| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ནི་ནཱ་མ་མ་ཧཱ་ཡན་སུ་ཏྲ། བོད་སྐད་དུ། འཕགས་པ་སྤྱད་རས་གཟིགས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམ ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནོ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི ་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ། ཚུལ་ཁྲིམས་ཡོངསུ་དག་པས། དེ་བཞིན་གཤེགས་པ་ཡོངསུ་དག་གོ། བློ་གྲོས་རྣམ་པར་དག་པ། ཏིང ་འཛིན་ཡོངསུ་དག་པ་དང་། བཟོད་པ་ཡོང་སུ་དག་པ་དང་། ཕན་པའི་དངོས་པོ་ཡོངསུ་དག་པས། དེ་བཞིན་གཤེགས་པ་ཡོང་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། བྱམས་པ ་ཡོང་སུ་དག་པས། དེ་བཞིན་གཤེགས་པ་ཡོང་སུ་དག་གོ།། བློ་གྲོས་རྣམ་པར་དགག་སྙིང་རྗེ་ཡོངསུ་དག་པས། དེ་བཞིན་གཤེགས་པ་ཡོང་སུ་དག་གོ།། བྲོ་གྲོས་རྣམ་པར་དག་པ ་དགའ་བ་ཡོངསུ་དག་པ་དང་། བཏང་སྙོམས་ཡོངསུ་དག་པས། དེ་བཞིན་གཤེགས་པ་ཡོངསུ་དག་གོ།། བློ་གྲོས་རྣམ་པར་དག་པ། རྣམ་པར་གྲོལ་བ་ཡོངསུ་དག་པ་དང་། རྣམ་པར་གྲོལ་བའི། ་ཡེ་ཤེས་ཡོངསུ་དག་པས། དེ་བཞིན་གཤེགས་པ་ཡོངསུ་དག་གོ།། བློ་གྲོས་རྣམ་པར་དག་པ། སྟོབས་ཡོངསུ་དག་པས། དེ་བཞིན་གཤེགས་པ་ཡོངསུ་དག་གོ།། བློ་གྲོས་རྣམ་པར ་དག་པ། མི་འཇིགས་པ་ཡོངསུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངསུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོང་སུ་དག་པས། དེ་བཞིན་གཤེགས་པ་ཡོངསུ་དག ་གོ་བློ་གྲོས་རྣམ་པར་དག་པ། དེ་ལྟར་དེ་བཞིན་གཤེགས་པ་ཡོངསུ་དག་པ་ལ་སུ་ཞིག་མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ་རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་སྟི་སྟང་དུ་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུ་ས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་ལས། ཐེག་པ་གང ་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐའ་ཡང་ཟད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པ ་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ།། མཐའ་ཡས་སོ།། བསམ་གྱིས་མི་ཁྱབ ་བོ། མཚུངས་པ་མེད་དོ།། དཔག་ཏུ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས ་འཚོ་ཞིང་གཞེས་པ་ལ་སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ། ་སུ་ཞིག་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད ་པ་དང་། ཡང་དག་པར་སེམས་ཉེ་བར་གཞག་སྟེ། བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། ་རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོར་བར་བྱེད་པ་དེས་ཕན་ཡོན་ལྔ་ཡོངསུ་བཟུང་བར་འགྱུར་ཏེ། ལྔ་གང་ཞེ་ན། ་དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང ་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་དག་ཡོངསུ་བཟུང་བར་འགྱུར་རོ།། དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན ་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ ་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་སྐྱེ་བར་འགྱུར་བ་སྟེ། ཆོས་བཞི་པོ་དེ་དག་གོ།། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་དམ། བདུད་ཀྱི ་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་རྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་མཐོ་ཞིང་རིགས་ཆེ་བ་དང་། བཅས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི ་དུས་ན་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་སྟེ། བློ་གྲོས་རྣམ ་པར་དག་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་རྫི་བར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས ་བཅད་པ་འདི་དག་བཀའ་སྩལ་ཏོ།། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། སུ་ཞིག་སྐོར་བ་བྱེད་པ་ནི།། ཚེ་རབས ་དག་ནི་ཐམས་ཅད་དུ།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། དྲན་དང་ལྡན་ཞིང་བློ་གྲོས་ལྡན།། བསོད་ནམས་ལྡན་ནི་ང་འཇིགས་མེད་འགྱུར།། མཆོད་རྟེན་སྐོར་བ་བྱས་ནས་ནི།། ་ཚེ་རབས་དག་ནི་ཐམས་ཅད་དུ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར།། ངས་ནི་གང་དག་བསྟན་པ་ཡི།། མི་ཁོམ་བརྒྱད་པོ་དེ་དག་སྤོང་། ་སངས་རྒྱས་འབྱུང་བ་རབ་མཛེས་པ།། མཉེས་པར་བྱེད་འདི་དལ་བ་གཅིག། མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས།། མཚན་གྱིས་ལེགས་པར་བརྒྱན་པ་དང་།། མཐུ་དང་སྟོབས་དང ་ལྡན་པར་འགྱུར།། ལེ་ལོ་ཅན་དུ་དེ་མི་འགྱུར།། དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར།། བསོད་ནམས་ལྡན་ཞིང་རྫི་བ་མེད།། འཇིག་རྟེན་སྒྲོན་མ་མཉེས་བྱས་ནས།། ཡང་དང་ཡང་དུ་སྟི་སྟང་བྱེད ་། བདག་མེད་སྟོང་པའི་ཆོས་ཐོས་ན།། དེ་ནི་ཆོས་ལ་རྨོངས་མི་འགྱུར།། མྱུར་དུ་དད་པ་ཐོབ་འགྱུར་ཞིང་།། ཆོས་དོན་ཇི་བཞིན་མཁས་པར་འགྱུར།། ཚོང་དཔོན་ཁྱིམ་དང་རྒྱས་པ ་དང་། ཕྱུག་པོ་རྣམསུ་སྐྱེ་བར་འགྱུར།། དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར།། གཏོང་བ་བཏང་ཞིང་སེར་སྣ་མེད།། འཛམ་བུའི་གླིང་ན་གང་ཡང་རུང་།། ཁྱད་པར་ཅན་གྱི་རིགས་མཛེས་པ།། དེར ་ནི་བརྟན་པ་དེ་སྐྱེ་སྟེ།། དམའ་བ་དག་ནི་རྣམ་པར་སྦས།། མཆོད་རྟེན་བསྐོར་བ་བྱས་ན་ནི།། སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་།། དབང་ཆེར་གྲགས་པའི་ཁྱིམ་བདག་དང་།། དཔལ་དང་གཟི་བརྗིད་གཟི ་ལྡན་འགྱུར།། བྲམ་ཟེ་སཱ་ལ་ཆེ་འདྲ་དང་།། ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་།། རྒྱལ་རིགས་སཱ་ལ་ཆེ་འདྲ་དང་།། ཕྱུག་ཅིང་ནོར་ཆེན་ལྡན་པར་འགྱུར།། རིས་བསྐོར་རྒྱ་མཚོ་ཚུན་ཅད་ཀྱི།། ས ་ཀུན་ལ་ནི་གང་སྨོན་པ།། གླིང་བཞི་དག་གི་དབང་ཕྱུག་བླ།། རྒྱལ་པོ་ཆོས་དང་ལྡན་པར་འགྱུར།། འཁོར་ལོས་སྒྱུ་བ་རྫུ་འཕྲུལ་ཆེ།། རིན་ཆེན་བདུན་དང་ལྡན་པར་འགྱུར།། རྒྱལ་སྲིད ་གནས་ནས་སངས་རྒྱས་ལ།། ཡང་དང་ཡང་དུ་སྟི་སྟང་བྱེད།། འདི་ནས་ཤི་འཕོས་མཐོ་རིས་སུ།། སོང་ནས་སངས་རྒྱས་བསྟན་ལ་དང་། ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ།། ལྷ་ཡི་དབང་པོ ་བརྒྱ་བྱིན་འགྱུར།། ལྷ་དབང་ཤིན་ཏུ་འཐབ་བྲལ་དང་།། དེ་བཞིན་དུ་ནི་དགའ་ལྡན་དང་།། ལྷ་དབང་ཤིན་ཏུ་འཕྲུལ་པ་དང་།། དབང་སྒྱུར་འཇིགས་པ་མེད་པར་འགྱུར།། མཆོད་རྟེན་བསྐོར་བ ་བྱས་ན་ནི།། དེ་ནི་ཚངས་པའི་འཇིག་རྟེན་དུ།། ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་།། ལྷ་རྣམས་བྱེ་བས་མཆོད་པར་འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མི་གང་སྐོར་བ་བྱེད ་པ་ཡིས།། བསྔགས་པ་བསྐལ་པ་བྱེ་བར་ཡང་།། བརྗོད་པས་ཟད་པར་བྱ་མི་ནུས།། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས།། སྟོན་པའི་མཆོད་རྟེན་ཕྱག་འཚལ་བ།། དེ་ནི་བསྐལ་པ་བྱེ་བར་ཡང ་ནམས་ཀྱང་ལོང་ཞིང་འཐེང་མི་འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མངོན་ཏུ་སྐོར་བ་བྱེད་པ་ནི།། བུང་བ་སྔོན་པོ་མཛེས་འདྲ་ཡི།། རྣམ་པར་དག་པའི་མིག་འཐོབ་འགྱུར།། ་མཆོད་རྟེན་བསྐོར་བ་བྱས་ན་ནི།། དེ་ནི་ངེས་པར་རྟག་ཏུ་ཡང་།། འཐུན་པའི་དོན་ཀུན་ཐོས་འགྱུར་ཞིང་།། དོན་མིན་རྣམས་ནི་སྤངས་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། མཐུ། ་དང་སྟོབས་དང་ལྡན་པར་འགྱུར།། དེ་ནི་ལེ་ལོ་མེད་འགྱུར་ཞིང་། རྟག་ཏུ་བག་ཡོད་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ། བྱས་ན་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་བརྟན ་ལ། བརྟན་ཞིང་རྣམ་པར་གནོན་བརྟན་དང་།། དེ་ནི་མྱུར་དུ་མཁས་པར་འགྱུར།། མེ་དང་དུག་དང་མཚོན་གྱིས་དེ།། ནམས་ཀྱང་འཆི་དུས་བྱེད་མི་འགྱུར།། མཁས་པ་ཚེ་ནི་རྫོགས ་རྫོགསུ།། ཟད་པར་བྱས་ནས་འཆི་དུས་བྱེད།། མཆོད་རྟེན་བསྐོར་བ་བྱས་ན་ནི།། ཕོ་བྲང་འཁོར་དང་ཡུལ་འཁོར་དང་།། གྲོང་རྡལ་རྣམསུ་ལོངས་སྤྱོད་དང་།། གཟུགས་ཀྱིས་ཁྱད་པར། ་འཕགས་པར་འགྱུར།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། དེ་ནི་འདོད་པ་མི་སྟེན་ཅིང་།། ལུས་ཀྱང་གཙང་ལ་གོས་གཙང་ཞིང་།། གཙང་མའི་ཆོས་ལ་གནས་པར་འགྱུར།། བློ་གྲོས་རྣམ་པར ་དག་པ།། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉི་གའི་ལྷ་ང་ས་ལ ་བཙུགས་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་སྐུ་ལེགས་པར་བརྒྱད་པ་དེ། ཅི་འདྲ་བར ་བདག་གི་ལུས་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་དེ་ལ་མོས་པ་སྐྱེད་ན། བློ་གྲོས་རྣམ་པར་དག་པ། བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིརརོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ། ཡང ་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ། བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ།། དེ་ཅིའི་ཕྱི་ར་ཞེ་ན། བློ་གྲོས་རྣམ་པར་དག་པ། རིགས་ཀྱི་བུ་དེས་བསོད ་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངསུ་བཟུང་བའི་ཕྱིར་ཏེ། བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ། གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། གྲོང་དུ་འཇུག་ཀྱང་རུང་། འཆགས་ཀྱང་རུང་། འགྲེང་ཡང་རུང་། འདུག་ཀྱང ་རུང་ཆོས་སྟོན་ཀྱང་རུང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང ་ངམ་མི་འམ་ཅི་འམ།། ལྟོ་འཕྱེ་ཆེན་པོ་འམ། མི་འམ། མི་མ་ཡིན་པ་སེམས་ཅན་གྱི་གྲངསུ་མ་གཏོགས་པ་ཤིང་ངམ། རི་འམ། ཁུང་བུ་འམ། བུ་ག་འམ། བྱ་སྐྱིབས་ཀྱང་རུང ་སྟེང་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོག་སུ་འདུད་པ་དང་། རབ་ཏུ་འདུད་པ་དང་། ཀུན་ཏུ་འདུད་པ་མི་བྱེད་པ་དེ་གང་ཡང་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་དང་། ་ལྡན་པ་ལ་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཕོ་བྲང་འཁོར་ན་རྒྱུ་བ་ལ། སེམས་ཅན་རྣམས་འདུད། རབ་ཏུ ་འདུད་ཀུན་ཏུ་འདུད་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མོས་བསྐྱེད་དེ།། སངས ་རྒྱས་མཆོད་རྟེན་ལ་ནི་པུས་མོ་གཉིས་འཇུག་དང་།། སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ།། དེ་འགྲོ་ཚོན་འཇིག་རྟེན་གསུམ་པོ་འདུད་པ་བྱེད།། མི་རྣམས་གཙོ་བོར ་འབྱུང་གང་དུ་འགྲོ་བྱེད་པ།། དེ་ལོག་སུ་ནི་རྩཝ་དང་ཤིང་དང་སྡོང་ལྕགས་དང་།། སྨན་དང་ཤིང་ལོ་རྣམས་དང་། འབྲས་བུ་མདབ་མ་དང་།། ཡིད་འོང་དྲི་ལྡན་མེ་ཏོག་རྣམས་ནི ་འདུད་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རྣམ་ས་ལ་པུས་མོ་བཅུག་པ་ནི།། དེ་ལ་མིའི་དབང་པོ་ཀུན་ཀྱང་འདྲེན་པར་འགྱུར།། གནོད་སྦྱིན་དབང་དང་ཀླུ་དང་ལྷའི་རྒྱལ་པོ་དང་། ་ཚངས་པའི་དབང་པོ་ཐམས་ཅད་རྐང་པར་གཏུགས་པར་བྱེད།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བུས་གཙུགས་ཕྱག་བྱས་ན།། དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར ་བར་འགྱུར།། གསེར་གྱི་མདོག་ལྡན་མཚན་རྣམས་ཀྱིས་ནི་གོ་ཆར་འགྱུར།། མཐུ་ཆེ་བླ་མར་བྱ་ཞིང་ཐུབ་པར་དཀའ་བར་འགྱུར།། དེ་ཡི་ཡུལ་ན་སེམས་ཅན་གང་དག་གནས ་གྱུར་པ།། དེ་དག་ཐམས་ཅད་བྱམས་པའི་སེམས་དང་དགའ་བར་འགྱུར།། དེ་ལ་སེམས་ཅན་གང་ཡང་སྡིག་པ་མི་སྐྱེད་དེ།། སྐྱེ་བོ་ཚོགས་ཆེན་དགའ་ཞིང་ཡིད་དུ ་འོང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ།། དེ་ལ་སེམས་ཅན་ཀུན་གྱི་རྒྱལ་པོ་རབ་ཏུ་འདུད།། ལྷ་དང་ཀླུ་དང་མི་དང་ལྟོ་འཕྱེ་ཆེན་པོ་འདུད།། བསྐལ ་པ་མཐའ་ཡས་རྣམསུ་དབུགས་ཕྱིན་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ།། གང་ཚེ་རྒྱལ་བ་དམ་པ་བྱུང་བར་གྱུར་པའི་ཚེ།། དེ་བཞིན་ག ་བ་རྣམས་དང་ཉེ་བར་འགྱུར་བ་འཐོབ།། འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར།། འཇིག། རྟེན་སངས་རྒྱས་གྱུར་ཅེས་མོས་པ་བསྐྱེད་ནས་ནི།། བཅོམ ་ལྡན་མཆོད་རྟེན་རྣམས་ལ་པུས་གཙུགས་ཕྱག་འཚལ་བ།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་གྲངས་ཟད་འགྱུར་ན།། དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་མཚུངས་མེད་འཐོབ།། གང ་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ།། བསྐལ་པ་བྱེ་བ་གཞལ་ཡས་སྟི་སྟང་བྱེད་པ་བས།། གང་ཞིག་ཕྱི་དུས་མི་བཟང་བསྐལ་པ་འདི་ལ་ནི།། མཆོད་རྟེན་ཕྱག་འཚལ་དེ་ཡི ་བསོད་ནམས་ཆེས་མང་ངོ་།། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ།། སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བསྙེས་གྱུར་པ།། མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན ་རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར།། བྱང་ཆུབ་ཏུ་ནི་སེམས་བསྔོ་ཏེ།། མེ་ཏོག་འཕྲེང་བ་བྱས་ནས་སུ།། མཆོད་རྟེན་དག་ལ་སུ་འབུལ་བ།། དེ་ནི་ནམས་ཀྱང་པོ། ་མི་འགྱུར།། མི་ཡི་ནང་ནས་ཤི་འཕོས་ནས།། སུམ་ཅུ་རྩ་གསུམ་འགྲོ་བར་གྱུར།། དེར་ནི་རིན་ཆེན་སྣ་ཚོགས་ཀྱི།། གཞལ་མེད་ཁང་པ་ཐོབ་པར་འགྱུར།། མཆོད་རྟེན་འབྲེང་བ་འདིར ་ཕུལ་ན།། ཁང་བཟངས་དག་དང་ཁང་བརྩེགས་པ།། ལྷ་ཡི་བུ་མོས་བསྟེན་པ་རྣམས།། སུམ་ཅུ་གསུམ་དུ་སྤྱོད་པར་འགྱུར།། ཡན་ལག་བརྒྱད་ལྡན་ཆུས་གང་ཞིང་།། གསེར་གྱི་བྱེ་མ ་བདལ་གྱུར་པ།། བཻ་ཌཱུཪྻ་དང་ཤེལ་དག་གི། ལྷ་ཡི་རྫིང་བུ་ཐོབ་པར་འགྱུར།། དེར་ནི་ལྷ་ཡི་དགའ་སྤྱད་ནས།། མཁས་པ་ཚེ་ཚད་རྫོགས་པར་འགྱུར།། ལྷ་ཡི་འཇིག་རྟེན་ཤི་འཕོས་ན ་མི་ནང་ལོངས་སྤྱོད་ལྡན་པར་འགྱུར།། དགེ་བའི་རྩ་བ་དེ་ཉིད་ཀྱིས།། མཁས་པ་བག་ཡོད་གྱུར་ནས་ནི།། དེ་བཞིན་གཤེགས་པ་མཉེས་བྱས་ཏེ།། རྐང་གཉིས་མཆོག་ལ་མཆོད་པ་བྱེད ་མཆོད་རྟེན་འཕྲེང་བ་འབུལ་བྱེད་པ།། དེ་ནི་འདོད་ན་དགས་མི་འཕྲོགས་ཞིང་།། ཞེ་སྡང་གིས་ཀྱང་འཕྲོགས་མི་འ། གྱུར།། དེ་ནི་ནམས་ཀྱང་རྨོངས་མི་འགྱུར།། རྐང་གཉིས ་མཆོག་ལ་མཆོག་བྱས་ན།། དེ་ནི་ཚེ་རབས་ཐམས་ཅད་དུ་ཆགས་པ་མེད་ཅིང་ཞེ་སྡང་མེད།། བརྐམ་པ་མེད་ཅིང་དབང་པོ་བསྡམས།། མཆོད་རྟེན་འཕྲེང་བ་འབུལ་བྱེད་པ།། ཚེ ་རབས་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པ།། ཀུན་ཏུ་དཀུར་སྟི་བྱས་པར་འགྱུར།། མཆོད་རྟེན་འཕྲེང་བ་འབུལ་བྱེད་པ།། དེ་ནི་འཁོར་ལོས་སྒྱུར་བར་འགྱུར།། བརྒྱ ་བྱིན་ལྷ་ཡི་དབང་ཕྱུག་འགྱུར།། ཚངས་པའི་འཇིག་རྟེན་ཚངས་པར་འགྱུར།། འཇིག་རྟེན་མགོན་པོ་སྐྱོབ་པ་ལ།། དར་གྱི་དབུལ་བ་ཕུལ་བྱས་ན།། ལྷ་ཡི་དག་དང་མི་རྣམས་ཀྱི།། དོན ་ཐམས་ཅད་གྲུབ་པར་འགྱུར།། དམའ་བའི་རིགས་ནི་རྣམ་སྤངས་ཏེ།། དེར་ནི་དེ་སྐྱེ་འགྱུར་མ་ཡིན།། ཕྱག་ཅིང་ནོར་ཆེན་ལྡན་པ་དང་།། འཇིག་རྟེན་དབང་ཕྱུག་དེ་འགྱུརརོ།། ་དེ་བཞིན་གཤེགས་ལ་མཆོད་བྱས་ན།། གཟུགས་དང་དོན་དང་ལོངས་སྤྱོད་དང་།། ཁ་དོག་དང་ནི་འབྱོར་པ་དང་།། ཀུན་ཏུ་གྲགས་དང་ལྡན་པར་འགྱུར།། དེ་ནི་ཚེ་རབས་དྲན་འགྱུར་ཞིང་།། འདོད ་ཆགས་ཀྱིས་ཀྱང་འཕྲོགས་མི་འགྱུར།། འདོད་པ་རྣམས་ཀྱི་སྐྱོད་ཤེས་ཤིང་།། ཚངས་པར་སྤྱད་པ་སྤྱོད་པར་འགྱུར།། དེ་བཞིན་གཤེགས་པ་མཆོད་བྱས་ན།། གཟུགས་རྣམས་དང་ནི་སྒྲ་དག ་དང་འ་རོ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་།། སྡིག་པའི་ལས། ནི་བྱེད་མི་འགྱུར།། རྣམ་པར་འདྲེན་པ་མཆོད་བྱེད་ན།། དེ་ནི་སྤོས་དང་མེ་ཏོག་གིས།། ནམས་ཀྱང་འཕོངས་པ ་མི་འགྱུར་ཞིང་།། དྲན་ལྡན་ཤེས་རབ་ལྡན་པར་འགྱུར།། དེ་བཞིན་གཤེགས་ལ་སུ་མཆོད་པ།། དེ་ཡི་ནོར་གྱི་ཕུང་པོ་ལ།། རྒྱལ་པོ་དང་ནི་ཆོམ་རྐུན་དང་།། མེ་དང་ཆུས་ཀྱང་རེག་མི ་འགྱུར།། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ།། དར་གྱི་དབུལ་བ་སུ་འབུལ་བ།། དེ་ནི་སྐམ་དང་མྱ་ངན་དང་།། ནང་དུ་ཅན་དུ་གཞར་མི་འགྱུར།། འཇིག་རྟེན་སྒྲོན་མ་མཆོད་བྱེད་པ།། ཚེ ་རབས་དག་ནི་ཐམས་ཅད་དུ།། མྱ་ངན་མེད་ཅིང་གནོད་མེད་དང་།། འཁོར་ལོས་སྒྱུར་བ་འབྱོར་ཅེ་ན་འགྱུར།། འདྲེན་ལ་མཆོད་པ་བྱས་ན་ནི།། རྐང་པ་ལག་པ་མཉེན་འགྱུར་ཞིང་།། ཡན ་ལག་རྣམ་པར་དག་འགྱུར་ལ།། གཟུགས་དང་ཁ་དོག་ལྡན་པར་འགྱུར།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད།། གང་དག་འཇིག་རྟེན་རབ་དཀོན་པ།། ་རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར།། བསྐལ་པ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པར།། མཆོད་ཅིང་བདེ་ལ་ཤེས་རབ་ལྡན།། བྱང་ཆུབ་དམ་པ་འཚང ་ཡང་རྒྱ།། འཇིག་རྟེན་མགོན་པོ་སྐྱོབ་པ་ལ།། འཕྲེང་བའི་ཁང་པ་བྱས་ན་ནི།། དེ་ནི་གཡོག་འཁོར་མི་ཕྱེད་ཅིང་།། རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར།། འཕགས་པ་རྣམས་ཀྱིས་གང ་སྤངས་པ།། སྡིག་པའི་ལས་ནི་སྤོང་བར་བྱེད།། རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི།། དགེ་བའི་ལས་ལ་སྟེན་པར་བྱེད།། ལྷ་འམ་འོན་ཏེ་ཀླུ་རྣམས་སམ།། འཇིག་རྟེན་དག་ན་གང་། ་མཁས་པ།། དེ་དག་དགའ་ཞིང་མགུ་བ་དང་།། སྟི་སྟང་བྱས་ཤིང་བསྔགས་པར་འགྱུར།། བརྟན་པ་དེ་ནི་གར་སྐྱེས་པར།། བསོད་ནམས་གཟི་བརྗིད་ཤིན་ཏུ་བརྗིད།། ཡུལ་འཁོར་དག་དང ་གྲོང་ཁྱེར་དག། རིགས་དེར་སྟི་སྟང་བྱེད་པར་འགྱུར།། སངས། རྒྱས་གཞན་གྱིས་མི་ཐུབ་པ།། རྐང་གཉིས་མཆོག་ལ་སུ་མ་ཆོད་པ།། དེ་དག་མཐུ་སྟོབས་ཆེ་བ་དང་།། གཡོག ་འཁོར་ཆེན་པོས་མཛེས་པར་འགྱུར།། བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ།། འཕྲེང་བའི་གཙུག་ལག་ཁང་བྱས་ན།། སངས་རྒྱ་ས་རྣམས་ཀྱིས་གང་བསྔགས་པའི།། འབྱོར་པ ་དག་ནི་དེས་འཐོབ་བོ།། དེ་ནི་མཐེང་དང་ཞར་བ་དང་།། སྨད་དང་མ་རུངས་མི་འགྱུར་གནས།། གང་དང་གང་དུ་སྐྱེས་པར་ཡང་།། མཚན་རྣམས་ཀྱིས་ནི་བརྒྱན་པར་འགྱུར།། སེམས་ཅན ་དབུལ་པོ་རྣམས་མཐོང་ན།། དེ་ནི་ནོར་གྱིས་སྡུད་པར་བྱེད།། དེ་ནི་ནོར་དང་ལྡན་འགྱུར་ཞིང་།། དེ་ནི་བྱང་ཆུབ་སྤྱད་པ་སྤྱོད།། བློ་གྲོས་ཆེན་པོས་ས་འདི་ཀུན།། ཡོངསུ་བཏང་བ་བྱས་ནས། ་ཀྱང་། དམར་པའི་སེམས་སུ་མི་འགྱུར་ཞིང་།། དེ་ནི་ནམས་ཀྱང་འཕོངས་མི་འགྱུར།། གང་དག་བྱང་ཆུབ་མངོན་ཞུགས་པ།། དེ་དག་བུ་དང་བུ་མོ་དང་།། ཆུང་མ ་དགེ་ཞིང་བཟང་མོ་དག། བཏང་ནས་མྱ་ངན་བྱེད་མི་འགྱུར།། དེ་ནི་སྔོན་དུ་འགྲོ་འགྱུར་ཞིང་།། དཀྲི་བ་མེད་ལ་མཐོང་ན་དགའ།། ཕྲག་དོག་དང་ནི་ང་རྒྱལ་གྱིས།། ནམས་ཀྱང་དེ་ལ ་གནོད་མི་འགྱུར།། གང་དག་བྱང་ཆུབ་རབ་ཞུགས་པ།། དེ་དག་ཕྲག་དོག་མེད་ཅིང་དེས།། བཟོད་པའི་ཕ་རོལ་ཕྱིན་པར་འགྱུར།། ཕན་པ་འདོད་ཅིང་ལྟོན་ལྡན།། གང་དག་བྱང་ཆུབ ་མངོན་ཞུགས་པ།། འཇིག་རྟེན་ཀུན་ན་དེ་རིན་ཆེན།། དེ་དག་འབྱུང་བ་ཤིན་ཏུ་དཀོན།། སྨད་པ་མེད་པའི་སྦྱིན་གནས་འགྱུར་རདས་འདི་དག་ནི་རིམ་གྱིས་སུ།། བགྲང་བར་བྱ་ཞིང ་དཔག་པར་ནུས།། དེ་དག་རྣམས་ཀྱི་སྟོན་མཐའ།། ཚིགགོས་བསྟན་པར་མི་ནུསོ།། སེམས་ཅན་དག་ནི་ཐམས་ཅད་ཀྱི།། དུས་གསུམ་སེམས་ནི་ཤེས་པར་ནུས།། དེ་དག ་རྣམས་ཀྱི་སྟོན་མཐའ།། ཚིག་གིས་བསྟན་པར་མི་ནུསོ།། རྒྱ་མཚོ་ཆེན་པོ་བཞི་པོ་དག། སྐྲ་ནི་བྱེ་བ་སྟོང་གཤེགས་པའི།། སྐྲ་ཡིས་ཟད་པར་བྱ་བར་ནུས།། དེ་དག་ཡོན་ཏན་ཟད་མི ་ནུས་ནས་རྣམས་ཐམས་ཅད་ཕྱེར་བླགས་པ།། རབ་ཏུ་ཕྲ་རྡུལ་ཤེས་པར་ནུས།། སངས་རྒྱས་སྲས་པོ་དེ་དག་གི། ཡོན་ཏན་མཐའ་ནི་བརྗོད་མི་ནུས།། ཆུ་ཀླུང་ཐམས་ཅད་རབ་འབབ་པ།། ་རྒྱུན་ལས་བཟློག་སྟེ་འགྲོ་ཡང་སྲིད།། སངས་རྒྱས་སྲས་པོ་དེ་དག་གི། སྐྱོན་མཐའ་བརྗོད་དེ་ལྟ་མིན།། སེམས་ཅན་དག་ནི་ཐམས་ཅད་ཀྱི།། སྔོན་གྱི་ལུས་རྣམས་ཇི་སྙེད་པ།། བགྲང། ་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཟད་མི་འགྱུར།། སྔོན་གྱི་ལུས་རྣམས་ཐམས་ཅད་ལ།། སྤུ་འཕྲེང་ཇི་སྙེད་ཡོད་པ་རྣམས།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ལྟོན་ཟང ་མི་འགྱུར།། འགྲོ་བ་ལྔ་པོར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་སྤུ་རྣམས་ནི།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་སྟོན་ཟད་མི་འགྱུར།། ས་འདི་ཇི་སྙེད་ཐམས་ཅད་པ།། ཆུ་ཡི ་ཕུང་པོར་གནས་གྱུར་ཀྱང་།། དེ་ནི་བགྲང་ཞིང་དཔག་པར་ནུས།། དེ་དག་ལྟོན་བརྗོད་མི་ནུས།། མར་མེ་མཛད་ནས་བཟུང་ནས་ནི།། མ་འོངས་བསྐལ་པ་ཇི་སྙེད་པ།། དེ་ཡི་བར་དུ་ཤིང་ལྗོན ་རྣམས།། ཇི་སྙེད་མ་འོངས་འབྱུང་འགྱུར་བ།། དེ་དག་འབྲས་བུ་མེ་ཏོག་རྣམས།། དེ་དག་ཟད་པར་ཤེས་པར་ནུས།། བསྐལ་པ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ ་བགྲངས་པར།། བརྩོན་པ་ཞིག་གིས་དེ་དག་གི། བསྔགས་འཕྲེང་ཡིད་དུ་འོང་བརྗོད་ཀྱང་།། སངས་རྒྱས་སྲས་པོ་དེ་དག་གི། སྟོན་མཐའ་ནི་བརྗོད་མི་ནུས།། སངས་རྒྱས་སྲས་པོ ་དེ་དག་ལ།། མི་གང་མི་དགའ་བྱེད་པ་དེ།། ལྷ་དང་མི་ནི་སྤངས་ནས་སུ།། དེ་དག་དམྱལ་བ་སྤྱོད་ཡུལ་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མི་གང་ལ་ལ་གནོད་བྱེད་པ།། ་མིག་མེད་པ་འམ་ལོང་བ་དང་།། སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར།། ཤི་འཕོས་ནས་ནི་མནར་མེད་འགྲོ།། དེ་ནི་འབར་ཞིང་འཇིགས་སྐྲག་འགྱུར།། ལུས་ནི་ཆེན་པོར་གྱུར་ནས ་ཀྱང་། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། ཚེ་རབས་དེ་དང་དེ་དག་ཏུ།། དེ་ལུས་དཔག་ཚད་ཙམ་འགྱུར་ཏེ།། དེ་དག་ཕྲུམ་ལྟར་ཟླུམ་གྱུར་ལ།། ཀུན་ནས་ཡོངསུ་བཟའ་བར་འགྱུར ་དེ་ཚེ་ལུས་ལ་མགོ་བོ་ནི།། ལྔ་སྟོང་ཡོད་པར་འབྱུང་འགྱུར་ཞིང་།། མགོ་བོ་དེ་དག་རེ་རེ་ལའང་།། ལྕེ་ནི་ལྔ་བརྒྱ་ཐམ་པ་ཡོད།། གཅིག་ལའང་ཐོང་ཤོལ་བརྐྱང ་དག་གིས།། ལྕེ་ནི་རབ་ཏུ་རྨོ་བར་འགྱུར།། སྡིག་པའི་ལས་ནི་རྣམ་སྨིན་གྱིས།། མི་བཟད་ཆེན་པོར་གཤེགས་པར་འགྱུར།། ན་མེད་དེ་ནས་ཤི་འཕོས་ནས།། དེ་ནི་ཚེ་དང་རབ་ཚ་བར།། བློ་གྲོས ་ངན་པ་ཚོར་བ་མྱོང་།། དེ་སྔོན་ཉེས་བྱས་འབྲས་བུ་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྡམས་གང་ཞིག་གནོད་བྱེད་པ།། དེ་ལ་དུད་འགྲོའི་སྐྱེ་གནས་དང་།། དམྱལ་བའི་ས ་ན་དཀོན་མ་ཡིན།། ཚེ་རབས་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲི་དག་དག་ནི་བརྒྱ་བགྲངས་པར།། སྡུག་བསྔལ་ཚོར་བ་མྱོང་། འགྱུར་ཞིང་།། དེས་ནི་བཟང་པོ་རྣམས་མི་མཐོང་།། སངས ་རྒྱས་སྲས་པོ་སྐྱོབ་རྣམས་ལ།། གནོད་པ་དག་ནི་བྱས་གྱུར་ན།། ཨ་ལ་ག་རྟ་འཇིགས་པ་ཡིས།། ཤིན་ཏུ་གདུག་པའི་སྦྲུལ་ཏུ་སྐྱེ།། དེ་ནི་བཀྲེས་དང་སྐོམ་པས་ཉེན།། སྡིག་པའི་ལས་རྣམ ་བྱེད་པར་འགྱུར།། དེ་ནི་ཟས་ཀྱང་མི་རྙེད་དེ།། ནམས་ཀྱང་འདྲངས་པར་ཟ་མི་མྱོང་།། ཤི་འཕོས་གཤིན་རྗེའི་འཇིག་རྟེན་དུ།། དེ་ནི་རྟག་པར་གཏུན་ཏུ་རྡུང་།། དགེ་སློང་དག་ལ་གནོད་བྱས ་པས། ནམས་ཀྱང་སྐབས་ནི་རྙེད་མི་འགྱུར།། དེ་ནས་ཤི་འཕོས་དུས་བྱས་ཏེ།། མི་ཡི་ལུས་ནི་ཐོབ་གྱུར་ན།། བློ་ངན་དེ་ནི་དམུས་ལོང་འགྱུར།། གནོད་སེམས་ལྡན་ཞིང་སྡོམ་པ་མེད།། དེ་ནི ་ཉེས་པར་སྨྲས་བྱས་ཏེ།། འཕགས་པ་རྣམས་ལ་སྐུར་བཏབ་པས།། མི་ཡི་ནང་ནས་ཤི་འཕོས་ནས།། ངན་སོང་དག་ཏུ་མྱུར་དུ་འགྲོ། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྡམས་ག། ་ཞིག་གནོད་བྱེད་པ།། བསྐལ་པ་བྱེ་བ་སྟོང་དག་ཏུ།། ནམས་ཀྱང་སངས་རྒྱས་མཐོང་མི་འགྱུར།། རྫོགས་སངས་རྒྱས་ཀྱི་སྲས་རྣམས་ལ།། གང་ཞིག་ཆོས་བཞིན་སྲུང་བྱེད་པ།། དེས་ནི་ངན་འགྲོ། ་ཀུན་སྤངས་ཏེ།། མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར།། ཕྱུག་ཅིང་ནོར་ཆེན་ལྡན་པ་དང་།། སྟོབས་དང་ལྡན་ཞིང་འཇིགས་པ་མེད།། དྲན་དང་ལྡན་ཞིང་ཤེས་རབ་ལྡན།། བདེ་ཞིང་ངོ་ཚ ་ཁྲེལ་ལྟོས་ལྡན།། གང་དུ་འཇིག་རྟེན་རྣམས་ཀྱི་སྒྲོན།། ཡོངསུ་མྱ་ངན་འདས་གྱུར་པ།། སངས་རྒྱས་མཆོད་རྟེན་མཐོང་ནས་ནི།། ཡང་དང་ཡང་དུ་སྟི་སྟང་བྱེད།། རྫོགས་སངས་རྒྱས་ཀྱི ་གསུངས་པ་ཡི།། འདི་འདྲའི་ཆོས་འདི་ཐོས་གྱུར་ནས།། སངས་རྒྱས་སྲས་པོ་རྣམས་ལ་ནི།། སུ་ཞིག་ཕྱི་ཕྱིར་དང་མི་བྱེད།། གང་གྲིས་སངས་རྒྱས་སྟོང་རྣམས་དང་།། བརྒྱ་དང་བྱེ་བ་བགྲང་ང ་ལ་བསྐལ་པ་གངྒཱའི་བྱེ་མ་སྙེད།། དེ་སྙེད་བསྐལ་པར་བཀུར་ཁ་བས།། འཇིག་རྟེན་མགོན་གྱིས་གསུངས་པ་ཡི།། དམ། ཆོས་འཇིག་ཚེ་གང་ཞིག་གིས།། ཉིན་དང་མཚན་དུ་འཆི ་བྱེད་པ།། དེ་ནི་བསོད་ནམས་ཁྱད་པར་འཕགས།། ཆོས་འཇིག་དུས་ན་ཆོས་འཛིན་པ།། སྔོན་གྱི་སངས་རྒྱས་ཐམས་ཅད་དང་།། སངས་རྒྱས་ཡེ་ཤེས་རབ་གནས་པ།། ང་ལ་དེས་ནི་མཆོད ་པ་བྱས།། དམ་པའི་ཆོས་ནི་འཇིག་པའི་ཚེ།། སྟོན་པའི་བསྟན་པ་སྲུང་བྱེད་པ།། བསྐལ་པ་བྱེད་པ་སྟོང་རྣམས།། དེ་ནི་ནམས་ཀྱང་རྒུད་མི་འགྱུར།། ལུས་ཀྱིས་བདེ་བ་མྱོང་འགྱུར་ཞིང་།། དེ་ན ་ནད་ཀྱིས་བཏབ་མི་འགྱུར།། དེ་ནི་ཡིད་དུ་མི་འོང་བས།། ནམས་ཀྱང་འཕྲོགས་པར་མི་འགྱུརརོ།། སྟོན་པའི་བསྟན་པ་སྲུང་བྱས་ན། བཟོད་པ་ཕུན་སུམ་ཚོགས་པ་དང་།། དེས་དང་གསལ ་དང་གཉེན་པ་དང་།། སེམས་ཅན་རྣམས་ལ་བྱམས་སེམས་འགྱུར།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། བདེ་དང་དགའ་འཐོབ་མཛོད་ནི་མང་པོར་འགྱུར ་སྔོན་གྱི་རིམ་གྲོ་བྱ་བ་འཐོབ་འགྱུར་ཞིང་།། མི་ཁོམ་བརྒྱད་པོ་མ་ལུས་ཟད་པར་སྤོང་།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། དཔེར་ན་ན་མཁའ་སྐར་མས་ཡོངས་གང་ལྟར།། རྟག་ཏུ ་མཚན་གྱིས་གོ་ཆར་བྱས་པ་དང་།། རབ་ཏུ་ཚིག་སྙན་ཡིད་འོང་དབྱངས་ལྡན་འགྱུར།། འཇིག་ཆེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། གང་ན་ཡིད་བདེ་མེད་ཅིང་རབ་སྡུག་པ།། རིགས་དམན ་དེ་ནི་དེ་ཡིས་སྤངས་པར་འགྱུར།། ཕྱུག་ཅིང་ཤིན་ཏུ་བདེ་ལྟ་ལོངས་སྤྱོད་ལྡན།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བསན་ད་མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན།། ་མི་དམན་ས་རྣམས་ཀུན་ཏུ་རྣམ་པར་རྒྱུ།། སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། མཆོག་ཏུ་རབ་མཛེས་གཟུགས ་ལྡན་ཤེས་རབ་ལྡན།། མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་འགྱུར།། རྒྱལ་པོ་མཁས་པ་འཛངས་རྣམས་ཀྱིས་བསྔགས།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། མཆོག ་ཏུ་གཟུགས་མཛེས་བལྟ་ན་སྡུག་པ་དང་།། སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་།། བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན།། སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས།། ་གང་གི་མདུན་དུ་མདོ་འདི་རབ་བཤད་པ།། མཾ་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི།། ཕྱི་མའི་དུས་ཀྱི་ཆེན་ཐོབ་པར་འགྱུར།། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ།། རས་ཛྲྀ། ་རྩིག་ངོས་འདྲིའམ་གསེར་ལས་བྱས།། དེ་ཡི་ཆོས་ཀྱི་ཁྱང་པར་གང་ཡིན་པ།། དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན།། དེ་ནི་བལྟ་མིན་ལོང་བར་གཞར་མི་འགྱུར།། སྒུར་པོར་མི་འགྱུར ་ཡན་ལག་མི་སྡུག་མིན།། དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན།། སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། ལུས་ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ།། སྤོབས་པ་འཐོབ ་ཅིང་སྒྲ་སྙན་ཡིད་དུ་འོང་།། ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ།། དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར།། སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན།། གཡོ། ་མེད་མི་རྐུ་རྒྱལ་པོ་འཁྲུག་མི་བྱེད།། མཐུ་དང་ལྡན་ཞིང་དང་དང་ཆེར་གྲགས་པར་འགྱུར།། བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན།། འདྲེན་པའི་སྐུ་གཟུགས་སྐུ་རབ ་མཛེས་བྱས་ན།། དེ་ནི་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས།། བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན།། དབང་ལྡན་འཁོར་ལོ།། ས་སྒྱུར་བའི་རྒྱལ་པོར་འགྱུར།། འདྲེན་པའི་སྐུ ་གཟུགས་རབ་ཏུ་མཛེས་བྱས་ན།། ལྷ་ཡི་དབང་པོ་དབང་ཕྱུག་དབང་ཐོབ་པ།། ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར།། བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོན།། དེ་ནི་དྲན ་དང་བློ་གྲོས་མི་ལྡན་མིན།། དེ་ནི་རྟོག་མོས་ཤེས་རབ་ཚང་བར་འགྱུར།། འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐོབ་འགྱུར་ཏེ།། འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས།། སེམས་ཅན ་སྙིང་པོ་མཚུངས་མེད་མཆོད་བྱས་ནས།། དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ། ངན་འགྲོ་གསུམ་པོ་དེས་ནི་རྣམ་སྤངས་ཏེ། བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར།། ་འདྲེན་པའི་གྲུ་གཟུགས་རབ་ཏུ་སངས་བྱས་པ།། དབང་ལྡན་དང་ཐུག་སང་པ་སྣར་འགྱུར་ཏེ།། མེ་མ་དགའ་བྱའི་སེམས་ཀྱིས་སས་རྒྱས་མཛོད།། རྒྱལ་བ། ་ས་མ། ན་མས་པ་གྱུན།། མ་ས་ཨཱ་།། ཐ་ས་མ་ཀྱང་ངག་ལ་གྱུར་ལ ་གནལ་མེད་ཁང་མཆོད་པ་ལྔ་སྡུག་ཐོབ་པར་འགྱུར།། དེ་ནི་དེདང་དཔོར་སྟོབས་བཅུ་ལྡན་པ་པོ།། སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་འཐོབ།། ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ན་གསལ། ་གཔེར་གེ་ན་ཆེ་བེ་རྒྱན་པང་མཐུས།། སུ་དག་དགའ་པའི་ཡིད་ཀྱི་མོ་ག་ཟངས།། དང་ཀྱིས་འཇིག་རྟེན་མགོན་ལཆར་དུ་གཏོར།། དོན་མའི་འཇིག་རྟེན་པ་མད་རྣམས་ལྡན། ་རྡུལ་ཕྲེང་གནས་ནས་རྒྱལ་བ་མཆོག་བཀུར་འགྱུར། ཀས་ཤིང་ཐ་འདྲི་ལྡན་ལུམ།། ཡན་ལག་ལེགས་གནས་མ་ཚུས་མེང་འཐོབ་པར་འགྱུར།། སྐྱེ་བོ་མང་ངོས་པ་མ ་མ་ཡིན་ཏེ།། ཕྲུལ་བ་ག་ཏུ་འདོད་པ་སྤོང་བར་གྱུར། སྣང་བ་རྣམ་པར་སྤྱོད་ཀྱི་འདོང་པ་ལ།། རང་ཐུགས་ཟུང་ལྟར་དྲང་པར་ཤེས་པར་འགྱུར།། ཆངས་སྤྱོང་དགེ་བབྱུང་བར་འ ་པ་སྤྱོད། དགའ་བའི་སེམས་ཀྱིས་རྟག་ཏུ་སྤོང་བར་འགྱུར།། བརྒལ་བ་མཐའ་ཡས་མང་དུ་དེ་ཁ་ནས།། རབ་མཛེས་སུཏྤལ་བསུང་ནི་འབྱུང་བར་འགྱུར།། དེ་ལ~ཾ་ལུས་ནི་གསེར་གྱི་མདོག་འདྲ ་ནོ་ཙདྲན་ལ་བུར་དྲིགམ་པང་པལ་སྲུང་།། སྤྱད་པ་རྣམ་པར་སྤྱོད་མཐོ་བ་དང་།། མ་བདྲི་རྩོན་གཏི་མུག་གནང་མི་བྱེད།། དམན་པ་མེད་པའི་སེམས་ཀྱིས་དབུགས་ཕྱིན་རྙེད།། @ ་ཡོད་ལྷ་ཡི་ནང་ན་རྒྱལ་པོ་འཐོབ།། གང་ཚེ་རྒྱལ་བ་མྱ་ངན་འདས་པ་ན། དེ་ནི་གུས་པས་དེ་དག་ཆོས་ཀྱང་འཛིན།། མི་དམན་དགའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན།། ་བཅོམ་ལྡན་མྱ་ངན་འདས་པའི་རིང་བསྲེལ་མཆོད།། རྒྱལ་བ་མཆོག་གི་བསྟན་པ་འཇིག་དུས་ཚེ།། རབ་ཏུ་དགའ་བས་སྟོན་པའི་ཆོས་རྡུལ་འཛིན།། དེས་ནི་ཆོས ་མཆོག་མཛེས་པ་དེ་སྤྱད་པས།། གནོད་པས་འཆི་བའི་དུས་བྱེད་གཞར་མི་འགྱུར།། གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་།། ཉོན་མོངས་མེད་པ་གསེར ་མདོག་སྟོབས་བཅུར་གྱུར།། དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། རྒྱལ་བ་མཆོག་ལ་མཆོད་པའི་བསྔགས་བརྗོད་ནུས།། འཇིག་རྟེན་ཀུན་ཏུ་སྡིག་པའི་ལས ་སྤངས་ཏེ།། དགའ་བའི་སེམས་ཀྱིས་མཆོག་གིས་ལ་ས་བྱས་ཤིང་།། རླབས་ཆེན་སྤྱོད་ཚེ་དོན་ནི་ལེགས་བྱས་ནས།། འཇིག་རྟེན་མཐུ་ཆེན་རྫོགས་པའི་སངས ་རྒྱས་འགྱུར།། གང་གིས་སྤོས་ཆུ་ཡུངས་འབྲུ་ཙམ་བླ་ངས་ཏེ།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་ཕྱེ་ད་པ།། དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས ་དང་ཞིང་།། རྡུལ་དང་དྲི་མ་སྤོངས་ལ་མཉན་པར་གྱིས།། དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱ།། ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལ།། སྤྱད་པ ་རྣམ་པར་སྤྱོད་ཅི་མྱ་ངན་འདུལ།། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་།། རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར།། མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུ ་འགྱུར་ཏེ།། གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན།། འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་འཐོབ།། དེ་ལ་ཡིད་མི་བདེ་དང་སྡུག་བསྔལ་མེད།། སྤྱད་པ་སྤྱོད་ཚེ་ལོངས་སྤྱོ ་ཉམས་མི་འགྱུར།། ཕྱུག་ཅིང་ནོར་ལྡན་མཛོད་ནི་རབ་ཏུ་མང་།། མྱ་ངན་མེད་འགྱུར་འཇིག་རྟེན་ཀུན་ཏུ་རྒྱུ།། སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་འདྲི།། རྒྱལ་བ་མཆོག་གི་བསྟན་པ་ཁྱད་འཕགས ་ཆོས།། ཚིག་རབ་བརྗོད་ཅིང་ཐེ་ཚོམ་སེལ་བར་བྱེད།། ཆོས་གོས་ཡིད་བདེ་སླར་ཡང་སྨྲ་བར་བྱེད།། སྡིག་པའི་ལས་མེད་བློ་རྒྱ་མེ་དང་ལྡན།། རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད་འཕག ་པ། དགའ་བར་འགྱུར་ལ་རྟག་ཏུ་མཁས་བྱས་ཏེ།། མིག་ཀྱང་སྦྱོང་ཞིང་མུན་པ་སེལ་བར་བྱེད།། འདོད་ཆགས་མི་ཆེ་ཞེ་སྡང་ཆེ་མ་ཡིན།། མི་ཡི་འཇིག་རྟེན་གཏི་མུག་ཆེ་མ་ཡིན།། དེ་ནི་ཚངས། ་སྤྱད་དག་པ་མཆོག་འདི་སྤྱོད།། མི་ཡི་དོན་ནི་དཔག་ཏུ་མེད་པ་བྱེད།། བཅོམ་ལྡན་མཆོད་རྟེན་རྣམས་ལ་སྤོས་བདུགས་ན།། དེ་ལ་གནོད་པར་སེམས་པ་སུ་ཡང་མེད།། དེ་ནི་རྣམས ་ཀྱང་ལོངས་སྤྱོད་ཉམས་མི་འགྱུར།། བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་རྣམསུ།། སེམ་ས་ནི་རྣམ་དག་སྡིག་པ་རྣམ་དག་ཅིང་།། ཞི་ཞིང་རབ ་ཞི་ཞི་དུལ་ལྡན་གྱུར་ནས།། མི་དམན་སེམས་ཀྱི་བྱང་ཆུབ་མཚུངས་མེད་འཐོབ།། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།། མྱ་ངན་མེད་བདེ་ཞི་བ་མཆོག་བཀོད་ཅིང་།། འཁོར་ལོ་མཚུངས། ་མེད་འཇིག་རྟེན་ཀུར་བསྐོར་ནས།། ཕྱི་ནས་ཉོན་མོངས་རྡུལ་མེད་མྱ་ངན་འདས།། སུ་ཞིག་དགའ་མགུ་སེམས་ཀྱིས་གོས་ཀྱིས་ནི།། བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱེད་པ།། དེ་ནི་གོས ་མཛེས་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་བརྒྱ་གྲངས་མཐའ་ཡས་ཅག་ཏུ་རྙེད།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། དེ་ནི་བཙམ་མ་ཐག་ཏུ་གོས་མཆོག་འཐོག། ལྔས་བྱུང ་འཕགས་དར་གོས་རབ་བཟང་རྙེད།། བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ།། གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་།། འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ།། དེ་འདིར ་མཚུངས་པ་མེད་པའི་ལུས་འཐོབ་སྟེ།། སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ།། སྣ་ཚོགས ་ངག་དང་སེང་གེའི་ཕྲེང་བ་དང་།། གསེར་སྐུད་རབ་མཛེས་པས། ལ་པ་མཐའ་ཡས་འབྱུང་།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ ་ཆེ་སུ་ཡང་དེ་ལ་མ་དང་སྐྱེད་མི་བྱེད།། རྟག་ཏུ་ཚངས་པར་སྤྱོད་པ་མཆོག་འདི་སྤྱོད།། བཅོམ་ལྡན་མཆོད་རྟེམ་གོས་ཀྱིས་དུ། ས་བྱས་ན།། སྦྱོང་གི་འཇིག་རྟེན་ཁམས་ཀུན་ཟིལ ་གནོན་ཏེ།། འཛམ་གླིང་གསེར་གྱིས་གསེར་ནི་ཟིལ་མནན་བཞིན།། སྐྱེ་དགུའི་དོན་ནི་དཔག་ཏུ་མེད་པ་བྱེད།། གལ་ཏེ་རིན་ཆེན་རབ་མཆོག་སྣ་བདུན་གྱིས།། སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི། ་དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི།། རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བ་མིན།། ནོར་བུ་རིན་ཆེན་ཟླ་བའི་འོད་རྣམས་ཀྱིས།། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ།། དེ་འདྲའི ་དཔལ་འདི་ཟད་པར་བྱ་ནུས་ཀྱི།། རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བ་མིན།། འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་པ་ངན་ཕུལ་བྱས་ན།། ་དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར།། བྱང་ཆུབ་མཆོག་སྤྱོད་དམ་པཞི་བ་སྤྱོད།། བཅོམ་ལྡན་མཆོད་རྟེན་པ་ངན་ཕུལ་བྱས་ན།། དག་ཅིང་མཆོག་གི་ལུས་ནི་འཐོབ་འགྱུ ་ཏེདཔེར་ན་གསེར་ལྟར་ཤིན་ཏུ་དཀར་འགྱུར་ཞིང་།། ལྷ་ཡིས་བསྔགས་ལ་མཆོད་ཅིང་བླ་མར་བྱེད།། དེ་ཡིས་ལུས་ནི་གསེར་གྱི་མདོག་འདྲར་འགྱུར།། རས་ཀྱི་གོས་དང་ལ་བ་བཟང་རབ་དང་། ་དུ་གུ་ས་དང་ཀ་ཤི་བ་རྣམས་དང་།། ཤིན་ཏུ་མཛེས་པའི་གོས་ཀྱང་རྙེད་པར་འགྱུར།། འཛམྦུའི་གླིང་ན་རིགས་མཆོག་དམ་པ་གང་།། ཕྱུག་ཅིང་ཆེ་ཉིད་བདག་དབང་ནོར་མང་བ།། དེ་དག་ཏུ་ནི་རྟག ་ཏུ་དེ་སྐྱེ་སྟེ། དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས།། དེ་ལ་སེམས་ཅན་སུ་ཡང་ཕྲག་དོག་མེད།། སེམས་ཅན་ག། ནོད་པར་སེམས་པ་གཞན་མི་འབྱུང་།། གཞན་གྱི་སྡིག ་སྡིག་པའི་ལས་ལ་དེ་སྨོད་དེ།། རྟག་ཏུ་བག་ཡོད་ཚུལ་ཁྲིམས་རྣམ་དག་འགྱུར།། འཛིན་པ་མེད་ཅིང་སེར་སྣ་མེད་པར་འོང་།། གཏོང་བ་རབ་བཏང་མྱ་ངན་མེད་པ་འཐོབ།། དེ་ནི་སྲོག་ཕྱིར ་གཞན་ལ་སྦྱིན་མི་བྱེད།། ཕོངས་པ་མེད་བྱེད་རྟག་ཏུ་བག་ཡོད་འགྱུར།། སངས་རྒྱས་སྟོབས་བཅུ་དེང་དཔོན་མཐོང་ནས་ནི།། དགའ་བའི་སེམས་ཀྱིས་གདུགས་དང་བ་དན་དང་།། མར་མེ ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད།། བྱང་ཆུབ་སྤྱོད་མཆོག་འདི་ནི་རྟག་པར་སྤྱོད།། མི་ཡི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད།། ལྷ་ནང་ལྷ་ཡི་ངག་དང་མི་ཡི་གཙོ།། ཡིད་འོང་སྤོས ་མཛེས་བལྟ་ན་སྡུག་པ་དང་།། ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་འཐོབ།། རི་རབ་རྩེ་མོར་ལྷ་ནང་རབ་ཏུ་གསལ།། ལྷ་ཀུན་སློབ་མར་གྱུར་ནས་མངོན་དུ་འདུད།། ཆོས་ཀྱིས་དེ་དག་ཡིད་བདེ ་སྐྱེད་པར་བྱེད།། དེ་ལ་དང་མཆོག་གཞའ་གསང་ཐོབ་པར་འགྱུར།། དེ་ནས་ཤི་འཕོས་མི་ཡི་འཇིག་རྟེན་དུ།། རྒྱལ་པོ་དམ་པ་སྟོབས་ལྡན་འཁོར་ལོས་སྒྱུར།། དེ་ལ་སེམས་ཅན་སུ་ཡང་སྡིག་མི ་སྐྱེ་བ་སྐྱེ་བོ་མང་པོ་དགའ་ཞིང་ཡིད་འོང་འགྱུར།། རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ།། རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར།། ཤེས་རབ་མཐའ་ཡས་མཛོད་ནི་མང ་ལྡན་འོང་།། སེམས་ཅུང་མི་འགྱུར་དམན་པའི་སེམས་མི་འགྱུར།། ལོངས་སྤྱོད་རྙེད་ནས་བགེད་ཅིང་བདག་ཀྱང་སྤྱོད།། དེ་ནི་འཇིགས་མེད་ཡིད་མི་བདེ་བ་མེད།། རྒྱལ་པོ་དགའ་ནས་གྲོང་དང ་ཡུལ་འཁོར་བགེད།། དེ་ལ་སེམས་ཅན་སུ་ཡང་སྡིག་མི་སྐྱེད།། གཙོ་བོ་ཁྱད་པར་འཕགས་པ་མཛོད་མང་ཞིང་།། ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་བརྒྱན་འགྱུར།། རྒྱལ་པོའི་བུ་འམ ་དེ་བཞིན་བློན་པོར་འོང་།། རྒྱལ་པོར་གྱུར་ན་སྟོབས་ལྡན་རྫིབ་མེད།། བརྙས་པའི་རིགས་དམན་ཐམས་ཅད་ཡོངསུ་སྤོང་།། ལོངས་སྤྱོད་ཁྱད་འཕགས་རིགས་མཆོག་རྙེད་ནས་ནི།། ་རྟག་ཏུ་བག་ཡོད་སེམས་ནི་ཞུམ་མི་འགྱུར།། འདོད་པ་རྣམས་ནི་ངན་སྐྱུགས་ཁུང་ལྟར་སྤོང་།། ཁྱད་འཕགས་གཟུགས་དང་མཚན་རྣམས་རབ་ཏུ་འཐོབ།། ཁྱད་འཕགས་རིགས་དང་དེ ་བཞིན་དབང་ཕྱུག་ཉིད།། དེ་ཡི་གཡོག་འཁོར་རྟག་ཏུ་མི་ཕྱེད་འགྱུར།། སྐྱེ་བོ་མང་པོས་མདུན་དུ་བདར་བར་འོང་།། དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེད།། སེམས་ནི་རབ་དང་རྟག་ཏུ་བག། ་ཡོད་ལྡན།། དེ་ལ་མེ་དང་དུག་དང་མཚོན་མི་ཚུགས།། སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར།། རབ་ཏུ་དགའ་ཞིང་ཐུབ་པའི་ཆོས་ལ་སྤྱོད།། ཤེས་བཞིན་ལྡན་ནས་ཡིད་བདེ་སྐྱེད་པར ་བྱེད།། འཛིན་པ་མེད་ཅིང་ཆགས་མེད་སེམས་དང་ལྡན།། ཆགས་མེད་གྱུར་ནས་དེ་ལ་མི་འཐུན་མེད།། དེ་ཡི་ལུས་གཙང་ཀུན་ནས་ཉོན་མོངས་མེད།། རྣམ་དག་སེམ། ་ལྡན་དེ་ནི་བདེན་པར་སྨྲ།། འཇིགས་པས་ཉེན་པ་རྣམས་ལ་ཡིད་བདེ་སྐྱེད།། སེམས་ཅན་རྣམས་ཀྱི་སྐྱབས་དང་དཔུང་གཉེན་འགྱུར།། དེ་ནི་བདག་དོན་རྒྱ་ཆེན་བྱས་ནས་སུ།། གཞན་ཡང ་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད།། ཤིང་དབང་ཤིང་མཆོག་དམ་པའི་དྲུང་སོང་ནས།། མཚུངས་མེད་མཆོག་ཞི་བྱང་ཆུབ་འཚང་ཡང་རྒྱ།། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ ་ན། འདི་ནས་བཟུང་སྟེ་སྲིད་པརྩེ་མོའི་བར།། སངས་རྒྱས་ནི་དང་ནི་འཛམ་གླིང་གསེར་གྱིས་གང་།། དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།། བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ ་བྱས་ན།། དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར།། གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ།། སྣང་བ་ཐོབ་ནས་འཇིན། རྟེན་ཀུན་ཏུ་རྒྱུ།། གལ་ཏེ་རྒྱལ་བ་དམ་པར་བྱུང་གྱུར་ན། ་དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར།། ཉེ་དུར་འགྱུར་རམ་ཡང་ན་བུར་ཡང་འགྱུར།། དེ་ནི་ཡེ་ཤེས་ཕུང་པོ་མྱུར་དུ་འཐོབ།། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། ་ཡུངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ།། བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས།། བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན།། སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས ་སྤྱོད་པ་མཆོག་སྤྱད་ཁྱད་པར་བརྙེས་གྱུར་པ།། མི་མཆོག་དེ་ལ་མཆོད་པ་འདིར་བྱས་པ།། རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར།། གལ་ཏེ་མི་མཇེད་འཇིག་རྟེན་ཁམས་འདི་ཀུན།། ནོར ་བུ་རིན་ཆེན་བཻ་ཌཱུཪྻས་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཀར་ཤ་པ་ནེས་མི་མཇེད་འཇིག་རྟེན་ཁམས།། འོག་ནས་སྲིད ་པའི་རྩེ་མོ་བར་གང་པ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། སངས་རྒྱས་ཞིང་སྟོང་དེ་དག་ཙནྡན་གྱིས།། འོག་ནས་སྲིད་པའི་རྩེ་མོ ་ཁར་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རས་ཀྱི།། གོས་ཀྱི་སངས་རྒྱས་ཞིང་སྟོང ་གང་གྱུར་པ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ།། ལྷ་ཡི་ལྷ་རྫས་ནོར་བུ་རིན་ཆེན་མང་།། ཟང ་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ལྷ་ཡི་འཇིག་རྟེན་ཡོད་པའི་ལྷ་ཡི་སྤོས།། དེ་དག་མི་མཇེད་འདི་ཀུན་གང་གྱུར་པ། ་ཟད་པ་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཕྱོགས་དང་ཕྱོགས་མཚམས་ཚད་ནི་ཤེས་པར་ནུས།། ནམ་མཁའི་ཁམས་འདིའི་ཚད་ཀྱང་ཤེས ་པར་ནུས།། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་བའི།། དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།། སངས་རྒྱས་དམ་པ་མི་མཆོག་བཞུད་པའི་ཚེ།། འདྲེན་པ་མཚུངས་པ་མེད་ལ་དད ་བྱས་ཏེ།། སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར།། མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ།། དེས་ནི་ལས་མཛེས་དམ་པ་གུས་བྱས་པས།། ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ ་འགྱུར།། འཇིག་རྟེན་ཀུན་ཏུ་ཚངས་པའི་བདག་པོར་གྱུར།། རྒྱལ་བའི་མཆོད་རྟེན་ལ་ནི་འབུམ་ཕུལ་ནས།། འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོབས་ལྡན་གྱུར།། སྟོང་ཕྲག ་བཅུ་ལ་དབང་བར་ང་གྱུར་ཏེ།། ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར།། ཁྱིམ་བདག་བློ་ལྡན་བསོད་ནམས་ལྡན་པར་གྱུར།། བདེ་གཤེགས་མི་མཆོག་བྱེ་བ་ཉི་ཤུ་དག། ངས་ནི་མཉེས ་བྱས་གཟིམས་ཆན་བཟའ་ཡིས།། མི་མཆོག་དག་ལ་བླ་མར་སྟི་སྟང་བྱས།། དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བཀུས།། ང་ཡི་ཁ་དོག་ངན་པ་ཀུན་མེད་གྱུར།། ངས་ནི་ཚ་དང་གྲང་དང ་ངལ་བ་སྤངས།། སངས་རྒྱས་སྤྱན་སྔར་དམན་མེད་སེམས་གྱུར་ཅིང་།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། རྒྱན་གྱིས་བ་རྒྱན་པའི་གདུགས་མཛེས་ལྟ་སྡུག་པ།། སུ་ཞིག ་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ།། དེ་འདིར་ལུས་ནི་མ་ཆུངས་པ་མེད་འགྱུར་ཏེ།། སུམ་ཅུ་རྩ་གཉིས་མཚན་གྱིས་སྒོ། ཆར་འགྱུར།། གང་གིས་རྒྱལ་བའི་སྐུ་ནི་རབ ་འབར་ཞིང་།། ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་དང་།། འཛམ་གླིང་གསེར་ལྟར་རབ་མཛེས་བལྟ་ན་སྡུག། མཚན་གྱིས་མེ་ཏོག་རྒྱས་པས་མངོན་ཏུ་གང་།། མངོན་པར། ་ཤེས་པ་འཐོབ་ཅིང་དབང་ཆེར་གྲགས།། བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད།། དེ་ནི་ནམས་ཀྱང་ལོངས་སྤྱོད་འགྲིབ་མི་འགྱུར།། ལྷས་ཀྱང་སྟི་སྟང་བྱ་ཞིང་མཆོད་པར་འོང་།། བརྟན ་པ་འདོད་པའི་ལོངས་སྤྱོད་གཞར་མི་དཀའ།། ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད།། ཡི་དམ་བཅས་ནས་ནགས་དང་ནགས་མདབ་སོང་།། མངོན་ཤེས་འཐོབ་ཅིང་ཁྱད་པ ་འཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ།། ཇི་ལྟ་བུར་ཡང་བྱང་ཆུབ་སེམས་མི་འདོར།། བྱམས་ལ་གནས་ཤིང་མི་དམན་སེམས་འགྱུར།། དེ། ་ཡེ་ཤེས་པ་ནམས་ཀྱང་ཉམས་པ་མེད།། རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱས་ན།། མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་།། མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར།། ་དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ཤེས་བཞིན་ལྡན་ཞིང་མིག་ནི་དག་པར་འགྱུར།། རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དགའ།། ་སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར།། དེ་ཡི་ལྕེ་ནི་རབ་མཛེས་བལྟ་ན་སྡུག། ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང་།། དཔེར་ན་ལྷ་ཡི་རིན་ཆེན་བྱུ་རུ་འདྲ།། སྒྲ་སྐད་ཡན ་ལག་བྱེ་བ་དཔག་མེད་འབྱིན།། བཅོམ་ལྡན་མཆོད་རྟེན་རོལ། མོ་སྒྲ་བྱས་ན།། ནམས་ཀྱང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན་ཞར་བ་སྒུར་པོ་ཡ་ཡོ་ཅན་མི་འགྱུར།། ལུས་ནི ་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ་ཆེ།། སུ་ཡང་དེ་ལ་མ་དང་སྐྱེ་མི་འགྱུར།། དབུགས་ཕྱིན ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། དེ་ནི་མ་ནིང་ཟ་མར་གཞར་མི་འགྱུར།། ནམས་ཀྱང་མཛེ་དང་ཤ་བཀྲ་མི་འབྱུང་ཞིང་།། བསྔགས་པར་འོས ་བའི་ལུས་ནི་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ལྕེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར།། གསེར་གྱི་གཟུགས་ལྟར་ཁ་དོག་འབར་བར་འོང་།། ཏིང ་འཛིན་བརྟན་ཞིང་ཤིན་ཏུ་རྟོགས་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ལྷ་ནང་བདག་པོར་འགྱུར་ཞིང་དབང་ཕྱུག་འགྱུར།། མི་ཡི་འཇིག་རྟེན། ་སྐྱེས་ན་དགའ་བར་འོང་།། བརྩོན་འགྲུས་ལྡན་ཞིང་བག་ཡོད་འབར་བར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། དེ་ལ་སུ་ཡང་ཡིད་མི་བདེ་མི་སྐྱེད།། དེ་ལ་སུ་ཡང་ཚིག་རྩུག ་སྨྲ་བ་མེད།། ཕྲ་མ་ཐམས་ཅད་སྤངས་ཤིང་ཡང་དག་སྨྲ།། བསོད་ནམས་འདོད་པ་སུ་ཞིག་ཕྱགས་ཐོགས་ཏེ།། བཅོམ་ལྡན་མཆོད་རྟེན་གུས་པར་འཕྱག་བྱེད་པ།། དེ་ནི་སྨད་ཅིང་མི་གཙང ་ལུས་མི་འགྱུར།། བ་སྤུ་ཁུང་ནས་ཙནྡན་དྲི་ངང་འབྱུང་།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། ཡན་ལག་མ་སྨད་ཁྱད ་འཕགས་ལུས་འཐོབ་ཅིང་།། མཛེས་ལ་མཚན་གྱིས་གོ་ཆ་ར་བྱས་པར་འགྱུར།། བཅོམ་ལྡན་མྱ་ངན་འདས་པའི་མ་ཆོད་རྟེན་ཕྱགས།། ལྷ་ཡི་ཙན་དན་ཁྱད་འཕགས་རབ ་མཛེས་པའི།། གཞལ་མེད་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ།། དེ་ནི་དེ་ལ་གཞར་ཡང་སྲེད་མི་སྐྱེད།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། ཡིད་འོང་དྲི་ལྡན་མཆོག ་ཏུ་བལྟ་སྡུག་པའི།། ལྷ་ཡི་བུ་མོ་བྱེ་བ་སྟོང་འཐོབ་ཅིང་།། དེ་ནི་དེ་ལ་ནམས་ཀྱང་ཕྱགས་མི་སྐྱེད།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། བསྐྱེད་མོས་ཚལ་མཆོག་ཡོད ་པའི་རྫིང་བུ་ནི།། ཡན་ལག་བརྒྱད་ལྡན་ཆུ་གཙང་མཛེས་གྱུར་པ།། མེ་ཏོག་ཨུཏྤལ་ལས་ནི་རྒྱས་པ་འཐོབ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། དེ་ཡི་གཡོག་འཁོན ་རྟག་ཏུ་འཐུན་འགྱུར་ཞིང་།། མི་དམན་སེམས་ཅན་ལྷ་ཡི་སྒྲ་ཡང་ཐོས།། ལྷ་མོ་རྣམས་ཀྱི་གླུ་དབྱངས་སྙན་སྒྲ་ཐོབ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། འཇིག་རྟེན ་ཀུན་ཏུ་སྐྱེས་ཆེ་བདག་ཉིད་ཀྱིས།། འདི་ནས་ཤི་འཕོས་ངན་འགྲོར་མི་འགྲོ་ཞིང་།། མི་ཡི་འཇིག་རྟེན་སངས་རྒྱས་མཐོང་བར་ཤེས།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས ་དེ་ནི་ལྷ་ལ་སྙན་པའི་གཏམ་བྱས་ཏེ།། སངས་རྒྱས་ཡེ་ཤེས་རྫོགས་ལ་ལྷ་བཀོད་ནས།། ཤི་བའི་དུས་བྱས་འཛམྦུའི་གླིང་དུ་སྐྱེ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས། ་བཅས་མ་ཐག་ཏུ་བསྐལ་པ་མཐའ་ཡས་དྲན།། སྔོན་གྱི་སངས་རྒྱས་གཙོ་རྣམས་བཀུར་བ་དང་།། དེ་དག་མཚན་དང་ཡོན་ཆོས་ཀྱང་དྲན།། འཇིག་རྟེན་སངས་རྒྱས་ཇི ་ལྟར་འགྱུར་ཞེས་ཏེ།། མོས་པ་བསྐྱེད་ནས་མཆོད་རྟེན་རྩཝ་སྐྱེས་སེལ།། དེ་ཡི་ཕན་ཡོན་དེ་དག་ངས་བཤད་ཀྱིས།། ཐ་བ་དྲི་སོལ་དང་བའི་སེམས་ཀྱིས་ཉོན།། མཐུ་ཆེན་སྐྱེས་བུ ་དམ་པ་ཁྱད་འཕགས་པ།། རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། དེ་ནི་གཞའ་གསང་དད་པ་དམ་པ་འཐོབ།། སངས་རྒྱས་སྟོབས། ་བཅུ་དེད་དཔོན་དེས་མཐོང་ནས།། འདྲེན་པ་མཚུངས་པ་མེད་པ་མཆོད་པ་བྱེད།། མཚན་གྱིས་གོ་ཆར་བྱས་པའི་སངས་རྒྱས་སུ།། འགྱུར་ཞེས་ཐུགས་དགྱེས་དེ་དག་ལུང་ཡང་སྟོན།། ་གྲོང་ཁྱེར་ཡངས་པ་ཉམས་དགའ་མཆོག་གནས་ཤིང་།། ང་ནི་ཆོས་སྟོན་གང་གིས་མཐོང་གྱུར་པ།། དེ་དག་ཕྱི་དུས་རབ་ཏུ་འཇིགས་པའི་ཚེ།། རྒྱལ་མཆོག་མྱ་ངན་འདས་པའི་ཆོས ་འཛིན་འགྱུར།། མཆོད་རྟེན་རྩ་སྐྱེས་སེལ་བར་བྱེད་པ་ནི།། རྒྱལ་བ་དམ་པ་མི་ཐུལ་མཐོང་འདོད་པའི།། རྒྱུ་དང་ས་བོན་འགྱུར་བ་འདི་ཡིན་ནོ།། འདོད་དང་དམྱལ་དང་དུ་། ་འགྲོ་སྐྱེ་གནས་སྤོང་།། བྱང་ཆུབ་སེམས་དཔའ་གང་གིས་མདོ་མཆོག་འདི།། ཕྱི་མ་རབ་འཇིག་དུས་ན་འཛིན་བྱེད་པ།། དེ་ནི་འཇིག་རྟེན་སངས་རྒྱས་ལྷ་ཡི་ལྷ།། བསོད་ནམས་ཁྱད་འཕགས ་མཚུངས་མེད་ཞིང་དུ་འགྱུར།། འདི་བཤད་ཚེ་ན་གང་དག་འདིར་མཆོད་དང་།། ཚུལ་འདི་བཤད་པ་གང་དག་ཐོས་པ་དང་།། གང་དག་མདོ་མཆོག་འདི་ནི་འདིར་བཟུང་བ།། དེ་དག་ཕྱི་མའི ་དུས་ན་འདིར་འདི་འཛིན།། གང་དག་ཕྱིན་ཅད་མདོ་མཆོག་ལ་དི་འཛིན་པ།། དེ་དག་རྟག་ཏུ་ང་དང་འཐུན་པའི་སྲས།། སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་།། དེ ་ངག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར།། གང་དག་ཕྱི་དུས་རྒྱལ་བའི་ཆོས་འཛིན་པ།། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་མཐོའ་ཡས།། བསྐལ་པ་བྱེ་བར་བཞུགས་ཏེ་དེ་དག་གི།། བསྔག ་པ་བརྗོད་ཀྱང་མཐའ་མར་ཕྱིན་མི་ནུས།། དྲི་ཞིམ་ཡིད་འོང་སྤོས་ཀྱི་ཆོ་ག་བཞིན།། སངས་རྒྱས་མཆོད་རྟེན་ལ་ནི་སུ་སྐུད་པ།། དེ་ནི་འཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ།། དེ་ནི་ས་འདིར་སྙིང་པོར ་བླངས་པར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། བཅོམ་ལྡན་འདས་ཀྱིས་བསྟན་པ་འཇིག་འགྱུར་ཚེ།། འཛམྦུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་།། དེ་ནི་དེ་ཚེ་མཐོ་རིས ་བདག་པོར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས།། རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས།། དེ་ནི་རྟག་ཏུ་ཚངས་སྤྱོད། ་མཆོག་འདིར་སྤྱོད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར།། རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག། ལྷ་རྣམས་ལ་ནི ་རྒྱ་ཆེན་དོན་ཀྱང་བྱེད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། གང་གི་ཚེ་ན་མིའི་འཇིག་རྟེན་ན།། ཞེ་སྡང་མེད་སེམས་འཇམ་ཞིང་མཉེན་གྱུར་པ།། དེ་ཚེ་དེ་ན་འཛམྦུའི་གླིང ་དུ་གནས།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། ཁྱད་འཕགས་ཚིག་ལྡན་སྒྲ་དབྱངས་ཡིད་འོང་འགྱུར།། སྐྱེ་བོ་མང་པོ་ཡིད་འོང་དགའ་ཞིང་བཀུར།། དེ་ཡི་ཁ་བཞིན ་རྟག་ཏུ་གསལ་བར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། དེ་ནི་ངན་སོང་ས་རྣམས་མ་ལུས་སྤོང་།། དེ་བཞིན་གཤེགས་དང་ཉེ་བར་ཐོབ་པར་འགྱུར།། དད་པ ་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ།། རྒྱལ་བའི་མཆོད་རྟེན་སྤོས་དབྱུག་ཕུལ་བྱས་ན།། རྒྱལ་པོ་སྟོབས་ལྡན་འཁོར་ལོ་ས་སྦྱར་བར་འགྱུར།། བློན་པོ་ཚོང་དཔོན་ཁྱིམ་བདག ་བསོད་ནམས་ལྡན།། ཆོས་རྗེ་འོད་མཛད་སངས་རྒྱས་སུ་ཡང་འགྱུར།། དགའ་བའི་སེམས་ཀྱིས་མགུ་བའི་ཤུགས་པ་སྐྱེད་དེ།། བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲ་བ་འབུལ།། ་དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན།། མཐུ་ཆེ་བླ་མ་འཁོར་ལོས་སྒྱུར་བར་འགྱུར།། བལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ནས།། གཞལ་མེད་ཁང་ཆེན་རབ་མཛེས་བལྟ་སྡུག་པ།། ཁ ་དོག་སྣ་ཚོགས་དཔག་མེད་ལྡན་པ་དང་།། རིན་ཆེན་ཁང་བཟངས་ཆེ་འོས་དག་པ་འཐོབ།། རྒྱལ་པོའི་ཕོ་བྲང་ཁྱད་པར་འཕགས་གྱུར་པ།། སྐྱེས་པ་བུད་མེད་དག་གིས་གང་བ་དང་།། ་མཉམ་ཞིང་ལེགས་བྱས་རབ་མཛེས་པལྟ་སྡུག་པ།། དྲ་བས་སྣ་ཚོགས་བདེ་བྱེད་པ་དེ་འཇུག་འཐོབ།། རྒྱལ་མཚན་པ་དན་གསལ་བས་མཛེས་བྱས་ཤིང་།། གདུགས། ་བྲེས་ཤིན་ཏུ་མཛེས་ལ་བལྟ་སྡུག་དང་།། མུ་ཏིག་དྲ་བ་ཕྲེང་བ་དེ་འདྲ་བའི།། རྒྱལ་སྲིད་ཡོན་ཏན་ཁྱད་འཕགས་གཞན་ཡང་འཐོབ།། དེ་ཡི་ཡུལ་ན་གཞན་ནོར་འཇིག་བྱེད་པ།། ཆོམ་ཀུན་གཡོ ་ལྡན་གཡོ་ཅན་གནས་མི་འགྱུར།། སེམས་ཅན་རྒྱ་ཆེན་བློ་མཆོག་ལྡན་པ་དང་།། ཕན་བྱེད་བྱམས་སེམས་ལྡན་པ་དེ་ནི་གནས།། ཤི་འཕྲོས་བག་ཡོད་དེ་ནི་ལྷར་འགྲོ་སྟེ།། དཀར་ནག་གང་ཡིན ་བདག་ཅག་ཇི་ལྟར་གནས།། འདི་ནས་ཤི་འཕོས་ཇི་ལྟར་མིར་སྐྱེ་ཞེས།། བློ་ལྡན་དེ་ནི་མཐོ་རིས་འདི་གནས་འགྱུར།། སངས་རྒྱས་སྦྱིན་གནས་མྱུར་དུ་མཐོང་འགྱུར་ཏེ།། མཐོང་ནས་མཆོད ་ཅིང་མཚུངས་མེད་སྟི་སྟང་བྱེད།། སངས་རྒྱས་མཐོང་ནས། བྱང་ཆུབ་མོས་སྐྱེད་ཅིང་།། རྡུལ་བྲལ་རྣམས་ལ་ཕྱིར་ནི་སྟི་སྟང་བྱེད།། ཡེ་ཤེས་མཐའ་ཡས་ལྡན་དང་མཐུ་ཆེན ་འགྱུར།། ཁྱད་པར་ས་གནས་འཕགས་པའི་སེམས་ཅན་འགྱུར།། བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་ནས།། འདི་འདྲའི་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར།། ང་ཡི་བྱ་བ་འདི་ནི། ་བརྗོད་པར་བྱ།། ངས་བརྗོད་འདི་ལ་ཐེ་ཚོམ་མ་སྐྱེད་ཅིག། སངས་རྒྱས་བཀའ་སྤངས་མནར་མེད་འགྲོར་འགྱུར་ཞིང་།། ཕྱིན་ཆད་སྡུག་བསྔལ་ཉོན་མོངས་གྱུར་ཏ་རེ།། འཇིག་རྟེན་སྒྲོན་མ་མཚུངས ་མེད་བསོད་ནམས་ཞིང་།། དེ་ཡི་མཆོད་རྟེན་བརྒྱ་སུ་སེལ་བ།། བག་ཡོད་གྱུར་ནས་དེ་ནི་བདུད་རྒྱ་འདྲལ།། དུས་རྣམས་ཀུན་ཏུ་ངན་སོང་ས་ཡང་སྤོང་།། རྟག་ཏུ་སངས་རྒྱས་རྡུལ་བྲལ་སྟི་སྟང ་ཁྱེད།། རྟག་ཏུ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར།། མི་ཡི་འཇིག་རྟེན་སྐྱེས་ན་བསོད་ནམས་ལྡན།། རྒྱལ་པོ་ཀུན་གྱིས་མཆོད་པའི་གནསུ་འགྱུར།། ལྷ་ནང་ལྷ་ཡི་དབང་པོ་མཆོད་གནས། ་འགྱུར།། དེར་ནི་མྱུར་དུ་ལྷ་ཡི་ཚེ་ཡང་འཐོབ།། དཔལ་ལྡན་གསེར་གྱི་གཞལ་མེད་ཁང་པ་རྙེད།། ལྷ་ཡི་བདེ་བ་མཚུངས་མེད་དབང་ཕྱུག་ཉིད།། གཟུགས་དང་སྒྲ་དང་དྲི་རབ་རོ་མཆོག་དང་།། ་རེག་བྱ་དཔལ་ལྡན་ལྷ་ཡི་འཇིག་རྟེན་འཐོབ།། མཐུ་ཆེན་ཞིང་བལྟ་བའི་འོས་སུ་འགྱུར།། ལྷ་མི་རྣམས་ལ་འདོད་པའི་སྲེད་མི་སྐྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ་བས་ལ་བྱས་ན།། འདི ་ནས་ཤི་འཕོས་མིའི་འཇིག་རྟེན་འགྲོ།། ཡན་ལག་ལེགས། གནས་ཁྱད་པར་འགྲོ་བར་འགྱུར།། ནམ་ཡང་བསྟན་བཅོས་མི་ཉུང་མང་པོ་འཐོབ།། བཅོམ་ལྡན་མཆོད་རྟེན་བརྒྱ་བས ་བྱས་ན།། དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་།། དེ་ནི་དང་འགྱུར་དེ་བཞིན་ཁྱད་པར་འཕགས།། དེ་ནི་སངས་རྒྱས་མ་ཚུངས་མེད་མཆོད་པ་བྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ ་བསལ་བྱས་ན།། བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར།། འདོད་པའི་ཡོན་ཏན་དག་ལ་དགའ་མི་སྐྱེད།། མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།། བཅོམ་ལྡན་མཆོད ་རྟེན་བརྒྱ་བསལ་བྱས་ན།། དེ་ནི་ནམས་ཀྱང་བྱང་ཆུབ་སེམས་མི་འདོར།། ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར།། རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ།། བཅོམ ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ཡི་མདོག་ངན་དུས་རྣམས་ཀུན་ཏུ་སྤོང་།། འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤོང་།། ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས།། བཅོམ། ་ལྡན་མཆོད་རྟེན་བརྒྱབས་ལ་བྱས་ན།། ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ལ།། ཁྱད་འཕགས་ཁ་ཏོན་ལྡན་ཞིང་བལྟ་སྡུག་ལ།། རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས ་འཐོབ། དད་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ།། མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན།། འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་།། སྟོབས་བཅུ་མངའ་བའི་དེད་དཔོན་མཉེས ་པར་བྱེད།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།། སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར།། དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར།། ་བཅོམ་ལྡན་མཆོད་རྟེན་དག་ལ་སྔ་རབས་མིས།། མེ་ཏོག་ཕུལ་རཔེ་སྐམ་པོ་ཕྱགས་བྱས་ན།། ངན་སོང་ས་ཡི་ལས་ངན་ཐམས་ཅད་གཅོད།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས། ་མཆོད་རྟེན་མེ་ཏོག་རྣཾས་པ་སུ་འཕྱག་པ།། བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་།། ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང་།། བསྐལ་པ་མཐའ་ཡས་རྣམསུ་དབུགས་ཕྱིན ་ཐོབ།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། སྦྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འོང་།། མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར།། རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱ ་པར་འགྱུར།། ལྷ་ཡི་མེ་ཏོག་རབ་མཛེས་མན་ད་ར།། མཚུངས་མེད་པ་ཏ་ལ་ཡང་སུ་འབུལ་དང་།། མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ།། དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར།། མཆོད ་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། དེ་ལུས་དུག་གིས་མི་ཚུགས་མཚོན་མི་ཚུགས།། མེ་འབར་འོད་འཕྲོ་ཕུང་པོ་ཆེས་མི་ཚུགས།། ནོར་གྱི་ཕུང་པོ་རྐུན་པོས་བརྐུ་མི་འགྱུར།། མགུ་ཞིང་རབ་ཏུ་དགའ་བའི ་ཤུགས་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་མེ་ཏོག་སྐམ་ཕྱགས་ན།། དེ་ཡི་བསོད་ནམས་བཟུང་བར་གང་གྱུར་པ།། གྲངས་སམ་ཆ་ཡང་བརྗོད་པར་སླ་མ་ཡིན།། མཆོད་རྟེན་མེ་ཏོག་རྙིས་པ་སུ ་འཕྱག་པ།། སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། མི་ཡི་འཇིག་རྟེན་ན་ནི་རྟག་ཏུ་དགའ།། མཐུ་དང་ལྡན་ཞིང་ཡིད་འོང་སྒྲ་སྐད་འབྱུང་།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། ཆོས ་མཆོག་རབ་མཛེས་ཡང་དག་སྤྱོད་བྱེད་ཅིང་།། དེ་ལུས་རྣམ་པར་དག་པ་ཆེན་པོར་འོང་།། རིང་པོར་མི་ཐོགས་འཇིག་རྟེན་སངས་རྒྱས་འགྱུར།། འཇིག་རྟེན་སངས་རྒྱས་འགྱུར་བྱར་མོས་བསྐྱེད་དེ།། ་སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། འཇིག་རྟེན་དགྲ་ན་བླ་མར་བཀུར་བསྟི་བྱ།། དེ་ནི་མཛེས་ཤིང་བལྟ་ན་སྡུག་པར་འགྱུར།། དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི།། ལྟོ་འཕྱེ་ཆེ་དང་། ་འཇིག་རྟེན་ཐམས་ཅད་འདུད།། སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱས་སྲིད་སྟོན།། དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ།། དེ་ཀུན ་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད།། དེ་ནི་ངན་སོངས་ཡང་རྣམ་པར་སྤོང་།། དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད།། བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར།། དབུགས་ཕྱིན ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན།། བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད།། སེམས་ཅན་རྣམས་ལ་མི་ལྷོང་ཞི་ཚིག་སྟོན།། དེ་ལ་སུ་ཡང་དབང ་ཕྱུག་མེད་མི་བྱེད།། སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར།། དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། སྦྱིན་དང་སྙན་པར་སྒྲ ་དོན་སྤྱོད་དང་།། དོན་འཐུན་པ་དང་སྐྱེ་བོ་མང་ལ་བྱེད།། སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད།། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། མཐོ་རིས་འཆི། ་རྟེན་གནས་ཤིང་ལྷ་དབང་འགྱུར།། མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འོང་།། དེ་ནི་གཞར་ཡང་ཡོངསུ་ཉམས་མི་འགྱུར།། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། དེ་ནི་གཞར་ཡང ་ངན་སོང་ཕྱིས་མི་ལྟུང་།། འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤོང་།། ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར།། སྟོན་ལྡན་ལ་ཚིག་གཅིག་སུ་སྨེ་བ།། ད་ནི་མི་རིགས་སྔགས་ལ་གཞར་མི་སྤྱོད ་མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར།། དེ་ལ་སེམས་ཅན་མི་ངོམས་དགའ་བར་འགྱུར།། ཡིད་འོངས་དབྱངས་ལྡན་པོ་བྲང་འཁོར་གཤེགས་ཤིང་།། འཇིག་རྟེན་མགོན་པོ་སྒོ་གཏན ་བཞུགས་པའི་ཚེ།། སུ་ཞིག་ཤུགས་བསྐྱེད་མེ་ཏོག་བླངས་ཏེ་ག། ཏོར།། དེ་ནི་བརྒྱན་ནས་རྒྱལ་བ་དམ་པ་མཐོང་།། རང་གི། ཁྱིམ་དུ་སྟོབས་བཅུ་བསྙེན་བཀུར་བྱེད།། དེ་ཡི་བཤོས ་གསོལ་ཆོས་བཟང་སྟོན་པ་མཛད།། དད་པ་སྐྱེས་ནས་མི་མཆོག་བསྙེན་བཀུར་བྱེད།། གོས་ཀྱང་ཐོགས་ཏེ་རྣམ་པར་འདྲེན་ལ་འབུལ།། སངས་རྒྱས་བྱང་ཆུབ་མཚུངས་མེད་མཆོག་ཐོབ་ནས།། ་སྟོབས་བཅུ་ལྡན་ཞིང་གཡོ་བ་མེད་གྱུར་ལ།། བྱང་ཆུབ་སངས་རྒྱས་སྡུག་བསྔལ་སྐྱེ་བོ་འགྲོལ།། འཇིག་རྟེན་ཀུན་ཏུ་མཚུངས་མེད་སངས་རྒྱས་ཤོག། དེ་ཡི་སྨོན་ལམ་འདི་འདྲ་འདི་དང་ནི།། སངས ་རྒྱས་ཡེ་ཤེས་དེ་སེམས་དགའ་མཁྱེན་ནས།། སྟོབས་བཅུ་འཛུམ་མཛད་འཇིག་རྟེན་ཐམས་ཅད་དུ།། མཚུངས་མེད་སངས་རྒྱས་འགྱུར་ཞེས་ལུང་སྟོན་ཏོ།། སྐྱེས་བུ་དམ་པ་མཆོག་གི་གསུང ་འོས་རས།། བདེ་གཤེགས་མཆོག་གསུང་གཞན་དུ་མི་འགྱུར་ཏེ། དག་ནི་རྒྱལ་བ་མཆོག་འགྱུར་ངོགས་མེད་ཅེག།། དགའ་ཞིང་མགུནས་པར་སྔང་ཀུར་ཏུ་རྒྱུ།། འཇིག་རྟེན་ལྷ་ཡི་ལྔར་གྱུར་སཔ། ་རྒྱས་སུ།། ཁྱད་འཕགས་མཚུངས་མེད་སྦྱིན་གནས་འགྱུར་བ་དང་།། དེ་སེམས་སྤྱོད་དང་དགའ་བར་གནས་མཁྱེན་ནས།། དེ་ལ་སྟོབས་བཅུ་མངའ་བས་བཞེས་པར་གྱུར།། བདེ་གཤེགས་མཆོག ་གིས་གོས་ནི་བཞེས་རིག་ནས།། དེ་ནི་ཤུགས་སྐྱེས་རབ་དགའ་སེམས་མགུ་སྟེ།། མཚུངས་མེད་འཇིག་རྟེན་མགོན་ལ་བལྟས་ནས་ནི།། འཇིག་རྟེན་སངས་རྒྱས་བདག་འགྱུར་མོས་པ་སྐྱེད།། སྐྱེ ་ཤི་ཕ་རོལ་སེམས་ཅན་བསྒྲལ་བར་བྱ།། གྲོལ་ནས་སྐྱེ་བོ་མང། པོ་འདུས་བྱས་དགྲོལ།། འཇིག་རྟེན་ཀུན་ན་ལོང་བའི་མེ་ད་བདག་གྱུར།། སྣང་བ་ཐོབ་ནས་མུན་པ་རབ་རིབ་བསམ ་དེ་ལྟར་ཕན་ཡོན་དམ་པ་འདི་ཐོས་ནས།། མེ་ཏོག་འཕྲེང་བ་རྒྱལ་མཚན་གོས་མཆོག་དང་།། རོལ་མོ་སྒྲ་དང་གདུགས་དང་བྱུག་བདུག་གིས།། མགོན་པོ་མཆོག་ལ་སངས་རྒྱས ་འགྱུར་བས་གྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བློ་གྲོས་རྣམ་པར་དག་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི ་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་སྤྱན་རས་གཟིགས་ཤེས་བྱ ་བ་ཐེག་པ་ཆེན་པོའི་མདོ་རྔོག་སྷོ།། ། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དྲན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད ་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨརྱ་རདན་ལོ་ཀ་ནཱ་མ་དྷཱ་ར་ཎི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ ་