར་མི་བཟོད ་དོ་མཚམས་མེད་པ་ལྔ་བྱས་པའི་སྡིག་པ་ཅན་དེ་ནི་བསྐལ་བ་ཡང་ལྔ་ཚང་བར་སྡུག་བསྔལ་མྱོང་བར་འགྱུརརོ།། སེམས་ཅན་གང་ཚུལ་ཁྲིམས་ཀྱི་རྩ་བ ་བཞི་ཞིག་པ་དང་། སྦྱིན་བདག་དད་པའི་སྦྱིན་པ་ཆུད་གསན་པ་དང་། ངན་པར་ལྟ་བའི་སེམས་ཀྱིས་ཆོས་ལ་སྐུར་པ་འདེབས་པ་དང་། ལས་ལེགས་ཉེས་ཀྱི་འབྲས་བུ་མི ་ཤེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་འཆད་པ་དང་སློབ་པའི་བར་ཆད་བྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་ལ་དབང་བཟས་པ་དང་། དགེ་འདུན ་གྱི་དཀོར་སྲུང་ལ་བརླབས་པ་དང་། མི་རིགས་པ་ལ་མི་ཚངས་པར་སྤྱོད་པ་དང་། དགེ་སློང་མ་དང་། མ་སྲིད་དུ་གྱུར་པའི་གཉེན་པ་ལ་མི་ཚངས་པར་སྤྱོད་པ་དང་། ཁྲེལ་བ་དང ་ངོ་ཚ་མེད་པ་དང་། གཉེན་གྱི་དྲུག་རྒྱུད་ལ་སྤྱོ་ཞིང་བ་རྒྱད་དེ་མི་རིགས་པའི་ལས་བྱས་པའི་སྡིག་པ་ཅ་ན་དེ་འཆི་འཕོ་བའི་དུས་ན་ཡང་རླུང་གི་མཚོན་ཆས་ལུས ་གཤེགས་ཅིང་བདེ་བར་ཉལ་དུ་ཡང་མེད་དེ། ལྕགས་མོས་བཅུ་བ་བཞིན་དུ་ཉམ་ཐག་ནས་སེམས་ཀྱང་མྱོས་པར་གྱུར་ཏེ། རིག་ལམ་ན་བདག་གི་འཁོར་ཡུལ་དང་། ཁྱིམ ་དང་། གནས་དང་། ནོར་རྫས་དང་། ཟ་སྐོམ་ལ་སོགས་པ་ཐམས་ཅད་མི་གཙང་བ་དང་། ངན་སྐྱུགས་ཀྱིས་གང་བར་མཐོང་སྟེ། དེའི་ཚེ་སྡིག་པ་ཅན་དེའི་སྐད་དུ་ཅིའི་ཕྱིར་གནས ་འདི་དག་ན་གནས་བཟང་པོ་རི་དང་ཚལ་དུ་ལྡན་པ་མེད་དམ། ཅི་སྟེ་འདི་ལྟ་བུའི་མི་གཙང་བས་གང་བའི་གནས་འདིར་བཞག་ཅེས་སྨྲའོ།། དེ་སྐད་སྨྲས་མ་ཐག་ཏུ་སྲུང་མ། ་སྲིན་པོས་མདུང་རྩེ་ཁ་བྲག་པའི་ཁ་ནས། མནར་མེད་པའི་སེམས་ཅན་དམྱལ་བ་དང་། རལ་གྲིའི་ཚལ་དང་། མེ་མུར་དང་ལྕགས་ཚན་ལ་སོགས་པ་རྣམས་རིན་པོ་ཆེའི ་ཤིང་དང་། བསལ་བའི་རྫིང་བུར་སྤྲུལ་ཏེ་ཁྱེར་ནས། མེ་ལྕེ་རྣམས་ཀྱང་གསེར་གྱི་པད་མོར་སྤྲུལ་ཏེ། སྲིན་བུ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱང་བྱ་ངུར་པར་སྤྲུལ་ནས། དམྱལ ་བའི་སྐད་ཨ་བྱི་ཞེས་བྱ་བའི་སྒྲ་ནི་གླུ་དབྱངསུ་སྤྲུལ་ཏེ། སྤྲོ་བ་སྐྱེད་དོ།། སྡིག་པ་ཅན་དེས་དེ་ལྟ་བུ་དག་མཐོང་ཞིང་ཐོས་པ་དང་། འདི་སྐད་དུ་འདི་ལྟ་བུའི་གནས་བཟང་པོར ་ཅིའི་ཕྱིར་བདག་དེར་མི་འདུག་སྙམ་བསམས་པ་དང་། དེ་མ་ཐག་ཏུ་མེའི་པད་མོའི་སྟེངས་དུ་འདུག་པར་གྱུར་ཏོ།། ལྕགས་ཀྱི་སྲིན་བུ་རྣམས་ཀྱང་བ་སྤུའི་བུ ་ག་ཀུན་ཏུ་ཞུགས་ཏེ། ལུས་ཀུན་ནས་འབུགས་ཤིང་ཟའོ།། ལྕགས་ཀྱི་འཁོར་ལོ་འབར་བ་བརྒྱ་སྟོང་སྙེད་ཀྱང་མགོའི་སྟེང་ནས་ཆར་བཞིན་དུ་བབ་ནས་མདུང་རྩེ་ཁ། ་བྲག་པ་གྲངས་མེད་པ་མིག་དུ་འཛུགས་ཤིང་མིག་གི་འབྲས་བུ་འབྱིན་ཏོ།། སེམས་ཅན་དམྱལ་བའི་ཟངས་ཀྱི་ཁྱི་དང་། ལྕགས་ཀྱི་ཁྱི་བརྒྱ་སྟོང་མང་པོ་ཡང་འདུས་ཏེ། དེའི་ལུས ་ཁམས་ཚད་དུ་གཤེགས་ཅིང་སྙིང་ལ་ཟ་བའོ།། སྡིག་པ་ཅན་དེའི་ལུས་དེ་མ་ཐག་ཏུ་ལྕགས་ཀྱི་པད་མོ་ལྟ་བུར་གྱུར་ཏེ་བར་ཆད་བཅོ་བརྒྱད་པོ་ཀུན་ཏུ་ཡོངསུ་གང་ངོ་།། ལུས ་པངད་མོ་ལྟ་བུར་གྱུར་པ་དེ་རེ་རེ་ལ་ཡང་ལུས་ཀྱི་ཡན་ལག་པདྨོའི་འདབ་མ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དོ།། ཡན་ལག་དེ་རེ་རེས་ཀྱང་བར་ཆད་རེ་རེ་ཡོངསུ་གང ་།། བར་གྱུར་ཏེ། བར་ཆད་རྣམས་ཀྱང་ཆེན་པོར་མ་གྱུར་ལ་སེམས་ཅན་དམྱལ་བའི་ལུས་ཀྱང་ཆུང་ངུར་མ་སོང་སྟེ། དེ་ལྟ་བུའི་དམྱལ་བར་ཡོངསུ་གེང་བར་གྱུར་ཏོ།། ་སྡིག་པ་ཅན་དེས་དེ་ལྟ་བུའི་དམྱལ་བ་ཆེན་པོར་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྡུག་བསྔལ་ཆེན་པོ་བླངས་ཏེ། དེའི་གནས་ནས་ཤི་སྟེ་ཡང་དམྱལ་བའི་ཤར་ཕྱོགས་ཀྱི་བར་ཆད ་བཅོ་བརྒྱད་པོ་ཀུན་གྱི་ནང་དུ་སྡུག་བསྔལ་ཆེན་པོ་སྔ་མ་བཞིན་དུ་ལེན་ཏོ།། དེ་བཞིན་དུ་མནར་མེད་པའི་ལྷོ་ཕྱོགས་ན་ཡང་བར་ཆད་བཅོ་བརྒྱད། ནུབ་ཕྱོགས་ན་ཡང་བར་ཆད ་བཅོ་བརྒྱད་བྱང་ཕྱོགས་ན་ཡང་བར་ཆད་བཅོ་བརྒྱད་ཡོ་དུ་དོ།། དེ་དག་ཀུན་ཏུ་གང་ཤིན་ཏུ་རྒྱས་པའི་མདོ་ལ་བསྐུར་བ་བཏབ་པ་དང་། མཚམས་མེད་པ་ལྔའི་སྡིག་པ་བྱས ་བ་དང་། འཐུན་པའི་བར་དུ་དབྱེན་བྱེད་པ་དང་། དགེ་སློང་མ་ལ་མི་ཚངས་པར་སྤྱད་པ་དང་། དགེ་བའི། རྩ་བ་ཡོངསུ་བཅད་པ་དང་། དེ་ལ་སོགས་པའི་སྡིག་བྱས ་པ་དག་མནར་མེད་པའི་སེམས་ཅན་དམྱལ་བར་ལུས་ཀྱིས་ཡོངསུ་གང་སྟེ། ལུས་ཀྱི་ཡན་ལག་བཞིས་ཀྱང་བར་ཆད་བཅོ་བརྒྱད་ཀུན་ཏུ་གང་ངོ་།། མནར་མེད་པའི་སེམས ་ཅན་དམྱལ་བ་འདི་དག་རྟག་ཏུ་དེ་ལྟར་འབར་རོ།། སེམས་ཅན་དམྱལ་བར་ས་བོན་བཏབ་པའི་གང་ཟག་དེ་བསྐལ་པ་ཟད་དུ་ཉེ་བ་ན། དམྱལ་བའི་ཤར་ཕྱོགས་ཀྱི་སྒོ་བྱེ་ནས ་སྒོའི་ཕྱི་རོལ་ན་ཆུ་མིག་དང་འབབ་ཆུ་དང་བསིལ་བའི་རྫིང་བུ་དང་། མེ་ཏོག་དང་འབྲས་བུའི་ཚལ་མང་པོ་སྣང་བར་གྱུར་ཏོ།། སྡིག་པ་ཅན་དེས་དེ་ལྟ་བུར་དེ་དག་མཚོ། ་བ་དང་། མིག་ནས་མེ་འབར་བ་ཆུང་ཟད་ཅིག་ཞི་ནས་བར་ཆད་འོག་མ་ནས་འབྱེ་ཞིང་གོག་སྟེ་བར་ཆད་ལྟག་མར་ཕྱིན་ནས། རལ་གྲིའི་འཁོར་ལོ་ལ་འཇུ་སྟེ་བཟུང་བ་དང་། ན་མཁའ ་ལས་ལྕགས་ཀྱི་ཐུ་ལུམ་འབར་བ་ཆར་བཞིན་དུ་བབ་སྟེ། ཤར་ཕྱོགས་ཀྱི་སྒོར་རྒྱུག་སོ།། སྒོའི་ཐེམ་པར་ཕྱིན་ནས་སྲུང་མ་སྲིན་པོ་རག་ཤ་དང་ཡག་ཤ་མདུང་རྩེ་ཁ་བྲག་པས་མིག་དུ ་བཙུགས་ཏེ་ཕྱིར་བུ་ལོ།། ལྕགས་ཀྱི་ཁྱི་རྣམས་ཀྱིས་ཀྱང་བཟུང་ནས་དེ་ཉིད་དུ་འགྱེལ་ཏེ་ཤིའོ།། ཤི་མ་ཐག་ཏུ་ཕྱིར་ཡང་སོས་ཏེ་དམྱལ་བའི་ལྷོ་སྒོ་བྱེ་བ་ཡང་སྔ་མ་བཞིན་ནོ།། དེ་བཞིན ་དུ་ནུབ་སྒོ་དང་བྱང་སྒོར་ཡང་སྔ་མ་བཞིན་ཏེ། དེ་ལྟ་བུར་ཡང་བསྐལ་པ་ཕྱེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུརརོ།། མནར་མེད་པའི་སེམས་ཅན་དམྱལ་བ་དེ་ནས་ཤི་སྟེ་རབ་ཏུ ་གྲངས་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེསོ།། རབ་། ཏུ་དྲང་བའི་སེམས་ཅན་དམྱལ་བ་དེ་ནས་ཡང་ཤི་ནས།། མུན་ནག་གི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སྟེ། ལོ། ་ཁྲི་ཕྲག་བརྒྱད་སྟོང་གི་བར་དུ་ཇི་ཛི་ཡང་མི་མཐོང་བར་གྱུར་ཏོ།། དེ་ནས་ཡང་ཚེ་འཕོས་ནས་སྲིན་བུ་ཆེན་པོ་ཞིག་གི་སྐྱེ་བ་བླངས་ཏེ་ལྟོ་བས་འཕྱི་ཞིང་འགྲོ་སྟེ། དབང་པོ་རྣམས་ཡོངསུ ་མི་གསལ་བ་དང་། ཤེས་པ་མེད་པར་གྱུར་ཏེ། སྤྱང་གི་བརྒྱ་སྟོང་མང་པོས་ཟ་བར་གྱུར་ཏོ།། དེ་ནས་ཡང་ཚེ་འཕོས་ནས་བྱོལ་སོང་གི་ཁམསུ་སྐྱེ་བ་བརྒྱུད་ཅིང་སྐྱེས་ཏེ། སྐྱེ་བ་ཁྲི ་ཕྲག་ལྔ་བརྒྱའི་བར་དུ་བྱོལ་སོང་གི་ལུས་ལེན་པར་འགྱུརརོ།། དེ་ནས་ཐར་ནས་བཟོད་ཀྱིས་མིར་སྐྱེས་ན་ཡང་འོན་པ་དང་། རྨུགས་པ་དང་། ཞ་བ་དང་། ལོང་བ་དང་། མཛེ་དང་། ་། ཤུ་བ་དང་། གཡན་པ་དང་། ཤུ་ཆེན་གྱི་གཟིར་ཏེ། དབུལ་ཞིང་ཕོངས་པ་དང་། རིགས་ངན་པར་སྐྱེ་བ་དང་། གང་ངན་དགུ་ཐམས་ཅད་འཚོགས་པར་འགྱུར་རོ།། དེ་ལྟར ་ཤིན་ཏུ་དམན་པའི་ལུས་སུ་སྐྱེ་བ་ལྔ་བརྒྱའི་བར་དུ་སྐྱེས་ཏེ། དེ་ནས་ཡང་ཕྱིར་ཡི་དྭགས་ཀྱི་ཁམསུ་སྐྱེས་ཏེ་གནས་པ་ལས། དེ་ནས་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་ད། ་ཆེན་པོ་དང་ཕྲད་དེ། ཚིག་འདི་སྐད་ཅེས་སྒོ་བར་གྱུར་ཏོ།། ཁྱོད་སྔོན་སྐྱེ་བ་གྲངས་མེད་པའི་སྔོན་རོལ་ན་ཁ་ན་མ་ཐོ་བའི་སྡིག་པ། དཀོན་མཆོག་གསུམ་ལ་སྐུར་པ་བཏབ་པ་དང་། མ། ་དད་པ་དང་། མ་མོས་པ་དང་། མ་ཕྱོགས་པས་མནར་མེ། དུ་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། དམྱལ་བའི་སྡུག་བསྔལ་གྱི་དངོས་པོ་ཡོངསུ་གདུངས་པ་ནི ་བཤད་ཀྱིས་ཀྱང་མི་རྫོག་སོ།། ད་ཁྱོད་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་སྐྱེད་ཅིག་ཅེས་བསྒོ་བ་ནས། སངས་རྒྱས་ལ་ཕྱག་འཚ་ལོ།། ཞེས་སྨྲར་བཅུག་གོ། དེ་ནས ་སངས་རྒྱས་ལ་ཕྱག་འཚལོ་ཞེས་བརྗོད་པའི་བསོད་ནམས་ཀྱི་མཐུས། དེ་ནས་ཚེ་འཕོས་ནས་རྒྱལ་ཆེད་བཞིའི་ལྷར་སྐྱེ་སོ།། ལྔ་དེར་སྐྱེས་ནས་རབ་ཏུ་འགྱོད་དེ་བྱང་ཆུབ་མཆོག་ཏུ་སེམས ་བྱེད་དོ།། སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་དེ་དག་མི་གཏོང་ཞིང་ཡོངསུ་འཛིན་ཏོ།། སྲས་སྒྲ་གཅན་འཛིན་དང་འདྲ་བར་དེ་དག་བྱམས་ཤིང་ཐུགས་བརྩེ་སྟེ། འདི་སྐད་དུ་རིགས་ཀྱིབུ། ་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་བྱོལ་ཅིག་ཅེས་རྗེ་བུ་བསྟན་པ་མཛད་དོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པ། རྒྱལ་ཆེན་པོ་སངས་རྒྱས་ཀྱི ་ཐུགས་ཀྱི་འོད་ཟེར་ཆེན་པོ་སྣང་བར་མཛད་པའི་དོན་རྣམས་ཤེས་པར་འདོད་ན། དེ་ནི་གང་ཟག་མཚམས་མེད་ཅིང་སྐྱབས་མེད་པའི་སྐྱེ་བོ་རྣམས་ལ་རྟག་ཏུ་སྣང་བར་མཛད་པར་ཤེས་པར ་བྱའོ།། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ནི་རྟག་ཏུ་སྡུག་བསྔལ་བའི་གང་ཟག་སྡིག་པ་ཅན་རྣམས་ལ་དགོངས་ཏེ། སངས་རྒྱས་ཀྱི་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས། གང་ཟག་སྡིག ་པ་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱང་བསྐལ་པ་བགྲང་བ་ལས་འདས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ ་པ་དེ་ལ་ཇི་ལྟར་ན་རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་ནི། ཆབ་བྲོམ་གྱི་རི་ཆེན་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། ་དེ་གཅིག་ལ་ཡང་བར་ཆད་བཅོ་བརྒྱད་དང་། རི་ཆུ་ངུ་བཅོ་བརྒྱད་ཡོད་དེ་ཤེལ་གྱི་ཁ་དོག་ལྟ་བུ་ལ་རབ་ཏུ་གྲང་བའོ།། ཏེ་རབ་ཏུ་གྲང་བའི་སེམས་ཅན་དམྱལ་བས་རི ་དེ་དག་གི་བར་ན་ཡོངསུ་གང་ནས། གྱོ་མོའི་པདྨ་ལྟ་བུ་ལ་མཐོ་ཁྱད་དཔག་ཚད་བཅོ་བརྒྱད་དང་། ཆབ་བྲོམ་གྱི་འཁོར་ལོ་ཆུ་ཞིང་གབ་པར་དཔག་ཚད་བཅུ་གཉིས་པ་སྟེང་གི་ནམ ་མཁའ་ལས་སེར་བ་དེ་བཞིན་དུ་བབ་བོ།། དེ་དག་འཇིག་རྟེན་ན་གང་སྙིང་རྗེའི་སེམས་མེད་ཅིང་ནུ་ཞིང་འཕྲོག་པ་དང་། སྦྲུས་འཕྲོག་པ་དང་། སེམས་ཅན་གྱི་སྲོག་གཅོད་ཅིང་སྡིག ་བ་མང་པོ་བྱས་པའི་གང་ཟག་དེ་འཆི་བའི་དུས་བྱེད་པ་ན་གནས་དང་། འདུ་བྱེད་ཀྱི་དངོས་པོ་ཐམས་ཅད་མེ་རབ་ཏུ་ཆེ་བ་དང་། མཚོན་ཆར་གྱུར་ཏེ། སྡིག་པ་ཅན་དེ་འདི་སྙམ་དུ ་བདག་མེ་རབ་ཏུ་ཆེ་བ་དང་མཚོན་ཆས་ཉེན་པར་གྱུར་པ་དང་། བདག་ཆབ་ཟོམ་གྱི་གློང་ཆེན་པོ་ཞིག་ན་ཉལ་ན་ཇི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ། ་བའི་སྲུངས་མ་སྲིན་པོས་ལག་ན་ཆབ་བྲོམ་གྱི་འཁོར་ལོ་ཆེན་པོ་ཐོགས་ཏེ་བྱ་དཀར་པོ་འཕུར་བ་ལྟར་ན་མཁའ་ལས་གོམ་པ་འདོར་ཞིང་འོངས་ཏེ་སྤྲོ་བ་སྐྱེད་པ་དང་། སྡིག་པ་ཅན ་དེས་མཐོང་བ་དང་ཚ་བཞི་ཞིང་བསིལ་བར་གྱུར་ཏོ།། དེ་ལ་སེམས་ཀྱིས་འདོད་ཅིང་ཆགས་པ་ལས་ཚེ་འཕོས་ཏེ་ཆབ་བྲོམ་གྱི་རི་ལ་སྐྱེསོ།། དེར་སྐྱེ་བ་དང་ཆབ་བྲོམ་གྱི་རི་ཆེན་པོ ་རྣམས་བསིལ་གཡབ་ཀྱིས་གཡབས་པ་བཞིན་དུ་གྲང་བ་དང་སྡུག་བསྔལ་བ་ཐམས་ཅད་བ་སྤུའི་བུ་ག་ཀུན་ཏུ་སོང་ངོ་།། བར་ཆད་བཅོ་བརྒྱད་པོ་ཀུན་ཏུ་ལུས་ཀྱིས་གང་ནས ་ལུས་དང་ཡན་ལག་ཀུན་གས་ཤིང་རལ་ཏེ་བྱེ་ནས་པདྨོ་དམར་པོ་ལྟ་བུར་གྱུར་ཏོ།། ཆབ་བྲོམ་གྱི་འཁོར་ལོ་ཚོན་པོས་ལུས་ལ་ཡོངསུ་ཁེབས་ཏེ། ཕྱོགས་མཚམས ་བརྒྱད་ཀྱི་ཆབ་བྲོམ་གྱི་རི་རྣམས་ཀྱང་དུས་གཅིག་ཏུ་འདུས་ནས་བྱོལ་བ་དང་བཟུར་བའི་ས་མེད་དེ། ཚིག་ཏུ་ཨ་བྱི་དང་ཨ་ལ་ལ་ཞེས་བྱ་བ་འབོད་དོ།། དེ་ཚེ་སྡིག་པ་ཅན་དེ་འདི་སྙམ ་དུ་བདག་ནམ་ཞིག་གི་དུས་ན་རབ་ཏུ་གྲང་བ་འདི་ལས་ཐར་ཏེ། ཕྱིར་ཡང་མེའི་ནང་དུ་སྐྱེ་གྲང་སྙམ་བསམས་པ་དང་། དེའི་དམྱལ་བའི་ལྕགས་ཀྱི་བྱ་རྣམས་ཀྱིས་ཁ་ནས་མེ་ཕྱུང་སྟེ། ་ཕྱོགས་མཚམས་དང་སྟེང་འོག་ཀུན་ནས་ཆབ་བྲོམ་བཞུ་སྟེ། སྡིག་པ་ཅན་གྱི་གླད་པ་བརྟོལ་ནས་གླད་པ་བཞིབས་པ་དང་། དེ་ཉིད་དུ་དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ ་ས་ལ་བརྡབས་ཏེ་ཡང་སོས་ཤིག་ཅེས་བོས་པ་དང་། དེ་མ་ཐག་ཏུ་ཡང་སོས་ནས་ཕྱིར་ཡང་མེ་རབ་ཏུ་ཚ་བས་གདུངས་པ་དང་། འདི་ལྟར་བདག་གི་ལུས་ལ་མེས་རབ་ཏུ་གདུངས་པར ་གྱུར་ན། ཆབ་བྲོམ་སྔ་མ་དེས་མེ་འདི་བསད་ན་ཇི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྲུངས་མས་ཆབ་བྲོམ་གྱི་འཁོར་ལོས་སྡིག་པ་ཅན་དེ་བླངས་ནས་བར་ཆད་གཅིག་ནས ་བྱུང་སྟེ། བར་ཆད་གཞན་གྱི་ནང་དུ་བཅུ་གནས་བར་ཆད་བཅོ་བརྒྱད་པོ་ཀུན་ཏུ་མ་ཕྱིན་པའི་ས་མེད་དེ། ཀུན་ཏུ་སྡུག་བསྔལ་འདྲར་སྤྱོད་དོ།། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བའི ་ཚེའི་ཚད་ནི་རྒྱལ་ཆེན་བཞིའི་གནས་ཀྱི་ཉི་མ་དང་། ཟླ་བས་བགྲང་བའི་ལོ་ཁྲི་ཕྲག་བརྒྱད་སྟོང་སྙེད་ཀྱི་བར་དུ་གནསོ།། དེ་ལས་ཐར་ནས་ཀྱང་རིགས་ངན་པར་སྐྱེས་ཏེ། དབུལ་ཞིང ་ཕོངས་པ་དང་། བྱད་གཟུགས་ངན་པ་དང་། སྐྱེ་བ་ལྔ་པ་རྒྱའི་བར་དུ་གཞན་གྱི་བྲན་ཁོལ་དུ་སྐྱེས་ཏེ། གོས་ཀྱིསལུས་མི་ཡོག་པ་དང་། ཟས་ཀྱིས་ལྟོ་མི་ཁེངས་པ་དང་། ་ཚེ་ཐུང་ཞིང་ནད་མང་བར་འགྱུརརོ།། དེ་ནས་སྡིག་སྒྲིབ་ཀྱི་རྣམ་སྨིད་བྲི་ནས་གཟོད་དགེ་བའི་གཤེས་གཉེན་ཆེན་པོ་དང་ཕྲད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུརརོ།། བཅོམ་ལྡན ་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མུད་ནག་གི་སེམས་ཅན་དམྱལ་བ་ཞེ་ན། མུན་ནག་གི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་རི་ནག་པོ་རིམ་པ་བཅོ་བརྒྱད་དང་། ་མུད་དྲ་བ་ནག་པོ་རིམ་པ་བཅོ་བརྒྱད་དང་། ལྕགས་ཀྱི་ཚལ་རིམ་པ་བཅོ་བརྒྱད་དང་། ལྕགས་ཀྱི་བླ་རེ་རིམ་པ་བཅོ་བརྒྱད་མུན་པའི་འཇིག་རྟེན་དང་བཅས་པ་ཡོད་དོ།། མུད་པའི ་རི་དེ་དག་ཀུན་ཀྱང་མཐོ་ཁྱད་དཔག་ཚད་བརྒྱ་ཁྲི་བཞི་སྟོང་སྙེད་ཡོད་དོ།། བླ་རེ་རིམ་པ་གཅིག་ལ་ཡང་སྡུག་ཁྱད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དེ། བླ་རེའི ་རིམ་པ་རེ་རེའི་བར་ན་ཡང་ཁོ་ར་ཁོར་ཡུག་ཏུ་རི་ནག་པོ་བཅོ་བརྒྱད་ཀྱིས་གྲིབ་མར་བསྒྲིབ་སོ།། འདི་ནི་འཇིག་རྟེན་ན་སྐྱེ་བོ་དང་། གང་ཟག་གླེན་ཞིང་གཏི་མུག་ཅན་དག་སངས་རྒྱས ་དང་། ཆོས་དང་འཕགས་པའི་དགེ་འདུན་དང་། མཆོད་རྟེན་ཆེན་པོ་བརྒྱད་དང་། མ་ཧཱ་བོ་དེ་ལ་སོགས་པ་ལ་བསྔོས་པའི་མེ་མར་དང་སྣང་བའི་སྒོར་མ་བརྐུས་པ་དང་། པ་མ་དང་སློབ ་དཔོན་དང་། བླ་མའི་སྡང་བ་བརྐུས་པ་དང་། ཆོས་དང་ཆོས་ཀྱི་མཁན་པོ་ལ་སྐུར་པ་བཏབ་པ་དང་། འཇིག་རྟེན་གྱི་གཙུག་ལག་ལ་མཁས་པ་ལ་ཡང་བརྙས་སྨོད་བྱེད་པ ་དང་། ལེགས་ཉེས་ཀྱི་ངོ་མ་ཤེས་པ་དང་། སྡིག་པ་མང་པོ་བྱས་པས་འཆི་འཕོ་བའི་དུས་བྱེད་པའི་ཚེ་ན། མིག་ན་གློག་ལྟ་བུར་འགྱུར་ཞིང་འབར་བ་རྒྱུན་མི་འཆད་པ ་གྱུར་པ་དང་། འདི་སྙམ་དུ་བདག་ཉེས་པ་ཅི་བྱས་ནས་འདི་ལྟར་རྟག་ཏུ་མིག་མི་མཐོང་བར་གྱུར་པ་ཡིན་སྙམ་བསམས་ནས། ཉི་ཟླའི་འོད་ཀྱང་མཐོང་བར་མི་འདོད་དོ།། མཐའ་མ་འཆི ་བའི་དུས་བྱེད་པ་ན། དམྱལ་སྲུངས་སྲིན་པོས་ལྕགས་ཀྱི་ཁྲི་ལ་ལྕགས་ཀྱི་བླ་རེ་བྲེས་པ་ཁྱེར་ཏོ། སྤྲིན་འདུ་བ་བཞིན་དུ་ན་མཁའ་ལས་བབ་སོ།། དེའི་ཚེ་ན་མཁའ་ལས་གཟུགས་མི་སྣང ་བར་སྒྲ་འདི་སྐད་དུ་གྲགསོ།། རིགས་ཀྱི་བུ་གནས་འདི་རབ་ཏུ་མུན་པ་གནག་ན། ཁྱོད་འགྲོ་འདོད་དམ་ཞེས་གྲགས་པ་དང་། སྡིག་པ་ཅན་དེས་ཐོས་པ་དང་། གནས་དེར་འགྲོ་བར་དག། ་པའི་སེམས་སྐྱེས་ཏེ། དེ་མ་ཐག་ཏུ་འཕོས་ནས་ལྕགས་ཀྱི་ཁྲི་ལ་འདུག་པར་གྱུར་ནས། བྱ་ངང་པའི་རྒྱལ་པོ་འཕུར་བ་ལྟར་ཆས་ཏེ། མུན་ནག་གི་སེམས་ཅན་དམྱལ་བར་ལྷུང་ངོ་།། ་དེར་ཕྱིན་ནས་རལ་གྲིའི་འཁོར་ལོ་མང་པོ་ལྟག་འོག་གཉིས་ནས་འཕེན་ཏེ། ལུས་གཏུབ་ཅིང་གཤེག་གོ།། ལྕགས་ཀྱི་བྱ་ཆེན་པོ་མཆུ་རྣོ་ཞིང་རིང་བ་དག་ཀྱང་། རི་ནག་པོ་དེ་ལས་བབས ་ནས་མཆུ་རྣོད་པོས་ཐལ་བྱུང་དུ་ཟུག་ཅིང་ཐུག་གོ།། དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་ལོ་འབུམ་ཕྲག་ལྔ་བརྒྱའི་བར་དུ་མྱོང་བར་གྱུར་ཏེ། འཇིག་རྟེན་གྱི་ཉི་མ་རབ་ཏུ་མེད་པ་དང་། ཕར ་ཚུན་དུ་རྒྱུག་ཅིང་སྣང་བ་ཚོལ་ལོ།། དེའི་ཚེ་རྐང་པའི་འོག་ནས། ལྕགས་ཀྱི་སྦྲང་ཆེན་པོ་དང་། གཟེ་མ་རྣོན་པོས་རུས་པ་དང་རྐང་ལ་ཐལ་བྱུང་དུ་ཟུག་ཅིང་ཕུག་གོ།། དེ་ལྟ་བུའི་སྡུག ་བསྔལ་ཆེན་པོ་ལོ་འབུམ་ཕྲག་ལྔ་བརྒྱའི་བར་དུ་མྱོང་བར་གྱུར་ར་ཏེ། འཇིག་རྟེན་གྱི་ཉི་མ་དང་ཟླ་བས་བགྲང་བའི་ལོ་དང་སྐལ་པའི་ཚད་ནི་རྒྱལ་ཆེན་རིས་བཞིའི་ལྷ་དང་མཉམ ་མོན་སྡིག་པ་ཅན་དེ་མུད་ནག་གི་ཁམས་དེར་ནི་ནག་པོ་ཀུན་ལ་ཕན་ཚུན་དུ་མགོ་བོ་ཐུག་པས་གླད་པ་རླུགས་ཏེ་ལྕགས་ཀྱི་ཁྱི་རྣམས་འོངས་ཏེ་ལོག་སོ།། མིག་གི་འབྲས་བུ་ཡང་ས་ལ ་ལྷུང་སྟེ། དམྱལ་བའི་སྲུངས་མ་སྲིན་པོས་མདུང་རྩེ་ཁ་བྲག་པ་ཐོགས་ཏེ་མིག་གི་འབྲས་བུ་བླངས་ནས་ཕྱིར་མིག་ཏུ་འཛུད་དོ།། སྡུག་བསྔལ་ཆེན་པོ་དེ་ལྟ་བུ་དག་མྱོང་ནས། ཅི་སྟེ་ཐར ་ན་ཡང་དབུལ་ཞིང་འཕོངས་པ་དང་། དབང་པོ་ལྔ་མི་གསལ་བ་དང་ཤེས་པ་མེད་པ་དང་ལུས་ལ་ནད་མང་བ་དང་། ཀུན་གྱིས་མི་འདོད་པར་འགྱུརརོ།། དེ་ལྟ་བུའི་རྣམ་པར་སྨིན ་པ་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་མྱོང་བར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུརརོ།། བཅོམ ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་ཅེ་ན། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད ་ཅེས་བྱ་བ་ནི། མནར་མེད་པའི་དམྱལ་བ་ཆེན་པོ་བཞིན་དུ། ལྕགས་ཀྱི་མཁར་མེ་རབ་ཏུ་འབར་བ་རིམ་པ་བདུན་དང་། ལྕགས་ཀྱི་དྲ་བ་རིམ་པ་བདུན་དང་། གཞན་ཡང ་སྡུག་བསྔལ་གྱི་དངོས་པོ་མ་རུངས་པ་ཚད་མེད་པ་དག་ཡོད་དོ།། གང་ཟག་ལ་ལས་དཀོན་མཆོག་གསུམ་ལ་མཚམས་མེད་པ་ལྔའི་སྡིག་བྱས་པ་དང་། སློབ་དཔོན་ལ་དུ། ་བ་དང་། སློབ་དཔོན་གྱི་ཟས་ལ་གཙང་སྦྲ་མ་བྱས་པ་དང་། སློབ་དཔོན་གྱི་ཁྲི་སྟན་ལ་འཇུག་པ་དང་། སློབ་དཔོན་ལ་བརྙས་ཤིང་སྨོད་པ་དང་། སློབ་དཔོན་ལ་གསོ ་རྒྱུ་བྱེད་པ་དང་། སློབ་དཔོན་ལ་སྐུར་པ་འདེབས་པ་དང་ང་། སློབ་དཔོན་ལ་རྡེག་པ་དང་། སློབ་དཔོན་ལ་གསོ་ད་པ་དང་། སློབ་དཔོན་ལ་དུག་ལྡུད་པ་ལ་སོགས་པའི་སྡིག་པ ་བྱས་པ་དང་། གཞན་ཡང་གང་ཟག་སློབ་དཔོན་དང་། བླ་མ་དང་། ཕ་མས་བསྟན་པ་བཞིན་དུ་མི་བྱེད་ཅིང་ལོག་པའི་སེམས་བསྐྱེད་པ་དང་། བྱམས་པ་མི་ཤེས་པས་དྲིན ་དུ་མི་གཟོ་བ་དང་། གཞན་ཡང་མཆོད་རྟེན་དང་ལྷ་གང་དང་། སྐུ་གཟུགས་གཤིག་པ་དང་། དཀོན་མཆོག་གི་དཀོར་སྣང་བརྐུས་པ་དང་། ཕ་མ་དང་། ཕུ་རུ་དང་། མིང ་ཚང་དང་གཉེན་འདུན་དུ་གྱུར་པ་ལ་སོགས་པ་ལ་འཚོ་ཞིང་གསོད་པ་དང་། ཆོས་མ་ཡིན་པ་རྣམ་པ་མང་པོ་བྱས་པའི་སྡིག་པ་ཅན་དེ་འཆི་བའི་དུམ་བྱེད་པ་ན་མནར་མེད་པའི་བྱེམ། ་ཅན་དམྱལ་བའི་བསྲུངས་མ་བཅོ་བརྒྱད་ཀྱིས་སོ་སོ་ནས་མདུང་རྩེ་ཁ་བྲག་པའི་ཁ་ལ་བར་ཆད་རེ་རེ་ཁྱེར་ཏེ་འོངས་པ་ལས། སེམས་ཅན་དམྱལ་བ་དེ་དག་གིས་བར་ཆད་དེ། རིན ་བོ་ཆེའི་གདུགས་ལ་བདུད་རྩི་ཆར་སྤེལ་མ་འབབ་པ་ལྟ་བུ་ལ། ཆར་གྱི་ཐིག་པ་མེ་ཏོག་དང་འདྲ་བར་མཐོང་བ་དང་། སྡིག་པ་ཅན་དེ་སྡིག་པའི་རྣམ་པར་སྨིན་པས་རབ་ཏུ་ཚ་བའི ་སེམས་སྙིང་ལ་གདུངས་པའི་ཚ་བས་ཉེན་པ་ལས་འདི་སྙམ་དུ་བདག་གདུགས་ཀྱིས་བཀབ་པའི་འོག་ན་འདུག་ཅིང་ཆར་གྱི་ཐིགས་པ་འདིས་ཕོག་ན་ཅི་མ་རུང་སྙམ་པས་རྨ ་པ་དང་། དེ་མ་ཐག་ཏུ་ཚེ་འཕོས་ནས་རྡོ་འཕངས་པ་མ་གྱི་སྲིད་དུ་རལ་གྲིའི་ཁྲི་ལ་འདུག་པར་གྱུར་ཏོ།། རལ་གྲི་རྣོན་པོ་ལ་མེ་རབ་ཏུ་འབར་བ་གྲངས་བརྗོད་དུ་མེད་པ ་སྙེད་དཀྲིགས་ཤིང་བསྡམས་ཏེ། རིན་པོ་ཆེའི་གདུགས་དེ་ཡང་མཚོན་སྣ་ཚོགས་ཀྱི་འཁོར་ལོ་དང་གདུག་སུ་གྱུར་ཏེ། སྟེང་ན་བབ་ཏེ་སྤྱི་བོ་ནས་ཐལ་བྱུང་དུ་ཕྱེད་ཚལ་དུ་གཤེག ་ཤིང་དྲལ་ཏེ་དུས་བུ་བརྒྱ་ཏེ་དུམ་བུ་བརྒྱ་སོ།། ཆར་གྱི་ཐིགས་པ་མེ་ཏོག་དུ་མཐོང་བ་དེ་ཡང་སྟེང་གི་ཕྱོགས་ནས་ལྕགས་ཀྱི་ཐུ་ལུམ་འབར་བ་ཆར་བཞིན་དུ་བབ་སྟེ། བ་སྤུའི་བུག ་ཀུན་ཏུ་སོང་བ་དང་། ལུས་མེའི་ཕུང་པོར་འབར་རོ།། སྲུངས་མ་སྲིན་པོ་བཅོ་བརྒྱད་ཀྱིས་ཀྱང་མདུང་རྩེ་ཁ་བྲག་པ་ཐོགས་ཏེ་སྡིག་པ་ཅན་གྱི་མིག་ཏུ་འཇུགས་ཤིང་། སྙིང་ལ ་མཚོན་གྱིས་འདེབས་པས་དེ་ཉིད་དུ་འགྱེལ་ཏེ་ཤིའོ།། དེ་མ་ཐག་ཏུ་ཕྱིར་ཡང་སོས་ནས་རལ་གྲིའི་ཁྲི་དང་འཁོར་ལོའི་སྟེང་དུ་འདུག་ཅིང་རླུང་དྲག་པོ་མས་མགྱོག ་པར་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། དེའི་ཚེ་དམྱལ་བའི་སྲུངས་མ་སྲིན་པོས་གཤིན་རྗེའི་གནས་དང་བཅས་ཏེ་སྟེང་གི་ན་མཁའ་ལ་འདུག་ནས་འདི་སྐད་ཅེས་སྨྲའོ།། ། ་སེམས་ཅན་དམྱལ་བའི་ས་བོན་ཁྱོད། སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་དང་། ཕ་མ་དང་སློབ་དཔོན་དང་གཉེན་འདུན་དུ་གྱུར་པ་ལས་མཚམས་མེད་པ། ་ལྔ་དང་། དེ་དང་ཉེ་བ་ལྔ་དང་མི་དགེ་བ་བཅུའི་སྡིག་བྱས་པ་དང་། ཆོས་མ་ཡིན་པའི་སྡིག་པ་མང་པོ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པས་ཁྱེད་ཀྱི་སྐྱེ་བའི་གནས་འདི་ནི་ལྕེ ་འབྱིན་པའི་སེམས་ཅན་དམྱལ་བ་ཞེས་བྱ་སྟེ། ཁྱེད་བསྐལ་པ་གསུམ་གྱི་བར་དུ་སེམས་ཅན་དམྱལ་ཕྲང་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུརརོ་ཞེས་སྨྲསོ།། སྡིག་པ ་ཅན་དེའི་སྡུག་བསྔལ་གྱིས་རབ་ཏུ་གདུངས་པའི་ཚད་ནི་སྔར་བཤད་པ་བཞི་ནོ།། གལ་ཏེ་དེ་ལས་ཐར་ན་ཡང་ངན་སོང་གསུམ་གྱི་ནང་དུ་སྐྱེ་བ་བརྒྱུད་དེ། དེ་ལས ་ཐར་ཏེ་ཕྱིར་མིར་སྐྱེས་ན་ཡང་ངན་དགུ་འཚོགས་པར་འགྱུརརོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན་འདས་ཀྱིས ་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཞེ་ན། མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་ནི། ཕྱོགས ་བཞིན་རལ་གྲི་དང་མཚོན་ཆའི་རི་ཡོད་དེ། རི་དེ་དག་ཀུན་གྱི་བར་ན་རལ་གྲི་དང་། སྤུ་གྲི་ཀ་མ་ལ་དང་། མདུང་དང་ཤག་ཏི་ལ་སོགས་པ་ནགས་ཚལ་བཞིན་དུ་དཀྲིགས་ཏེ། ་སྟེང་གི་ན་མཁའ་ལས་ཀྱང་རལ་གྲི་དང་། སྤུ་ཟའི་འཁོར་ལོ་ཆེན་པོ་ཁྲི་ཕྲག་བརྒྱད་བརྒྱའི་རྣམས་མཐར་གྱིས་རང་བཞིན་དུ་འབབ་བོ།། སེམས་ཅན་གང་གཞན་ལ་འཚེ ་བར་དགའ་ཞིང་སེམས་ཅན་གྱི་སྲོག་གཅོད་པར་འདོད་པ་དང་། སྡིག་པ་མང་པོ་བྱས་པ་དག་འཆི་བའི་དུས་བྱེད་པའི་ཚེ་ན། གྲང་ནད་ཀྱིས་ཤིན་ཏུ་ཉོན་མོངས་ནས་ཁོང ་པབར་སྨན་ཆེན་པོར་ཞུགས་ཏེ་རྡོ་བཞིན་དུ་སྲ་ཞིང་རབ་ཏུ་གང་བ་དང་། འདི་སྙམ་དུ་བདག་གི་ལྟོ་བ་འདི་དགྲི་འམ། རལ་གྲི་འམ། སྤུ་གྲི་རྣོན་པོ་ཞིག་གིས་དྲལ་ཏེ་ནང ་འདི་ཐང་ལ་ཕྱུང་ན་ཇི་མ་རུང་སྙམ་བསམས་པ་ང་། དེ་མ་ཐག་ཏུ་དམྱལ་སྲུངས་སྲིན་པོས་སྤྱིདྲོ། ལ་རལ་གྲི་དང་། སྤུ་གྲིའི་འཁོར་ལོ་ཐོགས་ཏེ། སྡིག་པ་ཅན ་གྱི་དྲུང་དུ་འོངས་ནས་སྤྲོ་བ་བསྐྱེད་དེ་ཚིག་འཇམ་པོས་འདི་སྐད་དུ། བདག་ལ་འདི་ལྟ་བུའི་སྤྱད་རྣོན་པོ་དག་ཡོད་ན། ཁྱོད་ཀྱི་ལུས་ལ་ནད་ཡོད་པ་འདི་ངས་གཅད་ཅིང་དབྱུང་ན། ་རུང་ངམ་ཞེས་སྨྲས་པ་དང་། སྡིག་པ་ཅན་དེས་ཚིག་དེ་ཐོས་ནས་འཁོར་ལོ་རྣོན་པོ་དེ་དག་མཐོང་བ་དང་། རབ་ཏུ་དགའ་སྟེ་འདི་སྙམ་དུ་བདག་ནི་རབ་ཏུ་ཚིམ་པར་གྱུར་ཏོ་སྙམ། ་བསམས་པ་དང་། དེ་ཉིད་དུ་ཚེ་འཕོས་ཏེ་མཚོན་གྱི་འཁོར་ལོའི་རི་ལ་སྐྱེས་ནས། བན་གླང་རྨིས་པ་རྒྱུག་པ་བཞིན་དུ་མཚོན་གྱི་རི་ལ་འགྱེལ་བར་གྱུར་ཏོ།། དེ་ནས་ཕྱོགས ་།། བཞིའི་རི་ཡང་ཕན་ཚུན་འདུས་ནས་མཚོན་གྱི་ནགས་ཚལ་གྱིས་གཏུབ་ཅིང་དམྱལ་ཏེ་དེ་ཉིད་དུ་ཡང་ཤིའོ།། དམྱལ་སྲུངས་སྲིན་པོས་སྡིག་པ་ཅན་དེ་མཚོན་གྱི། ་རི་ལ་བདས་པ་དང་། རིའི་རྩེ་མོར་མ་ཕྱིན་པར་ལུས་ཀྱི་ཡན་ལག་ཀུན་དུན་བུར་ཆོད་ཀྱང་། དམྱལ་སྲུངས་ཀྱིས་འཇིགས་པས་ཚོན་གྱི་རི་ལ་གོག་ཅིང་འགྲོའོ།། རིའི་རྩེ་མོར ་ཕྱིན་པ་དང་དམྱལ་བའི་སྲུངས་མ་སྲིན་པོས་མཚོན་གྱི་སྡོང་པོ་བཏེག་སྟེ་སྡིག་པ་ཅན་དེ་ལ་རྡེག་གོ།། དེའི་ཚེ་ལྕགས་ཀྱི་ཁྱི་དང་ལྕགས་ཀྱི་སྲིན་བུ་རྣམས་ཀྱིས་ཀྱང་སྙིང་དང་། ཀླང ་པེ་དང་། རྐང་པ་འཇིབ་ཅིང་ཟ་སྟེ། ཕུང་པོ་ཞིག་ནས་ཤ་ཀུན་ཟད་པ་དང་ཕྱིར་ཡང་སོས་སོ།། དེ་ནས་ཡན་ལག་བཞི་ལ་རལ་གྲིའི་འཁོར་ལོས་ཟུགས་བཞིན་དུ་རིའི་རྩེ་མོ་ནས ་ཕྱིར་འབབ་སོ།། དེ་ལྟར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་དྲུག་བཅུ་ནི་འཆི་ལན་ཁྲི་ཕྲག་དྲུག་ཅུ་འཚོ། འོ།། དེ་ལྟར་སྡུག་བསྔལ་རྣམ་པ་བཅོ་བརྒྱད་ཀྱིས་ཡོངས་སུ ་གཏུག་པ་ནི་རྒྱལ་ཆེན་རིས་བཞིའི་ལྷའི་ཚེ་ཚད་བཞིན་དུ་གནས་སོ།། གལ་ཏེ་དེ་ལས་ཐར་ན་བྱོལ་སོང་གི་ཁམས་སྐྱེས་ཏེ། སྐྱེ་བ་ལྔ་བརྒྱའི་བར་དུ་ཟས་སུ་རྩ་དང་ཤིང་ཟ་བར་འགྱུརརོ།། ་དེ་ལས་ཐར་ན་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་རིགས་ངན་པར་སྐྱེ་བ་བརྒྱུད་ཅིང་སྐྱེ་བར་འགྱུརརོ།། དེ་ནས་གཟོད་དགེ་བོའི་གཤེས་གཉེན་ཆེན་པོ་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ་དེ་ལ་ཇི་ལྟར་ན་རལ་གྲིའི་ཚལ་གྱི་སེམས་ཅན་དམྱལ་བ་ཞེས་ན། རལ་གྲིའི་ཚལ་གྱི་སེམས་ཅན་དམྱལ། ་བ་ཞེས་བྱ་བ་ནི། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བཅུ་སྙེད་ལ་བར་མཚམས་མེད་པར་རལ་གྲི་གཏམས་པའི་ནང་ན་རལ་གྲི་སྡོང་པོ་ཡོད་པའི་གྲངས་ནི་འབྲས་ཀྱི་ཞིང་ངམ ་འོད་མ་འམ། འདམ་བུའི་ཚལ་བཞིན་ནོ།། རལ་གྲིའི་སྡོང་པོ་དེ་གཅིག་ཅིང་ཡང་མཐོ་ཁྱད་དཔག་ཚད་བཞི་བཅུ་ཡོད་དོ།། རལ་གྲིའི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་སྙེད་ནི། ་ལོ་མ་ལྟར་འཕྱང་། རལ་གྲིའི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་སྙེད་ནི་མེ་ཏོག་ལྟར་རྒྱས་སོ།། རལ་གྲིའི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་ནི་འབྲས་བུ་ལྟར་གྱུར་ལ། ལྕགས་ཅན ་འབར་བ་བརྒྱད་ཁྲི་བཞི་སྟོང་སྙེད་ནི་སྡོང་པོའི་ཡལ་ག་ལྟར་གྱུར་ཏོ།། དེ་ཡང་སེམས་ཅན་གང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་དབང་དུ་སོང་བ་སེམས་ཅན་གྱི ་སྲོག་གཅོད་པ་ལ་དགའ་ཞིང་མོས་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པ་ན། ལུས་ལ་ཚ་གྲང་རྣམ་པ་གཉིས་ཀྱི་ནད་ཀྱིས་བཏབ་ནས་འདི་སྙམ་དུ། བདག་གི་ལུས་དང་ཡ ་ལག་ཀུན་བར་བར་ན་ནི་ཤིན་ཏུ་ཚ། བར་བར་ན་ནི་ཤིན་ཏུ་གྲང་ནས་ལུས་ཀུན་འདར་ཞིང་རེངས་ཏེ་རྡོ་འམ་ཤིང་ལྟར་གྱུར་པ་འདི་ལ་རྡོའི་མཚོན་ཆ་ལྟ་བུ་ཞིག་གིས་གཏུགས ་ཏེ། ཆ་གྲང་གི་ནད་འདི་བཅད་ན་བརྗོད་ཀྱིས་མི་ལང་བར་ཤིན་ཏུ་དགའ་ཞིང་ཚིམ་པར་འགྱུར་རོ།། སྙམ་སེམསོ།། དེའི་ཚེ་དམྱལ་སྲུངས་སྲིན་པོ་གླང་གི་མགོ་ཅན་གྱིས་ལུས ་བསྒྱུར་ཏེ། སྡིག་པ་ཅན་གྱི་ཕ་མ་འམ། གཉེན་བཤེས་ལྟ་བུར་སྤྲུལ་ནས་འོངས་ཏེ། འདི་སྐད་དུ་ཁྱོད་ཀྱི་ཡིད་ལ་སེམས་པ་ལྟར་བདག་ལ་ཆོ་ག་གསང་བ་ཞིག་ཡོད་ན། ་ཁྱོད་ཉན་ནམ་མི་ཉན་ཞེས་སྨྲས་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་ནས་མོས་པར་གྱུར་ཏེ། ལ་གོར་མྱུར་དུ་སྒྲུབ་པར་འདོད་དོ།། དེ་ལྟར་བསམས་མ་ཐག ་ཏུ་ལྷུབས་ཆད་དེ་ཚེ་འཕོས་ནས་དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ་རལ་གྲིའི་མེ་ཏོག་གི་ནང་དུ་སྐྱེས་ཏེ་ལུས་གཏུབ་ཅིང་དམྱལ་ཏེ་དུམ་བུ་སྲན་མ་ཙམ་དུ་གྱུར་པ་དང་། ལྕགས ་ཀྱི་བྱ་རྣམས་ཀྱང་ལྕགས་ཀྱི་སྡོང་པོའི་ཁ་ནས་བབས་ཏེ། མིག་གི་འབྲས་བུ་དང་། སྙིང་འབྱིན་ཅིང་གླད་པ་ཡང་འཇིབ་བོ།། གཞན་ཡང་དམྱལ་སྲུངས་སྲིན་པོས་ལག་ན་སྟར ་ཆེན་པོ་ཐོགས་ཏེ། མགོ་བཅོམ་ནས་གླང་པ་ལ་ལྕགས་ཀྱི་ཁྱི་རྣམས་འོངས་ཏེ་ལྡག་གོ།། དེ་ལྟར་ཤི་ནས་ཡང་སོས་ཏེ་བོས་པ་དང་། ཕྱིར་ཡང་སོས་ཏེ་ལྕགས་ཀྱི་ཤལ་མ ་རིའི་སྡོང་པོ་ལ་འཛེག་ཏུ་བཅུག་གོ།། སྡོང་པོའི་རྩེ་མོར་མ་ཕྱིན་པར་ལུས་དང་ཡན་ལག་རྡུལ་བཞིན་དུ་ལྷག་སོ།། དེ་བཞིན་དུ་སྡོང་པོ་དེ་ཉིད་ལ་ཉིན་ཡང་ལན ་རི། མཚན་ལ་ཡང་ལན་རེ་འཛེག་ཏེ། ཉིན་ཞག་གཅིག་ལ་ལུས་རྡུལ་བཞིན་དུ་གྱུར་པའི་གྲངས་ནི་བརྗོད་པར་བསྲེ་བ་མ་ཡིན།། སེམས་ཅན་གྱི་རྒྱལ་པོ་མི་གསད་པ ་ལ་སོགས་པའི་སྡིག་པ་ཅན་དེ་ལ་དེ་ལྟར་རྣམ་པར་སྨིན་པར་གྱུར་ཏེ། དེ་ནས་ཐར་ན་ཡང་ལོ་འབུམ་ཕྲག་བརྒྱད་ཀྱི་བར་དུ་བྱོལ་སོང་གི་ཁམསུ་སྐྱེ་བ་བརྒྱུད་ཅིང་སྐྱེས་ཏེ། ་རྟག་ཏུ་ཁལ་ལྕི་བ་ཁུར་ཞིང་ཤི་ནས་ཀྱང་པགས་པ་བ་ཤུ་ཞིང་ཤ་ཁྲག་ཟ་བར་འགྱུརརོ།། དེ་ནས་མིར་སྐྱེས་ན་སྐྱེ་བ་ལྔ་བརྒྱའི་བར་དུ་རིགས་ངན་པ་དང་། ནད་མང་བ་དང་། ་ཚེ་ཐུང་བ་དང་། ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏོ།། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་ནས་བཟོད་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས ་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མེའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ཟངས་རེ་རེ་ཡང་ཚེ་ཁྱུད ་དཔག་ཚད་བཞི་བཅུ་སྟེ། དེའི་ཕྱི་ནང་ན་མེ་རབ་ཏུ་འབར་ཏེ། འོག་ན་ཡང་ལྕགས་ཚན་འབར་བའི་འཕང་ལོ་ཆེན་པོ་བཅོ་བརྒྱད་ཡོད་དེ། སྟེང་ན་ཡང་མེའི་འཁོར་ལོ་ཆེ། ་པོ་དགུ་བཅུ་རྩ་བཞི་སྙེད་འབར་རོ།། སེམས་ཅན་གང་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པའི་གང་ཟག་གམ། ཚངས་པཱ་ལ་རྗེད་པ་འམ། ཁྱིམ་ནས་རབ་ཏུ་བྱུང་བ་དག ་བཅུ་དྲུག་པོ་འམ། ཁྱིམ་པ་ཡང་རུང་སྟེ་ལོག་པ་འཚོ། ཞིང་གཡོ་སྒྱུ་དང་སྡིག་པ་མང་པོ་བྱས་པའི་གང་ཟག་དེ་འཆི་འཕོ་བའི་དུས་བྱེད་པ་ན། རླུང་གི་ཁམས ་གཡོས་ནས་བ་སྤུའི་བུ་ག་ཀུན་ཏུ་སོང་སྟེ། ལུས་ཆབ་བྲོམ་ལྟར་རབ་ཏུ་གྲང་བར་གྱུར་པ་དང་། འདི་སྙམ་དུ་བདག་ནམ་ཞིག་གིས་དུས་ན་རབ་ཏུ་འབར་བའི་མེའི་ཕུང་པོའི་ནང ་ན་འདུག་ཅིང་གྲང་བའི་ནད་འདི་རབ་ཏུ་ཞི་བར་གྱུར་ན་ཇི་མ་རུང་སྙམ་བསམ་པ་དང་། དམྱལ་བའི་སྲུངས་མ་སྲིན་པོ་རག་ཤས་མེའི་ཤིང་རྟ་གསེར་གྱི་པདྨོར་སྤྲུལ་ཏེ། སྲིན་པོ། ་ཉིད་ཀྱང་ཁྱེའུ་གཞོནུ་ལྟ་བུར་སྤྲུལ་ནས། ལམ་ན་མེའི་ཤིང་རྟ་པདྨོར་སྤྲུལ་པ་དང་། སྤང་ཡབ་དཀར་པོ་ཐོགས་ཏེ། ལུས་བསྒྱུར་ཞིང་གར་ཐབས་དང་སྡིག་པ་ཅན་གྱི ་།། དྲུང་དུ་འོངས་ནས་འདུག་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། གསེར་གྱི་པདྨོ་ལྟ་བུ་དེ་ལ་འདུག་པར་དགའ་བ་དང་། དེ་མ་ཐག་ཏུ་ཚེ་འཕོས ་ནས་སྐད་ཅིག་མ་དང་པོ་ལ་མེའི་ཤིང་རྟའི་སྟེང་དུ་ཕྱིན་ཏེ། ལུས་དང་ཡན་ལག་ཀུན་ནས་ཀྱང་མེ་རབ་ཏུ་འབར་ནས། མེའི་ཕུང་པོར་ལྷུང་སྟེ་ཚིག་ཅིང་ཐལ་བར་གྱུར་ཏོ།། ་སྲུངས་མ་སྲིན་པོས་སོས་ཤེས་བོས་པ་དང་ཕྱིར་ཡང་སོས་སོ།། དེ་ནས་མེའི་ཤིང་རྟས་ལུས་བསྲེགས་ཅིང་གཤེགས་པ་ནི་ཉིན་ཞག་གཅིག་ལ་ལན་བཅོ་བརྒྱད་སྟེ། ལུས ་རྡུལ་བཞིན་དུ་ཕྱེ་མར་གྱུར་པ་ལ་ལྕགས་ཚན་གྱི་ཁུ་བ་ཆར་བཞིན་དུ་བབ་པ་དང་། ཕྱིར་ཡང་སོས་སོ།། དེ་ནས་ཟངས་ཚན་ན་ལྕགསུ་ཁོལ་བའི་ནང་དུ་ཡང་གཏིང་ནས ་ནས་ཁའི་བར་དུ་མར་འབྱུང་ཞིང་མེའི་ཤིང་རྟས་གཤག་སྟེ་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་དྲུག་ཅུ་ནི་འཆི། ལན་ཁྲི་ཕྲག་དྲུག་ཅུ་ནི་འཚོ་སྟེ། དེ་ལས་ཐར་ནས་ཀྱང་ཤིན་ཏུ་དམན ་པའི་རིགསུ་སྐྱེས་ཏེ་དབུལ་ཞིང་འཕོངས་པ་དང་། གཞན་གྱིས་བཀོལ་བ་དང་། གཞན་གྱི་དབང་དུ་འགྱུར་ཞིང་བདག་ལ་དབང་མེད་པར་འགྱུར་ཏོ།། དེ་ལས་ཐར་ནས་སྔོན་ཁྱིམ ་ནས་བྱུང་བའི་དགེ་བའི་བསོད་ནམས་ཀྱིས་དགེ་བའི་བཤེས་གཉེན་དང་ཕྲད་དེ། གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་བསྟན་པ་དང་། དེ་དག་སེམས་ཀྱིས་ཆུད་ཅིང་ཡིད་ཀྱིས ་རྟོགས་ཏེ་དགྲ་བཅོམ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ཤིན་ཏུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ ་བ་བཅོ་བརྒྱད་ཅེ་ན། དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་ཚེ་ཁྱད་དང་། དཔག་ཚད་བརྒྱད་ཅུ་སྟེ། ལྕགས་ཀྱི་མཁར་མེ་འབར་བ་རིམ་པ་བཅོ་བརྒྱད ་ཡོད་དེ། མཁར་དེ་གཅིག་ཅིང་ཡང་བར་ཆད་བཅོ་བརྒྱད་ཡོད་དོ།། བར་ཆད་དེ་གཅིག་ཅིང་ཡང་ངོས་བཞིན་རལ་གྲིའི་ནགས་ཚལ་འབར་བ་ཡོད་ལ། སྟེང་འོག་དང་ཕྱོགས་མཚམ ་ཀུན་ནས་ཀྱང་རལ་གྲིའི་སོ་རབ་ཏུ་བསྣམས་ཏེ། རལ་གྲིའི་སོའི་སྟེང་ན་ཡང་ལྕགས་ཀྱི་གཟེམ་འབར་བ་བསྟམས་ཏེ། གཟེ་མ་དང་རལ་གྲིའི་བར་དང་མཚམས་ན་ལྕགས་ཚན་གྱི ་སྲིད་བུ་གྲངས་མེད་པ་ཡོད་དོ།། སྲིན་བུ་དེ་གཅིག་ལ་ཡང་མགོ་བརྒྱ་སྟོང་སྙེད་ཡོད་དེ། མགོ་དེ་གཅིག་ལ་ཡང་མཆུ་བརྒྱ་སྟོང་སྙེད་ཡོད་དོ།། མཆུའི་ཐོག་མ་ལ་ཡང་ལྕགས ་ཀྱི་སྲིན་བུ་རྩངས་པ་བརྒྱ་སྟོང་སྙེད་ཡོད་དེ། རྩངས་པ་དེ་དག་གི་ཁ་ནས་ཤིན་ཏུ་དྲི་མི་ཞིམ་ཞིང་ཁོལ་བའི།། ལྕགས་ཁུ་འབྱིན་ཏེ། ལྕགས་མཁར་འབར་བའི་ནང ་ཡོངསུ་གང་ངོ་།། སྟེང་ནས་ཀྱང་ལྕགས་ཚན་འབར་བའི་དྲ་བ་དང་བླ་རེར་བྲེས་ཏེ། དེའི་སྟེང་ན་ཡང་ལྕགས་ཀྱི་བྱེ་ཆེན་པོ་ཡོད་དོ།། དེ་དག་འཇིག་རྟེན་ན་གང་ཟག་དུས ་ཁྲིམས་བརྒྱད་བཤིག་པ་དང་། དགེ་ཚུལ་ཕོ་མོ་དང་། དགེ་སློང་མའི་ཁྲིམས་བཤིག་པ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སློང་མ་དང་། དགེ་སྦྱོང་མ་ལ་སོགས་པའི ་འཁོར་བདུན་པོའི་ཚུལ་ཁྲིམས་བཤིག་པ། གཞན་ཡང་དགེ་འདུན་དང་། ཕ་མ་དང་། སློབ་དཔོན་གྱི་ཟས་ལ་མི་གཟང་བའི་ལག་གིས་རེག་པ་དང་། གཙང་སྦྲམ་བྱས་ཤིང་ཕྱི་གཞོད ་།། བྱེད་པ་དང་། འཁོར་རྣམ་པ་བཞི་ལས་གང་ཞིག་མི་གཙང་བའི་ལུས་ཀྱིས་དགེ་འདུན་གྱི་སྟན་ལ་འདུག་པ་དང་། མི་དགེ་བའི་ལས་བྱས་ནས་འགྱོད་ཚངས་མ་བྱས་པར།། ་དགེ་འདུན་དང་ལྷན་ཅིག་ཏུ་སྟན་གཅིག་ལ་འདུག་པ་དང་། ཁ་ཟས་ལྷན་ཅིག་ཏུ་ཟ་བ་དང་། དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱེད་པ་དང་། དེ་ལ་སོགས་པའི་མི་དགེ་བའི་ལས་ངན ་པ་མང་པོ་བྱས་པ་དག་ཚེ་འཕོས་པའི་དུས་བྱེད་པ་ན་ལུས་གླ་རྩི་ལྟར་ཤིན་ཏུ་དྲི་མི་ཞིམ་ཞིང་མི་བཟོད་དེ། འདི་སྙམ་དུ་བདག་ནམ་ཞིག་གི་དུས་ན་གནས་གང་ན་དྲི་གསུང་ངན་པ་འདི་མི ་ཁྲོ་བར་འགྱུར་ཞིང་། སྤོས་ཀྱི་དྲི་ངང་ཞིམ་པོ་ཞིག་བདག་གི་ལུས་ལ་རླུང་ཆེན་པོ་ཕོག་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་སྲུངས་མ་སྲིན་པོས་ལག་ན་བུམ་པ་རི་མོ་ཅན་གྱི་ནང ་སྤོས་ཀྱིས་བཀང་བ་ལྟ་བུ་སྤྲུལ་པ་ཐོགས་ཏེ། སྡིག་པ་ཅན་གྱི་དུ་ང་དུ་འོངས་ནས་འདུག་པ་དང་། དེ་ལ་ཤིན་ཏུ་འཇོ། ད་ཅིང་ཆགས་པ་སྐྱེས་པ་དང་། དེ་ནས་ལྷུབས་ཆད་དེ་ཚེ ་འཕོས་ནས་རླུང་པོས་ས་བུས་པ་བཞིན་དུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བར་ལྷུང་ངོ་།། རབ་ཏུ་དྲི་མི་ཞིམ་པའི་ལྕགས་ཀྱི་སྲིན་བུ་མ་རུངས་པ་རྣམས་ཀྱིས་ཀྱང ་ལྕེའི་རྩ་བ་དང་སྲོག་རྩ་བ་ལ་འཇིབ་ཅིང་ཟའོ།། དེ་ལྟ་བུར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་བརྒྱ་དགུ་བཅུ་ནི་འཆི། ལན་ཁྲི་ཕྲག་བརྒྱ་དགུ་བཅུ་ནི་འཚོའོ།། དེ་ལས་ཐར་ནས་ཀྱང་ངན། ་ལ་དབུལ་ཞིང་ཕོངས་པའི་རིགསུ་སྐྱེས་ཏེ། གཞན་གྱི་དབང་དུ་འགྱུར་བ་དང་། སྐྱེ་བ་བླངས་པའི་ཚེ་ན་ཡང་རྒྱལ་པོ་ངན་པར་ལྟ་བ་ཅན་གྱི་ཁམསུ་སྐྱེ་ཞིང་སྡུག་བསྔལ་སྣ་ཚོགས ་ལུས་ལ་མནར་བར་གྱུར་ཏེ། འབྲུམ་བུ་སྣ་ཚོགས་དང་། ཤུ་ཆེན་གྱི་ལུས་ལ་གོས་གྱོན་པ་བཞིན་དུ་འགྱུརརོ།། དེ་ཡང་འཇིག་རྟེན་གྱི་མི་ཆོས་བཅུ་དྲུག་སྤྱད་པའི་དགེ་བའི་རྒྱུ་ཙམ ་གྱིས་དགེ་བའི་བཤེས་གཉེན་དང་ཕྲད་དེ་གཟོད་རབ་ཏུ་བྱུང་ནས་སྤྱོད་པ་ལ་ཞུགས་ཏེ། དགྲ་བཅོམ་པར་འགྱུར་ཞིང་རིགས་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར ་གྲོལ་བ་བརྒྱད་ཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ཆུ་ཚན་ཁོལ་བའི་སེམས་ཅན་དམྱལ་བ་ཞེ་ན། ཆུ་ཚན་ཁོལ་བའི་སེམས ་ཅན་དམྱལ་བ་ཞེས་བྱ་བ་ནི། ཟངས་ཆེན་པོ་བཅོ་བརྒྱད་ཡོད་དེ། ཟངས་དེ་གཅིག་ཅིང་ཡང་ཆེ་ཁྱད་དཔག་ཚད་བཞི་བཅུ་ཡོད་དོ།། དེ་ན་ལྕགས་ཀྱི་དྲ་བ་རིམ་པ་བདུན་གྱིས་བསྐོར ་ཅིང་བླ་རེར་བྲེས་ཏེ་མེ་རབ་ཏུ་འབར་བའོ།། ཟངས་ཆེན་པོ་དེ་ག་ཀུན་གྱི་ནང་ན། ཆུ་ཚན་ཁོལ་མ་ལྕགས་ཁུའ། བར་བ་ལྟ་བུས་ཡོངསུ་གང་ངོ་།། དེའི་འོག་ན་སྲིན་པོ ་ལྔ་བརྒྱས་ནི་རྡོ་ཐལ་གྱི་མེ་འབུད་དེ། ཟངས་དེ་དག་ཀུན་སྲེག་གོ།། རྡོ་བའི་མེ་ལྕེ་རྒྱུན་མི་འཆད་པར་འབར་བ་ནི་ལན་ཅིག་འབར་ནས། ཉིན་ཞག་དྲུག་ཅུའི་བར་དུ་མི་འཆི་སྟེ། དམྱལ ་བའི་ཉིན་ཞག་དྲུག་ཅུ་དེ་འཛམ་བུ་གླིང་གི་ཉི་མ་དང་ཟླ་བས་བགྲང་བའི་ལོ་ཁྲི་ཕྲག་བཅུ་གཉིས།། དེ་ལྟར་ཟངས་ཚན་འབར་བའི་ནང་ནས་ཆུ་ཚན་ཁོལ་མ་ལྕགས་ཁུ་འབར་བ་ལྟ་བུ ་སླརརྱ་མདའ་ལྟར་གནམ་དུ་ཡར་ཏེ། མེའི་འཁོར་ལོར་གྱུར་ནས་ཕྱིར་ར་ཆས་ཀྱི་ནང་དུ་ལྷུང་ངོ་།། གང་ཟག་ལ་ལ་སངས་རྒྱས་ཀྱི་ཚུལ་ཁྲིམས་བཤིག་ཅིང་ལྟར་རྗེད་པ་དང་། ་སེམས་ཅན་གྱི་སྲོག་གཅོད་ཅིང་ཤ་ཁྲག་ཟ་བ་དང་། རི་དང་འབྲོག་ལ་མེ་བཏང་ནས་སེམས་ཅན་སེམས་ཅན་མང་པོ་བསྲེགས་པ་དང་། གསོན་པོར་མེ་རི་བཅུག་ནས། ་བསྲེགས་པ་དང་། སྡིག་པ་མང་པོ་བྱས་པ་དག་འཆི་བའི་དུས་བྱེད་པ་ན་ལུས་དང་སེམས་མྱོས་ཏེ་དབང་པོ་ཀུན་འགགས་ནས། ལུས་བར་བར་ནི་མེའི་ཕུང་པོ་ལྟར་ཚ་ཁར་བར། ་ནི་ཆབ་བྲོམ་གྱི་ཕུང་པོ་ལྟར་གྲང་སྟེ། འདི་སྙམ་དུ་ལུས་ཆུ་དྲོན་ཞིག་གི་ནང་དུ་ཞུགས་ཏེ་བཀྲུས་ན་ཅི་མ་རུང་སྙམས་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་བའི་སྲུངས་མ་སྲིན ་པོས་གཡོག་འཁོར་ལྟ་བུ་ཞིག་དུ་སྤྲུལ་ནས། ཆུ་དྲོན་གྱི་སྣོད་ཆེན་པོ་ཐོགས་ཏེ། སྡིག་པ་ཅན་གྱི་དྲུང་དུ་འོངས་པ་དྲང་། ཆུ་དྲོན་དེའི་ནང་དུ་འཇུག་པར་དགའ་ཞིང་ཆགས་པའི ་སེམས་སྐྱེས་སོ།། དེ་ནས་ཚེ་འཕོས་པའི་ནང་དུ་སྐྱེས་ཏེ། དེ་མ་ཐག་ཏུ་ཚོགས་ཤིང་མྱགས་ནས་རུས་པ་ལས་མ་ལུས་སོ།། དེ་ནས་མདུང་རྩེ་ཁ་ཁྲག་པས་བླངས་ཏེ། ཕྱིར ་བྱུང་བ་དང་ལྕགས་ཀྱི་ཁྱི་རྣམས་ཀྱིས་རུས་པ་འཆོས་པ་དང་། དེ་མ་ཐག་དུ་ཕྱིར་སྐྱུགས་ནས་ཡང་སོས་ཏེ་སྔ་མ་བཞིན་ནོ།། སྲུངས་མ་སྲིན་པོས་ཕྱིར་ཡང་ཟངས་ཀྱི་ནང་དུ་དེད་པ་དང ་ཟངས་ཁོལ་མ་དེས་འཇིགས་ནས་རལ་གྲིའི་སྡོང་པོ་ལ་འཇུས་པ་དང་། ཤ་དང་རུས་པ་ཀུན་དུམ་བུར་ཆད་དེ་ཟངས་ཁོལ་བའི་ནང་དུ་ལྷུང་ངོ་།། སྲོག་བཅད་པའི་དབང་གིས་ཉིན ་ཞག་གཅིག་ལ་ལན་གང་གའི་ཀླུང་གི་བྱེ་མ་སྙེད་ནི་འཆི། ལན་གང་གའི་ཀླུང་གི་བྱེ་མ་སྙེད་ནི་འཚོའོ།། དེ་ལས་ཐར་ནས་བྱོལ་སོང་གི་ཁམས་སྐྱེས་ཏེ། བྱོལ་སོང་གི་ནང ་ཡང་གང་ཚེ་ཐུང་བའི་གན་སུ་སྐྱེ་བ་ཁྲག་བརྒྱ་སྟོང་གི་བར་དུ་བརྒྱུད་ཅིང་ལེན་ནོ།། དེ་ནས་ཡང་ཕྱིར་མིར་སྐྱེས་ནས་རྣམ་པར་སྨིན་པ་རྣམ་པ་གཉིས་པ་ཡོངསུ་སྨིན་པར་གྱུར་ཏེ། ནང ་རབ་ཏུ་མང་བ་དང་ཚེ་ཤིན་ཏུ་ཐུང་བར་འགྱུར་རོ།། དེའི་འཁོར་དུ་གྱུར་པ་རྣམས་ཀྱང་ཚེ་ཐུང་ནད་མང་བར་འགྱུར་རོ།། དེ་ནས་ཀྱང་བསྐལ་པ་བརྩི་བ་དང་བགྲང་བ་ལས་འདས་ནས། ག ་དགེ་བའི་བཤེས་གཉེན་དང་ཕྲད་དེ་ཁྲིམས་ལྔ་འཛིན་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན ་ཐལ་ཆུའི་སེམས་ཅན་དམྱལ་བ་ཞེ་ན། ཐལ་ཆུའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ཆུམར་དཔག་ཚད་ཉིས་བརྒྱ་ཞེང་དུ་དཔག་ཚད་བཅུ་གཉིས་སྙེད་དེ། ་འོག་ནས་ཀྱང་རལ་གྲིའི་སོ་རབ་ཏུ་བསྟམས་ལ་འགྲམ་ཡང་རལོ་གྲིའི་སྡོང་པོས་ཡོངསུ་བསྣམས་ཏེ། འོག་གི་ཏིང་ནས་ཀྱང་མེ་མུར་ཟབ་སུ་འདོམ་ཉི་ཤུས་བཀང ་བའི་སྟེང་ཐལ་བས་གཡོགས་ཏེ། འཇིག་རྟེན་ན་གང་ཟག་གཏི་མུག་ཅན་ཕ་དང་མ་ལ་བཅུ་འཕྲོག་བྱེད་པ་དང་། བསྐྱེད་པའི་དྲིན་ངོ་མི་ཤེས་ཤིང་ལན་བློན་པའི་སེམས་མེད་པ་དང ་བླ་མ་དང་སློབ་དཔོན་དང་ཕུ་ནུ་དང་གཉེན་བཤེས་ལ་ནུ་འཕྲོག་པ་སློབ་དཔོན་དང་ཕ་མ་དང་། མི་བླ་མས་བསྟན་པ་བཞིན་དུ་མི་བྱེད་ཅིང་འདོད་ཆགས་ཀྱི་དབང་དུ་གྱུར་ནས་ཁྲེལ། ་བ་དང་ངོ་ཚ་བ་མེད་པ་དག། འཆི་འཕོ་བའི་དུས་བྱེད་པ་ན་ལུས་རབ་ཏུ་བརྩེ་ཞིང་གྲང་བའི་ནད་ཀྱིས་ཁོང་པ་སྦུབས་ཀྱིས་གང་བ་དང་། འཚངས་ཤིང་རབ་ཏུ་མི་བདེ་བར་གྱུར ་པ་ལས་འདི་སྙམ་དུ་བདག་གི་ལུས་འདི་འདི་ལྟར་རབ་ཏུ་བརྩེ་ཞིང་ལྷུབས་ཀྱིས་འཚངས་པ་འདི་ལ་ཐལ་ཆུ་འཇམ་པོ་ཞིག་གིས་བཀྲུས་སམ་བཤལ་ན་ཅི་མ ་རུང་སྙམ་སེམས་པ་དང་། དེ་མ་ཐག་ཏུ་སྲུངས་མ་སྲིན་པོ་འབར་བས་བདག་གི་བུ་དང་། ཆུང་མར་སྤྲུལ་ཏེ། ལག་ན་མེ་མུར་གྱི་སྣོད་ཐལ་བས་བཀང་པ་ཐོགས་ཏེ། དྲུང་དུ ་འོངས་པ་དང་། སྡིག་པ་ཅན་དེས་དེ་མཐོང་བ་དང་། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། དེ་མ་ཐག་ཏུ་ཚེ་འཕོས་པ་དང་ཐལ་ཆུའི་སེམས་ཅན་དམྱལ་བར་ལྷུང་ངོ་།། དེ་ནས ་རལ་གྲི་སྡོང་པོའི་བར་ཀུན་ན་སྲིན་པོ་ལག་ན་རལ་གྲིའི་སོ་ལ་མེ་འབར་བ་རྣོན་པོ་ཐོགས་པ་མང་པོ་ཡོད་དེ། སྲིན་པོ་དེ་དག་ཀུན་གྱིས་རལ་གྲི་གཟངས་པ་དང་། འཇིགས་ཤིང ་སྲག་ནས་ཐལ་བའི་ནང་དུ་བྲོས་སོ།། དེར་ཡང་གོམ་པ་པོ་མ་ཐག་ཏུ་ཐལ་བའི་ནང་ནས་རལ་གྲིའི་སོ་བསྟ།། མས་པས་རྐང་པ་ཀུན་དུམ་བུར་སྲན་མ་ཙམ་དུ་ཆད་དེ། ་རལ་གྲིའི་སྡོང་པོ་ལས་ཀྱང་རལ་གྲི་ཆར་བཞིན་དུ་བབ་ནས། བ་སྤུའི་བུ་ག་ཀུན་ཏུ་ཟུག་གོ། དམྱལ་སྲུངས་སྲིན་པོས་མདུང་རྩེ་ཁ་བྲག་པ་ཐོགས་ཏེ་དེའི་སྙིང་དང་གླད་པ་བྱུང ་ནས་ཤི་མ་ཐག་དུ་ཕྱིར་ཡང་སོས་སོ།། དེ་ལྟར་སྡིག་པ་ཅན་དེས་སྡིག་པ་མང་པོ་བྱས་པའི་ལས་ཀྱི་དབང་དེས་དེ་ལྟ་བུའི་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་ལྔ་བརྒྱ་ནི་འཆི། ་ལན་ཁྲི་ཕྲག་ལྔ་བརྒྱ་འཚོའོ།། བཀྲེས་ཤིང་སྐོམ་པས་ཡོངསུ་གདུངས་ཏེ་ཁ་གདངས་པ་དང་། རལ་གྲིའི་སྡོང་པོ་ལས་རལ་གྲི་ཆར་བཞིན་དུ་བབ་སྟེ། ཁ་དང་སྤྱི་བོར་ཟུག། ་པས་ལྟོ་བ་དང་། རུས་པ་ཡང་ཐལ་བྱུང་དུ་བཤགས་ཏེ་ཤི་ནས་ཚེ་འཕོས་སོ།། སྔོན་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མཚན་ཐོས་པ་ཙམ་གྱིས། དེ་ལས་ཐར་ནས ་ཕྱིར་ཡང་མིར་སྐྱེས་ཏེ། རིགས་ངན་པ་དང་དབུལ་ཞིང་ཕོངས་པར་འགྱུར་རོ།། དེ་ནས་འཇིག་རྟེན་མི་རྟག་པར་ཤེས་ནས་གཟོད་རབ་ཏུ་བྱུང་བར་གྱུར་ཏེ། མངོན་པར་ཤེས་པ ་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་ཐོབ་པར་གྱུར་ཏེ། གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་རང་སངས་རྒྱས་སུ་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ ་སྩལ་པ། དེ་ལ་ཇི་ལྟར་ན་མཚོན་གྱི་ཚུལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་ཞེ་ན། མཚོན་གྱི་ཚལ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། འཁོར་ཡུག་དུ་ཆེ ་ཁྱད་དཔག་ཚད་བརྒྱ་སྟོང་སྙེད་ཡོད་དེ། དེའི་ནང་རལ་གྲི་སྡོང་པོས་ཡོངསུ་གང་སྟེ། དེའི་ལོ་མ་ནི་སྤུ་གྲི་དང་། འཁོར་ལོའོ།། འབྲས་བུ་ནི་ལྕགས་ཀྱི་ཐུ་ལུམ་སྟེ། ར ་གྲིའི་སྡོང་པོ་མཐོ་ཁྱད་ཀྱང་དཔག་ཚད་ཉི་ཤུ་རྩ་བཞིའོ།། སེམས་ཅན་གང་ཕ་མ་ལ་སྲི་ཞུ་མི་བྱེད་པ་དང་། སློབ་དཔོན་དང་། བླ་མ་ལ་སྲི་ཞུ་མི་བྱེད་ཅིང་གཉེན་བཙུན་དུ་མི་ལྟ ་བ་དང་། ངན་དུ་སྨྲ་བ་དང་། དཀོན་མཆོག་གསུམ་ལ་སྐུར་པ་བཏབ་པ་དང་། སེམས་ཅན་མང་པོ་ལ་འཚེ་ཞིང་གནོད་པ་བྱེད་ཅིང་སྙིང་རྗེའི་སེམས་མེད་པའི་སྡིག་པ་ཅན་དེ་དག་འཆི། ་བའི་དུས་བྱེད་པ་ན་རྙོག་ཅིང་ཡིད་ཀྱིས་གནས་ཀུན་ཆགས་པ་དང་། འདི་སྙམ་དུ་བདག་གི་རྣམ་ཤེས་འདི་ཐམས་ཅད་ཀུན་ལ་ཆགས་ཤིང་། ལུས་རབ་ཏུ་ན་ཡང་སྙིང་གི། ་ཆགས་ཤིང་མི་གཏོང་ན། གྲི་རྣོན་པོ་ཞིག་གིས་ཆགས་པའི་སྙིང་འདི་བཅད་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྲུངས་མ་སྲིན་པོས་དེ་མ ་ཐག་དུ་གཡོག་བྲན་གྱི་ལུས་སུ་སྤྲུལ་ནས་དྲུང་དུ་འོངས་ཏེ། ལག་ན་མེ་ལོང་ཐོགས་ཏེ་སྡིག་པ་ཅན་དེ་ལ་འདི་སྐད་དུ། ཁྱོད་ཀྱི་སྙིང་ལ་ཡང་ཆགས་པ་དེ་མེ་ལོང་འདི་ལ ་ལྟོས་ཤེས་སྨྲས་པ་དང་། སྡིག་པ་ཅན་དེས་བལྟས་པ་དང་། མེ་ལོང་དེའི་ནང་ན་རལ་གྲི་དང་སྤུ་གྲི་རྣོན་པོ་ཡོད་པར་མཐོང་ནས་འདི་སྙམ་དུ་ང་ནི་མཚོན་རྣོན་པོ་འདིས་བདག ་གི་སྙིང་དངོས་ཀུན་ལ་ཆགས་པ་འདི་བཅད་དོ་སྙམ་ནས་རབ་ཏུ་དགའ་བ་དང་། ཚེ་འཕོས་ཏེ་ཡི་དྭགས་ཀྱི་ལུས་བླངས་ནས་རལ་གྲི་དང་། སྤུ་གྲི་ནགས་ཚལ་གྱི་ནང་དུ ་སྐྱེསོ།། སྐྱེས་མ་ཐག་དུ་ལྕགས་ཚན་གྱི་ཐུ་ལུམ་གྱིས་སྤྱི་བོར་ཕོག་ནས་ཐལ་བྱུང་དུ་རྐང་པའི་མ། ཐིལ་དུ་ཕྱུང་ངོ་།། དེས་ཁོང་པ་ནས་གློ་སྙིང་དང་རྒྱུ་ལོང་དང་། ་ནང་གྲོལ་ཀུན་ཚིག་ཅིང་རུལ་ནས་ས་ལ་འགྱེལ་ཏོ།། དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ་ས་ལ་བརྡབས་ཏེ། སྡོང་པོ་ལ་འཛེག་དུ་བཅུག་གོ།། མཚོན་གྱི་སྡོང་པོ་དེ། ་ཁར་ཕྱིན་མ་ཐག་དུ་ལྕགས་མཚན་གྱི་སྲིན་བུ་མང་པོས་བཏོགས་ཤིང་ཟོས་པ་དང་། ཤིན་ཏུ་སྐྲག་ཅིང་སྤངས་ནས་སྡོང་པོ་གཅིག་ནས་གཅིག་ཏུ་མཆོངས་ཏེ། ལུས་རྡུལ ་བཞིན་དུ་ལྷག་སོ།། དེ་བཞིན་དུ་མཐར་གྱིས་སྡོང་པོ་ཀུན་ལ་མཆོངས་ཤིང་ཉི་ན་པས་ཁྲི་ཕྲག་བརྒྱད་ནི་འཚོའོ།། དེ་ལས་ཐར་ནས་ཀྱང་ཡུལ་མུ་གེ་ཅན་དུ ་བགལ་པ་བང་དུ་ཉེ་བའི་འཇིག་རྟེད་དུ་ཟན་ཁོལ་གྱི་རིགས་སྐྱེས་ཏེ། ཁ་དང་ལྕགས་ཀྱི་དྲིམ་མི་ཞིམ་པ་དང་། ཀུན་གྱིས་མི་འདོད་པར་འགྱུརརོ།། དེ་ལྟར་བརྒལ་བ་བརྫི་བ་དང་། ་བགྲང་བ་ལས་འདས་ནས། གཟོད་དགེ་བའི་བཤེས་གཉེན་དང་ཕྲད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི ་ལྟར་ན་ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་ཞེ་ན། ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། དཔག་ཚད་བརྒྱད་སྟོང་གི་ནང་ལྕགས་ཀྱི་ཚེར ་མས་ཡོངསུ་གང་སྟེ། ལྕགས་ཀྱི་ཚེར་མ་དེ་གཅིག་གི་རྩ་བ་ནས་ཡང་ལྕགས་ཀྱི་ཐོ་བ་དང་། ཏི་ཙ་དང་སྐམ་པ་གྲངས་མེད་པ་ཡོད་དོ།། དེ་དག་འཇིག་རྟེན་ན་སོ་སོའི་སྐྱེ་བོ་དང ་གང་ཟག་གཏི་མུག་ཅན་དག་ཞེ་གཅོད་པའི་ཚིག་སྨྲ་བ་དང་། འཕྲ་མ་སྨྲ་བ་དང་། དཀོན་མཆོག། གསུམ་ལ་འཁྱལ་པ་སྨྲ་བ་དང་། ངན་དུ་བརྗོད་པ་དང་། མདོ ་སྡེ་ཟབ་མོ་དང་བཀའ་ཡང་དག་པའི་བདེན་པ་མ་ཡིན་པར་སྨྲ་བ་དང་། མི་ཁྱད་པར་ཅན་ལ་ངན་ཏུ་སྣོད་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པ་ན་ལྕེ་དང་ཁ་སྐམས་ཤིང ་ལྡུལྕགས་ཐུང་བ་དང་། འདི་སྙམ་དུ་ཚེར་མ་རྣོན་པོ་ཞིག་གིས་བདག་གི་ལྕེ་དང་། རྩ་དང་། ཡན་ལག་ཀུན་ནས་ཁྲག་དང་། ཆུ་སེར་ཕྱུང་ན་ཇི་མ་རུང་སྙམ་བསམ་པ་དང་། སྲུང ་མ་སྲིན་པོ་དེས་སྡིག་པ་ཅན་གྱི་ཕ་མའི་ལུས་སུ་སྤྲུལ་ཏེ། ལག་ན་ནོར་བུ་ཟླ་བ་ཞེས་བྱ་བ་ལ་ཚེར་མ་རྣོན་པོ་ཡོད་པར་སྤྲུལ་ནས། སྡིག་པ་ཅན་དེའི་ཁར་བཞུག་པར ་། གཟས་པ་དང་། ནོར་བུ་དེ་ལ་ཆུ་འབབསས་ཅིང་འཛག་པར། སྡིག་པ་ཅན་དེས་མཐོང་ནས་རབ་ཏུ་དགའ་སྟེ། བདག་གི་ཉིལ་ལ་འདོད་པ་དང་ཕྲད་དོ་སྙམ་ནས། ་དགའ་སྟེ། དབུགས་ཆད་ནས་ཚེ་འཕོས་སོ།། དེ་ཡང་གློག་གི་ཡུད་ཙམ་གྱིས་ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བར་སྐྱེསོ།། དེར་སྐྱེས་ནས་དམྱལ་སྲུངས་སྲིན་པོས་ལག་ན། ་སྐམ་པ་འབར་བ་ཐོགས་ཏེ། ལྕེ་དྲངས་ནས་ཕྱུང་ངོ་།། དེ་ཡང་ཀྱི་གླང་ཆེན་པོ་ལ་ལྕགས་ཀྱི་ཐོང་ཆེན་པོ་བཤལ་ཏེ་ལྕེ་ཀུན་དྲལ་ཏོ།། དེ་ཉིད་དུ་ཚེར་མའི་ཚལ་དང་། ཚེར་མའི། ་སྡོང་པོ་རྣམས་ཀྱང་དམྱལ་བའི་རླུང་ཆེན་པོས་བསྐྱོད་ནས། དེའི་ལུས་ལ་འཇུག་ཅིང་རྡེག་སྟེ། གཤེགས་ཅིང་འདྲལ་ལོ།། ཉིན་ཞག་གཅིག་ལ་ལན་དྲུག་བརྒྱ་ནི་འཆི། ་ལན་དྲུག་བརྒྱ་ནི་འཚོའོ།། དེ་ལས་བསྐལ་པ་ཟད་ནས་མིར་སྐྱེས་ན་ཡང་གཟུགས་བྱད་ངན་པ་དང་། བཞིན་མ་དོག་མི་སྡུག་པ་དང་། དབང་པོ་མི་གསལ་ཞི་དག ་ལྐུགསུ་སྨྲ་བ་དང་། ལུས་ལ་མཛེ་དང་ཤུ་བ་ལ་སོགས་པའི་ནད་རྣམ་པ་མང་པོས་གཟིར་ཅིང་རྣག་ཁྲག་མང་པོ་ལུས་ལ་འཛག་པ་དང་། སྐྱེ་བ་ལྔ་བརྒྱའི་བར་དུ་ཀུན་གྱིས ་མཐོང་མི་འདོད་པར་འགྱུརརོ།། དེ་ལས་ཚེ་འཕོས་ནས་ཕྱིར་སྐྱེ་བ་མིའི་ལུས་ཐོབ་ན་ཡང་སྨྲ་བའི་ཚིག་དང་ངག་སུས་ཀྱང་མི་ཉན་པར་འགྱུརརོ།། དེ་ནས་དགེ་བའི་བཤེས་གཉེན ་ཆེན་པོ་དང་ཕྲད་ནས་གཟོད་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་སྡོང་པོའི་སེམས་ཅན ་དམྱལ་བ་ཆེན་པོ་ཁྲི་ཕྲག་ལྔ་བརྒྱ་ཞེ་ན། ལྕགས་ཀྱི་སྡོང་པོའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ལྕགས་ཀྱི་སྡོང་པོའི་དབྱིབས་ཀྱང་མེའི་རི་ལྟ་བུ་སྟེ། མཐོ་ཁྱད་ཀྱང་དཔག ་ཆང་དྲུག་བརྒྱ་སྲིད་དོ།། འོག་ན་མེ་རབ་ཏུ་འབར་ཏེ། མེ་དེའི་ནང་ན་ལྕགས་ཆན་འབར་བའི་ཁྲི་ཡོད་དོ།། དེའི་སྟེང་ན་མཚོན་གྱི་འཁོར་ལོ་ཡོད་དོ།། མཚོན་གྱི་འཁོར་ལོའི་བར ་ན་ལྕགས་ཚན་འབར་འབར་བའི་སྲིན་བུ་དང་། ལྕགས་ཚན་འབར་བའི་བྱ་ཡོད་དོ།། འཇིག་རྟེན་ན་གང་ཟག་གླེན་ཞིང་གཏི་མུག་ཅན་དག། འདོད་ཆགས་ཀྱི་བག་ཆགས་ཆེ་བ ་འདོད་པས་ལོག་པར་སྤྱོད་པ་ལ་དགའ་བ། དུས་དང་གནས་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པའི་ལས་བྱས་པ་དང་། གཞན་ཡང་དགེ་སློང་ངམ། དགེ་སློང་མ ་འམ། དགེ་བསྙེན་ནམ། དགེ་སྙེན་མ་འམ། བྲམ་ཟེ་འ་མ། དེ་ལ་སོགས་པ་ཚངས་པར་སྤྱོད་པ་དག། གལ་ཏེ་དུ་ས་དང་གནས་མ་ཡིན་པ་ལ་མི་ཚངས་པར་སྤྱད་པ ་དང་། འདོད་པས་ལོག་པར་གཡེམ་པའི་ལས་ངན་པ་སྤྱད་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པ་ན། གཞུ་ལྟར་རེངས་ཏེ་རབ་ཏུ་འདར་ཞིང་བཙོ་ནས་མི་བཟོད་པར་གྱུར ་པ་དང་། འདི་སྙམ་དུ་བདག་གི་ལུས་འདི་ལྕགས་ཀྱི་སྡོང་པོ་ཆེན་པོ་ཞིག་ལ་དྲང་པོར་མི་འགུལ་བར་བསྡམས་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་སྲུངས ་སྲིན་པོས་གཡོག་བྲན་གྱི་ལུས་སུ་སྤྲུལ་ཏེ། ལག་ན་ལྕགས་ཀྱི་ཁར་བ་ཐོགས་ནས་སྡིག་པ་ཅན་དེ་ལ་འདི་སྐད་དུ། ཁྱོད་ཀྱི་ལུས་སྲ་ཞིང་རེངས་པར་གྱུར་པ་དེ་ངས་མཉེན ་བར་བྱམས། མྱོང་བར་བ་འདིལ་ལ་ས་ཤིག་ཅེས་སྨྲས་ནས་སྤྲོ་བ་བབྱེད་པ་དང་། རིག་པ་ཅན་དེ་རབ་ཏུ་དགའ་བར་གྱུར་ནས་མས་ཅད་དེཀྱི་ཆོམ་སོ།། ་ལྕག་གཡབས་པ་ཙམ་གྱི་ཆོད་ན་ལྕགས་ཀྱི་སྡོང་པོའི་ཐོག་མ་ལ་སྐྱེསོ།། དེ་ལ་མེ་རབ་ཏུ་འབར་བས་གདུངས་ཤིང་བསྲེགས་པ་དང་། ཤིན་ཏུ་འཇིགས་ཤིང་སྐྲག་ནས་འོག་ཏུ ་བལྟས་པ་ན། ལྕགས་ཀྱི་ཁྲིའི་སྟེང་ན་སྐྱེས་པས་བུ་མོ་སྡུག་གུ་འདུག་པར་མཐོང་བ་དང་། བུད་མེད་ཀྱིས་སྐྱེས་བུ་བཟང་པོ་ཤིན་ཏུ་ཡིད་དུ་འོང་བ་ཞིག་འདུག་པ་ལྟ་བུར་མཐོང་སྟེ། ་ཆགས་པའི་སེམས་སྐྱེས་ནུས་ལྕགས་ཀྱི་སྣ་ཁ་ནས་བུབས་སཔ་སྐྱེ་མཚུངས་པ་དང་། ལྕགས་ཀྱི་སྣོང་པོ་སུ་ལུས་ཐལ་བྱུང་དུ་དྲུག་ནས། ལྕགས་ཆེན་གྱི་དྲབས་ཀྱི ་མགོ་དཀྲིས་སོ།། ལྕགས་ཀྱི་སྲིན་བུ་རྣམས་ཀྱིས་ནི་འ། རྡིབ་ཅིང་ཟའོ།། དེ་ནས་ལུས་དུམ་བུ་མང་པོར་ཆད་དེ་ལྕགས་ཁྲི་འབར་བ་དེའི་སྟེང་དུ་ལྷུང་བ་དང་། ཡན་ལག ་ཀུན་ནས་མེ་རབ་ཏུ་འབར་ཏེ། ལྕགས་ཀྱི་སྲིན་བུ་རྣམས་ཀྱང་མིག་གི་ནང་དང་དབང་པོ་ཀུན་གྱི་ནང་དང་། ཕོ་སྨོས་ཀྱི་མཚན་མ་ཀུན་གྱི་ནང་དུ་འཇུག་ཅིང་ཟའོ།། སྲིན་བུ་དེ་དག་ལ ་ཁྲི་ཕྲག་དགུ་བརྒྱ་ཡོད་དེ་གཅིག་གི་མགོ་ལ་ཡང་ཆུ་བཅུ་གཉིས་ཡོད་དེ། མཆུ་དེ་ཉིད་ལས་ཀྱང་མེ་རབ་ཏུ་འབར་ཞིང་དེའི་ལུས་ལ་ཟ་ཞིང་འཇིབ་བོ།། གང་ཟག་ལ་ལ་ཞིག ་གིས་འདོད་པས་ལོག་པར་གཡེམ་པའི་ལས་ཀྱིས་གང་དག་ཚུལ་ཁྲིམས་ཅན་གྱི་ཚུལ་ཁྲིམས་བཤིག་པ་དང་། མི་དགེ་བ་སྤྱད་པའི་ལས་ཀྱི་རྣམ་པར་སྨིན་པས་དེ་ལྟ་བུ ་ཉོན་ཞག་གཅིག་ལ་ལན་ཁྲི་ཕྲག་དགུ་བརྒྱ་ནི་འཆི། ལན་ཁྲི་ཕྲག་དགུ་བརྒྱ་ནི་འཚོའོ།། ཅི་སྟེ་དེ་ལས་ཐར་ནས་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་བྱ་ཐི་བ་དང་། ཕུག་རོན་གྱི་ལུས། ་སུ་སྐྱེས་ཏེ། དེ་ལས་ཐར་ནས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་ཀླུ་དབུལ་པོའི་ལུས་སུ་སྐྱེའོ།། དེ་ནས་མིར་སྐྱེས་ན་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་མ་ནིང་དང་མཚན་མེད་དང་མཚན ་གཉིས་དང་། མཚན་འགྱུར་དུ་སྐྱེས་ཏེ། ཇི་སྟེ་དབང་པོ་དང་ལྡན་ཡང་འཁོར་ངན་པའི་ངང་ཚུལ་ཅན་རྟོད་པ་དང་བཅས་པའི་བུ་སླད་དང་བུ་ཆེ། སྲི་གཞུ་མེད་ཅིང་བློ་རྨན་པ་དང ་བྲན་གཡོག་བཀའ་བློ་མོ་བདེ་བའི་འཁོར་བར་འགྱུརརོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས ་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྕགས་ཀྱི་ཐ། གས་ཟངས་ཀྱི་སེམས་ཅན་དམྱལ་བ་ཁྲི་ཕྲག། ལྔ་བརྒྱ་ཞེ་ན། ལྕགས་ཀྱི་ཐག་ཟངས་ཀྱི་སེམས་ཅན་དམྱལ ་བ་ཞེས་བྱ་བ་ནི། ལྕགས་ཀྱི་ཁྲི་མེ་རབ་ཏུ་འབར་བ་ཆུ་ཞེང་དུ་དཔག་ཚད་བཞི་པ་གཅིག་ཡོད་དེ། དེའི་སྟེང་ན་ལྕགས་ཀྱི་འཁྲུལ་འཁོར་འབར་བ་གྲངས་མེད་པ་ལས་ལྕགས ་ཀྱི་མངའ་གཞུ་ཁྲི་ཕྲག་སྟོང་སྙེད་ཡོད་པར་གྱུར་ཏེ། མདའ་དེ་ཉིད་ལས་མེ་རབ་ཏུ་འབར་རོ།། འཇིག་རྟེན་ན་གང་ཟག་གླེན་ཞིང་གཏི་མུག་ཅན་འདོད་ཆགས་ཀྱི་དབང་གིས་འདོད ་པས་ལོག་པར་སྤྱོད་པ་དང་། ཕ་མ་ལ་སྲི་ཞུ་མི་བྱེད་པ་དང་། སློབ་དཔོན་དང་བླ་མ་ལ་བཀུར་སྟི་མི་བྱེད་པ་དང་། ལེགས་པར་སྟོན་པ་ལ་མི་གཞོལ་བ་དང་། སེམས་ཅན་གྱི ་།། སྲོག་བཅད་པ་དང་། བཅོད་པ་ལ་དགའ་བ་དག་རྣམ་པར་སྨིན་པས་འཆི་བའི་དུས་བྱེད་པ་ན། ལུས་ཀུན་འདར་ཞིང་འགུལ་ཏེ་བཙོ་ནས་མི་བཟོད་དེ་བུ་ག་དྲུག ་ནས་ཟག་པ་རྣམས་ཟག་པ་དང་། སྡིག་པ་ཅན་དེས་འདི་སྙམ་དུ་བདག་གི་ཉལ་མ་ལ་འདི་རབ་ཏུ་སྙི་ཞིང་མུགས་ཏེ། ཆེ་བར་གྱུར་ན། བདག་ཤིན་ཏུ་སྲ་ཞིང་གྲང་བའི་མལ་ལ ་བདེ་བར་ཉལ་ཏེ། གཉིད་ཅིག་ལོག་ན་ཇི་མ་རུང་སྙམ་བསམས་པ་དང་། དམྱལ་སྲུངས་སྲིན་པོས། མདུང་རྩེ་ཁ་བྲག་པའི་ཁ་ནས་ལྕགས་ཀྱི་ཁྲི་ལ་ལྕགས་ཀྱི་བར་ཏང་བཏིང་བ ་ཁྱེར་ཏེ་འོངས་པ་དང་། སྡིག་པ་ཅན་དེས་དེ་མཐོང་བ་དང་རབ་དགའ་བའི་སེམས་སྐྱེས་ཏེ། ལྕགས་ཀྱི་ཁྲི་ལ་བར་ཏང་བཏིང་བ་དེ་ལ་ཉལ་བར་དགའ་བ་དང་དེ་མ ་ཐག་ཏུ་དབུགས་ཆད་ནས་ཚེ་འཕོས་སོ།། དེ་ནས་ལྕ་གས་ཀྱི་ཐག་བཟངས་ཀྱི་སེམས་ཅན་དམྱལ་བར་སྐྱེས་ཏེ། ལྕགས་འཁྲུལ་འཁོར་འབར་བ་ཁྲི་ཕྲག་བརྒྱ་སྟོང ་སྙེད་ལྟ་འོག་ནས་འཕེན་ཞིང་དུས་གཅིག་ཏུ་འཁྲུལ་ཞི་གཡོས་སོ།། དེ་ལས་ལྕགས་ཀྱི་གཞུ་གྲངས་མེད་པ་ལས་ལྕགས་ཚན་གྱི་མདའ་གྲངས་མེད་པ་ཞིག་སྡིག་པ་ཅན ་གྱི་སྙིང་ལ་ཕོག་ནས་རབ་ཏུ་སྡུག་བསྔལ་བར་གྱུར་ཏོ།། དེ་ལྟ་བུར་ཉིད་ཞག་གཅིག་ལ་ལན་ཁྲི་ཕྲག་དྲུག་བརྒྱ་ནི་འཆི། ལན་ཁྲི་ཕྲག་དྲུག་བརྒྱ་ནི་འཚོའོ།། དེ་ལས་ཐར་ནས ་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་བྱོལ་སོང་གི་ཁམསུ་སྐྱེའོ།། དེ་ལས་ཐར་ཏེ་མིར་སྐྱེས་ན་ཡང་དབུལ་ཞིང་ཕོངས་པ་དང་། རིགས་ངན་པར་སྐྱེས་ཏེ། རྟག་ཏུ་གཞན་གྱིས་བཀོལ། ་བ་དང་། དགྲ་སྡང་བས་ཟིན་ཅིང་བཙོན་ཆས་དམ་པོར་འཛུད་པ་དང་རྟག་ཏུ་རྡེག་ཅིང་འཚོགས་པར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་ནས་བྱང་ཆུབ་ཏུ་སེམས ་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཞེ་ན། ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ ་བ་ཞེས་བྱ་བ་ནི། དམྱལ་བ་ཆེན་པོའི་གནས་དེ་ཉིད་ན། ལྕགས་ཚན་འབར་བའི་དྲ་བའི་རིམ་པ་བརྒྱད་ཅུ་རྩ་དགུ་སྙེད་ཡོད་དོ།། དྲ་བ་དེ་རེ་རེའི་བར་དང་མིག་ན་ཁབ་དཔལ་མ་ཁྲི་ཕྲག ་བརྒྱ་སྟོང་སྙེད་ཡོད་དེ། ཁབ་དེ་དག་ཀུན་གྱི་རྩེ་མོ་ལ་ལྕགས་ཀྱི་ཁྲུལ་འཁོར་འབོར་བ་གྲངས་མེད་པ་འཁྲུལ་ཞིང་རབ་ཏུ་འབར་རོ།། དེ་དག་འཇིག་རྟེན་ན་སེམས་ཅན་གང་དཀོན ་མཆོག་གསུམ་ལ་སྨོད་ཅིང་ལོག་པར་ལྟ་བ་དང་། བརྫུན་དུ་སྨྲ་ཞིང་གཡོ་དང་སྒྱུས་ལོག་པར་འཚོ་ཞིང་ཕ། རོལ་འབྲིད་པར་བྱེད་པ་དང་རྟག་ཏུ་མི་དགེ་བའི་ལས ་བྱེད་པར་སེམས་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པའི་ཚེ་ན། ལུས་དང་ཡན་ལག་ཀུན་རབ་ཏུ་གཡའ་ཞིང་གཙོ་སྟེ། འདི་སྙམ་དུ་ཁབ་རྣོན་པོ་སྤར་གང་གིས་ལུས་ཀྱི་སྲིན་བུ་འདི ་ངག་གཙོགས་ན་ཇི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྲུངས་མ་སྲིན་པོས་སྨན་པའི་ལུས་སུ་སྤྲུལ་ཏེ་ལག་ན་གཙགས་ཁབ་རྣོན་པོ་ཐོགས་ནས་འདི་སྐད་དུ་བདག་ནི་ཁྱོད ་ཀྱི་ནང་འཚོ་བར་བྱེད་པའོ་ཞེས་སྨྲས་ཏེ། སྡིག་པ་ཅན་དེའི་སེམས་སྤྲོ་བ་བསྐྱེད་དེ་དགའ་མ་ཐག་ཏུ་ལྷུབས་ཆང་དེ་ཚེ་འཕོས་སོ།། དེ་དག་དེ་ནས་ལྕགས་ཀྱི་དྲ་བའི་སེམས་ཅན ་དམྱལ་བར་སྐྱེས་ནས་དྲ་བ་དང་འཁྲུལ་འཁོར་རྣམས་ལ་དྲུད་ཅིང་འདྲེའོ།། འཁྲུལ་འཁོར་རྣམས་བསྐུལ་ཞིང་བསྐྱོད་པ་ལས་ཁབ་དཔལ་མ་ལྟ་བུའི་ལྕགས། ་ཚན་འབར་བ་གྲངས་མེད་པ་བ་སྤུའི་བུ་ག་ཀུན་ཏུ་ཟུག་ཏེ། དེ་བཞིན་དུ་ལྕགས་ཚན་གྱི་དྲ་བའི་བར་དང་དྲ་མིག་ཅིག་ནས་གཅིག་ཏུ་སྐད་ཅིག་ནི་འཆི། སྐད་ཅིག་ནི་འཚོའོ།། དེ་ལས ་ཐར་ནས་མིར་སྐྱེས་ན་ཡང་ཡུལ་མཐའ་ཁོབ་དུ་སངས་རྒྱས་ཀྱི་ཆོས་མེད་པའི་གནསུ་སྐྱེ། འཇིག་རྟེན་གྱི་ཚིག་སྙན་པ་བཟང་པོ་ཡང་མི་ཐོས་ན་ཡང་དག་པའི་ཆོས་ལྟ་ཅི་སྨོས་ཏེ། ་མི་ཐོས་སོ།། གལ་ཏེ་མིར་སྐྱེས་ན་ཡང་ངན་སོང་གསུམ་གྱི་ནང་དུ་བརྩིའོ།། བརྩལ་པ་བརྩི་བ་དང་། བགྲང་བ་ལས་འདས་ནས་གཟོ་དགེ་བའི་བཤེས་དང་ཕྲད་དེ་ཆོས་ཐོས ་པར་གྱུར་ཀྱང་སེམས་ཀྱིས་ཆུད་ཅིང་རྟོགས་པར་མི་འགྱུ་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ་དེ་དེ་ལ་ཇི་ལྟར་ན་ལྕགས་ཀྱི་ཁང་པའི་སེམས་ཅན ་དམྱལ་བ་ཆེན་པོ་བཅོ་བརྒྱད་ཅན། ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། གཤིན་རྗེའི་འཇིག་རྟེན་དུ་སོང་བའི་ནང་ན་སྡུག་བསྔལ་གྱི་མཆོག་གོ།། དེ་ལ ་ལྕགས་ཀྱི་རི་ཆེན་པོ་གཅིག་ཡོད་དེ། ཚེ་ཁྱད་དཔག་ཚད་ཉི་ཤུ་རྩ་ལྔའོ།། རི་དེ་ལ་ལྕགས་ཀྱི་ཐུ་ལུམ་འབར་བ་ཁྲི་ཕྲག་ལྔ་བརྒྱ་ཡོད་དེ། ཐུ་ལུམ་དེ་དག་རེ་རེ་ལ་ཆེ་ཁྱད་དཔག ་ཚད་བཅུ་གསུམ་མོ།། གཞན་ཡང་རི་དེ་ལ་རལ་གྲིའི་སྡོང་པོ་དང་མཚོན་གྱི་ནགས་ཚལ་ཁྲི་ཕྲག་བརྒྱད་སྟོང་སྙེད་དོ།། ལྕགས་ཀྱི་རི་དེའི་ཤར་ཕྱོགས་ན་ལྕགས་ཀྱི་ཁྲོ་མོན ་རིང་པོ་ཡུལ་མཉམ་དཀའི་བྲེག་ཙམ་ཅིག་ཡོད་དེ། དེའི་ནང་ནས་དུད་པ་ནག་པོ་དྲི་མི་ཞིམ་པ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་།། འཇིག་རྟེན་ན་གང་ཟག་དྲུག་གསུམ་གྱི་དབང ་དུ་གྱུར་པ་སེར་སྣས་ཡོངསུ་བཅིངས་པ་འདོད་ཅིང་ཆགས་པའི་སེམས་རྡོ་བས་སྲ་བ་རྟག་ཏུ་གཡོ་དང་སྒྱུས་འཚོ་ཞིང་གཞན་ལ་འཚེ་བ་དང་། སེམས་ཅན་མང་པོའི་སྲོག་བཅད་པ ་དང་། སེམས་ཅན་ལ་མི་རྟག་པ་ལ་མི་སེམས་ཤིང་ནོར་ཟས་ཀྱི་དངོས་པོ་ལ་ཤིན་ཏུ་ཕངས་པར་འཛིན་པ། ཕ་མ་དང་སློབ་དཔོན་དང་བཤེས་གཉེན་དང་བུ་དང་ཆུང་མ་དང་འཁོར ་ལ་ཡང་སྦྱིན་པ་ཡོངསུ་མི་གཏོང་བ་དགེ་བའི་རྩ་བ་ཡོངསུ་བ་ཅད་པ་དག་འཆི་བའི་དུས་བྱེད་པ་ན། དབང་པོ་ཀུནཉམས་ཏེ་སྒྲ་ཡང་མི་ཤེས་ནས། ཡིད་ལ་འདི་སྙམ ་དུ་བདག་ཤི་བའི་འོག་ཏུ་བདག་གིས་ཟས་དང་ནོར་ལ་སྤྱོད་པ་འདི་དག་ལྕགས་ཀྱི་ཐུ་ལུམ་འབར་བར་གྱུར་ཅིགངའི་ཁྱིམ་ན་འདུག་པ་འདི་དག་མུན་ནག་དུ་གྱུར ་ཅིག་ཅེས་སྨྲས་སྙམ་བསམ་མ་ཐག་ཏུ། སྲུངས་མ་སྲིན་པོས་སེར་སྣ་ཅན་ཞིག་གི་ལུས་སུ་སྤྲུལ་ཏེ། དེའི་ནོར་ཟས་ཀུན་བསྡུས་ནས་སྡིག་པ་ཅན་དེའི་དྲུང་དུ་བསྲེགས་པ་ལྟ་བུར ་སྤྲུལ་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་བའི་སེམས་སྐྱེས་ནས་སྦུབས་ཆད་དེ་ཚེ་འཕོས་སོ།། དེ་ནས་ལྕགས་ཀྱི་མེ་འབར་བ་དེ་ལ་སྐྱེས་ནས། ལྕགས་ཀྱི་ཁྲོ་མོན་དུ་ལྕགས ་ཁུ་བླུགས་པ་བཞིན་དུ་ཕྱིན་ནས་ལྕགས་ཁང་འབར་བའི་ནང་ན་ལྕགས་ཀྱི་སྲིན་བུས་ཟ་ཞིང་མཚོན་གྱི་ནགས་ཚལ་གྱིས་གཏུབ་ཅིང་འདྲལ་ལོ།། དུད་པ་ནག་པོ་དེ་འཁྲིགས ་ཏེ་མིག་ཅིང་ཡང་མི་མཐོང་ནས། མེ་དང་མཚོན་གྱིས་འཇིགས་ནས་མགོ་ལ་ལྕགས་ཀྱི་རི་ཁྱེར་བཞིན་དུ་ཕན་ཚུན་དུ་རྒྱུག་ཅིང་སྣང་བ་ཚོལ་ལོ།། ལྕགས ་ཀྱི་ཐུ་ལུམ་འབར་བ་སྤྱི་བོར་ཕོག་ནས་རྐང་འཐིལ་དུ་འབྱུང་སྟེ། སྐད་ཅིག་མ་ཙམ་གྱིས་ནི་ཕྱིར་ཡང་འཚོའོ།། དེ་ལས་ཐར་ནས་ཀྱང་ཡི་དྭགས་ཀྱི་ཁམསུ་སྐྱེས་ཏེ། ལུས་ཆེ་ཞིང ་རིང་བ་ནི་དཔག་ཚད་བཅུའི་སྲིད་དེ། ཁ་ནི་ཕྲ་ཁྱད་ཁབ་ཙམ་མོ།། ལྟོ་བ་ནི་ཚེ་ཁྱད་རིང་བ་ཙམ་སྟེ་ཟས་སུ་ནི་ལྕགས་ཁུ་འཐུང་ཞིང་ལོ་བརྒྱད་སྟོང་གི་བར་དུ་ཡི་དྭགས་ཆེན་པོ ་དེའི་ལུས་སུ་གནསོ།། དེ་ནས་ཀྱང་ཡི་དྭགས་ཀྱི་ཁམས་སུ་སྐྱེ་བ་རྒྱུད་དེ་ངར་སྣབས་ཟ་བའི་ཡི་དྭགས་དང་། རྣག་ཁྲག་ཟ་བའི་ཡི་དྭགས་དང་། བཤང་གཅི་ཟ་བའི་ཡི་དྭགསུ ་སྐྱེའོ།། དེ་ལས་ཐར་ནས་ཀྱང་ཁྱི་དང་ཕག་གི་ལུས་སུ་སྐྱེའོ།། དེ་ལས་ཐར་ནས་ཀྱང་དབུལ་ཞིང་ཕོངས་པ་དང་། བྲ་ནི་ཁོལ་གྱི་རིས་སུ་སྐྱེས་ཏེ་ཟས་དང་ལོངས་སྤྱོད ་ཀྱིས་རབ་ཏུ་ཕོངས་པར་འགྱུ་རོ།། དེ་ནས་དགེ་བའི་བཤེས་ག་ཉིན་དང་ཕྲད་དེ། གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཞེ་ན། ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། དཔག་ཚད་བརྒྱད་ཅུ་སྙེད ་ལྕགས་ཀྱི་མཁར་དུ་གྱུར་པའི་ནང་ན་བར་ཆད་བརྒྱད་བཅུ་རྩ་བརྒྱད་ཡོད་དོ།། བར་ཆད་རེ་རེའི་ནང་ན་ཡང་མཚོན་གྱི་རི་བོ་ལྔ་ལྔ་ཡོད་དོ།། སྟེང་གི་ཕྱོགས་ནས་ཀྱང་མཚོན ་ཀྱི་འཁོར་ལོ་བརྣབས་ཏེ། གན་ས་རྫུལ་ཆེན་པོ་བརྒྱ་བྱེད་འད་། ཡུལ་དེ་ཁགང་ས་པའི་ཆ་ཡ་བྱམས་མེ་ས་སྟེ་སྡེ་འབྱིན་པའི་ཆེན་ཡང་ཁྱོས། ་ཐོག་མ་ལ་རལ་གྲི་རྣོན་པོ་འབར་བ་ཡོད་དོ།། འཇིག་རྟེན་ན་གང་ཟག་སྡིག་པ་ཅན་དག་སྦྱིན་པ་བྱེད་པ་ལ་གཤེ་ཞིང་སྨོད་པ་དང་། དགེ་བ་སོག་པའི་མི་དང་དཀོན ་མཆོག་གསུམ་དུ་གྱུར་པ་ལ་འཚེ་ཞིང་ངན་དུ་སྨོད་པ་དང་། དགེ་བ་དང་། གསོ་སྦྱིན་བྱས་པ་ལ་རྣམ་པར་སྨིན་པའི་རྒྱུ་དང་འབྲས་བུ་མེད་དོ།། ཞེས་ཟེར་བའི་སྡིག་པ་ཅན་དེ། འཆི ་འཕོ་བའི་དུས་བྱེད་པ་ན་གཉའ་བ་རེངས་ནས་མགོ་སྦྱར་བར་མི་ནུས་ཏེ། ལྷ་མི་འདོད་ཅིང་སྒྲ་ཡང་མི་ནུས་ནས་ཁ་སྲུབ་ཏུ་འགྱེལ་ཏེ་འདི་སྙམ་དུ་བདག་གིས་བསགས ་བའི་ནོར་དབྱིགས་ཐམས་ཅད་བདག་དང་འགྲོགས་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་སྲུངས་སྲིན་པོས་ཆུ་ད་མའི་ལུས་སུ་སྦྱར་ཏེ། ལག་ན་ལྕགས་ཀྱི་ཐུ་ལུམ ་འབར་བ་ཐོགས་པ་རིན་པོ་ཆེའི་སྣོད་ཡིད་བཞིན་ཞེས་བྱ་བར་སྤྲུལ་ཏེ། དྲུང་དུ་འདུག་ནས་འདི་སྐད་དུ་བདག་ཁྱོད་ཀྱི་ཕྱིན་འགྲོའོ་ཞེས་སྨྲས་ནས་ཤིན་ཏུ་ཆགས་པའི་ཚུལ་སྟོན་པ་དང་། ་དེ་ལ་དགའ་ནས་དབུགས་ཆད་དེ་ཚེ་འཕོས་པ་དང་། ལྕགས་ཆེན་འབར་བ་དེའི་ནང་དུ་སྐྱེས་ཏེ་ཚ་བས་རབ་ཏུ་གདུངས་ནས་ཕན་ཚུན་དུ་རྒྱུག་ཅིང་འབྲོས་པ་དང་། ལྕགས་ཀྱི་སྦྲུལ་གདུག ་པ་ཅན་གྱིས་ཁ་ནས་འདུག་པ་ཕྱུང་སྟེ། ལུས་ལ་སྐྱེས་པ་དང་། མགོ་ལུས་ཀྱི་ཡན་ལག་ཀུན་ནས་མེ་འབར་བར་གྱུར་ཏོ།། དེ་ནས་ཡང་སྡིག་པ་ཅན་དེས་འདི་སྙམ་དུ་ལྷ་བདག་ལ་བྱས། ་།། ན་གནས་ནས་ཆར་ཕོབ་ཤིག་ཅེས་སྨོན་པ་དང་། བསམ་མ་ཐག་ཏུ་སྟེང་ནས་ལྕགས་ཚན་གྱི་ཐུ་ལུམ་ཆར་བཞིན་དུ་བབ་ནས་སྤྱི་བོར་ཐོག་པ་དག་ཀྱང་རྐང་མཐིལ ་དུ་བྱུང་ངོ་།། དེ་ལས་ཐར་ཏེ་མིར་སྐྱེས་ན་ཡང་ཤིན་ཏུ་དབུལ་ཞིང་ཕོངས་པ་དང་། དྲ་དང་མགོན་སྐྱབས་མེད་པ་དང་། དིག་ལྐུགས་པ་དང་དབང་པོ་མ་ཚང་བར་འགྱུར་ཏེ། དེ་ལྟ་བུའི ་སྡུག་བསྔལ་ལེན་པའི་ཚད་ནི་ལྕག་ཀྱི་ཁང་བའི་སྡུག་བསྔལ་བཤད་པ་དང་འདྲའོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ་དེ་ལ་ཇི་ལྟར་ན་རྡོ་ཟུར་མོང་གི་སེམས་ཅན་དམྱལ་བ་ཞེ་ན། རྡོ་ཟུར་མོང་གི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། རྡོ་བྲག་གི ་རི་ཆེན་པོ་ཉི་ཤུ་རྩ་ལྔ་ཡོད་དེ། རི་དེ་གཅིག་ལ་ཡང་། ཆབ་བྲོམ་གྱི་རྫིང་ཆེན་པོ་བརྒྱད་བརྒྱད་ཡོད་དོ།། རྫིང་དེ་རེ་རེའི་ནང་ན་ཡང་ཀླུ་གདུག་པ་ཅན་ལྔ་ལྔ་ཡོད་དེ་གན ་འཇིག་རྟེན་ན་གང་ཟག་སྡིག་པ་ཅན་སོ་སོའི་སྐྱེ་བོ་དང་གཞན་ཡང་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་ཚུལ་ཅན་ཕོ་མོ་དང་། ཀུན་ཏུ ་རྒྱུ་བ་རྣམ་པ་དགུ་བཅུ་རྩ་ལྔ་ལ་སོགས་པ་གང་ཞིག་ཆོས་མ་ཡིན་པར་བཤད་པ་དང་། ཆོས་མ་ཡིན་པ་རྣམས་ནི་ཆོ་སུ་བཤད་པ་དང་། ཉེས་པ་བྱུང་ཡང་མཐོལ་ཚངས་མི ་བྱེད་པ་དང་། རྣམ་པར་སྨིན་པ་ལ་མི་འཛེམ་སྟེ། སེམས་སྤྲེའུ་དང་འདྲ་བ་དག། སྡིག་པ་ཡོངསུ་སྨིན་ཏེ་འཆི་བའི་དུས་བྱེད་པ་ན་ཁོང་པ་ལྷུབས་ཆད་ཀྱིས་གང་སྟེ་ཤིན་ཏུ་རྒྱས ་བར་གྱུར་ནས་ཆུའི་ངོས་པོ་ཡང་མི་བར་ཏེ་འདྲི་ནམ་དུ་དྲོ་ཟུང་མོང་ཞིག་གིས། བདག་གི་གྲེ་བར་བཅང་སན་ཙམ་མངས་པསམས་པ་དང་། དེ་ས་པག་ཏུང་བྱལ་ཐུས། ་སྲིན་པོས་སྨན་པའི་ལུས་སུ་སྤྲུལ་ཏེ། ལག་ན་རྡོ་ཟུར་མོང་ཐོགས་ཡང་སྨན་གྱི་རིལ་བུར་བསྒྱུར་ནས་སྡིག་པ་ཅན་གྱི་ཁར་བཅུག་ནས་ཁ་ཚུམས་ཤིག་ཅེས་སྨྲས་པ་དང་། དེ་ལ ་དགའ་བའི་སེམས་སྐྱེས་ནས་ལྷུབས་ཆད་དེ་ཚེ་འཕོས་པ་དང་རྡོ་བའི་རིའི་བར་དུ་སྐྱེས་ཏེ་རྡོ་བྲག་ཟུར་མོང་ཅན་གྲངས་མེད་པ་རྒྱབ་ཏུ་ཕོག་ནས་བྲང་དུ་ཕྱུང་ངོ་།། དམྱལ་བའི་སྲུངས ་མས་མདུང་རྩེ་ཁ་བྲག་པ་ཁར་བཙུགས་ཏེ་ཕྱེ་ནས་རྡོ་ཆེན་འབྲར་བ་ཁར་བཅུག་གོ།། དེ་མ་ཐག་ཏུ་ལུས་མེའི་ཕུང་པོར་འབར་རོ།། དེ་ལྟར་ཉིན་ཞག་ཅིག་ལ་ལན་ཁྲི་ཕྲག་བཅུ་ནི་འཆི ་ལན་ཁྲི་ཕྲག་བཅུ་ནི་འཚོའོ།། དེ་ནས་ཚེ་འཕོས་ནས། ཐིག་ནག་པོའི་སེམས་ཅན་དམྱལ་བར་སྐྱེས་སོ།། ཐིག་ནག་པོའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ལྕགས ་ཀྱི་རི་ཆེན་པོ་བརྒྱད་བརྒྱ་ཡོད་དེ་དེའི་འཁོར་ཡུག་ཏུ་ལྕགས་ཀྱི་སྡོང་པོ་སྐྱེས་ཏེ་དེ་ལ་ལྕགས་ཐག་ལུ་གུ་རྒྱུད་ཀྱིས་བཏགས་ནས། སྡིག་པ་ཅན་དེ་ལ་ཁུར་དུ་སྐུར་རོ།། སྡིག་པ་ཅན ་དེ་དག་ལྕགས་ཀྱི་རི་དང་སྡོང་པོ་དེ་དག་ཁུར་ནས་ལྕགས་ཐག་གི་ཟམ་པ་ལ་འགྲོར་བཅུག་གོ།། སྡིག་པ་ཅན་དེས་མ་ཐེག་ནས་དེ་ལ་ལྷུང་སྟེ་ལྕགས་ཁུ་ཁོལ་བའི་ཟངས་ཀྱི་ནང ་དུ་ལྷུང་ངོ་།། དེ་ནས་ཡང་སྲིན་པོས་ཕྱིར་ཕྱུང་བ་དང་། བཀྲེས་སྐོམ་པས་གདུངས་པས་ལྕགས་ཆེན་གྱི་ཐུ་ལུམ་ཟ་ཞིང་ལྕགས་ཁུ་འཐུང་ངོ་།། དེ་ལྟར་ཉིན་ཞག་ཅིག་ལ་དེ་ལྟ ་བུར་སྡུག་བསྔལ་ཁྲི་ཕྲག་དགུ་བཅུ་སྙེད་མྱོང་བར་འགྱུརརོ།། དེ་ལས་ཐར་ཏེ་མིར་སྐྱེས་ན་ཡང་གཞན་གྱི་བྲན་ཁོལ་དུ་སྐྱེ་བར་འགྱུརརོ།། དེ་ནས་དགེ་བའི་བཤེས་གཉེན ་དང་ཕྲད་དེ་ཐེག་པ་ཆེན་པོའི་ཆོས་བསྟན་པ་དང་། རབ་དཀར་པོ་མཚོན་དུ་བསྒྱུ་སླ་བ་བཞིན་དུ་དགྲ་བཅོམ་པར་གྱུར་ཏེ་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར ་གྲོལ་བ་བརྒྱད་ཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། ལྕགས་ཁུ ་འཐུང་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་ཟངས་ཀྵྨཱི་ཤིང་རྟ་འབར་བ་རྣམ་པ་སྣ་ཚོགས་ཡོད་དེ། ཏེ་དེ་རེ་རེའི་སྟེང་ན་ཡང་ཟངས་ཀྱི་བུ་ལུམ་འབར་བ་དྲུག་སྟོང ་དྲུག་སྟོང་སྙེད་ཡོད་དོ།། སེམས་ཅན་གང་མི་དགེ་བའི་སེམས་ཅན་ཆེ་ཞིང་སེར་སྣའི་དབང་དུ་གྱུར་པ་ཆོས་ལོགས་པར་འཆད་པ་དང་ངན་པ་ལྟ་ཞིང་ཕ་དང་མ་ལ་གཉེན ་ཞིང་བཙུན་པར་མི་ལྟ་བ་དང་། སྦྱིན་པ་མི་སྟོང་པ་དང་ཕ་རོལ་པོས་ནོར་ཟས་རྙེད་པ་དང་བདོག་པ་ཆེ་བ་དག་མཐོང་ན་སེམས་ཀྱི་སྡུག་བསྔལ་ཆེན་པོ་བྱེད་པའི་གང་ཟག་དེ་འཆི ་འཕོ་བའི་དུས་བྱེད་པ་ན་ནད་ཀྱི་རྣམ་པས་རབ་ཏུ་ཉོན་མོངས་ཏེ། ཤ་ཁྲག་ཟད་པ་དང་བླ་རྡོལ་བྱེད་པ་དང་། བཀྲེས་ཤིང་སྐོམ་པས་ཀྱང་གདུངས་ཏེ་འདི་སྐད་དུ་བདག་ཤིང་ཏོག ་ཅིག་ཟ་བ་འདོད་དོ་ཞེས་སྨྲ་སྟེ། དེ་སྐད་སྦས་མ་ཐག་ཏུ་དམྱལ་བའི་སྲུངས་མ་སྲིན་པོས་ཟངས་ཀྱི་ཤིང་རྟའི་ནང་ཟངས་ཀྱི་ཐུ་ལུམ་གྱིས་བཀང་བའི་ཤིང་ཏོག་དུ་སྤྲུལ་ནས་སྡིགས ་ཅན་གྱི་དྲུང་དུ་འོངས་ཏེ་སྤྲོ་བ་སྐྱེད་པ་དང་། དེ་མཐོང་བ་ནས་རབ་ཏུ་དག་པའི་སེམས་སྐྱེས་ཏེ། འདི་སྙམ་དུ་བདག་ཤིང་ཏོག་བཟང་པོ་འདི་བཅུག་ནས་ཆོག་མི་ཤེས་ན་ཇི་མ་རུང་སྙམ་བསམ ་ནས་སྤྲོ་བ་དང་ལྡུགས་ཆད་དེ་ཚེ་འཕོས་སོ།། དེ་མ་ཐག་ཏུ་ཟངས་ཀྱི་ཤིང་རྟ་འབར་བའི་སྟེང་དུ་སྐྱེས་པར་གྱུར་ཏོ།། དེ་ནས་གཉའ་བ་ཤིང་རྟའི་བར་དུ་བཅུག་སྟེ། སྲིན་པོ་ལྕགས་ཀྱི་སྐམ ་པ་ཐོགས་ཏེ་སྡིག་པ་ཅན་གྱི་ཁ་ཕྱེ་ནས་ལྕགས་ཁུ་ཁར་བླུག་སོ།། དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་ཁ་ན་བཀྲེས་སོ།། ཤིན་ཏུ་བཀྲེས་སོ་ཞེས་འབོད་དོ།། དེ་ནས་སྲིན་པོས་ཡང ་ཁ་ཕྱེ་སྟེ་ཁར་ལྕགས་ཀྱི་ཐུ་ལུམ་འབར་བ་བཅོ་བརྒྱད་བཅུག་པ་དང་། ལུས་ཀྱི་ཡན་ལག་ཀུན་ནས་མེ་རབ་ཏུ་འབར་ཏེ་ཕན་ཚུན་དུ་རྒྱུག་གོ། དེ་ལྟ་བུར་ཉིན་ཞག་གཅིག་ལ་ཉིན ་ལན་ཅིག་མཚན་ཅིག་འཆི་སྟེ། དེ་ལ་དམྱལ་བའི་སྲུང་ས་མ་སྲིན་པོ་གླང་གི་མགོ་ཅན་དང་། གནོད་སྦྱིན་ཕག་གི་མགོ་ཅན་གྱིས་འདི་སྐད་དུ་བགོའོ།། མནར་མེད་སེམས ་ཅན་དམྱལ་བ་ཁྱོད་རྣམས་སྔོན་ལོག་པ་དང་ངན་པར་ལྟ་ཞིང་གཡོ་དང་སྒྱུས་ལོག་པར་འཚོ་སྟེ། སྡིག་པ་མི་དགེ་བའི་ལས་མང་པོ་བྱས་པའི་རྒྱུ་དང་རྐྱེན་གྱིས་བཙོ་བསྲེགས། ་དང་གྲང་འདར་དང་། དྲ་གཤེགས་དང་། ལྕགས་ཁུ་དང་ཐུ་ལུམ་འབར་བ་འདི་དག་ཡོངསུ་སྨིན་པར་འགྱུར་རོ།། གལ་ཏེ་རབ་ཏུ་བྱུང་བའི་དུས་ན་ཡང་ཉེས་པ་ཕྲ་མོ་བྱུང་བ་འགྱོད ་ཚངས་མ་བྱས་ཏེ་སྦྱིན་བདག་དད་པའི་སྦྱིན་པ་ཆུང་གསན་པ་དེའི་རྒྱུ་རོའི་རྐྱེན་གྱིས་ལྕགས་ཀྱི་ཐུ་ལུམ་པ་ཞིང་ལྕགས་ཁུ་འཐུང་བར་འགྱུརརོ།། སྡིག་པ་ཅན་དེ་དག་ཀུན་གྱིས ་། འཇིག་རྟེན་གྱི་ཆུའི་མིང་ཡང་མི་ཐོས་མི་མཐོང་བར་འགྱུརརོ།། དེ་ནས་ཐར་ནས་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་ངན་དགུ་ཚོགས་པར་འགྱུར་ཞིང་དག་ལྐུགས་དང་ཞྭ་འབྲེང་བ ་སྨྲ་བ་མི་བདེ་བ་དང་། སྤོབས་པ་ཆུང་བར་འགྱུར་རོ།། སྔོན་གྱི་ལས་ངན་པའི་བག་ཆགས་ཀྱིས་ཁ་ཟས་ཟོས་པའི་སྟེང་དུ་ཡང་སོལ་བ་དང་བོང་བ་ཟ་བར་འགྱུར་རོ།། དེ་ནས་གཟོད་དགེ་བའི ་བཤེས་གཉེན་དང་ཕྲད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། སངས་རྒྱས་ཀྱི་ཐུགས་བརྟག་པའི་འོད་ཟེར་ལས་རྣམ་པར་སྨིན་པ་བཤད་པའི་ལེའུ་སྟེ། ལྔ་པའོ།། ་སངས་རྒྱས་རྗེ་སུ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ།། བམ་པོ་དྲུག་པའོ།། དེའི་ཚེ་སེམས་ཅན་ཉོན་མོངས་པ་མང་པོ་དག་དེ་ལྟར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་དེ ་སྐད་ཅེས་བཀའ་སྩལ་ཅིང་བསྟན་ནས། བཅོམ་ལྡན་འདས་ཀྱིས་ཐུག་རྗེ་ཆེན་པོ་བྱམས་པའི་ཐུགས་ཀ་ནས་འོ།། ད་ཟེར་ཁ་དོག་དཀར་པོ་རྣམ་པ་བཅུ་ཐུགས་ལས་ཕུང་སྟེ། ཕྱོག ་བཅུའི་འཇིག་རྟེན་གྱི་ཁམས་ཀུར་སྣང་བར་བྱསོ།། འོད་དེ་རྣམ་པ་རེ་རེ་ལས་ཀྱང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་རིན་པོ་ཆེའི་པདྨོ་ལ་བཞུག་སོ།། དེའི་ཚེ་འཁོར་མང་པོ་ཐམས་ཅད་ཀུན ་གྱིས་སངས་རྒྱས་ཀྱི་འོད་ཟེར་དེ་ལ་སོ་སོར་མཐོང་བ་ཐ་དད་དེ། འཁོར་དེ་ལ་ལས་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་མཐོང་ངོ་།། ལ་ལས་ནི་ཤེལ་གྱི་རི་ལྟ་བུར་མཐོང་ངོ་།། ལ་ལས་ནི་ཆུ ་ཐམས་ཅད་ཀྱི་རང་བཞིན་དུ་མཐོང་ངོ་།། ལ་ལས་ནི་རིན་པོ་ཆེའི་རྣམ་གྲངསུ་མཐོང་ངོ་།། ལ་ལས་ནི་སྨན་རྣམས་ཀྱི་རང་བཞིན་དུ་མཐོང་ངོ་།། ལ་ལས་ནི་པ་དང་མ་ལྟ་བུར་མཐོང་ངོ་།། ་མ་ལས་ནི་ཐུ་མ་དང་སློབ་དཔོར་ལྟ་བུར་མཐོང་སྟེ། དེའི་ཚེ་སེམས་ཅན་སྡུག་བསྔལ་བ་རྣམས་ལ་དགོངས་པའི་ཕྱིར་སྤྲུལ་པའི་སངས་རྒྱས་རྣམས་ཀྱི་སྙིང་ཐུགས་ཀར་བྱུང་ནས་འོང་། ་དང་བཅས་ཏེ་ཕྱིར་ཡང་སྐུའི་ལྟེ་བར་ཞུག་སོ།། དེ་ནས་ཡང་ཕྱིར་ཐུགས་ཀར་བྱུང་ནས་རིན་པོ་ཆེའི་གྲུར་ཞུགས་ནས་རྒྱུད་ལྔའི་སེམས་ཅན་སྡུག་བསྔལ་གྱིས་གདུངས་པའི་གནས་ཀུན་ཏུ། ་གཤེགས་ཏེ་འོད་དང་བཅས་པར་བྱུང་ངོ་།། དེའི་ཚེ་རྒྱུད་ལྔའི་སེམས་ཅན་སྡིག་པ་ཅན་སྡུག་བསྔལ་གྱིས་གདུངས་པ་དེ་དག་ཀུན་གྱིས་སྤྲུལ་པའི་སངས་རྒྱས་རྣམས་ཀྱི་ཐུགས་དང ་སངས་རྒྱས་རྣམས་སོ་སོའི་ཕ་མ་འག། དགེ་བའི་བཤེས་གཉེན་དང་གཉེན་གཤེས་ལྟ་བུར་མཐོང་སྟེ། བགས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་བཤད་པ་ཐོས་པར ་གྱུར་ཏོ།། དེའི་ཚེ་སྟེང་གི་ན་མཁའ་ལས་འདི་སྐད་ཀྱི་སྒྲ་ཆེན་པོ་བྱུང་ནས་འཁོར་མང་པོ་རྣམས་ལ་བགོ་བ། ཁྱེད་རྣམས་དེ་བཞིན་གཤེགས་པའི་ཐུགས་རྗེསུ་དྲན་པར ་གྱིས་ཤིག། སངས་རྒྱས་ཀྱི་ཐུགས་ནི་བྱམས་པ་ཆེན་པོ་སྟེ། བྱམས་པ་ཆེན་པོས་ནི་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་ལ་དགོངས་ཤིང་དམིག་སོ།། བཅོམ་ལྡན ་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་བྱམས་པའི་ཐུགས་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་ཡོངསུ་འཛིན་པའོ།། སྡུག་བསྔལ་གྱིས ་གསུམ་པ་ཞེས་བྱ་བ་ནི་ངན་མོང་གསུམ་དུ་ཡོང་སུ་འཁོར་བའོ།། ཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་པགའསྩལ་ཅིང་བརྟན་པའི་ས། འཁོར་མང་པོ་དངས་ཀྱིས་ཀྱང་སེམ ་། དམྱལ་བ་དང་། ཡི་དྭགས་དང་བྱོལ་སོང་དུ་གྱུར་པ་རྣམས་མཐོང་བར་གྱུར་པ་དང་། འཁོར་རྣམས་ཀྱིས་དགེ་བའི་རྣམ་པར་ཐར་པའི་ཏིང་འཛིན་གྱིས་སེམས ་ཅན་དེ་དག་ཀུན་གྱི། སྔོན་གྱི་སྐྱེ་གནས་དྲན་པར་གྱུར་ཏེ། སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་དེ་དག་ཀུན་འཁོར་མང་པོ་རྣམས་ཀྱི་སྔོན་བསྐལ་པ་གྲངས་མེད་པའི ་སྔོན་རོལ་ན་བདག་བདག་གི་ཕ་མ་དང་། གཉེན་བཤེས་ཡིན་པར་མཐོང་ངོ་།། དེ་ལྟར་མཐོང་ནས་འཆི་མ་བླགས་ཏེ་སངས་རྒྱས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སྡུག་བསྔལ་བའི་སེམས་ཅན་འདི་དག་ཀུན་བདག་གི་ཕ་མ་དང་སློབ་དཔོན ་དང་གཉེན་བཤེས་སུ་མཐོང་བར་གྱུར་ཏོ།། ཞེས། གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁམ། ་གསུམ་གྱི་སེམས་ཅན་ལམ་རྒྱུད་དྲུག་ཏུ་སྒྱུ་མའི་འཁྲུལ་འཁོར་བཞིན་དུ་འཁོར་བས། ཕ་དང་མ་དང་བུ་དེང་ཆུང་མ་དང་གཉེན་བཤེས་སུ་མ་གྱུར་པ་གང་ཡང་མེད་དེ། ཁམས ་གསུམ་འཁོར་བའི་གཉེན་བཤེས་ཡིན་ན་དེ་ལ་གནོད་པའི་སེམས་ཙམ་ཡང་མི་བསྐྱེད་ན། གནོད་པ་དངོས་སུ་ལྟ་ཅིའི་ཕྱིར་བྱ་ཞེས་གསུངས་པ་དང་། དེའི་ཚེ་ཟས་གཙང་མ་ལ ་སོགས་པའི་འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱམས་པའི་ཐུགས་ཀྱི་ཏིང་འཛིན་ཞེས་བགྱི་བ་ཇི་ལྟ་བུ་ལ ་དེ་དག་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཙམ་བཤད་དུ་གསོལ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། འདི་ལྟ་སྟེ། ་བྱམས་པའི་སེམས་ཀྱིས་ཏིང་འཛིན་ཞེས་བྱ་བ་ནི། འདི་ལྟར་འདུ་ཤེས་བསྐྱེད་པར་བྱའོ།། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕ་མ་དང་བུ་ཙའི་འདུ་ཤེས་སུ ་བཞག་སྟེ། ཡིད་ལ་བྱེད་པ་དང་བསྒོམ་ཞིང་དམིགས་པའི་ཚེ་ན། སེམས་ཅན་དེ་དག་ཀུན་བདག་གི་ཕ་མ་དང་། བུ་ཙ་དང་ཆུང་མ་དང་གཉེན་བ་ཤེསུ་གྱུར་པ་ཤིན་ཏུ་ཕངས ་ཤིང་ཅེས་པའི་ཡིད་ལ་སྡུག་པ་དག། སྡུག་བསྔལ་གྱིས་གདུངས་པར་གྱུར་པ་ལ་ཤིན་ཏུ་བརྩེ་བའི་ཡིད་ཀྱིས་བརྟག་ཅིང་དམིགས་ཏེ་ཡིད་ལ་བྱའོ།། སེམས་ཅན ་གང་དག་ནད་དང་སྡུག་བསྔལ་གྱིས་ཉོན་མོངས་པ་ངག་མཐོང་ན་དེའི་སྐྱབས་ཇི་ལྟར་བྱ་སྙམ་པས། མ་མོ།། དེ་དག་ཀུན་གྱི་སྡུག་བསྔལ་སྤངས་ནས་བདེ་འགྲོ ་མཐོ་རིས་ལ་བཀོད་པར་དམིག་སོ།། འདུ་ཤེས་དེ་ལས་སུ་རུང་བར་གྲུབ་ནས་འདུ་ཤེས་གཉིས་ལ་འཇུག་པར་བྱའོ།། འདུ་ཤེས་གཉིས་ལ་འདྲིས་ནས་གསུམ་ལ་འཇུག་པར ་བྱའོ།། གསུམ་ལ་འདྲིས་ནས་ཁང་པ་གཅིག་གི་ནང་གང་བ་ལ་འཇུག་པར་བྱའོ།། ཁང་པ་གཅིག་གི་ནང་གང་བ་ལ་འདྲིས་ནས། དགེ་འདུན་གྱི་གནས་ཁང་གཅིག་གི་ནང་ག ་བ་ལ་འཇུག་པར་བྱའོ།། དགེ་འདུན་གྱི་གནས་ཁང་གང་བ་ལ་འདྲིས་ནས་ཁོར་ཡུག་ཏུ་དཔག་ཚད་གཅིག་གི་ནང་གང་བ་ལ་འཇུག་པར་བྱའོ།། དཔག་ཚད་གཅིག་གི་ནང ་གང་བ་ལ་འདྲིས་ནས་ལྷོའི་འཛམ་བུ་གླིང་གི་ནང་གང་བ་ལ་འཇུག་པར་བྱའོ།། འཛམ་བུ་གླིང་གི་ནང་གང་བ་ལ་འདྲིས་ནས་གླིང་གསུམ་གང་བ་ལ་འཇུག ་པར་བྱའོ།། དེ་ལྟར་གླིང་ཆེན་པོ་བཞིའི་ནང་གང་བ་ལ་འདྲིས་ནས། དེ་བཞིན་དུ་མཐར་ཀྱིས་རྒྱ་བསྐྱེད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངསུ་གང་བ་ལ་འཇུག ་པར་བྱའོ།། དེ་ལ་ཇི་ལྟར་བལྟ་ཞེ་ན། ཤར་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་ཕ་ལྟ་བུར་བལྟའོ།། ནུབ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་མ་ལྟ་བུར་བལྟའོ།། ལྷོ་ཕྱོག ་ཀྱི་སེམས་ཅན་ཐམས་ཅད་ནི་ཕུ་བོ་ལྟ་བུར་བལྟའོ།། བྱང་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་ནུ་བོ་ལྟ་བུར་བལྟའོ།། འོག་མ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་བུ་དང་རླུང ་མ་ལྟ་བུར་བལྟའོ།། སྟེང་གི་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་སློབ་དཔོན་དང་བླ་མ་ལྟ་བུར་བལྟའོ།། ། ཕྱོགས་མཚམས་གཞན་གྱི་སེམས་ཅན་རྣམས་ནི།། དགེ། ་སློང་དང་བྲམ་ཟེ་དང་། གཉེན་བཤེས་སུ་བལྟའོ།། སེམས་ཅན་དེ་དག་ཀུན་ཀྱང་སྡུག་བསྔལ་གྱིས་ཡོངསུ་གདུངས་པ་དང་། ནད་ཆེན་པོས་གཟིར་བ་དང་། མཚོན་གྱི་ནགས ་ཚལ་དང་རབ་ཏུ་ཚ་བ་དང་། རབ་ཏུ་གྲང་བ་དང་ལྕགས་ཚན་ལ་སོགས་པས་རབ་ཏུ་གདུངས་ཤིང་སྡུག་བསྔལ་བར་བལྟ་སྟེ། དེ་ལྟ་བུར་མཐོང་ནས་དེ་ལ་སྙིང་བརྩེ་བ་དང ་རྙིསྙིང་རྗེ་བའི་ཡིད་ཀྱིས་སྡུག་བསྔལ་དེ་ལས་གདོན་པའི་ཕྱིར། བདག་རིན་པོ་ཆེའི་པད་མོས་བཏེག་སྟེ། དེ་དག་གི་དྲུང་དུ་འདུག་ནས་ལུས་མཉམ་ཤིང་བཀྲེས་ཏེ་ནད་རྣམ ་བསལ་བར་འདུ་ཤེས་བསྐྱེད་དོ།། དམྱལ་བའི་མེ་ལ་ཡང་སྙིང་རྗེ་ཆེན་པོས་མཆི་མཆེར་བཞིན་དུ་ཕབ་སྟེ། མེ་དེ་དག་ཀུན་བསད་པར་འདུ་ཤེས་བསྐྱེད་དོ།། ཡི་དགས་རྣམས། ་ལ་ནི་བདག་གི་ལུས་ལས་ཁྲག་ཕྱུང་སྟེ། ཁྲག་དེ་དག་ཀྱང་འོ་མར་བསྒྱུར་ནས་ཡི་དྭགས་རྣམས་ལ་བྱིན་ཏེ། ཆོག་ཅིང་འདྲངས་པ་དང་རབ་ཏུ་ཚིམ་པར་འདུ་ཤེས་བསྐྱེད་དེ། དེ ་ཁ་ཆོས་བཤད་པ་དང་། སངས་རྒྱས་ལ་བསྟོད་པ་དང་། དགེ་སློང་གི་དགེ་འདུན་ལ་ཡོངསུ་བསྟོད་པ་དང་། རྗེསུ་བསྔགས་པ་བྱེད་པར་འདུ་ཤེས་བསྐྱེད་དོ།། དེ་ཡང་ལྷག ་པར་སྙིང་བརྩེ་བའི་སེམས་བསྐྱེད་དེ་སྐད་ཅིག་ཙམ་ཡང་མི་གཏོང་བ་ནི། བྱམས་པ་ཆེན་པོའི་སེམས་ཏེ་ཤིན་ཏུ་ཡིད་ལ་འཛིན་ཅིང་དམིགས་པ་དག་རྒྱས་པར་ནི་བྱམས་པའི་ཏིང ་འཛིན་གྱི་ནང་ནས་བཤད་པ་བཞིན་ནོ།། དེ་ལྟར་བྱམས་པའི་སེམས་དང་ལྡན་པར་བསྒོམ་པ་ནི་བྱམས་པ་ཆེན་པོ་ཞེས་བྱའོ།། བྱམས་པ་བསྒོམ་ནས་སྙིང་རྗེ་ཆེན ་པོ་བསྒོམ་པར་བྱའོ།། སྙིང་རྗེ་ཞེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་གྱིས་གདུངས་པ་དག་མཐོང་བ་དང་བདག་གི་སྙིང་ལ་མདས་ཕོག་པ་འམ། མིག་གི ་འབྲས་བུ་ས་ལ་ལྷུང་བ་ཙམ་དུ་རབ་ཏུ་སྙིང་རྗེ་བསྐྱེད་དོ།། སེམས་ཅན་ཚ་བས་གདུངསས་པ་དང་བཀྲེས་ཤིང་སྐོམ་པ་དག་མཐོང་ན། བདག་གི་ལུས་ལས་ཁྲག་ཆར་བཞིན་དུ ་ཕབ་སྟེ། དེ་དག་སྡུག་བསྔལ་ལས་གདོན་པར་བས་མོ།། དེ་ལྟ་བུར་སྙིང་རྗེ་ལ་ཡང་སྒོ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཡོད་དེ། རྒྱས་པར་ནི་སྙིང་རྗེ་ཆེན་པོའི་ཏིང་འཛིན་ལས་བཤད། ་པ་བཞིན་ནོ།། དེ་ལྟར་བྱམས་པ་དང་། སྙིང་རྗེ་བསྒོམས་ནས་དགའ་བ་ཆེན་པོ་བསྒོམས་པར་བྱའོ།། དགའ་བ་ཆེན་པོ་ཞེས་བྱ་བ་ནི། སེམས་ཅན་རྣམས་རབ་ཏུ། ་བདེ་ཞིང་སྐྱིད་པ་དག་མཐོང་ན་བདག་ཉིད་ཀྱིས་ཉམ་སུ་མྱོང་བ་དང་འདྲ་བར་རབ་ཏུ་དགའ་བའི་སེམས་བསྐྱེད་དོ།། ད་ལྟར་དགའ་བ་བསྐྱེད་ནས་བཏང་སྙོམས་ཆེན་པོ་བསྒོམ་པར ་བྱའོ་བཏང་སྙོམས་ཞེས་བྱ་བ་ནི་སེམས་ཅན་དེ་དག་ཀུན་སྣང་བ་དང་། མི་སྣང་བ་དང་། འོངས་པ་དང་། སོང་བ་ཡང་སེམས་ལས་བྱུང་བ་ཙམ་མོ།། སེམས་ལས་བྱུང་བ་ནི་རྟེན ་ཅིང་འབྲེལ་ཏེ་བྱུང་བ་ལས་ཤེས་བླ་དག་སུ་གཏག་སོ།། དེ་ལྟར་སེམས་དང་། འདུ་ཤེས་ནི་ན་མཁའི་མེ་ཏོག་ལྟར་ཕྱིན་ཅི་ལོག་ལས་བྱུང་བའོ།། སྡུག་བསྔལ་དང་ཀུན་འབྱུང ་ཡང་འདུ་ཤེས་ལས་བྱུང་ལ། བདེ་བ་ཡང་འདུ་ཤེས། ལས་བྱུང་བས་སེམས་ནི་ཆུ་ཤིང་གི་སྡོང་པོ་དང་འ་དྲ་སྟེ་སྙིང་པོ་མེད་པའོ།། འདི་དག་རྒྱས་པར་ནི་མདོ་སྡེ་དཔེ་བཅུ ་ལས་བཤད་པ་བཞིན་ནོ།། གང་གིས་དེ་ལྟར་རྗེས་དྲན་པར་བྱས་ན། ལུས་དང་སེམས་ཀྱི་དངོས་པོ་ཡང་མི་མཐོང་སྟེ། ཆོས་ཐམས་ཅད་དབེན་པ་ཉིད་དུ་མཐོང་ངོ་།། དེ་ནི་བྱང་ཆུབ་སེ། ་དཔའ་རྣམས་ཀྱིས་ལུས་དང་ཚོར་བ་དང་སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། ཆོས་འདི་ལ་བརྟེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུབ་ཅུ་རྩ་བདུན་ཡང་སྒོམ་པར ་འགྱུརརོ།། གང་ཆུད་པ་ལེན་པ་ནི་ཉན་ཐོས་ཀྱི་ཆོས་ཤེས་བྱའོ།། ཆུད་པ་མི་ལེན་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཤེས་བྱའོ།། དེ་སྐད་ཅེས་བཀའ་སྩལ་ནས། དེ་བཞིན་གཤེགས ་པའི་ཐུགས་ཀྱི་འོད་ཟེར་རྣམས་ལྷགས་པར་གསལ་བར་སྣང་སྟེ། དེ་བཞིན་གཤེགས་པའི་ཐུགས་ཀྱི་འོད་ཟེར་ལས་རིན་པོ་ཆེའི་པདྨོ་དག་སྐྱེ་སོ།། རིན་པོ་ཆེའི་པདྨོ་རེ་རེ་ལ་ཡང ་རིན་པོ་ཆེའི་པདྨོ་གང་གཀྲུང་གི་བྱེ་མ་སྙེད་ཡོད་དོ།། པདྨོ་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་སྐུའི་ཚད་སངས་རྒྱས་ཤཱཀྱ་ཐུབ་པ་དང་འདྲ་བ་ཚད་མེད་པ་གྲངས་མེད་པ་དཔག ་མེད་པ་སྙེད་བཞུག་སོ།། མཚན་འདི་མངོན་པར་བསྟན་པའི་ཚེ་ན། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་གནས་རིན་པོ་ཆེའི་པདྨོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར་ཏོ།། པདྨོ་དེ་རེ་རོར ་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས་སྐུའི་ཚད་དཔག་ཏུ་མེད་ཚད་མེད་གཞལ་དུ་མེད་པ་བརྒྱད་ཁྲི་བཞི་སྟོང་སྙེད་བཞུག་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀུན་གྱི་སྤུའི་བུ་ག་དང ་ཐུགས་ལས་འོད་ཟེར་བཀྱེ་བ་ཡང་སྔར་གོང་དུ་བཤ་ད་པ་བཞིན་ནོ།། དེ་ལྟར་འོད་ཟེར་དེས་ཕྱོགས་བཅུ་ར་སྣང་བར་བྱས་ནས། སངས་རྒྱས་ཀྱི་སྤྱི་གཙུགས་ཏུ་ཞུགས་ཏེ། ་ཕྱིར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ནས་བྱུང་ངོ་།། མཛོད་སྤུ་དཀར་པོ་ནས་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་དུ་གསེར་གྱི་རྒྱལ་མཚན་ལྟ་བུར་སྣང་བར་བྱས་ཏེ། ་ཕྱོགས་བཅུའི་འཇིག་རྟེན་གྱི་ས་གཞི་ཀུན་གསེར་གྱི་ཁ་དོག་ཏུ་སྣང་བར་བྱས་ནས་སྤྲུལ་པའི་སངས་རྒྱས་རྣམས་ཀྱང་སླར་བཅོམ་ལྡན་འདས་ཀྱི་ཞལ་དུ་བསྡུས་སོ།། དེ་ནས་ཕྱིར་ཡང ་སངས་རྒྱས་ཀྱི་ཞལ་ནས་བྱུང་སྟེ་ཕྱོགས་བཅུར་སྣང་བར་བྱས་སོ།། དེ་ནས་སླར་ཡང་ཐུགས་ཀར་ཞུགས་ཏེ། ཐིམ་པ་ལས་ཐུགས་ཀ་ནས་བྱུང་ནས་ཕྱོགས་བཅུ་ཀུན་ཏུ་གསལ ་བར་བྱསོ།། དེ་ནས་ཡང་སླར་འདུས་ཏེ་སངས་རྒྱས་ཀྱི་ལྟེ་བར་ཞུག་སོ།། འོད་ཟེར་དེ་དག་ལྟེ་བར་ཞུགས་པ་ན། བཅོམ་ལྡན་འདས་ཀྱི་སྐུ་བཻ་ཌཱུཪྻ་ལྟ་བུ་ཕྱི་ནང་དུ་གསལ། ་ཞིང་ཆུ་དངས་པ་ལྟར་མི་གཡོ་བར་གྱུར་པ་དང་། ཁམས་གསུམ་གྱི་རྒྱུད་ལྔའི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཐུགས་ཀྱི་འོད་ཟེར་ལས་སྣང་བར་གྱུར་ཏོ།། སྤྲུལ་པའི ་སངས་རྒྱས་རྣམས་ཀྱང་རིན་པོ་ཆེའི་ཁང་པ་བརྩེགས་པ་ན་རིན་པོ་ཆེའི་གྲུ་ལ་བཞུགས་པ་ལྟར་དེ་བཞིན་གཤེགས་པའི་ཐུགས་ཀྱི་བར་ན་རྒྱུ་ཞིང་གཤེགས་པར་སྟོན་ནོ།། སྤྲུལ་པའི ་སངས་རྒྱས་དེ་དག་ཀུན་ཀྱང་སོ་སོ་ནས་སྲོག་མི་གཅོད་པ་ལ་བསྔགས་པ་དང་། སངས་རྒྱས་རྗེསུ་དྲན་པ་ལ་བསྟོད་པ་དང་། ཆོས་རྗེསུ་དྲན་པ་ལ་བསྟོད་པ་དང་། དགེ་འདུན་རྗེསུ ་དྲན་པ་ལ་བསྟོད་པ་དང་། ཚུལ་ཁྲིམས་རྗེསུ་དྲན་པ་ལ་བསྟོད་པ་དང་། ལྷ་རྗེསུ་དྲན་པ་ལ་བསྟོད་པ་དང་། འདུམ་པ་ལ་གུས་པ་རྣམ་པ་དྲུག་ལ་བསྟོད་པ་དང་། ་བྱམས་པའི་ཏིང་འཛིན་ལ་བསྟོད་ཅིང་བསྔགས་པ་དག་སྟོན་ཅིང་འཆད་དོ།། དྲན་པ་དེ་དྲུག་གིས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ། དྲན་པ་འདི་དྲུག་ནི་སངས་རྒྱས་རྣམས་ཀྱི ་རྒྱུའོ།། སངས་རྒྱས་ཀྱི་ཐུགས་ནི་རྗེསུ་དྲན་པ་དྲུག་གི་ཐུག་སོ།། འདུམ་པ་ལ་གུས་པ་དྲུག་གི་རྒྱུ་ལས་ཆོས་རྣམས་ཐོབ་པར་གྱུར་ཏེ། མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག ་སངས་རྒྱས་ཀྱི་ཐུགས་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པའི་སྐུའི་འོད་ལྷག་པར་སྣང་ཞིང་གསལ་བར ་གྱུར་ཏོ།། སངས་རྒྱས་ཀྱི་སྐུ་དང་སྐུའི་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་དང་རིན་པོ་ཆེའི་རྒྱན་དང་མེ་ཏྲོག་དང་། པདྨོ་གྲངས་མེད་པ་བརྗོད་དུ་མེད་པ་རྣམས་ཀྱང་ལྷག་པར ་གསལ་བར་གྱུར་ཏོ།། རིན་པོ་ཆེའི་རྒྱན་དང་མེ་ཏོག་དང་། པདྨ་དང་། འོད་ཟེར་གྱི་རྣམ་གྲངས་མང་པོ་ནི་མེ་ཏོག་སྣ་ཚོགས་ཀྱི་མདོ་ལས་བཤད་པ་བཞིན་ནོ།། གང་གིས་དེ་ལྟ ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས ་སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་རྣམས་རྗེསུ་དྲན་པ། དྲུག་མངོན་དུ་བྱེད་པ་ནི་སངས་རྒྱས་རྗེསུ་དྲན་པའི་སེ་མས་ཤེས་བྱའོ།། དེ་བཞིན་གཤེགས་པའི་ཐུགས་རྗེ་སུ་དྲན ་པར་བྱས་ན། བསྐལ་པ་ཁྲི་ཕྲག་བཅུ་གཉིས་ཀྱིའ། ཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར་རོ།། གང་དེ་ལྟར་རྗེསུ་དྲན་པར་བྱེད་པ་ནི་གང་ནས་གང་དུ་སྐྱེ་བའི་གནས ་ཐམས་ཅད་དུ། ངན་པར་ལྟ་བར་མི་འགྱུར་བ་དང་། སེམས་ལ་གཡོ་དང་སྒྱུ་མེད་པ་དང་། རྟག་ཏུ་བླ་ན་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད ་པར་འགྱུརརོ།། གལ་ཏེ་ཡུལ་མཐའ་འཁོབ་སངས་རྒྱས་ཀྱི་ཆོས་མེད་པའི་གནསུ་སྐྱེས་ན་ཡང་སངས་རྒྱས་རྗེསུ་དྲན་པའི་ཡོན་ཏན་དང་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་དོན་རྣམས ་ཁོང་དུ་ཆུད་ཅིང་རང་སངས་རྒྱསུ་འགྱུརརོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། སྐུའི་འོད་སླར་བསྡུས་ཏེ་སྔ་མ་བཞིན་དུ་བཞུག་སོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུ་དཀར་པོའི་འོད་ཟེར་དང་། གཞན་ཡང་མཚན་ཐམས་ཅད། ་ལ་དབུའི་གཙུག་ཏོར་མན་ཆད་དང་། ཞབས་ཀྱི་འཁོར་ལོ་ཡན་ཆད་ནས་བརྟག་པ་དང་། རྣམ་པ་སྣ་ཚོགསུ་བརྟག་པ་དང་། སྐུའི་ཚད་མཐོ་བཅུ་དྲུག་པ་དང་། འོད་ཟླུམ་པོ ་འདོམ་གང་བ་ལ་བརྟག་པའི་སེམས་བསྐྱེད་དེ། མཐོང་ཞིང་རྟོགས་ན་ཁ་ན་མ་ཐོ་བའི་ལས་ངན་པ་ཀུན་བྱང་བར་འགྱུར་བ་ནི་གོང་དུ་བཤད་པ་བཞིན་ནོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་གལ་ཏེ་སྦྱིན་བདག་དད་པ་ཞིག་མངོན་པར་ཤེས་པ་ལྔ་དང་ལྡན་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཆང་ཞིང་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བའི་དབང་ཐོབ་ནས། འཇིག་རྟེན་གྱི་ཁམས་གཅིག་གི་སེམས་ཅན་གྲངས།། ཀྱང་བགྲང་དུ་མེད་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི ་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་ཏེ། དགྲ་བཅོམ་པ་དེ་དོག་ལ་སྦྱིན་བདག་ཆེན་པོ་དེས། བསྐལ་པ་བརྩི་བ་དང་བགྲ ་བ་ལས་འདས་པའི་མཐར་ཐུག་གི་བར་དུ་ཡོ་བྱད་རྣམས་ཀྱིས་རྒྱུན་མ་ཆད་པར་མཆོད་ཅིང་སྦྱིན་པ་བྱིན་ན། དེའི་བསོད་ནམས་རབ་ཏུ་མང་བ་ཡིན་ནམ་ཞེས་བཀའ་སྩལ་པ་དང་། ་རྒྱལ་པོ་ཡབ་ཀྱིས་གསོལ་པ། བཅོམ་ལྡན་འདས་ཕྱོགས་གཅིག་གི་དགྲ་བཅོམ་པ་ལ་མཆོད་པ་བྱས་ཀྱང་བསོད་ནམས་དཔག་ཏུ་མ་མཆིས་ན། ཕྱོགས་བཅུའི་དགྲ་བཅོམ ་པ་ལ་མཆོད་པ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་ཡབ་རྒྱལ་པོ་ལ་བཀའ་སྩལ་པ། གལ་ཏེ་སྐྱེས་བུ་ཞིག་གིས་ངན་པར་ལྟ་བའི་རྩེ་བོ་གྲངས་སྔ་མ་པས། ་མང་བ་སྙེད་དགྲ་བཅོམ་པའི་ལམ་ལ་བཙུད་དོ།། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་རྣམ་པར་གྲོལ་བ་བརྒྱད་ཐོབ་པར་བྱས་པ་བས། གང་ཞིག་གིས་སངས་རྒྱས ་ཀྱི་མཛད་སྤྱོད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྐད་ཅིག་ཐང་ཅིག་ཙམ་རྗེསུ་དྲན་པར་བྱས་པ་ཙམ་མི་བོད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ན། ཤཱཀྱའི ་བུ་ཁྲི་ཕྲག་སུམ་ཅུ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་ལ་མི་འཇུག་པར་ཡི་དམ་བཅས ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོ་ལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུའི་ཡན་ལག་ནས་པ་སྤུའི། བུ་ག་གཅིག་གི་བར་ན་ཡང་ཚད་མ་མཆིས་པའི་སྤྲུལ ་པའི་སངས་རྒྱས་དང་སྟོན་གྱི། ཉན་ཐོས་རྣམས་ནི་ས་བོན་ཚིག་པ་དང་འདྲ་སྟེ། དེ་ལྟ་བུ་དག་མ་མཆིས་སོ།། ཚད་མེད་པ་བཞི་བརྟག་པའི་ལེའུ་སྟེ་དྲུག་པའོ།། ། ་དེ་ནས་བཅོམ་ལྡན་འདས་འཁོར་མང་པོའི་ནང་ནས་བཞེངས་ཏེ་ནམ་མཁའ་ལ་གོམ་པས་གཤེག་སོ།། དེ་དག་རྒྱལ་པོ་ཡབ་ཀྱིས་མཐོང་བར་གྱུར་པ་དང་། རབ་ཏུ་དགའ་བའི་སེ ་སྐྱེས་ཏེ་སངས་རྒྱས་ཀྱི་ཞ་འབྲིང་དུ་སོང་ངོ་།། དེ་བཞིན་གཤེགས་པའི་ཞབས་བཏེག་པའི་ཚེ་ན། ཞབས་ཀྱི་མཐིལ་གྱི་འཁོར་ལོ་རྩིབས་དང་ལྡན་པའི་མཚན་ལགས། འཁོར ་ལོའི་རྩིབས་ཀྱི་བ་རེ་ཀུན་ནས་རིན་པོ་ཆེའི་པདྨོ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་འབབ་བོ།། པདྨོ་དེ་གཅིག་ལས་ཀྱང་པདྨོ་ཁྲི་ཕྲག་བརྒྱད་ཁྲི་བཞི་སྟོང་སྙེད་དུ ་སྤྲུལ་ཏོ།། པདྨོ་དེ་རེ་རེ་ལ་ཡང་པདྨོའི་ཁང་པ་བརྩེགས་པ་རེ་རེར་གྱུར་ཏོ།། པད་མོའི་ཁང་པ་དང་འདབ་མ་དེ་དག་རེ་རེས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ ་སྙིང་ཁེབས་པར་གྱུར་ཏོ།། པདྨོ་དེ་གཅིག་ཅིང་ཡང་འདབ་མ་བརྒྱད་ཁྲི་བཞི་སྟོང་སྙེད་དང་ལྡན་ནོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ན་མཁའ་ལ་གོམ་པ་འདོར་བ་དེའི་ཚེ་མ ་རིན་པོ་ཆེའི་མེ་ཏོག་ཆར་བཞིན་དུ་བབ་སྟེ། པདྨོ་དེ་དག་ལས་ཀྱང་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཚད་མེད་པ་ཡང་ན་མཁའ་ལ་གོམ་པ་འདོར་ཞིང་གཤེག་སོ།། རྒྱལ་པོ ་ཡབ་ཀྱིས་དེ་ལྟ་བུ་དག་མཐོང་ནས་ཀྱང་རབ་ཏུ་དགའ་བའི་སེམས་ལྷག་པར་སྐྱེས་ཏེ། ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ། བར་གྱུར་ནས་ཡན་ལག་ལྔ་ས་ལ་བཏུགས ་ཏེ། སངས་རྒྱས་ལ་ཕྱག་འཚལ་ཏོ།། དེ་ནས་འཁོར་མང་པོའི་རྣམས་ཀྱིས་དེ་ལྟ་བུའི་དངོས་པོ་དག་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྤྲུལ་པའི་སངས་རྒྱས་གྲངས་མ་མཆིས་པར་གྱུར་པ་དེ་རྣམས་ལས་སངས་རྒྱས་ཡང་དག་པ་ནི་གང་ལགས། སྤྲུལ་པའི་སངས་རྒྱས་ནི ་གང་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་རྣམས་ལ་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་ཉིད་ཀྱིས་ཞི་བའི་གནས་རྣམ་པར ་གྲོལ་བའི་ཏིང་འཛིན་ལ་སྟོབས་པར་ཞུགས་ཏེ། དགོངས་པ་ལ་མངའ་བསྙེས་པས། ཡང་དག་པར་ན་སྤྲུལ་པ་ཞེས་བྱ་བ་མེད་དོ།། དེ་ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ཀྱང་། ་སྟོང་པ་ཉིད་ཀྱིས་ཞི་བ་ཡིན་ལ། སྟོང་པ་ཉིད་ཀྱི་ཞི་བའི་རྣམ་པར་གྲོལ་བར་སྣང་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་བཅོ། ་ལྡན་འདས་ཚད་དང་གྲངས་གཞལ་དུ་མེད་པ་སྙེད་ཀྱི་སྐུ་སྤྲུལ་ཏོ།། གཞལ་དུ་མེད་པའི་སྐུ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས ་བྱ་བ་ནི། ཆགས་པ་མེད་པའི་ཏིང་འཛིན་ཏོ།། ཆགས་པ་མེད་པའི་ཏིང་འཛིན་གྱི་སྒོ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་ཏེ། གལ་ཏེ་བསོད་སྙོམས་ལ་གཤེགས་སམ། རྒྱུ ་ཞིང་སྤྱོད་པ་འམ། གཤེགས་པའི་སྒོ་གཉིས་ནས་ཀྱང་སེ། མས་ཅན་ལ་ཕན་པ་དང་བདེ་བའི་དོན་མཛད་དོ།། དེ་ལ་སེམ་ས་ཅན་ལ་ལ་ནི་སངས་རྒྱས་འཇིག་རྟེན་ན ་བཞུགས་པའི་ཚེ། སངས་རྒྱས་གཤེགས་པའི་ཞབས་ཀྱི་མཐིལ་གྱི་འཁོར་ལོའི་རྩིབས་སྟོང་དང་ལྡན་པའི་མཚན་མཐོང་ན། བསྐལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་སྒྲིབ་པ་ཀུན ་བྱང་བར་འགྱུརརོ།། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས་ཏིང་འཛིན་ལ་མཉམ་པར་གཞག་སྟེ། བཅོམ་ལྡན་འདས་གཤེགས་པའི་འདུ་ཤེས་ཡིད་ལ་བྱས་ན་ཡང་བསྐལ ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ངན་པ་ཀུན་བྱང་བར་འགྱུར་རོ།། གཤེགས་པ་ཡིད་ལ་མ་བྱས་ནས། སངས་རྒྱས་ཀྱི་ཞབས་ཀྱི་རྗེས་ཡིད་ལ་བྱས་སམ། སྐུ་གཟུགས་ག་ཤྱེ ་པ་ཡིད་ལ་བྱས་ན་གོམ་པ་རེ་རེས་ཀྱང་བསལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ཀྱི་སྒྲིབ་པ་ཀུན་བྱང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀན ་ཕུལ་པ། ཁྱོད་རིང་ནས་དེ་བཞིན་གཤེགས་པའི་གསུང་འདི་གཟུང་སུ་ཟུང་ལ་སངས་རྒྱས་ཀྱི་ཉེ་གནསུ་གྱུར་པ་རྣམས་ལ་ཡང་གྲོ་བར་སྨོས་ཤིག། དེ་བཞིན་གཤེགས་པ་ཡོངསུ ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་སྐུའི་གཟུགས་མཚན་དང་ལྡན་པར་བྲི་བར་བྱའོ།། དེ་མ་ཡིན་པ་གཞན་ཡང་སྤྲུལ་པའི་སྐུ་གཟུགས་ཚད་མེད་པ་དང་སྐུའི་འོད་དང་ཞབས ་ཀྱི་རྗེས་ཀྱང་བྲི་བར་བྱའོ།། ཁ་ཚར་ཕྲ་མོ་འམ། ཤེལ་གྱི་ནོར་བུ་ཡང་སྨིན་མཚམས་ཀྱི་སྤུ་མཛོད་ཀྱི་གནསུ་གདགས་ཏྲེ། སེམས་ཅན་རྣམས་ཀྱིས་ཀྱང་མཚན་དེ་མཐོང་བར་བྱའོ།། ་མཚན་དེ་མཐོང་ནས་དགའ་བའི་སེམས་བསྐྱེད་པ་ཙམ་གྱིས། སྐལ་པ་ཁྲི་ཕྲག་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུ་རོ།། དེ་སྐད ་ཅེས་བཀའ་སྩལ་ནས་དེ་བཞིན་གཤེགས་པ་སླར་གདན་ལ་བཞུག་སོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཡབ་ཀྱིས་གསོལ་པ། སངས་རྒྱས་འཇིག་རྟེན་དུ་གཤེགས་ནས། ་ཕན་པ་དང་བདེ་བའི་དོན་མང་པོ་ཞིག་མཛད་ནས་སྐྱེ་བོ་མང་པོ་རྣམས་ལ་ཕན་པ་དང་བདེ་བར་གྱུར་པ་དག་ཤིན་ཏུ་ལེག་སོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། སྔོན་ཡུལ་མཉན་དུ་ཡོད་པ་ན་ཁྱིམ་བདག། སྐྱབས་མེད་ཟས་སྦྱིན་ཞེས་བྱ་བ་དང་། ཆུང་མ་གནང་བ་བྱིན་ཞེས་བྱ་བ་དང་གཉིས། བྲན ་མོ་བྱི་ཏེ་ལ་ཞེས་བྱ་བ་དང་འཇིག་རྟེན་ན་འཚོ་ན་མ་ཤིན་ཏུ་འགྲུས་པས་ཁྱིམ་བདག་གིས་བྲན་མོ་དེ་ལ་ནོར་དབྱིག་དང་བང་མཛོད་ཐམས་ཅད་ཀྱང་གཏད་དེ་འབྱུང་བ་དང་། འཐོར་བ ་དང་སྡུད་པ་དང་། བྱ་བ་ཐམས་ཅད་ཀྱི་དབང་ཡང་བསྐུར་རོ།། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་ཡོ་བྱད་ཐམ ་ཅད་སྦྱར་ཏོ།། དེའི་ཚེ་དགེ་སློང་ནད་པ་དག་ཅིག་སློང་ཞིང་འདོད་པ་མང་བར་གྱུར་པ་དང་། བྲན་མོ་རྒན་མོ་དེ་སེར་སྣ་བྱེད་པས་སངས་རྒྱས་དང་། ཆོས་དང་དགེ་འདུན་རྣམས་ལག ་ཞིང་སྨོད་ནས་འདི་སྐད་ཅེས་སྨྲསོ།། བདག་གི་ཇོ་བོ་ཁྱིམ་བདག་འདྲི་ནི་གཏི་མུག་གིས་རྨོངས་པས་དགེ་སྦྱོང་གི་རྒྱུས་བསླུས་ཏེ། སློང་པོད་འདི་རྣམས་ནི་ཚོལ་བས་ཆོག་མི་ཤེས་ན། ་ཇི་ལྟར་བྱ་ཞེས་སྨྲས་ནས། ཡང་འདི་སྐད་ཀྱི་སྨོན་ལམ་ངན། པ་བཏབ་བོ།། བདག་ནམ་ཞིག་གི་དུས་ན་སངས་རྒྱས་ཀྱི་མཚན་དང་དགེ་འདུན་གྱི་མིང་ཡང་མི་ཐོས་པ་དང་། ་སྐྲ་དང་ཁ་སྤུ་བྲེགས་ནས་ཁ་དོག་སེར་པོར་བསྒྱུར་བའི་གོས་གྱོན་པ་འདི་དག་མི་མཐོང་བར་གྱུར་ཅིག་ཅེས་སྨྲས་པའི་ཚེ་ག་ངན་པ་མི་གཞན་དག་གིས་ཐོས་པར་གྱུར་ནས། དེ ་བཞིན་དུ་མཐར་གྱིས་ཡུལ་མཉན་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ཀྱང་ཐོས་པར་གྱུར་པ་དང་། བཙུན་མོ་འཕྲེང་ལྡན་མས་ཀྱང་ཐོས་པར་གྱུར་ཏེ། བཙུན་མོས་ཐོས་པ་དང་འདི ་སྐད་དུ་ཅིའི་ཕྱིར་སྐྱབས་མེད་ཟས་སྦྱིན་པདྨོ་བཟང་པོ་དང་འདྲ་བ། ཀུན་གྱིས་བལྟ་བར་འདོད་པ་འདི་ལ་བྲན་མོ་སྦྲུལ་གདུག་པ་ཅན་ལྟ་བུས་བསྲུངས་པར་གྱུར་རམ་ཅི་ཞེས ་། སྨྲས་ནས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ལ་བསྒོ་བ། ཁྱོད་ཀྱིས་ཆུང་མ་གནང་བ་བྱིར་དེ་ལ་སྒྲ་རྒྱུ་ཞིག་ཡོད་པས་ཆུར་ཐོང་ཤིག་ཅེས་སྨྲས་སོ།། དེའི་ཚེ་ཁྱིམ་བདག་ཀྱི། ་ཆུང་མ་གནང་བ་བྱིན་ཞེས་བྱ་བ་དེ་མགྱོགས་པར་རྒྱལ་པོའི་ཕོ་བྲང་དུ་བཏང་ནས་ཕྱིན་པ་དང་། དེས་བཙུན་མོ་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འགྲེང་ངོ་།། བཙུན་མོ་འཕྲེང ་ལྡན་མོས་འདུག་ཤིག་ཅེས་བསྒོ་ནས། སྟན་བཏིང་བ་ལ་འདུག་པ་དང་། འདི་སྐད་ཅེས་སྨྲ་སོ།། ཁྱོད་ཁྱིམ་ན་བྲན་མོ་རྒན་མོ་ཞིག་ཚིག་ངན་པས་འཕགས་པ་ལ་སྐུར་པ་འདེབས ་ཤེས་ཟེར་ན་ཅིའི་ཕྱིར་དེ་མི་སྐྲོད་ཅེས་བསྒོའོ།། གནང་བ་བྱིན་དེས་གསོལ་པ། དེ་བཞིན་གཤེགས་པ་ཉི་མ་དང་འདྲ་བ་འཇིག་རྟེན་དུ་གཤེགས་ནས་ཕན་པ་དང་བདེ་བའི་དོན་མང་པོ ་མཛད་དེ། བདུད་སྡིག་ཏོ་ཅན་སོར་མོའི་ཕྲེང་བ་ཅན་དང་། རྐུན་མ་མ་རུངས་པ་དང་། རིགས་ངན་ཁྱེའུ་ཡན། ཚད་སངས་རྒྱས་ཀྱིས་བརྟུལ་ན། བྲན་མོ་རྒན་མོ་འདི་ལྟ ་སྨོས་ཀྱང་ཅི་འཚལ་ཞེས་བཙུན་མོ་ལ་དེ་སྐད་ཅེས་གསོལ་པ་དང་། བཙུན་མོ་དེས་རབ་ཏུ་དགའ་བའི་སེམས་བ་སྐྱེད་དེ་གནང་བ་བྱིན་ལ་འདི་སྐད་དུ་བདག་སངས་རྒྱས་དང ་དགེ་སློང་གི་དགེ་འདུན་རྣམས་སྤྱད་འདྲེན་གྱིས། ཁྱོད་ཀྱིས་བྲན་མོ་ངན་པར་ལྟ་བ་དེ་ཕོ་བྲང་དུ་ཐོང་ཤིག་ཅེས་བསྒོའོ།། དེའི་ཕྱིར་ཉིན་མོ་ཕོ་བྲང་གི་ནང་དུ་སངས་རྒྱས་དང་དགེ་སློང་གི། ་དགེ་འདུན་རྣམས་སྤྱད་དྲངས་ནས་མཆོད་པ་བྱའོ།། དེའི་ཚེ་ཁྱིམ་བདག་དེས་བྲན་མོ་དེའི་ལག་ཏུ་གསེར་གྱི་བུམ་པའི་ནང་དུ་གསེར་གྱི་ནོར་བུས་བཀང་སྟེ། སངས་རྒྱས་དང་དགེ་སློན ་དགེ་འདུན་རྣམས་ལ་མཆོད་ཅིག་ཅེས་རྒྱལ་པོའི་ཕོ་བྲང་དུ་བསྐུར་ཏོ།། དེའི་ཚེ་བྲན་མོ་རྒན་མོ་དེ་རབ་ཏུ་དགའ་བར་གྱུར་ཏེ། རིན་པོ་ཆེའི་བུམ་པ་ཐོགས་ནས་རིངས་པར་ནསོ།། ་དེའི་དེ་བཙུན་པོ་ཕྲེང་ལྡན་མས་བྲན་མོ་རྒན་མོ་དེ་འོངས་པ་མཐོང་ནས། འདི་སྙམ་དུ་སེམས་ཏེ། བྲན་མོ་ངན་པར་ལྟ་བའིའདི་སངས་རྒྱས་ཀྱིས་མེ་འདུལ་ལམ་ཅི། བདག་གིས ་བྲན་མོ་འདི་བརྟུལ་བ་མཐོང་ན་ཆོས་ཀྱི་བདེ་བ་འཐོབ་དུ་གདོན་མི་ཟའོ་སྙམ་བསམས་མོ།། དེའི་ཚེ་བཅོམ་ལྡན་འདས་རྫུ་འཕྲུལ་གྱིས་རྒ་ཆེར་པོར་གཤེགས་ཏེ། ཤ་འབྲིང་དག ་ཁོ་ནི་གཡོན་རོལ་ནས་འོང་ངོ་།། བསྙེན་དགའ་བོ་ནི་གཡས་ཕ་རོལ་ནས་འོང་ངོ་།། སྒྲ་གཅན་ཟིན་ནི་ཕྱི་ནས་འོང་ངོ་།། དེའི་ཚེ་བྲན་མོ་རྒན་མོ་དེས་སངས་རྒྱས་གཤེགས་པ་མཐོང ་བ་དང་སྐྲག་ཅིང་དངས་ཏྭེ། བྷི་གཡའ་བར་གྱུར་ནས། ཇི་སྙམ་དུ་མ་རུངས་པ་ཆེན་པོ་འདི་ཡང་བདག་གི། ཕྱི་བཞིན་དུ་འོངས་པ་ལྟ་ཞིག་སྙམ་སྟེ། ཕྱིར་ནུར་ནས་སྒོ ་ཆེན་པོ་བསྙགས་པ་ལས། སྒོ་ཆེན་པོ་ཡང་འགགས་པར་གྱུར་ཏོ།། ཁྱི་རྒྱ་བའི་ཁུང་དུ་འཛུལ་ཏེ་བྲོས་པ་ལས།། ཁྱུ་རྒྱུ་བའི་ཁུང་ཡང་འགགས་པར་གྱུར་ནས། བྲང་ཕྲ་མོ་གཞན ་དུ་ཡང་མངར་གྱུར་ཏོ།། དེ་ནས་དེ་མ་ཐག་ཏུ་སྒོ་ཆེན་པོ་དེ་ཉིད་བྱེ་བར་མཐོང་ནས། རྒན་མོ་ངན་པར་ལྟ་བ་དེས་སངས་རྒྱས་མཐོང་མི་འདོད་པས། མགོ་གཡོགས་ཀྱང་མ་ཕན་ཏེ། ་ན་ཡང་ལྷོ་ཕྱོགས་ནས་ཀྱང་སངས་རྒྱས་མཐོང་བར་གྱུར་ཏོ།། ནུབ་ཕྱོགསུ་བལྟས་ན་ཡང་ནུབ་ཕྱོགས་ནས་ཀྱང་སངས་རྒྱས་མཐོང་བར་གྱུར་ཏོ།། བྱང་ཕྱོག ་སུ་བལྟས་ན་ཡང་བྱང་ཕྱོགས་ནས་ཀྱང་སངས་རྒྱས་མཐོང་བར་གྱུར་ཏོ།། ཡར་གནམ་དུ་བལྟས་ན་སྟེང་གི་ན་མཁའ་ལས་སངས་རྒྱས་མཐོང་བར་གྱུར་ཏོ།། ཁ་སྲུབ་དུ་ས་ལ ་ཉལ་ཏེ་ས་ལ་བལྟས་ན་ཡང་ས་ལ་སངས་རྒྱས་ཀྱིས་གང་བར་མཐོང་བར་གྱུར་ཏོ།། ཐལ་མོས་ངོ་བཀབ་ན་ཡང་སོར་མོ་བཅུའི་བར་ནས་སངས་རྒྱས་མཐོང་བར་གྱུར་ཏོ།། ་རྒན་མོ་དེས་མིག་བཙུམས་ན་ཡང་སེམས་ཀྱི་མིག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་སྤྲུལ་པའི་སངས་རྒྱས་ཀྱིས་གང་བར་མཐོང་ངོ་།། མཚན་འདི་མངོན་པར་བསྟན་པའི ་ཚེན་མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་རིགས་ངན་གྱི་བུ་མོ་ཉི་ཤུ་རྩ་ལྔ་དང་། བྲམ་ཟེའི་བུ་མོ་ལྔ་བཅུ་ལ་སོ།། གས་ཏེ། རིགས་སྣ་ཚོགས་ཀྱི་བུ་མོ་བཙུན་མོ་ཕྲེང་ལྡན ་མའི་འཁོར་ན། སྤྱིར་བུ་མོ་ལྔ་བརྒྱ་ཞིག་ཡོད་པ་ལས། གང་སངས་རྒྱས་ཀྱི་ཆོས་ལཱ་མ་དང་དེ་སྐུར་ཅིང་འཕྱ་བ་འི་རྣམས་ཀྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ནམ ་མཁའ་ལ་གོམ་པས་གཤེགས་ཏེ། བྲན་མོ་རྒན་མོ་དེ་ལ་གྲངས་མེད་པའི་སྤྲུལ་པའི་སྐུ་བསྟན་པ་དེ་དག་མཐོང་ནས་རབ་ཏུ་དགོའ་བའི་སེམས་སྐྱེས་ཏེ། ངན་པར་ལྟ་བའི་དྲ་བ ་དྲལ་ཏོ་ཞེས་བརྗོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་བུ་མོ་རྣམས་སྤྲོ་བ་བསྐྱེད་དེ ་བཀའ་སྩལ་པ། ཆོས་ཀྱི་བུ་མོ་རྣམས་ཁྱེད་ཅག་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་ལ་ཕྱག་འཚོལ་ཅིག། ཁྱེད་ཀྱིས་ངའི་མཚན་ནས་བརྗོད་དམ་ངའི་རྗེསུ་དྲན་པར ་བྱས་ན། རྣམ་པར་གྲོལ་བར་འགྱུ་རོ་ཞེས་བཀའ་སྩལ་པ་དང་། བུ་མོ་རྣམས་ཀྱིས་སྐད་འཐུན་པར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལོ་ཞེས་སྨྲསོ།། དེའི་ཚེ་སངས་རྒྱས ་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་བཀྱེ་ནས། བུ་མོ་རྣམས་ཀྱི་སེམས་སྣང་བར་བྱས་ཏེ། བུ་མོ་རྣམས་ཀྱིས་སངས་རྒྱས་གཤེགས་པའི་སྤྱོད་ལམ་མཛེས་པ་དང ་ཞབས་ཀྱི་འོག་ནས་པདྨོ་ཆར་བཞིན་དུ་འབབ་པ་དང་། བློ་གདུགས་ལྟ་བུར་གྱུར་པ་དང་། སྤྲུལ་པའི་སངས་རྒྱས་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལྟར་གྲངས ་དཔག་ཅིང་བརྗོད་དུ་མེད་པ་དག་བུ་མོ་རྣམས་ཀྱིས་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྲན་མོ་རྒན་མོས་དེ་ལྟར་སངས ་རྒྱས་མཐོང་ཡང་ངན་པར་ལྟ་བ་དང་། མ་དད་པའི་སེམས་མ་བཏང་མོད་ཀྱི། འོན་ཀྱང་བསྐལ་པ་ཁྲི་ཕྲག་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་འབྱུང་བར་འགྱུར་ན། གང་དང ་པའི་སེམས་དང་བཅས་ཏེ། སྟི་སྟང་གིས་ཕྱག་བྱེད་པ་དང་། མཆོད་པ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་བྲན་མོ་རྒན་མོ་དེས་དེ་ལྟར་སངས་རྒྱས་རྣམས་མཐོང་བ་དང་ལམ་གྱི་སྲང ་རྣམས་ཀྱང་ཕྱིར་བྱེ་བར་སྣང་ངོ་།། དེ་ནས་བྲན་མོ་རྒན་མོ་ཡང་རིངས་པར་ཕྱིར་ཁྱིམ་དུ་སོང་ནས། ཇོ་མོ་ལ་འདི་སྐད་ཅེས་སྨྲསོ།། བདག་དེང་མ་རུངས་པ་ཆེན་པོ་དགེ་སྦྱོང ་གོའུ་ཏ་མ་དང་ཕྲད་དེ། དགེ་སྦྱོང་གིས་རྒྱལ་པོའི་ཕོ་བྲང་གི་ཁབ་སྒོར་མིག་སྔར་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ། ལུས་གསེར་གྱི་རི་ལྟ་བུ་ལ། མེ་ཏོག ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། མིག་པདྨོ་སྔོན་པོ་ལྟ་བུ་ལ་འོད་ཟེར་ཁྲི་ཕྲག་དུ་མ་འབར་བ། རྫོགས་པར་བལྟར་མི་སྣང་ཞིང་བརྗོད་དུ་མེད་པ་སྟེ། དགེ་སྦྱོང་གི་རྫུ་འཕྲུལ ་ལྟ་བུ་ནི་འཇིག་རྟེན་ན་དཔེ་ཟླ་མེད་དེ། ཇོ་མོ་ཁྱོད་ན་སོ་གཞོན་ཏེ་ཐོར་བུ་ན་དེ་ལྟ་བུ་དག་གཟིགས་པར་མི་བཞེད་དམ་ཞེས་སྨྲས་ནས། ཤིང་སྒྲོམ་གྱི་སྟེང་དུ་པགས་པས ་ནང་དུ་ཞུགས་ཏེ། རས་དཀར་པོས་མགོ་དཀྲིས་ཏེ། དེ་ལྟ་བུའི་མུན་པ་ནག་པོའི་གནས་ཉལ་ལོ།། དེའི་ཚེ་བཅོམ་ལྡན་འདས་སླར་རྒྱལ་བུ་མཛེ་ཏའི་ཚལ་དུ་གཤེགས་པ ་ལས། བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་ག་སོལ་ཏོ།། བཅོམ་ལྡན་འདས་བུད་མེད་མ་རུངས་། མ་ངན་པར་ལྟ་བ་འདི་བཏུལ་ཏེ་སླར་གཤེགས་པར་གསོལ ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སླར་བཙུན་མོ་འཕྲེང་ལྡན་མ་ལ་བཀའ་སྩལ་པ། རྒན་མོ་འདི་སྡིག་པ་རབ་ཏུ་ཆེ་བས་དེ་བཞིན་གཤེགས་པ་ལ་འདུལ ་བའི་རྒྱུད་དང་ཐབས་དེ་ལས་མེད་དེ། སྒྲ་གཅན་འཛིན་དང་འདྲ་སྟེ་རྒྱུ་འཐུན་ནོ།། དེང་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱིས་གཤེགས་པ་དང་། རྫུ་འཕྲུལ་མང་པོར་བསྟན ་པ་འདི་ནི། རྒན་མོ་འདིའི་སྡིག་པ་འབྱུང་བའི་ཕྱིརརོ་ཞེས་བཀའ་སྩལ་ནས་སླར་གཤེགསསོ།། སླར་གཤེགས་པ་ན་སྒྲ་གཅན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད། ་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱི་ཁྱིམ་དུ་གསོང་ལ། རྒན་མོ་མ་རུང་མ་འདི་ཐུལ་ཅིག་ཅེས་གསུང་སོ།། དེ་སྐད་ཅེས་བཀའ་སྩལ་པ་ན། དགེ་སློང་གི་དགེ་འདུན་བརྒྱ་ཕྲག ་ཕྱེད་དང་བཅུ་གསུམ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་མཆི་བར་གསོལ་ཏོ།། དེའི་ཚེ་སྒྲ་གཅན་འཛིན་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་ཡིད་བཞིན་ཞེས་བྱ་བའི ་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ལན་བདུན་བསྐོར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས། ཞ་འབྲིང་གཡས་ནས ་དགའ་བོ།། གཡོན་ནས་བསྙེན་དགའ་བོར་བཅས་ཏེ་དེ་འཁོར་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ནི་བུ་སྟོང་དུ་བསྒྱུར། དགའ་བོ་ནི་རིན་པོ་ཆེ་གཏེར་ལ་དབང་བ ་བློན་པོ་རིན་པོ་ཆེར་སྤྲུལ། བསྙེན་དགའ་བོ་ནི་དམག་དཔོན་རིན་པོ་ཆེར་བསྒྱུར་ཏེ། རིན་པོ་ཆེ་སྣ་བདུན་དང་། དམག་རྣམ་བཞི་དང་ལྡན་པར་ཆས་སོ།། དེའི་ཚེ ་གསེར་གྱི་འཁོར་ལོ་རིན་པོ་ཆེ་ཞིག་སྟེང་གི་ན་མཁའ་ལ་རིན་པོ་ཆེའི་པདྨོས་བཏེག་སྟེ། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱི་ཁྱིམ་ག་ལ་བ་དེ་ལོགསུ་ལྡིང་ངོ་།། གནོད་སྦྱིན ་རྣམས་ཀྱིས་ན་མཁའ་ལ་འདི་སྐད་ཅེས་སྨྲསོ།། འཕྲུལ་གྱི་རྒྱལ་པོ་འཇིག་རྟེན་དུ་བྱུང་སྟེ། སྡིག་པ་མི་དགེ་བ་ཀུན་ཞི་ནས། དགེ་བའི་ཆོས་རྣམས་གྲགས་པར་འགྱུརརོ།། ཞེས། ་སྨྲ་བའི་ཚིག་རྒན་མོ་དེས་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། འཕྲུལ་གྱི་རྒྱལ་པོ་འཇིག་རྟེན་དུ་གཤེགས་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆར་བཞིན་དུ་འབབ། ་པས་ད་ནི་བདག་ལ་སློང་བ་མེད་དོ་སྙམ་བསམ་སོ།། དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་དྲིལ་དཀྲོལ། རྔའི་སྒྲ་འབྱིན་ཅིང་། ཆོས་ཀྱི་དུང་ཆེན་པོ་ཡང ་བསྒྲགས་ཏེ། རིན་པོ་ཆེའི་ཁྱོགས་ལ་འདུག་ནས། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱི་ཁྱིམ་དུ་སོང་ངོ་།། བྲན་མོ་རྒན་མོ་དེ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ་འཕྲུལ་གྱི་རྒྱལ་པོ་འིཇིག་རྟེན་དུ་བྱུང་ནས་ཕན་པ་དང་བདེ་བར་འགྱུར་བ་མང་པོ་ཡོད་དེ་ལེགས་ཉེས་ཀྱི་བྱེ་བྲག་ཀྱང་བྱེད་པས་དགེ་སྦྱོང་གིས་ཀྱང་བསླུས་པར་མི་འགྱུར་རོ། ་སྙམ་བསམས་ནས་ཤིང་སྒོམ་ནས་བྱུང་སྟེ། འཕྲུལ་གྱི་རྒྱལ་དབོ་ལ་གུས་པར་ཕྱག་འཚལ་ཏོ།། དེ་ནས་རྒྱལ་པོས་རིན་པོ་ཆེའི་གཏེར་ལ་དབང་པོའི་སྔོན་པོ་ལ་བཀའ་སྩལ ་པ་ཁྱོད་སོང་ལ་རྒན་མོ་ལ་འདི་སྐད་གྱིས་ཤིག། ཁྱོད་སྔོན་གྱི་བསོད་ནམས་དང་ལྡན་པས། རྒྱལ་པོའི་མཚན་དང་ལྡན་ཏེ། ཁྱོད་བུད་མེད་རིན་པོ་ཆེར་བ་ཞེས ་དགོས་སོ།། ཞེས་སྒོས་ཤིག། དེ་སྐད་ཚིག་རྒན་མོ་ལ་བསྒོ་བ་དང་། དེའི་ཚེ་སླར་རྒན་མོས་འདི་སྐད་ཅེས་གསོལ་ཏོ།། བདག་ནི་རིགས་དམའ་ལ་ངན་ཏེ། ཤིན་ཏུ་དམན་པ་ལག། ་ན། རྒྱལ་པོ་ཆེན་པོས་བཀའ་སྩལ་པ་ལ་རབ་ཏུ་དགའ་མོད་ཀྱི། བུད་མེད་རིན་པོ་ཆེར་ནི་བདག་མི་རུང་ངོ་།། གལ་ཏེ་རྒྱལ་པོས་དགོངས་ཏེ་བཀའ་སྩཁ་ན་བདག་གི་ཇོ་བོ་ལ ་བཀའ་སྩལ་ཏེ། བདག་བྲན་མོ་ལས་ཕྱུང་ཤིག་པར་གསོལ་ཏོ།། དེ་ནས་རྒྱལ་པོས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ཀྱི་བྲན་མོ། ་རྒན་མོ་འདི་མཚན་དང་ལྡན་ཏེ། ངའི་བུད་མེད་རིན་པོ་ཆེར་རུང་གིས་གཞེས་སོ་ཞེས་བཀའ་སྩལ་ཏོ།། སྐྱབས་མེད་ཟས་སྦྱིན་གྱིས་གསོལ་པ། བཀའ་སྩལ་པ་བཞིན་དུ་རྒྱལ་པོ ་ཆེན་པོ་ལ་དབུལ་ལོ།། རྒན་མོས་དེ་སྐད་དུ་བཏང་བའི་ཚིག་ཐོས་ནས་ལྷག་པར་དགའ་བར་གྱུར་ཏོ།། དེའི་ཚེ་འཕྲུལ་གྱི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒན་མོ་ལ་བསྟན ་པ་དང་། རྒན་མོ་ཡང་བུད་མེད་རིན་པོ་ཆེ་ལྟ་བུར་གྱུར་ཏེ། རབ་ཏུ་དགའ་ནས་འདི་སྐད་དུ་དགེ་སྦྱོང་ལ་སོགས་པ་ནི་ང་རྒྱལ་གྱི་ཚིག་ཆེན་པོ་སྨྲ་ཞིང་ངའི་ཆོས་བཟང་པོ་ཞེས་སྒྲ་མོད་ཀྱི། ་མངོན་རྟགས་གཅིག་ཀྱང་མ་མཆིས་ཏེ། འཕྲུལ་གྱི་རྒྱལ་པོ་འཇིག་རྟེན་དུ་གཤེགས་ནས་ཕན་པ་དང་། བདེ་བའི་དོན་མ། དང་པོར་མཛད་དེ་བདག་ལྟ་བུའི་བྲན་མོ་ངན་པ་ཡང ་བུད་མེད་རིན་པོ་ཆེར་བསྒྱུར་ཏོ།། ཞེས་སྨྲས་ནས། ལུས་ཀྱི་ཡན་ལོག་ལྔས་གཏུགས་ཏེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱེ་ག་འཚལ་ཏོ།། དེ་ནས་རིན་པོ་ཆེའི་གཏེར་ལ་དབང་བ ་བློན་པོས། རྒྱལ་པོའི་ཡུལ་ཆོས་དང་ཁྲིམས་དང་། དགེ་བ་བཅུའི་ཆོས་ཀྱི་བྱ་བ་བཀའ་བཏགས་ཏེ་བསྒྲག་སོ།། བུད་མེད་རིན་པོ་ཆེ་དེས་དགེ་བ་བཅུའི་ཐོས་ནས་རབ་ཏུ་དགའ་སྟེ། འདི་སྐད ་དུ་འཕྲུལ་གྱི་རྒྱལ་པོས་བསྟན་པའི་དོན་རྣམས་ལ་མི་དགེ་བ་མེད་དོ་ཞེས་སྨྲས་ནས། རྒྱལ་པོ་ལ་ཕྱག་འཚལ་ཏེ། ཉེས་པ་འགྱོད་པའི་སེམས་སྐྱེས་སོ།། དེ་ལྟར་དུལ་བར་གྱུར་ནས། ་སྒྲ་གཅན་འཛིན་ལ་སོགས་པ་རྣམས་ཕྱིར་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དུ་བསྒྱུར་བ། རྒན་མོས་མཐོང་ནས་འདི་སྐད་དུ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་སྟེ། སེམས ་ཅན་ཡོངསུ་མི་གཏོང་བས་བདག་ལྟ་བུའི་ངན་པ་ཡང་མ་བཀོལ་ཏེ་བཏུལ་ཏོ་ཞེས་སྨྲས་ནས། ཁྲིམས་ལྔ་འཛིན་པར་གསོལ་ཏོ།། དེ་ནས་སྦ་གཅན་འཛིན་གྱིས ་སྐྱབསུ་འགྲོ་བ་གསུམ་དང་། ཁྲིམས་ལྔ་བཤད་ནས་རྒན་མོས་ཐོས་པ་དང་། ཕྱག་འཚལ་བ་ལས་མགོ་མ་བཏེག་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། སའི ་ལྷ་རྣམས་ཀྱང་སའི་ནང་ནས་བྱུང་སྟེ། སྐྱབས་མེད་ཟས་སྦྱིན་ལ་ཤིན་ཏུ་ལེག་སོ།། ངན་པར་ལྟ་བའི་དྲ་བ་བཅད་དེ། དེ་བཞིན་གཤེགས་པའི་འཇིག་རྟེན་དུ་གཤེགས་པའི་དོན་ནི་འདི ་ལྟ་བུའོ།། ཞེས་སྨྲ་སོ།། དེའི་ཚེ་སྒྲ་གཅན་འཛིན་གྱིས་རྒན་མོ་དེ་དག་ཁྲིད་དེ་རྒྱལ་བུ་མཛེ་ཏའི་ཚལ་དུ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུ་མཐོང་ནས། ་རབ་ཏུ་དགའ་སྟེ། ཐལ་མོ་སྦྱར་ནས་སངས་རྒྱ་གྱིས་ལ་ཕྱག་འཚལ་ནས་འཐོལ་བསངས་བྱས་ཏེ། རབ་ཏུ་འ་བྱུང་བར་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སྒྲ་གཅན ་འཛིན་ལ་བཀའ་སྩལ་པ། ཁྱོད་ཀྱིས་རྒན་མོ་འདི་ཁྲིད་ལ་དགེ་སློང་མའི་གནས་སུ་རབ་ཏུ་ཕྱུང་ཤིག་ཅེས་བཀའ་སྩལ་ཏོ།། དགེ་སློང་མའི་གནསུ་མ་ཕྱིན་གྱི་བར་དུ་སྒྲ་གཅན་འཛིན ་གྱིས་སྡུག་བསྔལ་དང་། སྟོང་པ་ཉིད་དང་མི་རྟག་པ་དང་བདག་མེད་པ་ལ་སོགས་པའི་ཆོས་རྣམས་བཤད་ནས་བསྟན་པ་ལས་རྒན་མོས་ཐོས་པ་དང་སྲ་ཡང་རང་ལྷུང་སྟེ། ་དགེ་སློང་མར་གྱུར་ནས། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་ཐོབ་སྟེ། སྟེང་གི་བར་སྣང་ལ་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་བསྟན་ཏོ།། ་རྒྱལ་པོ་གས་པ་རྒྱལ་དང་བཙུན་མོ་འཕྲེང་ལྡན་མས་དེ་ལྟར་གྱུར་པ་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ལེག་སོ་རབ་ཏུ་ལེག་སོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི། ་ཉི་མ་འཇིག་རྟེན་དུ་ཤར་བས་མ་རིག་པའི་མུན་པ་ཐམས་ཅད་ཡོངསུ་བསལ་ནས་ངན་པར་ལྟ་བ་དག་ཀྱང་ཡང་དག་པའི་ལམ་ལ་བཀོད་དོ་ཞེས་དེ་སྐད་སྨྲས་ཏེ། དེ་བཞིན ་གཤེགས་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒན་མོ་འདི་སྔོན་སྡིག་པ་ཅི་བགྱིས་ནས། རིགས་ངན་ཅིང་བྲན་མོར་སྐྱེས་ཏེ་ཤིན་ཏུ་དམན་པར ་གྱུར་པ་ལགས། བསོད་ནམས་ཇི་བསགས་ནས། བཅོམ་ལྡན་འདས་དང་མཇལ་ཏེ་རས་དཀར་པོ་ལ་མཚོན་ཞེ་ན་སླ་བ་བཞིན་དུ་དགྲ་བཅོམ་པ་ཐོབ་པར་གྱུར་པ་ལགས། བཅོམ ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ་བརྟག་པར་ཉོན་ལ་ལེགས་པར་ཡིད་ལ་ཟུང་ཤིག། དེང་དེ་བཞིན་གཤེགས་པས་རྒྱལ་པོ་ཆེན་པོ་ལ་སྔོན་བསྐལ་པ ་གྲངས་མེད་པ་འདས་པའི་ཡུན་རིངས་པོའི་གཏམ་གླེང་བར་བྱའོ།། སྔོན་འདས་པའི་དུས་ནས་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གདུགས་གཅིག་མར་མེ་རྒྱལ་པོ་ཞེས་བྱ་བ ་དེ་བཞིན་གཤེགས་པ་མཚན་བཅུ་དང་ལྡན་པ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་དེ་ཡོངསུ་མྱ་ངན་ལས་འདས་ནས། གཟུགས་ཀྱི་ཆོས་བྱེད་པ་ན། རྒྱལ་པོ་རིན་ཆེན་སྣ་ཚོགས་མེ་ཏོག ་འོད་ཅེས་བྱ་བའི་སྲས་མཐོང་དགའ་ཞེས་བྱ་བ་རབ་ཏུ་འབྱུང་བར་གསོལ་ནས། རྒྱལ་པོས་རབ་ཏུ་འབྱུང་བར་གནང་སྟེ། རྒྱལ་བུ་དེ་རབ་ཏུ་འབྱུང་བར་དགོན་པའི་རི་ལ་དགེ་སློང ་གི་གནས་སུ་སོང་ནས་རབ་ཏུ་འབྱུང་བར་གསོལ་ཏོ།། དེའི་ཚེ་ན་དགེ་སློང་ཡིད་གཞུངས་ལ་ཤེས་རབ་དང་དབང་པོ་གསལ་བ་དོན་ཟབ་མོའི་མཚན་ཉིད་ལ་མཁས་པ ་ཞིག་ཡོད་དེ། དེའི་སློབ་མར་རབ་ཏུ་བྱུང་ངོ་།། གཞན་ཡང་དགེ་སློང་ཡོན་ཏན་མེ་ཏོག་འོད་ཅེས་བྱ་བ། ཆོས་སྟོན་ཅིང་འཆད་པ་ལ་མཁས་པ་གསར་སློབ་རྣམས་ལ་ཆོས་འཆད་ཅིང་སྟོན ་པ་མཁས་པ་ཞིག་ཀྱང་ཡོད་དེ་དེ་ལས་བར་ཆད་འདྲི་བའི་མཁན་པོ་བྱས་ཏེ། རྒྱལ་བུ་དགེ་སློང་དེ་གཉིས་ལ་རབ་ཏུ་བྱུང་མོད་ཀྱི་ང་རྒྱལ་གྱིས་རྣམ་པར་བཟུང་བས་སློབ་དཔོན་ཆེན་པོས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཆེན་པོའི་དོན་ཤིན་ཏུ་ཟབ་མོ་བཤད་པ་ལས། ཆོས་ལོག་པར་བསྟན་ཅེས་ཐེ་ཙོམ་ཟོས་པར་གྱུར་ཏོ།། དེ་ནས་སློབ་དཔོན་ཆེན་པོ་དེ་ཚེ་འཕོས ་ནས་རྒྱལ་བུ་དགེ་སློང་དེ་འདི་སྐད་དུ།། བདག་གི་སློབ་དཔོན་ཆེན་པོ་དེ་ནི་ཤེས་རབ་དང་མི་ལྡན་ཏེ། སྟོང་པ་དོན་མེད་པ་འབའ་ཤིག་སྟོན་གྱིས་བདག་གང་ནས་གང་དུ་སྐྱེ་བའི ་གནས་ཐམས་ཅད་དུ་མཐོང་བར་མི་འདོད་དོ།། བདག་གི་བར་ཆད་འདྲི་བའི་མཁན་པོ་ཁྱོད་ནི་ཤེས་རབ་དང་སྤོབས་པར་ལྡན་ཏེ། བདག་གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ ་དགེ་བའི་བཤེས་གཉེན་དུ་གྱུར་ཅིག་ཅེས་སོ།། དགེ་སློང་རྒྱལ་བུ་དེས་དེ་སྐད་དུ་སྨྲས་ནས། ཆོས་ནི་ཆོས་མ་ཡིན་པར་བཤད། ཆོས་མ་ཡིན་པ་ནི་ཆོས་སུ་བཤད་ཅིང་། དགེ་འདུན་གྱི་འཁོར ་ལ་སྟོན་ཏེ། ཐམས་ཅད་ངན་པར་ལྟ་བ་ལ་བཙུད་དོ།། ཚུལ་ཁྲིམས་ཡོངསུ་བསྲུངས་ཏེ་སྤྱོད་ལམ་མ་ཉམས་ན་ཡང་ལྟ་བ་ནོར་བས་ཚེ་འཕོས་མ་ཐག་ཏུ་མདའ་འཕངས་པ་བཞིན ་དུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ།། བསྐལ་པ་ཁྲི་ཕྲག་བརྒྱད་ཅུའི་བར་དུ་སྡུག་བསྔལ་གྱིས་གདུངས་ནས། དེ་ལས་ཐར་ཏེ་ཕྱིར་མིར་སྐྱེས་ན་ཡང་དབུལ་ཞིང ་ཕོངས་པ་དང་། རིགས་ངན་པར་སྐྱེ་བ་ལྔ་བརྒྱའི་བར་དུ་འོན་པ་དང་གླེན་རྨུགས་དང་ལོང་བར་འགྱུར་ཏེ། སྐྱེ་བ་སྟོང་ཉིས་བརྒྱའི་བར་དུ་ཕ་རོལ་གྱི་བྲན་མོར་གྱུར་པ་ཡིན་ནོ།། བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ན། བཙུན་མོ་ཕྲེང་ལྡན་མའི་འཁོར་ན་བྲན་མོ་ལྔ་བརྒྱ་ཞིག་ཡོད་པ་རྣམས་ཀྱིས་ཀྱང་ཉེས་པ་འཐོལ་ཞིང་བཤགས་ཏེ། བྱང་ཆུབ་ཏུ་སེམས ་བསྐྱེད་ནས། སྐྱེ་བའི་གནས་ཕྱི་མར་སྟོང་པ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཤེས་ཤིང་རྟོགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། བཅོམ་ལྡན་འདས་ཀྱིས ་རྒྱལ་པོ་རབ་གསལ་རྒྱལ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ཀྱི་སློབ་དཔོན་ཆེན་པོ་དེ་ནི་ད་ལྟར་གྱི་ང་ཡིན་ནོ།། བེར་ཆད་འདྲི་བའི་མཁན་པོ་དེ་ནི་སྒྲ་གཅན་འཛིན་ཡིན་ནོ།། ་རྒྱལ་བུ་དགེ་སློང་དེ་ནི་རྒན་མོ་འདི་ཡིན་ནོ།། ཉེ་གན་སུ་གྱུར་པའི་དེ་གེ་སློང་གི་འཁོར་རྣམས་ནི་ངན་པར་ལྟ་བུ་མོ་ལྔ་བརྒྱ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་རྣམས་ཡིནོ།། བཅོམ ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་པ། མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་དགེ་བསྙེན་སྟོང་ཕྲག་ཉི་ཤུས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སངས་རྒྱས་རྗེས་དྲན་པའི་ཏིང་འཛིན་ཐོབ་ནས ་ཏིང་འཛིན་གྱི་ནང་ནས་སངས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐོང་བ་དང་ཐོས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། ངན་པར་ལྟ་བའི་སྡིག་པ ་པ་ཅན་དེ་དག་ཀུན་གྱིས་བཅོམ་ལྡན་འདས་གཤེགས་པ་མཐོང་བ་ཙམ་གྱིས་ཀྱང་ཚད་མེད་པའི་བསོད་ནམས་དེ་ལྟ་བུ་ཐོབ་པར་གྱུར་ན། སངས་རྒྱས་གཤེགས་པ ་འམ་སྐུ་གཟུགས་གཤེགས་པ་རྗེསུ་དྲན་པར་བྱེད་པ་ལྟ་ཅི་སྨོས། ཡང་རྒྱལ་པོ་ཡབ་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀྱི་ཡུམ་སྒྱུ་མའི་ལྷ་མོ། ་སུམ་ཅུ་རྩ་གསུམ་གནམ་དུ་སྐྱེས་པ་ལ་བཅོམ་ལྡན་འདས་འོད་ཟེར་དང་མཚན་དང་དཔེ་བྱད་དང་ལྡན་པས་ཡུམ་ལ་ཆོས་སྟོན་ཅིང་གཤེགས་པའི་ཚུལ་ཇི་ལྟ་བུར་གཤེགས། ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་ཞབས་ཀྱིས་འཛམ་བུ་གླིང་ནས་སུམ་ཅུ་རྩ་གསུམ ་གནམ་དུ་གཤེགས་ཏེ་ཡུམ་སྒྱུ་མ་ལ་གསོང་པོར་སྤྲས་ནས་དམ་པའི་ཆོས་སྟོན་ཏོ།། དེའི་ཚེ་འཁོར་གྱི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཛིན་ཞེས ་བྱ་བ་འདུག་པ་ལས་ལངས་ནས་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུག་སོ།། ཏིང་འཛིན་དེའི་མཐུས་རྡོ་རྗེའི་མཐའ་ལ་ཐུག་པ་ནས། རྡོ་རྗེའི ་འཁོར་ལོ་རྩ་བ་ཡང་རྡོ་རྗེ་ལས་བྱས་པ། མེ་ཏོག་ཀྱང་རྡོ་རྗེ་ལས་གྲུབ་པའི་མེ་ཏོག་འདབ་ཆགསུ་འདུག་པ་འཛམ་བུ་གླིང་གི་ས་བཞིའི་སྟེང་དུ་ཟུང་ངོ་།། དེའི་ཚེ་ཀླུའི་རྒྱལ་པོ་དགའ ་བོ་དང་བསྙེན་དགའ་བོ་དང་། མ་དྲོས་པ་ལ་སོགས་པའི་རྒྱ་ཚོའི་འཆིང་རྣམས་ཀྱི་ཀླུའི་རྒྱལ་པོ་རྣམས་ཀྱིས་སོ་སོ་ནས་རིན་པོ་ཆེ་སྣ་བདུན་ཐོགས་ཏེ། བྱང་ཆུབ་སེམས་དཔའ་ས ་འཛིན་གང་ན་བར་འོངས་ནས་ཕྱིན་པ་དང་། རིན་པོ་ཆེ་སྣ་བདུན་ཕུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་པའི་རིན་པོ་ཆེའི་ཐེམ་སྐས་གསུམ ་བྱའོ།། གཡོན་ནི་དངུལ་ལས་བྱས། གཡས་ནི་ཤེས་ལས་བྱས། དབུས་ནི་གསེར་ལས་བྱས་ཏེ་འཛམ་བུ་གླིང་གིས་བཞིའི་མཚམས་རྡོ་རྗེའི་མཐའ་ནས་སུམ་ཅུ་རྩ་གསུམ་གྱི་པོ ་བྲང་ཐུག་པའི་བར་དུའོ།། རིན་པོ་ཆེའི་ཐེམ་ནས་དེ་རེ་རེ་ཡང་མུ་རན་རིམ་པ་བདུན་བདུན་ནོ།། མུ་རན་དེ་དག་ཀྱང་རིན་པོ་ཆེ་རྣམ་པ་ཁྲི་ཕྲག་བརྒྱ་ལས་བྱས་ཏེ། འོད་ཟེར་ཡང་ཁྲི ་ཕྲག་བརྒྱ་ཡོད་དོ།། འོད་ཟེར་དེ་རེ་རེ་ལ་ཡང་རིན་པོ། ཚེའི་མེ་ཏོག་ཁྲི་ཕྲག་བརྒྱ་སྙེད་ཡོད་དོ།། མེ་ཏོག་པདྨོ་དེ་རེ་རེའི་ནང་ན་ཡང་རོལ་མོའི་ཆ་སྤྱད་ཚད་མེད་པ་སྙེདར ་བྱུང་ངོ་།། དེའི་ཚེ་བྱང་ཆུབ་སེམས་དཔའ་ས་འཛིན་གྱིས་གོང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་རིན་པོ་ཆེ་སྣ་བདུན་གྱི་བང་མོས་སངས་རྒྱས་གཤེགས་པའི་སྐས་ལ་བཀོད་དོ།། སྲས་ཀྱི ་མུ་གཡས་གཡོན་ན། རིན་པོ་ཆེའི་རྒྱལ་མཚན་རྣམ་པ་སྣ་ཚོགས་བསྒྲེང་ནས་རིན་པོ་ཆེའི་བ་དན་ཚད་མེད་པ་སྙེད་དཔྱངསོ།། རིན་པོ་ཆེའི་གདུགས་དང་བླ་རེ་ཁྲི་ཕྲག་སྙེད་ནི་ཐ། ་རེར་བྲེས་སོ།། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ཀྱིས་ནི། མེ་ཏོག་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། ཨུད་དཔལ ་ལ་དང་། ཀུ་མུ་ད་ལ་སོགས་པ་ཆར་བཞིན་དུ་ཕབ་ནས། སངས་རྒྱས་གཤེགས་པའི་སྐས་ལ་བཀོད་དོ།། ཚངས་པའི་རྒྱལ་པོས་ནི་ལག་ན་བདུག་སྤོས་ཐོགས་ནས། ཚངས་པའི ་། འཁོར་དང་བཅས་ཏེ་སྲས་ཀྱི་གཡས་གཡོན་ནས་སྟོད་དོ།། བདུག་སྤོས་ཀྱི་དུད་བ་དག་བཻ་ཌཱུཪྻའི་སྤྲིན་ལྟ་བུར་གྱུར་ནས། སྟེང་གི་ན་མཁའ་ལས་བདུག་སྤོས་ཀྱི་སྤྲིན་དུ ་གྱུར་ཏོ།། སྤྲིན་གྱི་ནང་ནས་རོལ་མོའི་སྒྲ་དབྱངས་བརྒྱ་སྟོང་དུ་མ་སྙེད་སྒྲོག་སོ།། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པས་ནི་རྒྱ་མཚོའི་འགྲམ་གྱི་ཙན་དན་ལ་སོགས་པའི་སྤོས་སྣ་ཚོགས ་ཀྱི་ཕྱེ་མས་སངས་རྒྱས་ལ་འཐོར་རོ།། སྤོས་ཀྱི་འོད་འཚེར་བ་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏེ། མཐོ་ཁྱད་ཀྱང་སྲིད་པའི་རྩེ་མོ་ལ་གཏུགས་ཏེ། གསེར་གྱི་ཁང་པ་བརྩེགས་པར ་གྱུར་ཏོ།། ཚད་མེད་པའི་ལྷ་རྣམས་ཀྱིས་ཀྱང་རྒྱན་དང་ལྷབ་ལྷུབ། ཀྱིས་རྒས་པ་བརྒྱན་ཏེ། ཡོ་བྱད་ཚད་མེད་པ་རྣམ། པ་མང་པོ་དག་གིས་བརྒྱན་ཏོ།། དེའི་ཚེ་བཅོམ་ལྡན་འ ་ཀྱིས་འཛམ་བུ་གླིང་ནས་ཆོས་གོས་གསུམ་བསྣམས་ཏེ། དགའ་བོ་དང་བསྙེན་དགའ་བོ་དང་སྒྲ་གཅན་འཛིན་ལ་སོགས་པ་དགེ་སློང་ལྔ་བརྒྱ་རྣམས་ཀྱང་ཞ་འབྲིང་དུ་ཤོག་ཤིག་ཅེས ་བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་ཞབས་བཏེག་པ་ནས་རྣམ་པ་དྲུག་ཏུ་གཡོས་སོ།། ཞབས་ཕབ་པ་ནས་ལས་རིན་པོ་ཆེའི་ཕོ་བྲང་ཚངས་པའི་རྒྱལ་པོའི་གཞལ་མེད་ཁང་ལྔ ་བུ་བྱུང་ནས། གཞལ་མེད་ཁང་འདབ་ཆགསུ་ན་མཁའ་ལ་ལྡིང་ཞིང་། བཅོམ་ལྡན་འདས་གཤེགས་པའི་སྐས་ཀྱི་གཡས་གཡོན་བརྒྱན་ཏོ།། བྱང་ཆུབ་སེམས་དཔའ་ས་འཛིན་དང ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་གིས་ཐལ་མོ་སྦྱར་ཏེ། ཀླུ་དང་དབྱངས་ཀྱི་སྒྲ་ཁྲི་ཕྲག་དུ་མས་དེ་བཞིན་གཤེགས་པའི་ཡོན་ཚད་མེད་པ་ལ་བསྟོད་པ ་དེའི་ཚེ་ཚངས་པའི་རྒྱལ་པོ་འཁོར་ཚངས་པ་བརྒྱ་སྟོང་དུ་མས་ལག་ན་བདུག་པོས་ཐོགས་ཤིང་རོལ་མོ་ཆད་མེད་པས་སངས་རྒྱས་ལ་མཆོད་ཅིང་། གཡོན་རོལ་ནས་འགྲེང་ངོ་།། ་བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་ལྷའི་བུ་ཚད་མེད་པ་དང་ལྷའི་བུ་མོ་བརྒྱ་སྟོང་གི་རྣམས་ཀྱིས་ཀྱང་རྔ་དང་དུང་དང་། རོལ་མོ་དང་ཀླུ་དང་གར་རྣམས་ཀྱི་མཆོད་ཅིང་ཅི་གཡོན ་རོལ་ནས་འགྲེང་ངོ་།། ཉན་ཐོས་དང་དགྲ་བཅོམ་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་གཡས་རོལ་ནས་མཆོད་པ་བྱེད་དོ།། དེའི་ཚེ་བཅོམ་ལྡན་འདས ་ཀྱིས་འོད་ཟེར་ཆེན་པོ་བཏང་ནས་སྐས་ཀྱི་མཐའ་དང་འགྲམ་ཚུན་ཆད་སྡང་བར་བྱས་ཏེ། འོད་ཟེར་དེ་ཡང་སྤྲིན་ལྟ་བུར་གྱུར་ནས་ཁ་དོག་བརྒྱ་སྟོང་དུ་མ་དང་ལྡན་ཏེ། ཁང་པ ་བརྩེགས་པ་ཡང་ཡང་ཐོག་ལྟ་བུར་གྱུར་ཏོ།། དེའི་ནང་ན་དེ། བཞིན་གཤེགས་པ་བཞུགས་ཤིང་འཁོར་ཡང་སྤྲུལ་སངས་རྒྱས་བརྒྱད་ཁྲི་བ་ནི་སྟོང་སྙེད་ཀྱིས་བསྐོར་ཏོ།། ་དེ་ལས་ཡང་སྤྲུལ་པའི་སངས་རྒྱས་སྐུའི་ཚད་སངས་རྒྱས་གཞན་དང་མཉམ་པ་ལྔ་བརྒྱ་སྙེད་ནི། ཆོས་གོས་དང་ལྷུན་བཟེད་ཐོགས་ཏེ། སྤྱོད་ལམ་མཛེས་པར་གཤེགསོ།། ་སྲུབ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འཁོར་དགའ་བོ་དང་བསྙེན་དགའ་བོར་བཅས་སོ།། དེའི་ཚེ་བདུད་སྡིག་ཏོ་ཅན་ཡང་སྟེང་གི་ན་མཁའ་ལས་བདུད་ཀྱི་འཁོར་དང་བཅས་ཏེ། ་ཚིགསུ་བཅད་པ་དུ་མས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་ཤིང་བསྟོད་དོ།། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་ཡུམ་སྒྱུ་མའི་ལྷ་མོ་ལ་སྨྲས་པ་དེ་བཞིན་གཤེགས་པ་འཇིག ་རྟེན་གྱི་མགོན་པོ་ནི་ཡུམ་ལ་དྲིན་གྱི་ལན་གླན་པའི་སླད་དུ་གནས་འདིར་གཤེགསོ་ཞེས་ཡུམ་ལ་གསོལ་པ་དང་། ཡུམ་སྒྱུ་མས་བཅོམ་ལྡན་འདས་གཤེགས། ་སོ་ཞེས་ཐོས་ནས་ལྷའི་བུ་མོ་རྣམས་ལྷའི་རིན་པོ་ཆེ་དང་། ལྷའི་རོལ་མོ་དང་། ལྷའི་མེ་ཏོག་མན་ད་ར་བ་དང་། ཨུ་དུམ་འབཱ་རའི་མེ་ཏོག་ལ་སོགས་པ་སྐུར་ཏེ། མདུན་ན་བཅོམ་ལྡན ་འདས་ལ་བསུར་བཅུག་གོ།། དེའི་ཚེ་དེ་བཞིན་གཤེགས་པས་ཞབས་བརྟེག་པ་དང་བཞག་པའི་ལམ་ཀུན་ཏུ་གཞལ་མེད་ཁང་གྲངས་མེད་པར་གྱུར་ཏེ།། གཞལ་མེད་ཁང་དེ་གཅིག ་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུག་སོ།། དེ་བཞིན་གཤེགས་པ་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཡང་ལྔ་བརྒྱ་སྙེད་ཡོད་དོ།། ་དེའི་ཚེ་སྐུ་ལས་འཕྲོས་པའི་སངས་རྒྱས་ལྔ་བརྒྱ་རྣམས་དང་། སངས་རྒྱས་ཤཱཀྱ་ཐུབ་པར་བཅས་ཏེ། སུམ་ཅུ་རྩ། གསུམ་གནམ་གྱི་གཞལ་མེད་ཁང་དུ་གཤེགས་པ། ་ནད་ལྷ་རྣམས་རབ་ཏུ་དགའ་སྟེ། ཚིག་སུ་བཅད་པ་འདི་སྐད་སྨྲས་སོ།། སངས་རྒྱས་རྣམ་པར་གཟིགས། བཀྲ་ཤིས་དམ་པའི་མཆོག། འོད་ཟེར་རབ་བཏང་ནས། གནས་འདིར་གཤེགས། ་པར་གྱུར།། བདེར་གཤེགས་གཙུགས་ཏོར་ཅན། བཀྲ་ཤིས་དམ་པའི་མཆོག། གྲངས་མེད་སྐུ་སྤྲུལ་ནས། གནས་འདིར་གཤེགས་པར་གྱུར།། སངས་རྒྱས་ཐམས་ཅད་སྐྱོབ།། སྨིན། ་མཚམས་འོད་བཀྱེ་ནས་ཀུན་ཏུ་སྣང་གྱུར་ཏེ།། གནས་འདིར་གཤེགས་པར་གྱུར།། བདེར་གཤེགས་ལོག་དང་སེལ།། ཞལ་ནས་འོད་བཀྱེ་སྟེ། ཕྱོགས་བཅུར་སྣང་བྱས་ནས།། གནས ་འདིར་གཤེགས་པར་གྱུར།། སངས་རྒྱས་གསེར་ཐུབ་ཀྱང་།། གྲངས་མེད་སྐུ་སྤྲུབ་ཏེ།། ཚད་མེད་འོད་བཀྱེ་ནས། གནས་འདིར་གཤེགས་པར་གྱུར།། བདེ་གཤེགས་འོད་སྲུང་དེ།། རིན ་ཆེན་ཁང་བརྩེགས་ནས།། མཁའ་ལས་ཆོ་འཕྲུལ་སྟོན།། གནས་འདིར་གཤེགས་པར་གྱུར།། སངས་རྒྱས་ཤཱཀྱ་ཡང་།། ལྔ་བརྒྱའི་སྐུར་སྤྲོས་ཏེ།། སྤྲུལ་པ་གྲངས་མེད་དང་། འོད ་བཀྱེ་གནས་འདིར་གཤེགས་བྱམས་པ་བྱང་ཆུབ་དང་། བསྐལ་པ་བཟང་པོའི་གཙོ། ཀུན་གྱིས་འོད་བཏང་ནས། གནས་འདིར་གཤེགས་པར་འགྱུར། བཀྲ་ཤིས་དཔལ་གྱི་གནས།། ་དགའ་སྦྱིན་འདུས་མ་བྱས།། བཅོམ་ལྡན་གཤེགས་པའི། ཐུབ་པ་སྐྱེ་བའི་གནས། མྱ་ངན་འདའ་བའི་ཁྱིམ། མཁས་པས་ཕ་རོལ་ཕྱིན།། ཅེས་བརྗོད་དོ།། དེའི་ཚེ་བཅོམ་ལྡན ་འདས་སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་བྲང་དུ་གཤེགས་ནས། སྨི་ན་མཚམས་ཀྱི་མཛོད་སྤུ་དཀར་པོ་ལས་འོད་ཟེར་བ་ཏང་ནས། འོད་ཟེར་དེ་ཉིད་རིན་པོ་ཆེ་སྣ་བདུན་གྱི་བདུག ་ཆེན་པོར་གྱུར་ཏེ། ཡུམ་སྒྱུ་མའི་སྟེང་དུ་བླ་རེར་བྲེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཁྲི་རབ་ཏུ་མཛེས་པ་དག་ཡུམ་གྱི་གདན་དུ་གྱུར་ནས་དེ་ལ་ཡུམ་བཞུག་སོ།། ཡུམ་གྱིས་སངས་རྒྱས ་གཤེགས་པ་མཐོང་ནས། ཐལ་མོ་སྦྱར་ཏེ་རབ་ཏུ་བཏུད་ནས་ཕྱག་འཚལ་བ་དང་། སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་རྣམས་ཀྱིས་ཀྱང་ཕྱག་བརྐྱང་སྟེ། ཡུམ་ལ་བཏེག་གོ། འཁོར་ལྔ ་རྣམས་ཀྱིས་ཀྱང་ཡུམ་ལས་བཟུང་སྟེ། ཕྱག་འཚལ་དུ་མ་སྟེར་རོ།། སྤྲུལ་པའི་སངས་རྒྱས་ཁྲི་བཞི་སྟོང་སྙེད་ཀྱང་གདན་ལས་བཞེངསོ།། དེའི་ཚེ་ཡུམ་སྒྱུ་མའི་ལྷ་མོའི་ཕོ་བྲང་གི ་ནང་ནས་འོད་ཟེར་ཁྲི་ཕྲག་ལྔ་བརྒྱ་རྣམས་མངོན་བྱུང་བ་ནས། འོད་ཟེར་དེ་ལས་རིན་པོ་ཆེའི་ཁང་པ་བརྩེགས་པར་གྱུར་ཏེ། ཁང་པ་བརྩེགས་པ་དེ་དག་རེ་རེ ་སྟེང་ན་ཕྱོགས་བཅུའི་སངས་རྒྱས་རྣམས་བཞུགས་ཤིང་། སོ་སོ་ནས་མཚར་ནས་བརྗོད་དེ། སངས་རྒྱས་ཀྱི་ཡུམ་ལ་གསོང་པོར་སྒྲ་ཞིང་སྤྲོ་བ་བསྐྱེད་དོ།། འདི་ལྟ་སྟེ། ཤར་ཕྱོགས ་གྱི་ལེགས་པའི་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཕྱག་ན་རིང་པོ་ཆེའི་མེ་ཏོག་བསྡམས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། གཏོར ་བའི་མེ་ཏོག་རྣམས་ཀྱང་སྟེང་གི་ན་མཁའ་ལ་མེ་ཏོག་གི་གདུག་སུ་གྱུར་ཏོ།། མེ་ཏོག་གི་གདུགས་ཀྱི་ནང་ན་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་དུ་པ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས ་རྒྱ་ཐུབ་པ་དང་། ཡུམ་སྒྱུ་བའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་། ང་གི་དམཁའ་ལ་མེ་ཏོག་གི་གདུགས་གྱུར་ཏོ།། དུགས་ཀྱི་མངན་སྤྲུལ་པའི་སངས་རྒྱས་གྲངས་མེད་པ ་སྙེད་ཐལ་མོ་སྦྱར་ཏེ། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། ནུ་བ་ཕྱོགས་ན་སྣང་བ་མཐའ་ཡས་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཀྱང་ཕྱག་ན་རིན་པོ་ཆེའི་པདྨོ་བསྡམས ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་སྟེང་གི་ན་མཁའ་ལ་མེ་ཏོག་གི་གདུག་སུ་གྱུར་ཏོ།། གདུགས་ཀྱི་ནང་ནས་སྤྲུལ་པའི་སངས་རྒྱས ་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ། བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། བྱང་ཕྱོགས་ན་ལེགས་པའི་མཚན་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཀྱང་རིན་པོ་ཆེའི ་པདྨོ་བསྣམས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་སྟེང་གི་ན་མཁའ་ལ་མེ་ཏོག་གི་གདུགསུ་གྱུར་ཏོ།། གདུགས་དེའི་རང་ནས། སྤྲུབ ་པའི་སངས་རྒྱས་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ་བཞེངས་ནས་ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། ཤར་ལྷོའི་ཕྱོགས་ན་མྱ་ངན་དང་བྲལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་རིན་ཆེན་གཏོང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། ནུབ་བྱང་གི་ཕྱོགས་མཚམས་ན་ཡོན་ཏན་མེ་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས ་པ་དང་། བྱང་ཤར་གྱི་ཕྱོགས་མཚམས་ན་ཐེག་པ་གསུམ་སྤྱོད་ཅེས་བྱ་བའི་དེ་བཞིན་གཤེགས་པ་དང་། བླ་མའི་ཕྱོ། གས་ན་རྒྱ་ཆེ་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེགས ་པ་དང་། འོག་མའི་ཕྱོགས་ན་སྣང་བའི་ཡོན་ཏན་ཞེས་བྱ་བའི་ངོ་བཞིན་གཤེགས་པ་ལ་སོགས་པའི་སངས་རྒྱས་དེ་ངག་ཀུན་གྱིས་ཀྱང་སོ་སོ་ནས་ཕྱག་ན་རིན་པོ་ཆེའི་པདྨོ ་བསྡམས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། གཏོར་བའི་མེ་ཏོག་དེ་དག་ཀྱང་སྟེང་གི་ན་མཁའ་ལ་སོ་སོ་རས་མེ་ཏོག་གི་གདུག་སུ་གྱུར་ཏོ།། ་སོ་སོའི་མེ་ཏོག་གི་གདུགས་ཀྱི་ནང་ནས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ་བཞེངས་ནས་ཡུམ་སྒྱུ་མ་ལ་གསོང་ངོ་།། དེའི་ཚེ་སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་བྲང ་གི་ནང་སྤྲུལ་པའི་སངས་རྒྱས་ཀྱིས་ཡོངསུ་གང་བར་གྱུར་ཏོ།། དེ་ནས་དེའི་ཚེ་ཡུམ་སྒྱུ་མའི་དབུའི་གཙུག་ནས་མཆོད་པའི་ཡོ་བྱད་། གདུགས་དང་རྒྱལ་མཚན་དང་བ་དར་ལ་སོགས ་བགྲངས་མེད་པརང་བྱུང་ནས། སངས་རྒྱས་དེ་དག་ཀུན་ལ་མཆོད་པ་ཆེན་པོ་བྱས་སོ།། གདུགས་དང་། རྒྱལ་མཚན་དང་བ་དང་དེ་དག་གི་ནང་ནས་སངས་རྒྱས ་བསྟོད་པ་དང་། དམ་པའི་ཆོས་བསྔགས་པ་དང་། དགེ་སློང་གི་དགེ་འདུན་བསྟན་པའི་སྒྲ་དབྱངས་དག་བྱུང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། འདི ་དག་ནི་དེ་བཞིན་གཤེགས་པ་འཛམ་བུའི་གླིང་ནས་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་པའི་སྐུ་གཟུགས་དང་། མཚན་དང་དཔེ་བྱད་དང་འོད་ཟེར་དང་། སྤྲུལ་པའི་དངོས་པོ ་ནི་འདི་རྣམས་ཡིན་ནོ།། དེ་བཞིན་གཤེགས་པ་ཡོངསུ་སུ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོ ་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མ་ཐོང་བའོ།། གང་གིས་དེ་ལྟར་རྗེསུ་དྲན་པར་བྱས་ན་བསྐལ་པ་ཆེན་པོ་ཁྲི་ཕྲག་གཅིག་གི་འཁོར་བའི ་ཉེས་པ་ཡོང་སུ་སྤོང་བར་འགྱུར་ཞིང་། ཚེ་འཕོས་པའི་དུས་བྱེད་བེ་ན་ཡང་ཕྱོགས་བཅུའི་སངས་རྒྱས་རྣམས་མཐོང་སྟེ། གདོན་མི་ཟ་བར་ཡོངསུ་དག་པའི་སངས་རྒྱས་ཀྱི་ཞིང་དུ ་སྐྱེ་བར་འགྱུརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་པའི་ཚིག་འདི་གཟུང་སུ་ཟུང་ལ་ཕྱི་མ་མ་འོངས་པའི་སྐྱེ་བོ་རྣམས་ལ་རྒྱས་པར་སྟོན་ཅིག། ཤད ་ཅིག་ཅིག་འདི་ཐོས་ནས། དོན་འདི་སེམས་པ་དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དགོངས་ཤིང་སྐྱོབ་པ་དང་། ཚེ་འཕོས་ནས་ཀྱང་ངེས་པར་སངས་རྒྱས་ཀྱི་སྤྱན་སྔར ་པར་རིག་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་སུམཅུ་རྩ་གསུམ་གནམ་ནས་འཛམ་བུ་གླིང་དུ ་གཤེགས་པའི་འོད་ཟེར་དང་། མཚན་དང་སྤྲུལ་པ་གང་ཞེ་ན། ང་ཡང་གཤེགས་པའི་ཚེ་ན་ལྷའི་བུ་གྲངས་མེད་པ་དང་། ལྷའི་བུ་མོ་བརྒྱ་སྟོང་མང་པོ་རྣམས་ཀྱིས་བསྐྱལ་ཏེ། ངོ ་ཚེ་བཅོམ་ལྡན་འདས་ཉག་ཅིག་འོད་ཟླུམ་པོ་མདོམ་གང་བ་དང་། གཞན་ཡང་དེ་མ་ཡིན་པའི་འོད་ཟེར་སྟོང་བཏང་ནས། རིན་པོ་ཆེའི་ཐེམ་སྐས་ལ་ཞབས་ཀྱིས་གཤེགས་པ་ལས། ་སངས་རྒྱས་ཀྱི་འོད་ཟེར་གྱི་ནང་ནས་སངས་རྒྱས་བདུན་བདུན་གཤེ། གུས་པར་ལྷའི་བུ་དང་བུ་མོ་རྣམས་ཀྱིས་ཀྱང་མཐོངངོ་།། དེའི་ཚེ་རྒྱལ་པོ་ཨིའུ་ཐེན་བཅོམ་ལྡན་འདས་ལ ་རྗེསུ་དྲན་ཞིང་ཆགས་པས། གསེར་གྱི་སྐུ་གཟུགས་ཤིག་བྱས་ཏེ། དེ་ལ་ཕྱག་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་ནས། སླར་འཛམ་བུ་གླིང ་དུ་གཤེགས་ཤེས་པ་ཐོས་ནས་རབ་ཏུ་དགའ་སྟེ། གསེར་གྱི་སྐུ་གཟུགས་ཀྱང་བལ་གླང་གི་སྟེང་དུ་བཞག་སྟེ། བཅོམ་ལྡན་འདས་ཀྱིས་མདུན་ནས་བསུས་སོ།། དེའི་ཚེ་དགེ་སློང་མ ་པདྨོའི་མདོག་ཅེས་བྱ་བས་ཀྱང་། བཻ་ཌཱུཪྻའི་རི་ཞིག་སྤྲུལ་ཏེ། རི་དེའི་ཕུག་ན་སྐྱིལ་མོ་ཀྲུང་དུ་འདུག་ནས་ཡོ་བྱད་ཚད་མེད་པ་མང་པོ་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་མདུན་ནས ་བསུ་བར་ཆས་སོ།། དེའི་ཚེ་གསེར་ལས་བྱས་པའི་སྐུ་གཟུགས་དེ་ཡང་བལ་གླང་ལས་བབས་ཏེ། སངས་རྒྱས་དང་འདྲ་བར་ན་མཁའ་ལ་ཞབས་ཀྱིས་གཤེགས་ཏེ། ཞབས ་། ཀྱི་མཐིལ་གྱི་འཁོར་ལོ་ལས་མེ་ཏོག་ཆར་བཞིན་དུ་ཕབ་ཅིང་འོད་ཟེར་བཏང་ནས་བཅོམ་ལྡན་འདས་ཀྱི་མདུན་ནས་བསུས་སོ།། དེ་ནས་བཅོམ་ལྡན་འདས་དེ་ཉིད་དུ ་གཤེགས་པ་དང་། གསེར་གྱི་སྐུ་གཟུགས་དེས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚ་ལོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀྱང་སྐུ་གཟུགས་ཀྱི་ཕྱོགསུ་ཐལ་མོ་སྦྱར་ནས ་དབུ་བཏུད་དོ།། དེའི་ཚེ་ན་མཁའ་ལས་སྤྲུལ་པའི་སངས་རྒྱས་བརྒྱ་སྟོང་སྙེད་ཀྱིས་ཀྱང་སྐུ་གཟུགས་ག་ལ་བའི་ལོག་སུ་ཐལ་མོ་སྦྱར་ནས། པུས་མོ་གཙུག་སོ།། དེའི་ཚེ་བཅོམ་ལྡན་འདས ་ཀྱིས་ཀྱང་སྐུ་གཟུགས་དེ་ལ་བཀའ་སྩལ་པ། ཁྱོད་ཕྱི་མའི་དུས་ན་སངས་རྒྱས་ཀྱི་མཛད་པ་ཆེན་པོ་མཛད་པར་འགྱུར་རོ།། ང་ཡོངསུ་མྱ་ངན་ལས་འདས་ནས། ངའི་ཉེ་གནསུ་གྱུར་པའི་རྣམ ་ཁྱོད་ལ་གཏམ་སོ།། ནམཁའ་ལ་བཞུགས་པའི་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་འཐུན་པར་དེ་སྐད་དུ་གསུང་སོ།། སེམས་ཅན་གང་ལ་ལས་དེ་བཞིན་ག ་བ་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་སྐུ་གཟུགས་བྱས་ཏེ། མེ་ཏོག་དང་གདུགས་དང་། རྒྱལ་མཚན་དང་བ་དན་དང་། སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་ཀྱིས་མཆོད ་ན། གང་ཟག་དེ་སངས་རྒྱས་རྗེསུ་དྲན་པའི་རྣམ་པར་དག་པའི་ཏིང་འཛིན་ཐོབ་པར་འགྱུརརོ།། སེམས་ཅན་གང་དག་སངས་རྒྱས་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས ་ཡིད་ལ་བྱས་ན། ངེས་པར་སངས་རྒྱས་མང་པོ་རྣམས་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངསུ་མྱ་ངན་ལས་འདས་ནས་སས ་རྒྱས་ཀྱི་ཉེ་གནས་སུ་གྱུར་པའི་རྣམས། སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་པའི་འོད་ཟེར་དང་མཚན་དང་དཔེ་བྱད་དང་རྒྱུས་ཤེས་པ་འམ། སངས ་རྒྱས་ཀྱི་སྐུ་གཟུགས་མཐོང་བ་དག། བསྐལ་བ་ཆེན་པོ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་སྡིག་ལྕི་བ་ཀུན་བྱང་བར་འགྱུར་རོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། ་གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། ། སངས་རྒྱས་རྗེསུ་དྲན་པའི་ཏིང་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ།། བམ་པོ་བདུན་པའོ།། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་འབྲོག་དགོན་པའི་ཡི་དྭགས་ཀྱི་བདག་པོ་ཆེན་པོ་བཏུལ་ཞེ་ན། ངས་མཉན ་དུ་ཡོད་པའི་རྒྱལ་བུ་མཛེ་ཏའི་ཚལ་གྱི་གཞལ་མེད་ཁང་ནས་གསེ་ར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཏང་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་གསེར་གྱི་ཁ་དོག་ལྟ་བུར་སྡང ་བར་གྱུར་ཏོ།། ཡུལ་མཉན་དུ་ཡོད་པ་ན་ཁྱིམ་བདག་ནོར་དཔལ་ཞེས་བྱ་བ་ཞིག་ཡོད་དོ།། ཁྱིམ་བདག་དེ་ལ་བུ་ལོ་གསུམ་ལོན་པ་ཞིག་ཡོད་པ་ལས། ཁྱིམ་བདག་གིས་བུ་དེ་ལ ་སྐྱབ་སུ་འགྲོ་བ་གསུམ་བསྟན་ཏོ།། དེའི་ཚེ་འབྲོག་དགོན་པའི་ཡི་དྭགས་ཀྱི་བདག་པོ་བཀྲེས་སྐོམ་པས་གདུངས་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་དུ་སོང་རས། བུས་པ་ཆུང་ངུ་དེ ་བཟུང་ངོ་།། དེའི་ཚེ་ཁྱིམ་བདག་གི་བུ་དེས་སངས་རྒྱས་ལ་ཕྱག་འཚལོ་ཞེས་སྨྲསོ།། དེ་སྐད་ཅེས་བརྗོད་པས་ཡི་དྭགས་ཀྱི་བདག་པོ་ཁ་འཐམས་ནས་ཟ་ནི་མ་ནུས་ཏེ། མིག་ནས ་མེ་བྱུང་སྟེ་ཁྱེའུ་དེ་ལ་བསྡིག་སོ།། ཡི་དྭགས་ཀྱི་ལུས་མི་སྡུག་པ་ནི་སྙིང་ཀ་ནས་ངོ་གསུམ་ཡོད་པ། ལྟེ་བ་ན་ངོ་གཉིས་ཡོད་པ། པུས་མོ་གཉིས་ན་ཡང་ངོ་རེ་རེ་ཡོད། ་པ་ལས་བལ་གླང་གི་མགོ་ལྟ་བུ་ལ་མཆེ་བ་གྱེན་དུ་བགྲེང་བ། མིག་ནས་མེ་རབ་ཏུ་འབར་བ་དེ་ལ་ཁྱེའུ་དེས་མཐོང་ནས། ཁྱེའུ་དེ་སྐྲག་སྟེ། སངས་རྒྱས་ལ་ཕྱག་འཚལོ།། ཆོས་ལ ་ཕྱག་འཚའོ།། དགེ་འདུན་ལ་ཕྱག་འཚ་ལོ།། ཞེས་སྨྲསོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་འཕྲུལ་གྱི་སྙན་གྱིས་ཁྱེའུ་དེས་སྨྲས་པ། རྒྱང་མ་ནས་གསན་ནས་ན་འབྲིང་དུ་དགའ་བོ ་དག་ཁྲིད་དེ། ན་མཁའ་ལ་གོམ་པས་གཤེགས་སོ།། དགའ་བོ་ཞམ་འབྲིང་དུ་མཆིས་པ་ཕྱིར་ལུས་ཏེ། མ་སླེབས་ནས་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་པདྨོ་སྤྲུལ་ཏེ། པདྨོའི་འོད ་ཟེར་གྱིས་དགའ་བོ་བསུས་ཏེ། དགའ་བོ་པདྨ་ལ་འདུག་པར། བྱིན་གྱིས་བརླབ་སོ།། དེའི་ཚེ་དགའ་བོ་འཛམ་བུ་གླིང་གི་ནང་ན་སྤྲུལ་པའི་སངས་རྒྱས་ཀྱིས་ཡོངསུ ་གང་བར་མཐོང་སྟེ། སྒྲུབ་པའི་སངས་རྒྱས་དེ་རེ་རེའི་སྐུའི་ཚད་ཀྱི་ང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྤྲུལ་པའི་སངས་རྒྱས་དག་ཀུན་ཀྱ ་ཐེག་པ་གསུམ་འཆད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་རྗེསུ་དྲན་པའི་ནན་ཏན་ལ་བརྩོན་པར་གྱིས་ཤིག་ཅེས་སྟོན་པར་མཐོང་ཞིང་ཐོས་སོ།། དགའ་བོས་དེ། ་བུ་དག་མཐོང་ཞིང་ཐོས་ནས། སྔོན་འདས་པའི་སངས་རྒྱས་ཁྲི་ཕྲག་དགུ་བཅུ་རྣམས་ཀྱི་ཆོས་ཀྱི་སྡེ་སྣོད་ཀུན་དྲན་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འབྲོག་དགོན ་བར་གཤེགས་ནས། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་བཏང་ནས། འོད་ཟེར་དེས་ཁྱེའུ་ཆུང་ངུ་སྐྲག་ཅིང་དངངས་པ་དེའི་ལུས་ལ་རེག་པར་བྱསོ།། ཁྱེའུ་དེས་འོད ་ཟེར་དེ་མཐོང་བ་དང་། ཕ་མ་མཐོང་བ་དང་འདྲ་བར་འཇིགས་པ་འམ། བག་ཚ་བའི་སེམས་མེད་དོ།། དེའི་ཚེ་འབྲོག་དགོན་པའི་ཡི་དྭགས་ཀྱི་བདག་པོས། ཕ་འོང་ཆེན་པོ་ཆེ ་ཁྱད་འཕང་དུ་མཐོ་བརྒྱ་ཉི་ཤུ་པ་ཅིག་བླངས་ཏེ། བཅོམ་ལྡན་འདས་ལ་གཟས་ནས་མིག་ནས་མེ་དང་གློག་བྱུང་སྟེ། འབྲུག་གི་སྒྲ་ལྟ་བུ་བསྒྲགས་ནས། སེར་བ་ཆེ་ཁྱད་བྱ ་ནམ་མཁའ་ལྡིང་གི་སྒོ་ང་ཙམ་ཤ་དག་གིས་དེ་བཞིན་གཤེགས་དཔའི་སྟེང་གི་ན་མཁའ་ལས་བཏེག་སོ།། སངས་རྒྱས་ཀྱི་སྐུ་ལ་མ་རེག་པར་སྤྲུལ་པའི་སངས་རྒྱས ་གྱུར་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་སོ་སོ་ནས་མེ་དཔལ་ཞེས་བྱ་བའི་ཏིང་འཛིན་ལ་བཞུག་སོ།། མེ་དཔལ་གྱིས་འབྲོག་དགོན་པའི་ས་གནས་ཀུན་རབ་ཏུ་འབར ་བར་བྱས་ཀྱང་། ཡི་དྭགས་ཀྱི་བདག་པོ་མ་སྦག་སྟེ། ན་མཁའ་ལས་ཕ་བོང་འཕངས་སོ།། ཕ་བོང་དེ་ཡང་རིན་པོ་ཆེའི་ཁང་པ་བརྩེགས་པར་གྱུར་ཏེ། ཁང་པ་བརྩེགས་པ་དེ ་ལས་སངས་རྒྱས་ཁྲི་ཕྲག་དུ་མ་གསུང་འཐུན་པར་བྱམས་པའི་སེམས་དང་ལྡན་པ་བསྔགས་ཤིང་བསྟོད་པ་འཚད་ཀྱང་། ཡི་དྭགས་ཀྱི་བདག་པོ་མ་ཐུལ་ཏོ།། དེའི་ཚེ་དེ་ཉིད ་དུ་ལག་ན་རྡོ་རྗེ་རྡོ་རྗེ་གསོར་ཞིང་རལ་གྲི་ཕྱར་ནས། ཁྲོ་གཉེར་བསྐུམས་ཏེ་མིག་ནི་གློག་ལྷུར་འབར། ཨག་ཅོམ་ཡང་མཚོན་ལྟར་རྡོ་སྟེ། རྡོ་རྗེ་ཡི་དྭགས་ཀྱི་བདག་པོ་ལ ་གཟས་པ་དང་། གནམས་ཀུན་ཏུ་དིར་ཅེས་གྲགས་པའི་སྐད་ཆེན་པོ་ཕྱུང་བས་ཡི་དགས་དེ་སྐྲག་ནས་ཁྱེའུ་ཆུང་ངུ་དེ་པང་དུ་བླངས་ཏེ། བཅོམ་ལྡན་འདས་གང་། ་ན་བ་དེ་ལོགསུ་པུས་མོ་གཙུགས་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ་དགོངས་ཤིག། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་བདག་གི་སྲོག་གི་སྐྱབས་མཛོད་ཅིག་ཅེས ་གསོལ་ཏོ།། དེའི་ཚེ་ལག་ན་རྡོ་རྗེ་རྡོ་རྗེ་དེ་ཉིད་ལྕགས་ཀྱི་རི་ཆེན་པོ་ངོས་བཞི་ནས་མེ་འབར་བའི་རིམ་པ་བདུན་གྱིས་བསྐོར་བར་སྤྲུལ་ཏོ།། ཡི་དྭགས་ཀྱི་བདག་པོ་དེ་མེས་རབ་ཏུ ་གདུངས་པ་ལས་པང་ན་ཁྱེའུ་འདུག་པ་དེས་ལག་པ་བཏེག་ཏེ། ཡི་དྭགས་ཀྱི་བདག་པོ་ལ་སྨྲས་པ་སངས་རྒྱས་ལ་ཕྱག་འཚལོ་ཞེས་གྱིས་ཤིག། ཁོ་བོས་ཀྱང་སངས་རྒྱས་ཤེས ་བརྗོད་པས་འཆི་བ་ལས་སོགས་པར་གྱུར་གྱིས། ཁྱོད་ཀྱང་སང་ས་རྒྱས་ལ་ཕྱག་འཚལོ་ཞེས་གྱིས་ཤིག་ཅེས་བརྗོད་དོ།། དེའི་ཚེ་ཡི་དྭགས་ཀྱི་བདག་པོ་འཇིགས ་རྨག་ནས་མ་ཚོར་བར་སངས་རྒྱས་ལ་ཕྱག་འཚ་ལོ་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དགེ་སློང་གེའུ་ཏ་མ་བདག་གི་སྲོག་གི་བསྐྱབས་མཛད ་དུ་གསོལ་ལོ་ཞེས་བརྗོད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚངས་པའི་གསུང་དབྱངས་ཀྱི་ཕ་མས་བུ་ལ་སྨྲས་པ་ལྟར་ཡི་དྭགས་ཀྱི་བདག་པོའི་སྤྲོ་བ་བསྐྱེད་དོ།། ལག་ན་རྡོ་རྗེས ་ཡི་དྭགས་ཀྱི་བདག་པོ་ལ་སྨྲས་པ། ཁྱོད་དེ་མྱུར་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལེ་སྐྱབསུ་སོང་ཤིག། ཁྱོད་གལ་ཏེ་སྐྱབསུ་མི་འགྲོ་ན་ཁྱོད་དང་ཁྱོད་ཀྱི་འཁོར་ཁྲི་བྲག ་བརྒྱ་སྟོང་དུ་བཅས་ཏེ་རྡུལ་བཞིན་དུ་ཕྱེ་མར་བྲག་གོ།། དེ་ནས་འབྲོག་དགོན་པའི་ཡི་དྭགས་ཀྱི་བདག་པོ་འཇིགས་ཤིང་སྦགས་ནས་ཡན་ལག་ལྔ་ས་ལ་གཏུགས་ཏེ། སངས་རྒྱས་ལ། ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཟས་སུ་མི་ཤ་འཚལ་ན། ད་སྲོག་མ་བཀུམ་ན་ཅི་ཞིག་འཚལ་བར་བགྱི། ་བཅོམ་ལྡན་འདས་ཀྱིས་ཡི་དྭགས་ཀྱི་བདག་པོ་ལ་བཀའ་སྩལ་པ། ཁྱོད་སྲོག་མི་གཅོད་པར་ནུས་ན། ངའི་ཉེ་གནས་རྣམས་ཆོས་མེད་པར་མ་གྱུར་ཀྱི་བར་དུ་ཁྱོད་ཀྱི་ཟས་སྦྱིན ་དུགཞུག་གོ།། ངའི་བྱིན་གྱི་རླབས་ཀྱིས་ཁྱོད་འདྲངས་པར་ཡང་བྱའོ།། ཡི་དྭགས་ཀྱི་བདག་པོ་དེ་སྐད་ཅེས་བཀ་འསྩལ་པ་ཐོས་ནས་རབ་ཏུ་དགའ་སྟེ། ཐལ་མོ་སྦྱར ་ནས་དེ་བཞིན་གཤེགས་པ་ལས་ཁྲིམས་ལྔ་མནོས་སོ།། ཁྲིམ་ས་ལྔ་མནོས་ནས། མེའི་རི་རྣམས་འདབ་ཆགསུ་སྤྲུལ་པའི་སངས་རྒྱས་ཀྱིས་འབྲོག་དགོན་པར་ཡོངས ་སུ་གང་ཞིག་སྤྲུལ་སངས་རྒྱས་གཅིག་ཅིང་ཞ་འབྲིང་དགའ་བོ་རེ་རེ་ཡོད་པར་མཐོང་ངོ་།། སྤྲུབ་པའི་སངས་རྒྱས་དེ་དག་སོ་སནས་ཏུ་འཐུན་པར་ཁྲིམས་ལྔ་འཆད་པར་ཐོས་སོ།། ་འབྲོག་དགོན་པའི་ཡི་དགས་ཀྱི་བདག་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཡོན་ཏན་ཅན་ཁྱོད་ཀྱི་ཕྱིར་བདུད་རྩི་དང་འདྲ་བ་བླ་ན་མེད་པའི་ཆོས་ཀྱི་རོ་མྱོང་བར ་གྱུར་ཏོ།། དེའི་ཚེ་ལག་ན་རྡོ་རྗེས་རྡོ་རྗེ་དེ་ན་མཁའི་དབྱིངས་བོར་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་རྡོ་རྗེ་དེ་གསེར་གྱི་རི་རབ་ལྷུན་པོ་བརྒྱ་ཕྲག་དུ་མར ་།། གྱུར་ཏོ།། རི་རབ་ལྷུན་པོ་གཅིག་ལ་ཡང་བྲག་ཕུག་ཁྲི་ཕྲག་དུ་མ་སྙེད་ཡོད་དོ།། བྲག་ཕུག་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་དུ་མ་འཆག་ཅིང ་གཤེག་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཞབས་འདེགས་སམ་འཇོག་པ་ན་ཞབས་ཀྱི་འོག་ན་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་རང་བྱུང་ངོ་།། ཁང་པ་བརྩེགས་པ་དེ ་དག་རེ་རེའི་སྟེང་ན་སྤྲུལ་པའི་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་སྐྱིལ་མོ་ཀྲུངས་བཅས་ནས་བཞུགས་པར་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་བཀའ ་སྩལ་པ། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་གྱུར་པ་རྣམས་དེ་བཞིན་གཤེགས་པས་འབྲོག་དགོན་པའི་ཡི་དྭགས་ཇི་ལྟར ་བཏུལ་བའི་དབང་དང་རྫུ་འཕྲུལ་ཤེས་པར་འདོད་པ་ངག་དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ། བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས། སེམས་ཅན་གང་ཆོས་འདི་སེམས་པ་འམ། ཆོས་འདི་རྗེསུ་དྲན་པར་བྱེད ་པ་འམ། དེ་ལྟར་འདུ་ཤེས་ཡིད་ལ་བྱེད་པ་ནི་བསྐལ་པ་ཁྲི་ཕྲག་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངསུ་སྤོང་བར་འགྱུར་ཞིང་། གང་ནས་གང་དུ་སྐྱེས་ཀྱང་ཡི་དྭགས་ཀྱི ་ལུས་སུ་མི་འགྱུར་ཏེ་རྟག་ཏུ་སངས་རྒྱས་དང་མི་འབྲལ་ཞིང་ཕྲད་པར་འགྱུརརོ།། ཇི་སྟེ་སངས་རྒྱས་མི་བཞུགས་པའི་དུས་སྐྱེས་ན་ཡང་། རང་སངས་རྒྱས་དང་ཕྲད་པར་འགྱུརརོ།། ་གལ་ཏེ་རང་སངས་རྒྱས་མེད་ན་ཡང་དྲང་སྲོང་ཆེན་པོ་དང་ཕྲད་དེ། ཡང་དག་པའི་ལམ་སྟོན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་རྗེས ་དྲན་པར་བྱ་བའི་སྤྱོད་ཡུལ་འདི་གཟུངསུ་ཟུང་ལ། ཕྱི་མ་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ལ་རྒྱས་པར་སྟོན་ཅིང་། ཤོད་ཅིག། འདི་ནི་སངས་རྒྱས་ཀྱི་མངོན་པར་ཤེས ་བའི་སྤྱོད་ཡུལ་ཞེས་བྱ་སྟེ། དངོས་འདི་ལས་ལོག་ན་སངས་རྒྱས་ལ་བསྐུར་བ་དང་། བྱང་ཆུབ་ཀྱི་ས་བོན་བཅད་པ་ཞེས་བྱའོ།། གང་ཆོས་འདི་འཛིན་པ་ལ་ཡི་དྭགས་དང་གདོད ་གྱིས་མི་ཚུགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་སྐྱོབས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན ་གཤེགས་པས་ཡུལ་ན་ག་ཧ་ལ་ཞེས་བྱ་བ་ན། དྲང་སྲོང་སྙིང་གི་རི་མེ་ཏོག་ཙམ་པ་ཀའི་ཚལ། ཀླུག་དུགས་པ་ཅརན་གྱི་རྫིང་གི་འགྲམ། པདྨོ་སྔོན་པོའི་ནུ་མིག་གི ་བྱང་ཕྱོགས་ཀྱི་རི་ཨ་ན་སི་ཞེས་བྱ་བའི་ལྷོ་ཕྱོགས་ན་སྲིན་པོའི་བྲག་ཕུག་ཡོད་དོ།། དེའི་ཚེ་བྲག་ཕུག་དེ་ན་སྲིན་མོ་ལྔ་ཞིག་ཀླུའི་བུ་མོར་སྤྲུལ་ཏེ། ཀླུ་གདུག་པ་ཅན་དང་འཁྲི་ནས ་ཀླུའི་གདུག་པས་ནི་སེར་བ་ཕག། སྲིན་མོས་ནི་ཆོས་མ་ཡིན་པ་སྤྱོད་དེ། མུ་གེ་དང་ནང་ཡམས་བྱུང་ནས་ལོ་བཞིའི་བར་དུ་མ་ཆང་ངོ་།། དེའི་ཚེ་ཡུལ་དེའི་རྒྱལ་པོ་དེ་འཇིགས་ཤིང ་སྐྲག་ནས། བདག་གིས་ལྷ་ལ་མཆོད་པ་བྱས་ཀྱང་ཕན་པར་མ་གྱུར་ཏོ།། ཡུལ་གྱི་སྔགས་མཁན་གྱིས་ཀླུ་གདུག་པ་ཅན་ལ་སྔགས་བྱས་ཀྱང་སྲིན་མོའི་མཐུ་ཆེ་བས་སྔགས ་། ཀྱིས་མཚུག་སོ།། དེའི་ཚེ་རྒྱལ་པོ་འདི་སྙམ་དུ་ལྷ་འམ་མི་ཞིག་གིས་སྲིན་མོ་འདི་ཡང་བསྐྲད་ལ། ཀླུ་གདུག་པ་ཅན་འདི་ཡང་བཏུལ་ན། བདག་གི་ལུས་མ ་ཡིན་པ་གཞན་ཇི་ཡང་མི་ཕངསོ་སྙམས་བསམ་སོ།། དེའི་ཚེ་ཡུལ་དེ་ན་ཀུན་ཏུ་རྒྱུ་བ་ཤེས་རབ་རྣོ་ཞིང་མང་དུ་ཤེས་པ་དང་ལྡན་པ་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ ་ཏོ།། ཡུལ་སེར་སྐྱ་ཞེས་བགྱི་བ་ན་རྒྱལ་པོ་ཟས་གཙང་མའི་སྲས་ཤིག་ཐོག་མ་བལྟམ་པ་ན། ལྷ་ཐམས་ཅད་ཀྱིས་བསྲུངས་ཏེ་རིན་པོ་ཆེ་སྣ་བདུན་དང་ལྡན་ནས། དྲང་སྲོང ་མཚན་མཁན་མི་དཀར་བས་བལྟས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། གླིང་བཞི་ལ་དབང་བར་འགྱུ་རོ།། དེ་ལ་མི་ལ་ལ་དགའ་ཞིང་མོས་པར་འགྱུར་ན། ་ཡང་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ།། ད་ལྟར། མངོན་པར་སངས་རྒྱས་ནས་ཤཱཀྱ་ཐུབ་པ་ཞེས་བགྱི་བ། སྐུའི་ཚད་ནི་མཐོ་བཅུ་དྲུག་ལ་མཚན་སུམ་ཅུ ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་ཞིང་། ཞབས་ནི་པད་མ་ལ་འདོར་ཞིང་གཤེགས་པ། མགུར་དང་སྐུ་ཀུན་ནས་འོད་ཉི་མ་ལྟ་བུར་གསལ་ཞིང་མཛེས་ཏེ། ་གསེར་གྱི་རི་དང་འདྲ་བ་ཞིག་བཞུག་སོ།། ཞེས་གསོལ་ཏོ།། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་གཞུགས་པའི ་ས་ཕྱོགསུ་ཕྱག་འཚལ་ནས་སྐྱབ་སུ་གསོལ་ཏོ།། གལ་ཏེ་ཀུན་ཏུ་རྒྱུ་འདིས་སྨྲས་པ་བདེན་ཏེ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་ལ ་སྲིད་དམ། བདག་ཅག་གི་གཙུག་ལག་བཤད་པ་ལས་ཀྱང་བསྐལ་པ་དགུ་འདས་ནས་གདོད་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་ངོ་ཞེ་ན། ཇི་ད་ལྟར ་སངས་རྒྱས་འཇིག་རྟེན་ན་ཇི་སྲིད་བཞུགས་སམ། ཇི་སྟེ་བཞུགས་ན་ཇིའི་སླད་དུ་ཡུལ་འདིའི་ཕྱོགསུ་ཐུགས་བརྩེ་བའི་གནསུ་མ་གྱུར་སྙམ་མོ།། དེའི་ཚེ་སྟེང་གི་ན་མཁའ་ལས ་འདི་སྐད་དུ་རིགས་ཀྱི་བུ་ཐེ་ཚོམ་མ་བྱེད་ཅིག། སངས་རྒྱས་ཤཱཀྱ་ཐུབ་པ་ཤིན་ཏུ་བརྟུན་པའི་བརྩོན་འགྲུས་ཀྱིས་བསྐལ་པ་དགུ་ལས་འདས་སོ་ཞེས་སྨྲ་བའི་སྒྲ་གྲགསོ།། སྨྲ་བའི ་ཚིག་ཐོས་ནས་པུས་མོ་ས་ལ་གཙུགས་ཏེ། བདུག་པོས་བསྲེགས་ཤིང་ཐལ་མོ་སྦྱར་ནས་བསྔགས་ཤིང་བསྟོད་དེ། འདི་སྐད་དུ་བཅོམ་ལྡན་འདས་མངོན་པར་མཁྱེན་པ་དང ་ལྡན་པ་བདག་གི་སེམས་པ་འདི་མཁྱེན་ན། བྱམས་པ་དང་། ཐུགས་རྗེས་ཡུལ་འདིར་གཤེགས་པར་སྨོན་ཏོ།། དེའི་ཚེ་སྤོས་ཀྱི་དུང་པས་སངས་རྒྱས་གཟུགས ་པའི་གཞལ་མེད་ཁང་དུ་ཕྱིན་ཏེ། བཻ་ཌཱུཪྻ་དཀར་པོའི་སྤྲིར་དུ་གྱུར་ནས། དེ་བཞིན་གཤེགས་པ་ལ་ལན་བདུན་བསྐོར་ཏེ། གསེར་གྱི་གདུགས་གྱུར་ཏོ།། གདུགས་ཀྱི་དྲིལ་བུ་ལས ་འདི་སྐད་ཀྱི་སྒྲ་སྙན་པས། སངས་རྒྱས་སྤྱན་འདྲེན་པ་དང་། དགེ་སློང་གི་དགེ་འདུན་ཡང་གཤེགས་པར་གསོལ་བའི་སྒྲ་སྐད་བྱུང་བར་གྱུར་ཏོ།། དེའི་ཚེ་དེ་བཞིན་གཤེགས ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། དགེ་སློང་གི་དགེ་འདུན་རྣམས་ལས་མངོན་པར་ཤེས་པ་དྲུག་པོ་ཐོབ་པ་དག་ཞམ་འབྲིང་དུ་ཆོས་ཤིག། རག ་ཧ་ལའི་རྒྱལ་པོ་ཕུར་པ་བུད་དེ་འབོད་པའི་ཡུལ་དེར་འདོང་ཞེས་བཀའ་སྩལ་ནས། འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་ཏེ་བཻ་ཌཱུཪྻའི་རི་སྤྲུལ་ནས ་རི་དེ་ལ་འབབ་ཆུ་དང་ཆུ་མིག་དང་། ཁྲུས་ཀྱི་རྫིང་བུ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་དང་། ཤིང་གི་འོག་ན་གསེར་གྱི་ཁྲི་བཙུགས་པ་ལ་དངུལ་གྱི་འོད་འབར་ཏེ། འོད་ལས ་ཕུག་ཏུ་གྱུར་པའི་ནང་ན། འོད་སྲུངས་ཆེན་པོ་དེ་ན་རྟག་ཏུ་མི་ཉལ་བར་འདུག་གོ།། སློབ་མ་རྣམས་ཀྱང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནསོ།། རི་དེ་སྤྲིར་མགྱོགས་པ ་འམ་རླུང་དྲག་པོ་ལྟར་དྲང་སྲོང་སྙིང་གི་རི་ལ་ཕྱིན་པར་གྱུར་ཏོ།། མོའུ་འགལ་ཡ་ན་ཆེན་པོ་ཡང་འཁོར་ལྔ་བརྒྱ་དང་བཅས་ཏེ། ཀླུ་འཁྱིལ་པ་བརྒྱ་སྟོང་སྤྲུལ་ནས། དེ་ལ ་འདུག་ཅིང་ཀླུའི་ཁ་ནས་མེ་ཕྱུང་སྟེ། གསེར་གྱི་ཁང་། བ་བརྩེགས་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་། རིན་པོ་ཆེའི་བླ་རེ་དང་། གདུགས་དང་། རྒྱལ་མཚན་དང ་དན་ཚད་མེད་པར་སྤྲུལ་པའི་ནང་ན་མེའུ་དག་ལ་ཡ་ན་པོ་ཌཱུཪྻའི་མི་ལྟ་བུར་ཕྱི་ནང་གསལ་བར་འདུག་པ་དག་དྲང་སྲོང་རྙིང་གི་རི་ལ་ལྤག་སོ།། ཤཱ་རིའི་བུ་ཡང་མངོན་པར་ཤེས་པའི ་མཐུས་གངས་རི་ལྟ་བུའི་ཤེལ་གྱི་རི་སྤྲུལ་ཏེ། ཤེལ་གྱི་ཕུག་གི་ནང་ན་དགེ་ཚུལ་གྱུན་ཏེ་ལ་སོགས་པ་དགེ་ཚུལ་ལྔ་བརྒྱ་དང་། རིན་པོ་ཆེ་སྣ་བདུན་གྱི་ཕུག་ཏུ་བཅས་ཏེ། གངས་ལྔ། ་བུའི་ཤེལ་གྱི་རིས་བསྐོར་ནས། ཤཱ་རིའི་བུ་ཤེལ་དཀར་པོའི་ཕུག་གི་ནང་ནས་གསེར་གྱི་མི་ལྟ་བུར་སྤྲུལ་ཏེ། གསེར་གྱི་ཁ་དོག་གི་འོད་བཏང་ནས། འོད་རྣམ་པ་སྣ་ཚོགས་ཀྱིས ་ཐམས་ཅད་ཟིལ་གྱིས་མནན་ཏེ། ཆོས་ཀྱི་སྒྲ་ཆེན་པོ་ཡོངསུ་སྒྲོག་ཅིང་དགེ་ཚུལ་རྣམས་ཉན་བཞིན་དུ་ཡུལ་དེར་ལྷག་སོ།། ཀ་ཏྱ་ཡ་ན་ཆེན་པོ་ཡང་འཁོར་དགེ་སློང་ལྔ་བརྒྱ་དང་། ་པད་མོ་གསེར་གྱི་ཁང་པ་བརྩེགས་པ་ལྟ་བུ་མང་པོ་དག་སྤྲུལ་ཏེ། དགེ་སློང་རྣམས་དེ་ལ་འདུག་ནས་ལུས་ཀྱི་སླད་ནས་ནི་འོད་ཟེར་ཆུ་ལྟ་བུ་བྱུང་སྟེ། ཆུ་མིག་ལྟ་བུའི་འོད་ཟེར ་པདྨོའི་བར་ཀུན་ན་འབབ་ཀྱང་ས་ལ་མི་ཟག་གོ།། སྟེང་ནས་ཀྱང་ཡང་གསེར་གྱི་བླ་རེ་བྲེས་ཏེ། དགེ་སློང་རྣམས་དེའི་ནང་ན་འདུག་སྟེ། ཡུལ་དེར་ལྷག་སོ།། དེ་ལྟར་དགྲ་བཅོམ་པ ་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་རྣམས་ཀྱང་སོ་སོ་ནས་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་ཏེ། མངོན་པར་ཤེས་པ་ཡང་ཤཱ་རིའི་བུ་དང་མོའུ་དག་ལ་ཡ་ན་དང་འདྲ་བར་བྱས ་ནས་སྟེང་གི་ན་མཁའ་ལས་འཕགས་ནས། ངང་པ་འི་རྒྱལ་པོ་ལྡིངས་པ་བཞིན་དུ་ཡུལ་དེར་ལྷག་སོ།། དེའི་ཚེ་བཅོམ་ལྡན་འདས་ཆོས་གོས་བསྣམས་ལྷུང་བཟེད་བསྡམ ་ནས། ཆོས་གོས་བཏིང་བ་ཡང་དགའ་བོ་ལག་ཏུ་བསྐུར་ཏེ། བཅོམ་ལྡན་འདས་ན་མཁའ་ལ་གོམ་པས་གཤེག་སོ།། བཅོམ་ལྡན་འདས་གོམ་པས་གཤེགས་པ་ན། རྒྱལ ་ཆེན་རིས་བཞིའི་རྒྱལ་པོ་དང་། བརྒྱ་བྱིན་ལྔའི་དབང་པོ་དང་། གཞན་ཡང་ལྷའི་བུ་གྲངས་མེད་པ་དང་། ལྷའི་བུ་མོ་བརྒྱ་སྟོང་སྙེད་ཀྱིས་བཅོམ་ལྡན་འདས་ལ་ལར་བདུད་བསྐོར ་ཏེ་ཕྱག་འཚལ་ནས་ཞ་འབྲིང་དུ་ཆས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མགུར་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཏང་ནས། འོད་ཟེར་དེ་ལས་སྤྲུལ་པའི་སངས་རྒྱས་ཁྲི ་། ཕྲག་བརྒྱ་སྟོང་སྤྲུལ་ཏོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་དེ་བཞིན་དུ་མགུར་གྱི་འོད་ཟེར་བཏང་སྟེ། དེ་བཞིན་དུ་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་བརྒྱད་སྟོང ་སྤྲུལ་ཏེ། སྤྲུལ་པའི་སངས་རྒྱས་ཀྱིས་འདབ་ཆགསུ་ན་མཁའི་ཁམས་ཡོངསུ་བཏང་སྟེ། ངང་པའི་རྒྱལ་པོ་ལྡིངས་པ་བཞིན་དུ་ཡུལ་དེར་གཤེག་སོ།། ཡུལ་དེར་གཤེགས་ནས། རྒྱ ་པོས་སངས་རྒྱས་བསུས་ཏེ། སངས་རྒྱས་ལ་ཕྱག་འཚལོ།། དེའི་ཚེ་ཀླུའི་རྒྱལ་པོས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་གཤེགས་པ་མཐོང་ནས། ཀླུ་ཆེན་པོ་བཅུ་དྲུག་གིས་རྣམཁ ་ལ་སྤྲིན་ཆེན་པོ་བརྒྱད་ནས་འབྲུག་སྒྲ་ཆེན་པོ་བསྒྲགས་ཏེ་སེར་བ་ཕབ་བྲོ།། མིག་ནས་ཀྱང་གློག་ལ་འབྱིན་ཅིང་། ཁ་ནས་ཀྱང་མེ་ཕྱུང་སྟེ། སྡེར་མོ་དང་། ལུས་ཀྱི་བ་སྤུའི་ཁུང་བུ་ཀུན་ནས ་དུད་པ་འཐུལ་ཞིང་མེ་རབ་ཏུ་འབར་རོ།། སྲིན་མོ་ལྔ་ཡང་མི་སྡུག་པའི་གཟུགས་བསྟན་ཏེ་མིག་གློག་དང་འདྲ་བར། འབར་བཞིན་དུ་དེ་བཞིན་གཤེགས་པའི་སྤྱན་ངར ་འགྲོང་ངོ་དེའི་ཚེ་ཀླུའི་བུ་ཞིག་གིས་བལྟས་ན། སྟེང་གི་ན་མཁའ་ལ་སྤྲུལ་པའི་སངས་རྒྱས་ཀྱིས་ཡོངསུ་གང་བར་མཐོང་ངོ་།། ། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་མེ་དང ་གདུགས་པས། སངས་རྒྱས་གཅིག་ལ་གནོད་པ་བྱ་བར་ཆས་ན། ད་ལྟར་བར་སྣང་ལ་སངས་རྒྱས་གྲངས་མེད་པ་ཞིག་བཞུགས་ན་ཞེས་སྨྲསོ།། དེ་ནས་ཀླུ་གདུགས་པ་ཅན་གདུགས ་པའི་སེམས་ལྷག་པར་ཡང་སྐྱེས་ཏེ། བུ་ལ་སྤྱོ་བ་བྱས་ནས། ད་ལྟར་སངས་རྒྱས་གཅིག་ལས་མེད་ན་མང་པོ་ག་ལ་ཡོད་ཅེས་སྨྲའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ ་རྗེས་རྡོ་རྗེ་ཐོགས་པ་གྲངས་མེད་པའི་ལུས་སྤྲུལ་ནས། རྡོ་རྗེ་མགོ་ལ་མེ་མགལ་བསྐོར་བ་བཞིན་དུ་མེ་འབར་ཏེ། མེའི་འཁོར་ལོ་འདབ་ཆགསུ་སྟེང་གི་ན་མཁའ་ལས་བབས་ནས་མེ ་རབ་ཏུ་འབར་བ་ལྕགས་ཁུ་དང་འདྲ་བས་ཀླུ་མ་རུངས་པའི་ལུས་བསྲེག་སོ།། ཀླུའི་རྒྱལ་པོ་དེས་འཇིགས་ཤིང་སྐྲག་སྟེ། འབྲོས་ཁུང་མེད་ནས་སངས་རྒྱས་ཀྱི་གྲིབ་མའི་ནང་དུ་ཞུག་སོ།། ་སངས་རྒྱས་ཀྱི་གྲིབ་མ་རབ་ཏུ་བསིལ་བས་ཟིལ་དངར་གྱི་ཆུས་ཕོག་པ་བཞིན་དུ། ཀླུའི་ཚ་བ་ཞི་བར་གྱུར་ནས་ན་མཁའ་ལ་བསྡུས་ན་སྟེང་གི་བར་སྣང་ལ་སངས་རྒྱས་ཀྱིས་ཡོངས ་སུ་གང་བར་མཐོང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འོད་ཟེར་གྲངས་མེད་པ་སྟོང་སྟེ། འོད་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་དག་བཞུག་སོ་། ་སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས། འོད་གྲངས་མེད་དཔ་བརྒྱ་སྟོང་སྙེད་གཏོང་། འོད་དེ་དག་གི་ནང་ན་ལག་ན་རྡོ་རྗེ་རྡོ་རྗེ་གསོར་བས་ཡོངསུ་གང་བར་མཐོང་ངོ་།། ་ཀླུ་རྣམས་ཀྱིས་སངས་རྒྱས་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེསོ།། ལག་ན་རྡོ་རྗེ་མཐོང་ནས་རབ་ཏུ་འཇིགས་ཤིང་སྐྲག་སྟེ། ཐལ་མོ་སྦྱར་ནས་སྟི་སྟང་དུ་བཅས་ཏེ། སངས ་རྒྱས་ལ་ཕྱག་འཚལ་ཏོ།། སྲིན་མོ་ལྔ་ཡང་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏོ།། དེའི་ཚེ་ལྷའི་བུ་རྣམས་ཀྱིས་མེ་ཏོག་མར་ད་ར་བ་དང་། མར་ང་ར་བ་ཆེརན་པོ་དང་། མར་འཇུ ་ཤཱ་ཀ་ཆེན་པོ་ཆེར་བཞིན་དུ་ཕབ་སྟེ། མཆོད་པ་བྱས་ནས་ལྷའི་རྔ་ཡང་རང་རྡུང་ཞིང་། ལྷ་རྣམས་ཐལ་མོ་སྦྱར་རས་སྟེང་གི་མཁའ་ལ་སྡོང་ངོ་དོ།། དེའི་ཚེ་རྒྱལ་པོ་དེ་འཁོར་ལྔ་སྔོ ་དང་བཅས་ཏེ། བདུག་པོས་སྣ་ཚོགས་བསྲེགས་ནས་སྤྱི་བོས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏོ།། བཅོམ་ལྡན་འདས་བདག་གི་མགོན་དང་སྐྱབས་མཛད་ཅིང ་ལག་ན་རྡོ་རྗེ་འདི་དག་གིས་ལུས་ལ་མི་གཅི་བར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་ཕྱུང་སྟེ། སངས་རྒྱས་ལ་ལག་གིས་དར་ཏེ། ཕུལ་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བདག་གི་མགོན་དང་སྐྱབས་མཛད་ཅིང་ལག་ན་རྡོ་རྗེ་འདི་དག་གིས་བདག་གིས་ལུས་ལ་མི་གཙེ་བར་མཛད་པར་ཅིག་ནང་ཞེས་གསོལ་ཏོ།། དེའི་ཚེ་དེ་བཞིན་གཤེགས་པས་ཚངས ་པའི་དབྱངས་ཀྱིས་མས་བུ་ལ་སྨྲ་བ་བཞིན་དུ་ཀླུའི་རྒྱལ་པོ་ལ་སྤྲོ་བ་སྐྱེད་དོ།། ཀླུའི་རྒྱལ་པོ་དང་སྲིན་མོ་ཡང་ཆོས་ཀྱི་རྒྱལ་པོར་བཏུལ་ཏོ།། དེའི་ཚེ་རྒྱལ་པོས་ཁྲི་མཐོང་པོ་བཙུགས ་ཏེ། ཁྱད་ན་རབ་ཏུ་འཇམ་པོ་བཏིང་ནས་རས་དཀར་པོའི་ཡོལ་བས་བསྐོར་ཅིང་། མུ་ཏིག་གི་དྲ་བས་བླ་རེ། ར་བྲེས་ནས། བཅོམ་ལྡན་འདས་གདན་དེ་ལ་བཞུགས་པར ་གསོལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཞབས་བཏེགས་ནས་གཤེགས་པ་ན། རི་དྭགས་ཀྱི་རྒྱལ་པོའི་བྱིན་པ་ལྟ་བུའི་ཞབས་ཀྱི་བྱེད་པ་ལས། འོད་ཁ་དོག་རྣམ་པ་ལྔ་དང་ལྡན་པ། ་བྱུང་སྟེ། སངས་རྒྱས་ལ་ལན་བདུན་བསྐོར་ནས། ལྷའི་མེ་ཏོག་དམ་པའི་བླ་རེར་གྱུར་ཏེ། མེ་ཏོག་གི་འདབ་མའི་བར་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྙེད་ཐལ་མོ།། ་སྦྱར་ཏེ། དབྱངས་དུ་མས་ཚིག་སུ་བཅད་ནས་བསྟོད་དོ།། སྟེང་གི་ན་མཁའ་ལ་སྤྲུལ་པའི་སངས་རྒྱས་བཞུགས་པའི་རྣམས་ཀྱི་ཞབས་ཀྱི་བྱེད་པ་ལས་འོད་བཀྱེ་བ་ཡང་སྔ་མ་བཞིནོ།། ་ཀླུ་ཕྲ་མོ་བཅུ་དྲུག་ལག་ན་རི་དང་ཕ་བོང་དང་། གནམ་ལྕགས་ཐོགས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ལྷགས་ནས། འཁོར་མང་པོས་འཇིགས་སྐྲག་སྟེ། སངས་རྒྱས་ཀྱི་འོད་ཀྱི་ནང་དུ ་ཞུག་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསེར་གཙོ་མ་ལྟ་བུའི་ཕྱག་བརྐྱང་ནས། ཕྱག་སོར་འབྲེལ་པའི་དྲ་བའི་བར་ན་རིན་པོ་ཆེ་ཆེན་པོའི་པདྨོ་ཆར་བཞིན་དུ་ཕབ་སྟེ། འཁོར་མང ་པོ་རྣམས་ཀྱིས་ནི་སྤྲུལ་པའི་སངས་རྒྱས་སུ་མཐོང་ངོ་།། ཀླུ་རྣམས་ཀྱིས་ནི་ན་མཁའ་ལྡིང་གི་རྒྱལ་པོས་འཚིག་ཅིང་ཟ་བ་ལྟ་བུར་མཐོང་སྟེ། ཀླུ་རྣམས་ན་མཁའ་ལྡིང་གིས་འཇིགས ་སྐྲག་ནས་སངས་རྒྱས་ཀྱི་གྲིབ་མའི་ཕག་ཏུ་ཞུགས་ཏེ། སང་ས་རྒྱས་ལ་ཕྱག་འཚལ་ནས་སྲོག་གི་སྐྱབས་མཛད་དུ་གསོལ་ཞེས་སྨྲསོ།། བཅོམ་ལྡན་འདས་ཡོལ་བ་དང་། ་ཉེ་བར་གཤེགས་ནས་དགའ་བོ་ལ་གདིང་བ་ཐིང་ཅིག་ཅེས་བཀའ་སྩལ་ཏོ།། དགའ་བོས་ཡོལ་བའི་ནང་། དུ་སོང་སྟེ། ལག་པ་གཡས་པ་བཏེག་ནས་འཕྲག་པ ་གཡོན་པ་ནས་གདིང་བ་བླངས་པའི་ཚེ། གདིང་བ་ལས་གསེར་གྱི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ། ཁྲི་ཕྲག་ལྔ་བརྒྱར་གྱུར་ཏོ།། གདིང་བ་གཏིང་བའི་ཚེ་གསེར ་གྱི་པདྨོ་ལ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་ཁྲི་ཕྲག་ལྔ་བརྒྱར་གྱུར་ཏོ།། གྲཝ་བཞི་ས་ལ་བརྐྱང་བའི་ཚེ་གྲཝ་གཅིག་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་པདྨོ་ཁྲི་ཕྲག་ལྔ་བརྒྱར་གྱུར་ཏེ། ་པདྨོས་འདབ་ཆགས་ཡོལ་བའི་ནང་གང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་སྣ་བདུརན་གྱི་ཁྲི་ལ་སྐྱིལ་མོ་ཀྲུང་བཅས་ནས་བཞུག་སོ།། པདྨོ་རྣམས་ཀྱི་སྟེང་ན་ཡང ་།། སངས་རྒྱས་དག་བཞུགས་པར་གྱུར་ཏོ།། དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་བཞུགས་པར་མཐོང་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ། ལན་བདུནད་བསོར ་ནས་སོ་སོ་ནས་གདིང་བ་བཏིང་ནས་འདུག་གོ།། དགེ་སློང་རྣམས་གདིང་བ་ནི། བཏིང་བ་ཐམས་ཅད་བཻ་ཌཱུརྱའི་སྔུར་ཏུ་གྱུར་ཏོ།། དགེ་སློང་རྣམས་བཻ་ཌཱུཪྻའི་སྟན་ལ་འདུག་ནས། བཻཌཱུཪྻའི ་སྟན་ནས། བཻ་ཌཱུཪྻའི་སྟན་ལས་འོད་བྱུང་སྟེ། བཻ་ཌཱུཪྻའི་བྲག་ཕུག་དུ་གྱུར་ཏོ།། དགེ་སློང་རྣམས་མེའི་འོད་ཀྱི་ཏིང་འཛིན་ལ་སྙོམས་པར་ཞུགས་པས། དགེ་སློང་དག་གི་ལུས་གསེར ་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་དེས་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཆོ་འཕྲུལ་དེ་ལྟ་བུ་དག་མཐོང་ནས། ངོ་མཚར་རྨད་ཀྱི་དགའ་བ་སྐྱེས་ཏེ། ཐལ་མོ་སྦྱར་ནས། དེ ་བཞིན་གཤེགས་པ་ལ་ལན་བདུན་བསྐོར་བ་བྱས་ཏེ་བྱ་ག་འཚལ་ནས། སངས་རྒྱས་ཀྱི་ཆོ་འཕྲུལ་མང་པོ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་སེམས་བསྐྱེད་དོ།། གཞན་ཡང་འཁོར་མང་པོ་རྣམས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ།། དེའི་ཚེ་ཀླུའི་རྒྱལ་རྒྱ་གར་སྐད་དུ། ཨཱརྠ་པ་ར་མཱ་རྦ་དྷརྨ ་