CLOSE WINDOW

L83: 'phags pa bsod nams thams cad bsdus pa'i ting nge 'dzin ces bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བསྟན་པའི་ལེའུ་ཞེས་བྱ་བ་རྫོག་སོ།། ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨཱརྱ་སརྦ་པ ་རྫས་མུང་ཙ་ཡ་ས་མཱ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བསོད་ནམས་ཐམས་རང་བསྡུས་པའི་ཏིང་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས ་དང་། བྱང་ཆུབ་སེམས་དཔའི་ཐམས་ཅད་ལ་ཕྱག་འཚལོ།། འདི་གང་བདག་ཐོས་པ་དུས་གཅིག་མ་བཅོམ་ལྡན་འདས་ཡངས་པ་ཅན་ནི། ཨ་མྲས་བསྲུངས་པའི་ཚལ་ཆེན་གྱི ་ཁང་པ་བརྩེགས་པའི་གནས་ན། དགེ་སློང་ཁྲིའི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན ་ཏུ་རྣམ་པར་གྲོལ་གཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེསུ་ཐོབ་པ། སྲིད་པ་ཀུན་ཏུ ་སྦྱོར་བ་ཡོངསུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའི ་ཉི་ཁྲི་ཐམས་ཅད་ཀྱང་ཕྱིར་མི་ལྡེག་པ། གཟུངས་ཐོབ་པ། སྒོ་བས་པ་ཐོགས་པ་མེད་པ། མངོན་པར་ཤེས་པ་ཐོབ་པ། ཏིང་འཛིན་བསྒྲུབ་པ་ལ་མཁས་པ། དྲན་པ་དང་། ་བློ་གྲོས་དང་། རྟོགས་པ་དང་། བརྟན་པ་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་ལ་འདི་ལྟ་སྟེ། ངང་ཆུབ་སེམས་དཔའ་ས ་པོ་སྤོང་བའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་གྲོས་བླ་མ་དང་། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕེལ་བའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་དང་། དེ་དག་ལ་སོས ་པ་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་། ལྷའི་བུ་བཞི་ཁྲི་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤ་སྟག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན ་སྐྱོང་བ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ།། དེའི་ཆེ་བ ་ལྡན་འདས་ཀྱིས་བསྟན་པ་ཤིན་ཏུ་སྙིང་པོར་གྱུར་ཏེ། མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་སྲེད་མེད་ཀྱི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར ་པ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཤིན་ཏུ་སྙིང་པོར་གྱུར་ཏེ། མུ་སྟེགས་ཅན་ངན་པ་སྤྱོད ་བ་ཅན་དང་། ཀུན་ཏུ་རྒྱུ་གྲངས་མ་མཆིས་པ་དང་། གཅེར་བུ་པ་ལ་སོགས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ། མཛེས་པར་གྱུར་ལག་སོ།། བཅོམ་ལྡན་འདས་དེའི་སླད། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལེགས་པར་ཡོངསུ་གཟུང་དུ་གསོལ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདག་སུ་གསོལ། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་བསྐྱང་དུ་གསོལ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་གསོལ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་མཛད་པ་དང་། ཡང་དག་པར་བསྟན་པར་གསོལ།། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པའི་ཆོས་ཀྱི་ཚུལ་ཡོངས་གཟུང་དུ་གསོལ།། སེམས་ཅན་ཐམས་ཅད་ཡོངས་མི་གཏོང་བར་གསོལ།། ཇི་ལྟ་བུ ་ཚུལ་གྱིས་ཆོས་ཀྱི་ཕན་གདགས་པས་མྱ་ངན་ལས་འདས་པར་མཆི་བའི་ལམ་བསྟན་པར་གསོལ།། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ན་ཡང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་དང་། ཡོངསུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས ་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བ་སྟེན་བཀུར་བགྱིད་པ་དང་མི་འབྲལ་བ་དང་། བསྩུ་དངས་པ་མ་མཆིས་པའི་ཆོས་ཀྱི་སླདདུ། དྲན་པ་དང་ལྡན་པ ་འགྱུར་བ་དང་། ཆོས་ཀྱི་དགོངས་པ་རྟོགས་པར་འགྱུར་བའི་སྤང། བློ་གྲོས་དང་ལྡན་པར་འགྱུར་བ་དང་། དོན་རྟོགས་པ་རྗེས་འཐོབ་པའི་སླད་དུ། རྟོག་པ་དང་ལྡན་པར་འགྱུར་བ་དང་། རང་གི ་སེམས་ཡོངསུ་དག་པའི་སླ་ངོ་ཆེ་དང་ལྡན་པར་འགྱུར་བ་དང་། སྡིག་པའི་ལས་ཐམས་ཅད་སྤོང་བའི་སླདུ། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ཆོ་ག་དང་སྤྱོད ་པ་ཕུན་སུམ་ཚོགས་པའི་སྤྱདུ། བརྟན་པ་དང་ལྡན་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་བསལ་བའི་སླང་དུ་དངལ་བར་འགྱུར་བ་དང་། འཁོར ་ཐམས་ཅད་ཀྱི་ནང་དུ་བག་ཆེ་བ་དང་བྲལ་བའི་སླ་དུ། སྲན་ཐུབ་པར་འགྱུར་བར་མཛད་དུ་གསོལ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ་པོ་རྣམས་བསོད་ནམས་ཡོངས་མི་ཉམས་པ་དང་། ཆོས་ཡོངསུ་མི་ཉམས་པ་དང་། ཤེས་རབ་ཡོངསུ་མི་ཉམས་པ་དང་། ཡེ་ཤེས་ཡོངསུ་མི་ཉམས་པར་འགྱུར་ལག ་ཇི་ལྟར་ན་ལྷག་པའི་བསམ་པ་བརྟན་པས། བྱང་ཆུབ་ཀྱི་སེམས་ཡོངསུ་མི་ཉམས་པ་དང་། མྱ་ངན་ལས་འདས་པ་འི་མཐར་ཐུག་གི་བར་དུ་སེམས་ཅན་ཐམས་ཅད ་ལ་འཇའ་བ་བརྟན་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངསུ་རྫོགས་པ་ར་བགྱི་བའི་སྒྲ་དུ་གནས་པས་སེམས་ཅན་རྣམས ་ལ་མི་སླུ་བ་དང་། གཏོང་བ་ཐམས་ཅད་ཀྱི་རྗེསུ་འཇུག་པས་མ་བརྟན་པའི་སྦྱིན་པ་དང་ལྡན་པ་དང་། སྡོམ་པ་གསུམ་ཡོངས་དག་པ་ལ་གནས་པས་མ་སྙན་པའི་ཚུལ་ཁྲིམས ་དང་ལྡན་པ་དང་། གནོད་སེམས་མེད་པའི་ཡིད་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་མ་བསྟན་པའི་བཟོད་པ་དང་ལྡན་པ་དང་། ཡོངསུ་མི་སྐྱོ་བའི་ཡིད་ཀྱིས་དོན ་ཐམས་ཅད་ཡོངསུ་སྒྲུབ་པས་མ་བསྟན་པའི་བརྩོན་འགྲུས་དང་ལྡན་པ་དང་། དྲན་པ་དང་ཤེས་བཞིན་ལ་མཁས་ཏེ། བསམ་གཏན་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ ་ཐམས་ཅད་ལ་མི་གནས་པས་མ་བསྟན་པའི་བསམ་གཏན་དང་། ལྟ་བ་ཐམས་ཅད་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོས་པས་མ་བསྟན་པའི་ཤེས་རབ ་དང་ལྡན་པ་དང་། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུ་བ་ལ་ཤིན་ཏུ་བརྩོན་པས་བསྡུ་བ་ཤིན་ཏུ་བསྡུས་པ་དང་། ལྷ་དང་མིའི་སྐྱེ་བ་ཐམས་ཅད་ལ་མི་རྟག་པར་ཡིད ་ལ་བགྱིད་པ་ལ་བརྩོན་པས་རབ་མ་མཆིས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་ལེགས་པར་གནས་ཤིང་། ཉན་ཐོས་དང་རང་སངས་རྒྱས་འདོད་པ་དང་བྲལ་བ ་རྣོའི་ཐེམ་པའི་རྟེན་ལྟ་བུ་དང་། ཆོས་ཀྱི་དབང་དུ་བགྱིད་ཀྱི་འདོད་པའི་དབང་དུ་མི་བགྱིད་པ་དང་། ཆོས་ཀྱི་རྒྱལ་སྲིད་དོན་ཏུ་གཉེར་བར་བགྱིད་ཀྱི།། ལྷ་དང་མའི་རྒྱལ་སྲིད་དོན་ཏུ ་མི་གཉེར་བ་དང་། སངས་རྒྱས་ཀྱིས་གནང་བའི་ཚིག་དང་ལྡན་པ་འི་ཆོས་སྨྲ་བར་འགྱུར་བ་དང་། ཆོས་ཀྱིས་འཚེ་བར་འགྱུར་གྱི། ཟང་ཟིང་གིས་མི་འཚོ་བ་དང་། ཡོངས ་འཛིན་པ་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མ་མཆིས་པའི་སེམས་དང་ལྡན་པས་ཞེ་སྡང་དང ་བྲལ་བར་འགྱུར་བ་དང་། ཆོས་ཐམས་ཅད་ལ་གཏི་མུག་གི་མུན་པ་དང་བྲལ་བས་གཏི་མུག་དང་བྲལ་བར་འགྱུར་བ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བས་བདུད་ཐམས ་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། སྒྲ་ཐམས་ཅད་ནས་ཡོངསུ་བསྔོ་བ་ལ་མཁས་པས་ཐབས་ལ་མཁས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་གསུམ་གྱི་བདག་པོ་སྲིད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་མེད་ཀྱི ་བུ་ཁྱོད་ལེག་སོ་ལེག་སོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་དོན་འདི་འདྲི་བར་སེམས་པ་ནི་སྲེད་མེད་ཀྱི་བུ་ཁྱོད་ལེག་སོ།། སྲེད་མེད་ཀྱི་བུ་དེའི་ཕྱིར ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གྱི་ཁྱད་པར་འདི་དག་དང་། གཞན་དག་ཀྱང་ཐོབ་པར་འགྱུར་བ ་ངས་བཤ་།། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདྲ ་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་ས་ཀྱི་ཏིང་འཛིན་བསོད་ནམས་ཐམས་ཅད་བསྡུས ་པ་ཞེས་བྱ་བ་ཡོད་དེ། དེ་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་འི་ཆེན་པོ་རྣམས་བསོད་ནམས་ཡོངསུ་ཉམ། པར་མི་འགྱུར། ཆོས་ཡོངས་ཉམས་པར་མི་འགྱུར ་ཤེས་རབ་ཡོངསུ་ཉམས་པར་མི་འགྱུར།། ཡེ་ཤེས་ཡོངསུ་ཉམས་པར་མི་འགྱུར། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་བྲལ་བར་མི ་འགྱུར། བསྡུ་བའི་དངོས་པོ་བཞི་ལ་བརྩོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་མ་གཏོང་བར་གནས་པ་ནས། སྒོ་ཐམས་ཅད་ཡོངསུ་བསྔོ་བ་ལ་མཁས་པས། ཐབས་མཁས ་པར་འགྱུར་བར་དེ་དག་དང་། ཡོན་ཏན་གྱི་ཁྱད་པར་གཞན་དག་དང་། ཡང་ལྡན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན ་འདིའི་མིང་ཙམ་བཀའ་སྩལ་ནས། ཅང་མི་གསུང་བར་གྱུར་ཏོ།། དེ་ནས་དེའི་ཚེ་དྲི་མ་མེད་པའི་གཟི་བརྗིད་ཅེས་བྱ་བ་ཆེན་པོ་ཆེ་ཆེན་པོའི་སྟོབས་ཆེན་པོ་དང་ལྡན་པ་ཞིག། ཡངས ་པའི་གྲོང་ཁྱེར་ཆེན་པོ་ན་གནསོ།། དེ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཆེན་པོ་ཆེ་ཆེན་པོ་སྟོབས་པོ་ཆེའི་ཤུགས་དང་ལྡན་པ་སྟེ། འཛམྦུའི་གླིང་འདིའི་སེམས་ཅན་ལ ་འདི་ལྟ་སྟེ།། སྟོབས་སམ་སྤྲོ་བ་བདག་དང་མཉམ་པ་ཡང་མེད་ན། ལྷག་པ་ལྟ་ག་ལ་ཡོད་སྙམོ།། དེས་དགེ་སྒྲ་ངགོརུ་ཏ་མ་སྟོབས་པོ་ཆེའི་ཤུགས་དང་ལྡན་ཏེ། ་སྟོབས་བཅུའི་སྟོབས་དང་ལྡན་ཞིང་། སྲེད་མེད་ཀྱི་བུའི་ལུས་ཐོབ་བོ་ཞེས་གྲགས་གོ་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས། བདག་དགེ་སྦྱོང་གོའུ་ཏ་མའི་ཐད ་དུ་སོང་ལ། བཅོམ་ལྡན་འདས་དེ་ཅི་འདྲ་བ་དང་། བདག་ཅི་འདྲ་བ་སད་པར་བྱ་གོར་མ་ཆགས་སྙ་མོ།། དེ་ནས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཡངས་པའི་གྲོང ་ཁྱེར་ཆེན་པོ་ནས་བྱུང་ནས། ཨ་མྲས་བསྲུངས་པའི་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་འབུམ་ཕྲག་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སངས་རྒྱས་ཀྱི་མཐུ་ཆེན་པོས་ཆོས་སྟོན་ཅིང་། རིའི་རྒྱལ་པོ ་ཚ་མམ་གས་པ་ཚལ་ས་པ་མ་མས་པས་ག་ས ་དགའང་། རང་བ་དང་། མཆག་ཐདཔའ་བ་ཆེན་བ་ཟབ་ག། དེ་དགའ་བ་དང་། རང་བ་དང་། མཆོག་ཏུ་དགའ་བ་ཆེན་པ་འབ་དས། བཅོམ་ལྡན་འདས་ཀྱི་གམས་པ ་ས་གང་ས་པནས་རྗེས་པས་བྱོས་རྒྱུན་དུ་བ་མ་མེད་དུག་མྦྷ་ཧྲཱིནྡ་སྨཱ་པཱ ་དྲེག་པ་གདུལ་བའི་ཕྱིར། གནས་བརྟན་མོའུ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་དགལ་གྱི་བུ་ཁྱོད་སོང་ལ།། ང་བྱང་ཆུབ་སེམས་དཔར་གྱུར་པ་ན། ཤཱཀྱའི་བུ་མོ་ས ་འཚོ་མའི་ཕྱིར། མདའ་འཕངས་པ་གང་ཡིན་པ་དེ་འདིར་ལོང་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུས་འདི་སྐད་ཅེས་གསོ ་ཏོ།། བཅོམ་ལྡན་འདས་སྣམ་མདའ་དེ་ག་ལ་མཆིས་པ་བདག་གིས་མ་མཐོང་ལག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཕྱག་གཡས་པ་ནས་སྣང་བར་བྱེད་པ་ཞེས་བྱ་བའི ་འོད་ཟེར་གཅིག་བཏང་ཏེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱའོ།། དེ་ནས་སངས་རྒྱས་ཀྱི་ནིང་འདིའི་འཁོར་ཡུག་ཆེན་པོ་གང ་ཡིན་པ་དེ་ན། མདའ་དེ་འདུག་པར་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་དགལ་གྱི་བུ་ཁྱོད་སོང ་ཡང་མདའ་དེ་ལོང་ཤིག། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ནས། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ ་གྱི་བུ་ཁྱོད་སོང་ལ། མདའ་དེ་ལོང་ཤིག། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ་འཁོར ་ཐམས་ཅད་ཀྱི་ནང་ནས་མི་སྣང་བར་གྱུར་ནས། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ། བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ། སྐད་ཅིག ་ཐང་ཅིག་ཡུད་ཙམ་དེ་ལ། འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་ཆེ་ན་པོ་དེ་ནས་མདའ་དེ་བླངས་ཏེ། བཅོམ་ལྡན་འདས་ལ་ཕུལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་ཅི་སྣམ་མདའ་དེ་བྱང་ཆུབ་སེམས་དཔས་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་འཕངས་པ་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི ་སྟོབས་ཀྱིས་འཕངས་པ་ལགས། བཀའ་སྩལ་པ། མོའུ་དགལ་གྱི་བུ་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་མདའ་འཕངས་པ་ཡིན་གྱི། རྫུ་འཕྲུལ་གྱི་སྟོབས་ཀྱིས ་འཕངས་པ་ནི་མ་ཡིན་ནོ།། མོའུ་དགལ་གྱི་བུ་གལ་ཏེ་རྡུལ་འཕྲལ་གྱི་སྟོབས་ཀྱིས་འཕངསུ་ཟིན་ན། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་འགྲོ ་བར་འགྱུ་རོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཡབ་ཡུམ་ལས་བྱུང་བའི་སྟོབས། རང་གི་བསོད་ནམས་ཡོངས་སྨིན་པ་ལས ་སྐྱེས་པ་དེ་ཇི་ལྟ་བུ་ཞིག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ་མི་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་གཅིག་གི་སྟོབསོ།། གླང་བཅུའི་སྟོབས་གང་ཡིན ་པ་དེ་ནི། གླང་སྔོན་པོ་གཅིག་གི་སྟོབ་སོ།། གླང་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་ཐ་མ་ལཾ་པ་གཅིག་གི་སྟོབ་སོ།། གླང་གི་ཆེ་ཐ་མལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། ་གླང་པོ་ཆེ་འཇིགས་རུང་བ་གཅིག་གི་སྟབ་སོ།། གླང་པོ་ཆེ་འཇིག་སུ་རུང་བ་བཅུའི་སྟོབས་གང་ཡིན་པདེ་ནི། གླང་པོ་ཆེ་གླང་པོ་ཆེ་མོ་འདྲ་བ་གཅིག་གི་སྟོབ་སོ།། གླང་བ ་ཆེ་མོ་འདྲ་བ་བཅུའི་སྟོབས་གང་ཡིན་པ་དེ་ནི། དགོན་པའི་གླང་པོ་ཆེ་གཅིག་གི་སྟོབ་སོ།། དགོན་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། རི་འབིགས་བྱེད་ཀྱི་གླང་པོ་ཆེ་གཅིག ་གི་སྟོབ་སོ།། རི་འབིགས་བྱེད་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་མཚོན་ཆའི་སྡེར་མོ་ཅན་གཅིག་གི་སྟོབསོ།། གླང་པོ་ཆེ་མཚོན་ཆའི་སྡེར་མོ་ཅན་བཅུ ་སྟོབས་གང་ཡིན་པ་དེ་ནི།། གླང་པོ་ཆེ་ག་ཤོལ་མངའ་འཛིན་གཅིག་གི་སྟོབསོ།། གླང་པོ་ཆེ་གཤོལ་མདའ་འཛིན་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སྟང་ཟིལ་མངག་གི ་གི་སྐབས།། གླང་པོ་ཆེ་སྟང་ཟིལ་མདོག་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་གེལ་བ་གཅིག་གི་སྤོབས།། གླང་པོ་ཆེ་གེལ་བ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ ་སྔོན་པོ་གཅིག་གི་སྟོབསོ།། གླང་པོ་ཆེ་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སེར་པོ་གཅིག་གི་སྟོབ་སོ།། གླང་པོ་ཆེ་སེར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་དམ ་པོ་གཅིག་གི་སྟོབསོ།། གླང་པོ་ཆེ་དམར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སྐྱ་བོ་གཅིག་གི་སྟོབསོ།། གླང་པོ་ཆེ་སྐྱ་བོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཚ་ཀུ་མུ་དག་གཅིག ་གི་སྟོབ་སོ།། གླང་པོ་ཆེ་ཀུ་མུ་ད་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་པདྨ་དཀར་པོ་གཅིག་གི་སྟོབསོ།། གླང་པོ་ཆེ་པདྨ་དཀར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་པདྨ ་གཅིག་གི་སྟོབ་སོ།། གླང་པོ་ཆེ་པདྨ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས།། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྤོས་ཀྱི་གླང་པོ་ཆེ་ཆེན་པོ ་གཅིག་གི་སྟོང་སོ།། སྤོས་ཀྱི་གླང་པོ་ཆེ་ཆེན་པོ་བཅུའི་སྒོ་བས་གང་ཡིན་པ་དེ་ནི། སེང་གེ་རལ་པ་ཅན་ཐབས་ཅ་ན་གཅིག་གི་སྟོབ་སོ།། སེང་གེ་རལ་པ་ཅན་ཐབས་ཅན་བཅུའི་སྟོང ་གང་ཡིན་པ་དེ་ནི། ཆེན་པོ་ཆེ་གཅིག་གི་སྟོབསོ།། ཆེན་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི།། ཆེན་པོ་ཆེ་ཆེན་པོ་གཅིག་གི་སྟོབསོ།། ཆེན་པོ་ཆེ་ཆེན་པོ་བཅུའི་སྟོབས་ག ་ཡིན་པ་དེ་ནི། སྟོབས་མཆོག་གཅིག་གི་སྟོབ་སོ།། སྟོབས་མཆོག་བཅུའི་སྟོབས་གང་ཡིན་པ་ནི། སྟོབས་མཆོག་ཆེན་པོ་གཅིག་གི་སྟོབསོ།། སྟོབས་མཆོག་ཆེན་པོ་བཅུའི་སྟོ། ་གང་ཡིན་པ་དེ་ནི། རབ་གནོན་གཅིག་གི་སྟོབ་སོ།། རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ་ན། རབ་གནོན་ཆེན་པོ་གཅིག་གི་སྟོབ་སོ།། རབ་གནོན་ཆེན་པོ་བཅུའི་སྟོངས་གང་ཡིན་པ་དེ ་ནིང་ས་བླའི་ལྷའི་བུ་གཅིག་གི་སྟོབ་སོ།། ས་བླའི་ལྷའི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི། གཞལ་མེད་ཁང་ན་གནས་པའི་ལྷའི་བུ་གཅིག་གི་སྟོབ་སོ།། གཞལ་མེད ་ཁང་ན་གནས་པའི་ལྷའི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི། ལྷའི་བུ་གཤོལ་མངའ་འཛིན་གཅིག་གི་སྟོབ་སོ།། ལྷའི་བུ་གཤོལ་མངའ་འཛིན་བཅུའི་སྟོབས་གང་ཡིན་པ་དེ་ནི། ་ལྷའི་བུ་ལག་ན་འབྲེང་ཐོགས་གཅིག་གི་སྟོབསོ།། ལྷའི་བུ་ལག་ན་འབྲེང་ཐོགས་བཅུའི་སྟོབས་གང་ཡིན་པ་དེ་ནི། ལྷའི་བུ་རྟག་ཏུ་མྱོས་གཅིག་གི་སྟོབ་སོ།། ལྷའི་བུ་རྟག་ཏུ་མྱེས་བཅུའི ་སྟོབས་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་གཅིག་གི་སྟོབ་སོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལུས ་ངན་གཅིག་གི་སྟོབ་སོ།། ལུས་ངན་བཅུའི་སྟོབ་ས་གང་ཡིན་པ་དེ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་བི་བུ་གཅིག་གི་སྟོབ་སོ།། སུམ་ཅུ་རྩ་གསུམ་པའི་ལྷའི་བུ ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་དབང་པོ་བརྒྱ་བྱིན་གཅིག་གི་སྟོབ་སོ།། ལྷའི་དབང་པོ་བརྒྱ་བྱིན་བཅུའི་སྟོབས་གང་ཡིན་པ་དེ་ནི། འཐབ་བྲལ་གྱི་ལྷའི་བུ་གཅིག ་གི་སྟོབ་སོ།། འཐབ་བྲལ་གྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་བུ་རབ་འཐབ་བྲལ་གཅིག་གི་སྟོབ་སོ།། ལྷའི་བུ་རབ་འཐབ་བྲལ་བཅུའི་སྟོབས་གང་ཡི། ་ང་དེ་ནི། དགའ་ལྡན་གྱི་ལྷའི་བུ་གཅིག་གི་སྟོབསོ།། དགའ་ལྡན་གྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་རྒྱལ་པོ་ཡོངསུ་དགའ་ལྡན་གཅིག་གི་སྟོང་སོ།། ལྷ ་རྒྱལ་པོ་ཡོངསུ་དགའ་ལྡན་བཅུའི་སྟོབས་གང་ཡིན་པ་དེ་ནི། འཕྲུལ་དགའི་ལྷའི་བུ་གཅིག་གི་སྟོབ་སོ།། འཕྲུལ་དགའི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ་ལྷའི་རྒྱལ་པོ་རབ་འཕྲུལ་གཅིག་གི་སྟོབསོ།། ལྷའི་རྒྱལ་པོ་རབ་འཕྲུལ་བཅུའི་སྟོབས་གང་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་གཅིག་གི་སྟོབསོ།། ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་རྒྱལ་པོ་དབང་བྱེད་གཅིག་གི་སྟོབསོ།། ལྷའི་རྒྱལ་པོ་དབང་བྱེད་བཅུའི་སྟོབས ་གང་ཡིན་པ་དེ་ནི། བདུད་ཀྱི་རིས་ཀྱི་ལྷའི་བུ་གཅིག་གི་སྟོབ་སོ།། བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། བདུད་སྡིག་ཅན་གཅིག་གི་སྟོབསོ།། བདུད ་སྡིག་ཅན་བཅུའི་སྟོབས་གང་ཡིན་པ་ནི། སྲེད་མེད་ཀྱི་བུ་ཕྱེད་པ་གཅིག་གི་སྟོབ་སོ།། སྲེད་མེད་ཀྱི་བུ་ཕྱེད་པ་བཅུའི་སྟོགས་གང་ཡིན་པ་དེ་ནི། སྲེད་མེད་ཀྱི་བུ ་གཅིག་གི་སྟོབ་སོ།། སྲེད་མེད་ཀྱི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྲེད་མེད་ཀྱི་བུ་ཆེན་པོ་གཅིག་གི་སྟབ་སོ།། སྲེད་མེད་ཀྱི་བུ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། ་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བརྒྱ་ལོན་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའི་ངེས་པར་བྱུང་ནས་བསྐལ་པ་རྒྱ་ལོན་པ་བཅུའི་སྟོབས་གང་ཡིན ་དེ་དེ་མི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་སྟོང་ལོན་པ་གཅིག་གི་སྟོབས།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་སྟོང་ལོན་པ་བཅུའི ་། སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་ཁྲི་ལོན་པ་གཅིག་གི་སྟོབསོ།། བྱང་ཆུབ་སེམས་དཔའ་ངེས་རར་བྱུང་ནས་བས ་པ་ཁྲི་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་མི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། བསྐལ་པ་འབུམ་ལོན་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའ་ངེས་པར ་བྱུང་ནས། བསྐལ་པ་འབུམ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། བསྐལ་པས་ཡ་ལོག་པ་གཅིག་གི་སྟོབ་སོ།། བྱང་ཆུབ ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་ས་ཡ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། བསྐལ་པ་བྱེ་བ ་ལོན་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ལོན་པ་བཅུའི་སྟེ། བས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་ངེས ་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བཅུ་ལོན་པ་གཅིག་གི་སྟོབསོ།། བྱང་ཆུབ་སེམས་དཔའི་ངེས་པར་བྱུང་ནས། བསྐལ་པ་བྱེ་བ་ཕྲག་བཅུ་ལོན་པ་བཅུའི་སྟོབས་གང་ཡིན ་བ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། བསྐལ་པ་བྱེ་བ་ཕྲག་བརྒྱ་ལོན་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག ་བརྒྱ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། བསྐལ་པ་བྱེ་བ་ཕྲག་སྟོང་ལོན་པ་གཅིག་གི་སྟོབསོ།། བྱང་ཆུབ་སེམས་དཔའ ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་སྟོང་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། བསྐལ་པ་བྱེ་བ་ཕྲག་ཁྲི་ལོན་པ་གཅིག ་གི་སྟོབསོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ཁྲི་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས། ་བསྐལ་པ་བྱེ་བ་ཕྲག་འབུམ་ལོན་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་འབུམ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། ་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ས་ཡ་ལོན་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ས་ཡ ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོ་བ་པ་གཅིག་གི་སྟོབ་སོ།། བྱང་ཆུབ་སེམས་དཔའ་མི་སྐྱེ ་བའི་ཆོས་ལ་བཟོད་པ་ཐོབ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་སྲིད་པ་ཐ་མ་པ་གཅིག་གི་སྟོབས་ཡིན་ཏེ། མོའུ་དགལ ་གྱི་བུ་སྟོབས་དེ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅས་མ་ཐག་ཏུ་ས་ལ་གོམ་པ་བདུན་འགྲོ་བར་འགྱུར་རོ།། མོའུ་དགལ་གྱི་བུ་གལ་ཏེ་འཇིག ་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ག་ལ་འདུག་པའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རང ་། བཞིན་དུ་བྱིན་གྱིས་མ་རླབས་སུ་ཟིན་ན། བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བའི་ཚེ། འཇིག་རྟེན་གྱི་ཁམས་དེའི་ས་ཆེན་པོ་ཐུར་ཏུ་དཔག་ཚད་དྲུག་ཁྲི་བརྒྱད ་སྟོང་ཞོམ་པར་འགྱུར་ཏེ། དེའི་འོག་ནས་ཆུའི་ཕུང་པོ་ལས། ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་ས་གཞི་ཆེན་པོ་བརྟོལ་ཏེ་འབྱུང་བར་འགྱུར་བ་ཞིག་ན། འོན་ཀྱང་སངས ་རྒྱས་ཀྱི་མཐུས་ས་ཆེན་པོ་ང་ཡང་ཞོམ་པར་མི་འགྱུར་ལ། སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ ་པ་བཅོས་མ་ཐག་པའི་སྟོབས་དང་། མྱུར་བ་དང་། ཤུགས་དང་། མཐུ་ནི་དེ་འདྲའོ།། མོའུ་དགལ་གྱི་བུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བཅས་མ་ཐག་པ་བཅུའི ་སྟོབས་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་ལང་ཚོའི་མཆོག་ལ་བབ་པ་གཅིག་གི་སྟོབས་ཡིན་ཏེ། སྟོབས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་འགྲོའོ།། ཇི་ལྟ་བུའི་སྟོབས་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དེ་ངས་འབུམ་འགྱུར་གྱིས་ལྷག་པའི་སྟོབས་ཀྱིས་ནི་སྙིང་པོ་ལ་འདུག་གོ།། དེ་བས་ཀྱང་ཆེས་གྲངས་མེད་དཔག་ཏུ་མེད་བརྗོད་མེད ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་ལྡན་པས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། མོའུ་དགལ་གྱི་བུ་གལ་ཏེ་འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་བྱང་ཆུབ་མངོན་རྫོགས་པར་འཚང་རྒྱ་བར་འདོད་དེ། བྱང་ཆུབ་སེམས་དཔའི་སྟོབས་དང་ལྡན་པར ་འགྱུར་ན་ཡང་། དེ་དག་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་གཅིག་གི་འཛུམ་གྱི་ཆར་ཡང་མི་བོད་པ་ནས། དཔེའི་བར་དུ་ཡང་མི་བཟོད ་དེ་སྟོབས་དེ་ལྟ་བུ་བརྙེས་པས་སྟོབས་བཅུའི་སྟོབས་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུརོ།། མོའོ ་དགལ་གྱི་བུ་བྱང་ཆུབ་སེམས་དཔའི་སྟོབས་འདི་ནི། སྔོན་གྱི་དགེ་བའི་རྩ་བ་ཡོངསུ་སྨིན་པས་བསྡུས་པ་སྟེ། དེ་ལས་ཆུང་བ་ཡང་མེད། ལྷག་པ་ཡང་མེད། དེ་ནི་རྫུ ་འཕྲུལ་ཡང་མ་ཡིན། ཆོ་འཕྲུལ་ཡང་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་ནི་སྟོབས་གང་དང་ལྡནན། ་བྱང་ཆུབ་སེམས་དཔས་རྐང་པའི་ཐེ་བོའི་སྤུའི་ཁུང་བུ་གཅིག་གི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དྲངས་ནས། འཇིག་རྟེན་གྱི་ཁམས་མཐའ་ཡས ་མུ་མེད་པ་དག་ཏུ་འཕངས་ཀྱང་སེམས་ཅན་འགའ་ཙམ་ལ་ཡང་གནོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་དང་། ་ཆོ་འཕྲུལ་གྱི་སྟོབས་ནི་དེ་ལྟར་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གྲངས་མེད་དོ།། དེ་བཞིན་གཤེགས་པ་ནི་མི་མཉམ་པ་དང་མཉམོ།། མེའུ་དགལ ་།། གྱིས་བུ་གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་དེ་བསྟན་དུ་ཟིན་ན། ཁྱོད་ཀྱིས་ཀྱང་ཡིད་ཆེས་པར་མི་ནུས་ན། སེམས་ཅན་གྱིས་ལྟ་ཅི་སྨོས། མོའུ་དགལ་གྱི་བུ ་གང་གི་ཚེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དེའི་ཚེ། ཁམས་བཞི་པོ་ས་དང་། ཆུ་དང་མེ་དང་། རླུང་གི་ཁམས་འདི་དག་གཅིག་པུ་འདི་ལྟ་སྟེ། ནམཁ ་ཁམས་བྱིན་གྱིས་རློབ་སྟེ། དེ་ནས་ཆེན་པོ་དེ་ཞོམ་པར་མི་འགྱུར་ལ་སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུརརོ།། དེ་ནས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད ་ཀྱིས། དེ་བཞིན་གཤེགས་པ་ལས་བྱང་ཆུབ་སེམས་དཔའི་ཡབ་སུམ་ལས་བྱུང་བའི་སྟོབས་འདི་ཐོས་ནས།། དགའ་ཤིང་སྤུ་ཟིང་ཞེས་བྱེད་ལ་ངོ་མཚར་དུ་གྱུར་ནས་སྨན ་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་བཟར་ནས།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཙོ་མ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུ། ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའི་སྟོབས་ཐོས་ནས་བདག་གི་ང་རྒྱལ ་དང་དྲེགས་པ་ཆག་སྟེ། མ་མཆིས་པར་གྱུར་ལག་སོ།། བཅོམ་ལྡན་འདས་བདག་སངས་རྒྱས་དང་ཆོས་དང་། དགེ་སྦྱོང་གི་དགེ་འདུན་ལ་སྐྱབསུ་མཆིའོ།། སེམས་ཅན་ཐམ ་ཅང་ལ་སྨན་པ་དང་བདེ་བའི་སྲས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་བསྐྱོད།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་བའི་སངས་རྒྱས་ཀྱི་སྟོབས་བཅུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོབ་པར་གྱུར་ཅིག། ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལས། ལྷའི་བུ་ཁྲིས། ་ཚིག་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་ད་ལྟར་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་འདྲ་བ་དེ་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ལ ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འ་ངས་ཀྱིས་གང་གི་མིང་བཀའ་སྩལ་ནས། ཅང་མི་གསུང ་བར་གྱུར་པའི་ཏིང་འཛིན་བསོད་ནམས་ཐམས་ཅད་བསྡུས་པ་ཞེས་བགྱི་བ་དེ་གང་ལགས།། བཅོམ་ལྡན་འདས་ཅི་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་ཐོབ་པར་འགྱུར་བའི་སླདུ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་བཤད་དུ་གསོལ། དེ་ནས་བཅོམ་ལྡན ་འདས་ཀྱིས་སྟོང་གསུམ་གྱི་བདག་པོ།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་ལ་བཀའ་སྩལ་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང ་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཡོངསུ་བཟུང་བ་དེ་ནི་གང་མེདོ།། ་དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེའི་ཁོངས་འདུས་ཤིང་རྗེསུ་ཞུགས་པའི་ཕྱིར་སྲེད་མེད་ཀྱི་བུ། ་དཔེར་མ། ཆུ་མིག་ཐམས་ཅད་དང་། མཚོ་བྲན་ཐམས་ཅད་དང་། མཆོའུ་ཐམས་ཅད་དང་། ཆུ་ཀླུང་ཐམས་ཅད་དང་། ཆུ་བྲན་ཐམས་ཅད་དང་། མཚོ་ཐམས་ཅད་དང་། ལྕེ ་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོངསུ་འདུས་ཤིང་རྗེ་སུ་ཞུགས་པ་དེ་བཞིན་དུ། སྲེད་མེད་ཀྱི་བུ་བསོད་ནམས་བྱ་བའི་དངོས་པོ་ཅི་ཡང་རུང་བ། སྦྱིན་པ་ལས་བྱུང་བ་རྣམས་ད ་ཚུལ་ཁྲིམས་ལས་བྱུང་བ་རྣམས་དང་། བསྒོམས་པ་ལས་བྱུང་བ་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། ་འཇིག་རྟེན་ལས་འདས་པ་རྣམས་དང་། ལྷ་རྣམས་དང་། མི་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་སྟེད་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁོངསུ་འདུས་ཤིང་རྗེསུ་ཞུགས་པ་དག་གོ།། སྲེད་མེད་ཀྱི་བུ་དེའི་ཕྱིར། བསོད་ནམས་ཐམས་ཅད་ཡོངསུ་གཟུང་བར་འདོད ་བའི་རིགས་ཀྱི་བྲོ་འམ། རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། སྲིད་མེད་ཀྱི་བུ་དཔེར་ན། རིན་པོ་ཆེའི་ཆེན་པོ ་གང་དག་ཡིན་པ་འདི་ལྟ་སྟེ། ལྷུན་པོ་དང་། ལྷུན་པོ་ཆེན་པོ།། གཏང་ཟུང་དང་། བཏང་བརྡུང་ཆེན་པོ་དང་ཁོར་ཡུག་དང་། ཁིར་ལུག་ཆེན་པོ་དང་། གཞན་ཡང་རིན་ས་པ ་རྣམས་དང་། རྦ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང ་དང་། འཛམྦུའི་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བན་གླང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། གླང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་གི་འཇིག་རྟེན་གྱི་ཁམས ་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས ་དང་ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་ཇི་སྙེད་ཡོད་པ་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་བར་འདི་དག་ཐམས་ཅད་ནི་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངསུ་འདུས་ཤིང་། རྗེསུ་ཞུགས་པར་བལྟ་བར་བྱ་བ་དེ་བཞིན་དུ། སྲེད་མེད་ཀྱི་བུ་སོ་སོའི་སྐྱེ་བོའི་བསོད་ནམས ་རྣམས་དང་། སློབ་པའི་བསོད་ནམས་རྣམས་དང་། མི་སློབ་པའི་བསོད་ནམས་རྣམས་དང་། རང་སངས་རྒྱས་ཀྱི་བསོད་ནམས་རྣམས་དང་། བྱང་ཆུབ་སེམས་དཔའི་བསོད ་ནམས་ཅི་ཡང་རུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པའི་ཁོངསུ་འདུས་ཤིང་རྗེསུ་ཞུགས་ཏེ། སྲེད་མེད ་མེད་ཀྱི་བུ་རྣམ་གྲངས་དེས་ཀྱང་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་གིས། བསོད་ནམས་ཐམས་ཅད་མ ་། སུ་བཟུང་བ་དེ་ལྟར་རིག་པར་བྱའོ།། སྲེད་མེད་ཀྱི་བུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་གདོ ་བཇི་སྨད་པ་དེ་དག་གི་ནང་ན་འཁོར་ལོས་སྒྱུར་བ་ནི་བསོད་ནམས་དང་། ཤེས་རབ་ཀྱིས་མཆོག་ཏུ་བརྗོད་དོ།། སྲེད་མེད་ཀྱི་བུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན། སེམས ་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཏེ། སེམས་ཅན་རེ་རེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམ ་ཅི་འདྲ་བ་དེ་ལྟ་བུའི་བསོད་ནམས་དང་ལྡན་པར་གྱུར་མ་སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས་ཅི་བསོད་ནམས་ཀྱི་ཕུང་པོ་དེ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ ་གསོལ་པ། བཅོམ་ལྡན་འདས་འཁོར་ལོས་སྒྱུར་བ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་མང་ལགས་ནསེམས་ཅན་གྲངས་མ་མཆིས་པ་དེ་དག་གི་ལྟ་སྨོས ་ཀྱང་མི་འཚལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས ་ཅན་དུ་བསྡུ་བར་བསྡུས་པ་དེ་དག་རེ་རེ་ནས། འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་འམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི ་སེམས་ཅན་རྣམས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་ལྟ་ཞོག་གི། སྲེད་མེད་ཀྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི ་སེམས་ཅན་གང་དག་ཡིན་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ན། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་སེམས ་ཅན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་མང་ངམ།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་དུས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཅིག་འཁོར་ལོས་སྒྱུར་བ་དང ་མཉམ་པར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དཔག་ཏུ་མ་མཆིས་གྲངས་མཆིས་ན། སེམས་ཅན་གྲངས་མ་མཆིས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྱུར་པ ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། དེ་བས ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་ད་པའི་བསོད་ནམས་ཀྱི་ཕུང་པོ་ཡོངསུ་བཟུང་བ་ཆེས་མངལ་ཆེས་དཔག་ཏུ་མེད་དེ། འཁོར་ལོས་སྒྱུར ་བའི་བསོད་ནམས་ཀྱི་ཕུང་པོས་ནི། བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་མི་བོད། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་དྲ་དྲག་སྣང ་གི་ཆ་དང་། བྱེ་བ་ཕྱག་འབུམ་གྱི་ཆར་ཡང་མི་ཕོད། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དེ། སྲེད་མེད་ཀྱི་བུ་འདི་ནི་བསོད་མམས་ཐམས ་ཅང་བསྡུས་པའི་ཏིང་འཛིན་ལ་འཇུག་པ་དང་པོའོ།། སྲེད་མེད་ཀྱི་བུ་གཞན་ཡང་སྟོང་གི་བདག་པོ་ཆིངས་པ་ནི། སྟོང་གི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པར ་པར་བྱེད་དོ།། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས།། གལ་ཏེ་མི་ལ་ལ་ཞིག་གིས་སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། སྦྱིན་པ ་བྱིན་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་དང་། ཚངས་པའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད ་མེད་ཀྱི་དུས་གསོལ་པ། བཅོམ་ལྡན་འདས་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཆེས་མང་གི། སྦྱིན་པ་ལས་བྱུང་བ་ནི་དེ་ལྟ་མ་ལགས་སོ།། སྲེད་མེད་ཀྱི་བུ་སྟོང་གི་བདག་པ་ཆེ ་པའི་བསོད་ནམས་ཀྱི་ཕུ་པོ་ལྟ་ཞོག་གི་སྲེད་མེད་ཀྱི་བུ་འདི་ཇི་སྐད་དུ་སེམས། སྟོང་གཉིས་ཀྱི་བདག་བོ་ཚངས་པས། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་བྱམས ་བས་ཁྱབ་པར་བྱེད་ལ། སྲེད་མེད་ཀྱི་བུ་གལ་ཏེ་ལ་ལ་ནི་ག་གི་སྟང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་གང་བར་བྱས་ཏེ། སྦྱིན་པ་བྱིན ་སྲེད་མེད་ཀྱི་བུ་སྦྱིན་པ་ལས་བྱུང་བ་དང་། བྱམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། ་བཅོམ་ལྡན་འོངས་སྟོང་གཉིས་ཀྱི་བདག་པོ་ཚངས་པའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་ཉིད་ཆེས་མང་གི། སྦྱིན་པ་ལས་བྱུང་བ་ནི་དེ ་མ་ལགསོ།། སྲེད་མེད་ཀྱི་བུ་སྟོང་གཉིས་ཀྱི་བདག་པོ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གི། སྲིད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་བདག་པོ ་ཚངས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པར་བྱེད་ལ། སྲེད་མེད་ཀྱི་བུ་མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། སྦྱིན་པ་བྱིན་ན། སྲེང་མེད་ཀྱི་བུ་སྦྱིན་པ་ལས་བྱུང་བ་དང་། ཚངས་པ་ཆེན་པོའི་བྱམས་པ་དང་ལྡན་པའི་བསོད ་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི།། ཚཏྲ ་པ་ཆེན་པོའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་བཟོད་པ་ནས། རྒྱུའི་བར་དུ་མི་བཟོད་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇི་གརྟེན་གྱི་ཁམས་ཀྱི་ཚངས་པ་ཆེན་པོའི་བྱམས་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་ལྔ་ཞོག་གི། སྲེད ་མེད་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམ་ཅན་དུ་བསྔོ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཚངས་པ་ཆེན་པོའི ་བྱམས་པ་སྒོམ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ནི། སེམས་དང་པོ ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཡོངསུ་དགྲོལ་བ་ལ་བརྩོན་པ། གཡོ་བ་མེད་ཅིང་རྒྱུ་མེད་པ་བྱམས་པ་ཆེ ་།། པ་དང་། སྙིང་རྗེ་ཆེན་པོ་བསྒོམས་པ་ལས་དྲུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་འདི་ཞིང་དེ་བས ་ཆེས་མང་སྟེ། ཚངས་པའི་བསོད་ནམས་ཀྱི་ཕུང་པོ་ད་ནི། བྱང་ཆུབ་སེམས་དཔའི་དེའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། རྒྱུའི་བར་དུ་ཡང་མི་བཟོད ་ངོས་སྲེད་མེད་ཀྱི་བུ་དེ་ལྟར་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དཔག་ཏུ་མེད་པ་ཡིན་ཏེ།། ་སྲེད་མེད་ཀྱི་བུ་རྣམ་གྲངས་འདིས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད ་པ་དང་། སྐྱེད་པར་འགྱུར་བ་དེ་དག་གིས་བསོད་ནམས་ཐམ་ས་ཅད་ཡོངསུ་བསྡུས་པ་དེ་ལྟར་རིག་པར་བྱ་སྟེ། སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད ་བསྡུས་པའི་ཏིང་འཛིན་ལ་འཇུག་པ་གཉིས་པའོ།། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཤར་ཕྱོགསུ་འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཡོད། ལྷོ་དང་། ནུབ་དང་། བྱང ་དང་། འོག་དང་། སྟེང་དང་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཡོད། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་དཔག་ཏུ ་མ་མཆིས།། དེ་བར་གཤེགས་པ་དཔག་ཏུ་མ་མཆི་སོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ནི་བརྗོད་པ་འམ། བརྡའ་སྤང་བར་རྔོ་མི་ཐོག་ལག་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་གལ་ཏེ། དཔེར་བླང་བ་བསྟན་པས། བསྐལ་པ་འབུམ་གྱི་བར་དུ་བསྟན་ཏུ་ཟིན་ཀྱང་། ཕྱོགས་བསུན་འཇིག་རྟེན་གྱི་ཁམས་ཇི་སྙེད ་ཡོད་པ་ནི་བསྟན་པར་སླ་བ་མ་ཡིནོ།། སྲེད་མེད་ཀྱི་བུ་འོན་ཀྱང་དོན་འདི་ཉིད་བརྡ་སྤྲོད་པ་དང་། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་ཡོངསུ་རྫོག་པར་བྱ་བ་དང་། སེམ ་ཅན་བསོད་ནམས་འདོད་པ་རྣམས་བྱིར་ཞིང་འབོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་སེམས་ཅན་རྣམས་ཀྱི་བརྩོན་འགྲུས་ཆེན་པོ་ཡོངསུ་རྫོག་པར་བྱ ་བའི་ཕྱིར་ངས་ཁྱོད་ལ་དཔེས་བསྟན་ཏོ།། སྲེད་མེད་ཀྱི་བུ་དཔེར་ན། མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ཡན་ཆང ་སྲིད་པའི་རྩེ་མོ་མན་ཆད་ཡུངས་འབྲུས་ཡོངསུ་གང་བར་བྱས་ལ། སྲེད་མེད་ཀྱི་བུ། དེ་ལས་ཤར་ཕྱོགསུ་ཡུངས་ལ་བྲུ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས ་ནས་ཡུང་འབྲུ་གཅིག་བོར་ཏེ། དེ་ལྟ་བུའི་ཚུལ་གྱིས་ཡོངས་འབྲུ་དེ་དག་ཐམས་ཅད་ཡོངསུ་ཟད་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་མཐའ ་རྟོག་པར་མི་རུསོ།། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ཏུ་ཡང་དེ་བཞིན་དུ་སྦྱརོ།། སྲེད་མེད་ཀྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གའི ་ཀླུང་གི་བྱེ་མ་སྙེད་ཡུངས་འབྲུས་ཡོངསུ་གང་བར་གྱུར་ལ། དེ་ལས་མ~ཾ་ལ་ལ་ཞིག་གིས་ཡུངས་འབྲུ་རེ་རེ་ཡང་ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་ཆར་གསེས་ན། ་། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཡུངས་འབྲུའི་ཆག་སེས་པ་དེ་དག་བགྲང་བའི་ཚུལ་གྱིས་མཐའ་རྫོགས་པར་ནུས་སམ།། བྱང་ཆུབ་སེམས་དཔ ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་ཡུངས་འབྲུ་གཅིག་གི་ཆ་གསེས་པའི་ཕྱོགས་གང་ལགས་པ་དེ་ཡང་། གླིང་བཞི་པའི་སེམས་ཅན་ཐམས་ཅད ་ཤཱ་རིའི་བུ་དང་འདྲ་བར་གྱུར་པས་ཀྱང་། བསྐལ་པར་ཡང་རྟོགས་པར་རྔོ་མི་ཐོག་ལགས་ན། ཡུངས་འབྲུའི་ཆག་སེས་པ་ཐམས་ཅད་ལྟ་སྨོས་ཀྱང་ཅི་འཚལ།། སྲེད་མེད ་ཀྱི་བུ་གལ་ཏེ་མི་ལ་ལ་ཞིག་གིས་ཤར་ཕྱོགས་ཡུངས་འབྲུའི་ཆ་གསེས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས། ཡུངས་འབྲུའི་ཆགསས་པ ་རི་བོར་ཏེ། སྲེད་མེད་ཀྱི་བུ་དེ་ལྟ་བུའི་ཚུལ་གྱིས་ཡུངས་འདྲེ་ཆག་སེས་པ་ཐམས་ཅད་ཟད་པར་བྱས་ཀྱང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི ་མཐའ་རྟོགས་པར་མི་ནུསོ།། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ཏུ་ཡང་དེ་བཞིན་དུ་སྦྱ་རོ།། སྲེད་མེད་ཀྱི་བུ་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་ན་མཁའ་ཡོངསུ་ཁྱབ་པ་ཇི་སྙེད་པ་དེ་དག་ཐམས་ཅད་མི་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱིས་ཡོངསུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན། སྲེད་མེད་ཀྱི་བུ ་འདི་ཇི་སྙམ་དུ་སེམས། མི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས ་བདེ་བར་གཤེགས་པ་དཔག་ཏུ་མ་མཆི་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་དེ་ལྟ་བུའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་བསྡུས་པ་གང་ཡིན་པ་དེ་ནི། ་སེམས་དཔོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཆོག་པ། གཡོ་བ་མེད་པ། སྐུ་མེད་པ། སེམས་ཅན་ཐམས་ཅད་ཡོངསུ ་དགྲོལ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་བསྒོམ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་བསྡུས་པའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། རྒྱུའི་བར་དུ ་ཡང་མི་བཟོད་ངོ་དོ།། སྲེད་མེད་ཀྱི་བུ་དཔེར་ན། གཟུགས་ཀྱི་རྣམ་པ་ནམཁའི་ཁམས་ཀྱིས་མ་ཁྱབ་པ་ཅི་ཡང་མེད་པ་དེ་བཞིན་དུ། སྲེད་མེད་ཀྱི་བ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ནི། ཕྱོག། ས་བཅུའི་འཇིག་རྟེན་ན། འཇིག་རྟེན་གྱི་ཁམས་རྫི་སྙེད་ཡོད་པ་དང་། སངས་རྒྱས་ཀྱི་ཞིང་ཇི་སྙེད ་པ་དེ་དག་མ་ཁྱབ་པ་གང་ཡང་མེད་དོ།། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པས་ཡོངསུ་ཁྱབ་བོ།། ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཏམ། དེ་བཞིན་དུ ་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཏམ། དེ་བཞིན་དུ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་ལྷག་པ ་བསམ་པ་ལ་ཞུགས་པ། གཡོ་མེད་པ། སྒྱུ་མེད་པ། སེམས་ཡོངསུ་དགྲོལ་བ་ལ་བརྩོན་ག། སྙིང་རྗེ་ཆེན་པོ་ལ་ཞུགས་པ། བྱམས་པ་ཆེན་པོ་ལ་གནས་པའི་གོམ་པ་བཅཝ ་ལ། བསོད་ནམས་ཀྱི་ཕུང་པོ་བསྡུས་པ་གང་ཡིན་པ་དེ་ནི། དེ་བས་ཆེས་མང་སྟེ། སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་བསོད་ནམས་དང་ལྡན ་བར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་ནི་དེ་ལྟ་མ་ཡིན་ནོ།། སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་ལ་འཇུག་པ་གསུམ་པའོ།། སྲེད་མེད་ཀྱི་བུ་གཞན ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམསུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང ་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད་ནི་བརྒྱ་བྱིན་གྱིས་བསོད་ནམ་ས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་བོད་པ་ནས།། ཆུའི་བར་དུ་ཡང་མི་བཟང་ངོ་།། སྲེད་མེད་ཀྱི་བུ་སྟོ ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བརྒྱ་བྱིན་དང་མཉམ་པའི་བསད་ནམས་ཀྱི་ཕུང་པོ་དང་ལྡན་གར་གྱུར་ཀྱང་དེ་དག་ཐམ ་ཅད་ནི་ཚངས་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ།། སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཚངས་པ་ཆེན་པོ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་བ་དང་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད་ནི་དགེ་བསྙེན་ནག་པ ་མཆོག་གི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་མི་ཕོད་པ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ།། སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམ ་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བསྙེན་ནག་པོའི་མཆོག་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད་ནི། ཤཱ་རིའི་བུའི་ཤེས ་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ།། སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཤཱ་རིའི་བུ་དང་མཉམ་པའི་ཤེས་རབ་དང་། ཡེ་ཤེ་ས་དང་། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར ་ཀྱང་། དེ་དག་ཐམས་ཅད་ནི་རང་སངས་རྒྱས་གཅིག་གི་ཤེས་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་བུ་ང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། རྒྱུའི་བར ་དུ་ཡང་མི་བཟོད་དོ།། སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ཤེས་རབ་དང་། ཡེ ་ཤེས་དང་། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་བྱུང་ནས། བསྐལ་པ་ལྔ་བརྒྱ་ལོན ་བའི་ཤེས་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། རྒྱུའི་བར་དུ་ཡང་མི་བཟོད།། ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ་སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་ལ་འཇུག་པ་བཞི་པའོ།། བསྟན་པ་འདི་བཤད་པ་ན་མི་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ།། ལྷ་དང་མིའི་སིལ་སྙན་དག ་ཀྱང་གྲགོ། ལྷ་དང་མིའི་མེ་ཏོག་གོ་སྤྲིན་དག་ཀྱང་ཕབ་སྟེ། མེ་ཏོག་གི་སྤྲིན་དེ་དག་གིས། ས་ཆེན་པོ་འདི་པུས་མོ་ནུ་པ་ཙམ་དུ་དཀྲམ་མོ།། ལྷ་དང་། ཀླུ་དང་། གརེད་སྦྱིན་དང་། དྲི་ཟ་དང ་ལྔ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་ཀྱིས་ཀྱང་ཚིག་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྐྱེད་པ་དང་། སྐྱེད་པར ་འགྱུར་བ་གང་དག་ལགས་པ་དེ་དག་གིས། བདག་ཅག་ཟིལ་གྱིས་ནོན་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་དེ་དག་གི་དོན་བགྱིད་པ་ལགསོ།། བཅོམ་ལྡན་འདས་ཀྱིས ་གསུངས་པའི་དོན་བདག་ཅག་གིས་འཚལ་བ་ལྟར་ན་སེམས་ཅན་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་ཞུགས་པ་དེ་དག་ནི། བསོད་ནམས་ཐམས་ཅད ་བསྡུས་པའི་ཏིང་འཛིན་ལས་མངོན་པར་བྱུང་བ་ཡང་མ་ལགས།། དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ལ་ཡང་དག་པར་གཞོལ་བ་ཡང ་མ་ལགས་ཀྱི། བཅོམ་ལྡན་འདས་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས ་པའི་ཏིང་འཛིན་ལས་མངོན་པར་བྱུང་བ་ཡང་ལགས།། དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་ནི་བསྡུས་པའི་ཏིང་འཛིན་དེ་ལ་ཡང་དག་པར་གཞོལ་བ་ལག་སོ།། ལེའུ་དང ་པོའོ།། །། བམ་པོ་གཉིས་པ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནཿ ་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཐོབ་པར་བགྱིད་པའི་ཆོས་རྣམས་གང་ལགས།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི ་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་གཅིག་སྟེ། གཅིག ་བང་ཞེ་ན་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་བ་སྟེ། རིགས་ཀྱི་བུ་ཆོས་གཅིག་པོ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཐོབ་པར ་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་གཉིས་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། མཉན་པའི ་ཆོས་ཡོངསུ་ཚོལ་བས་ཆོག་མི་ཤེས་པ་དང་། ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་སྟེ། རིགས་ཀྱི་བུ་ཆོས་འདི་གཉིས་ནི་བསོད་ནམས་ཐམས་ཅད ་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་གསུམ་སྟེ ་གསུམ་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་ཐམས་ཅད་ཡོངསུ་སྤོང་བ་དང་། དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད་པ་དང་། ཡོངསུ་བསྔོ་བ་ལ་མཁས་པ་སྟེ། རིགས་ཀྱི་བུ་ཆོས ་གསུམ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི ་འཐོབ་པར་བྱེད་པའི་ཆོས་བའི་སྟེ། བཞི་གང་ཞེ་ན། འདི་ལྟ། སྟེ། ཚུལ་ཁྲིམས་ཡོངསུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཡོངསུ་དྲུག་པ་དང་། ཤེས་རབ་ཡོང ་སུ་དག་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་ནི་བསོད་ནམ་ས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོ་བ་བར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས ་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་བྱང་ཆུབ་ལ་ཞུགས་པ་དང་། རྟག་ཏུ་བདེན་པའི་ཚིག་སྨྲ་བ ་དང་། གཡོ་མེད་པ་དང་། ཕྲག་དོག་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་སྟེ། རིགས་ཀྱི་བུ་ལྔ་པོ་དེ་དག་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛི ་འདི་འཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཐོབ་པར་བྱེད་པའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། དགེ་བའི ་བཤེས་གཉེན་ལ་བསྟེན་པ་དང་། སྡིག་པའི་གྲོགས་པོ་ཡོངསུ་སྤོང་བ་དང་། ཆོས་ཀྱི་ཁ་མི་འདྲེན་པ་དང་། དབེན་པའི་གནས་ན་གནས་པ་དང་། བྱམས་པ་ཆེན་པོ་མི་གཏོང་བ་དང་། སེམས ་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། རིགས་ཀྱི་བུ་ཆོས་དྲུག་པོ་དེ་དག་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གན། ་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བདུན་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཡོངསུ་ཚོལ་བ་དང་། ལྷག་མཐོང་ལ་མཁས ་པ་དང་། རྒྱུ་ཡོངསུ་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། ཡང་དག་པར་སྒྲུབ་པ་དང་། ལམ་གྱི་ཚོགས་ཡོངསུ་ཚོལ་བ་དང་། ལམ་བསྒོམ་པ་ལེ་ལོ་མེད་པ ་སྟེ། རིགས་ཀྱི་བུ་བདུན་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའོ།། ། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད ་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བརྒྱད། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལུས་ལས་སུ་རུང་བ་ཉིད་དང་། སེམས་ལསུ་རུང་བ་ཉིད་དང་། ཚོར་བ་སོ་སོར་རྟོག་པ ་ཉིད་དང་། ཆོས་ལ་རྗེསུ་ལྟ་བ་ཉིད་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་།། དགེ ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཀུན་ནས་བསྲུང་ཞིང་ཡོངས་སྦྱོང་བ་སྟེ། རིགས་ཀྱི་བུ་ཆོས་བརྒྱད་པོ་དེ་དག་ནི། བསོད ་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ ་པར་བྱེད་པའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། འདས་པ་མི་ཟད་པའི་ཆོས་ཉིད་དང་། མ་འོངས་པ་མི་ཟད་པའི་ཆོས་ཉིད་དང་། ད་ལྟར་བྱུང་བ་མི་ཟད་པའི་ཆོས ་ཉིད་ལ་སོ་སོར་རྟོག་པ་དང་། སྒྱུ་མིའི་ཆོས་ལ་སོ་སོར་རྟོག་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ཆོས ་ཀྱི་བཟོད་པ་དང་། སྟོང་པ་ཉིད་མི་སྤོང་བ་དང་། མཚན་མ་མེད་པ་རྣམ་པར་བསྒོམས་པས། སྨོན་པ་དང་བྲལ་བ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་སྟེ། རིགས་ཀྱི་བུ་ཆོས ་དགུ་པོ་དེ་དག་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འ་ཛིན་འདི་འཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི ་ཏིང་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ལ་མོས་པ་དང་། སྲོག་མེད་པ་ལ་བཟོད་པ་དང་། གང་ཟག་མེད་པ་ལ་གཅི ་ཏུ་ངེས་པ་དང་། མི་རྟག་པ་ལ་ཡིད་ཆེས་པ་དང་། སྐྱེ་བ་ཐམས་ཅད་ལ་སེམས་ཅན་དམྱལ་བར་འདུ་ཤེས་པ་དང་། ཕུང་པོ་རྣམས་གཤེད་མར་འདུ་ཤེས་པ་དང་། ་ཁམས་རྣམས་ལ་སྦྲུལ་གདུག་པར་འདུ་ཤེས་པ་དང་། སྐྱེད་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་། སྲིད་པ་རྣམས་ལས་ངེས་པར་འབྱུང་བར་འདུ་ཤེས་པ ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་འདྲིས་པར་འདུ་ཤེས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་འཐོབ ་པར་བྱེད་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམ ་ཀྱི་ཚོགས་ཡང་དག་པར་བསྡུ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་མཉན་པར་བགྱིའོ།། ་བསོད་ནམས་བསྩགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཐམ་ས་ཅད་བསྡུས་པའི་ཏིང་འཛིན་འདི་མཉན་པར ་བགྱིའོ།། བསོད་ནམས་བསར་གྱིས་མི་ཁྱབ་པ་འཐོབ་པར་འཆ་ལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔ་འ་ཆེན་པོས།། བསོད་ནམས་ཐམས་ཅད་བསྡུས ་པའི་ཏིངངེ་འཛིན་འདི་མཉན་པར་བགྱིའོ།། མོས་པར་བགྱིའོ།། བསོད་ནམས་མི་ཟད་པ་འཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཏིངངེ་འཛིན ་འདི་ལ་བརྩོན་པར་བགྱིའོ།། བསོད་ནམས་རྒྱ་མཚོ་འཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་འཛིན་འདི་བཟུང་བར་བགྱི། བཅང་བར ་བགྱི། ཀླག་པར་བགྱི། བཤད་པར་བགྱིའོ།། བསོད་ནམས་བརྒྱའི་མཚན་ཡོངསུ་གཟུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་འཛིན ་།། འདི་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་བརྩོན་པས་འདི་ལྟ་སྟེ། བསོད་ནམས་མི་ཟད་པ་དང་། བསོད་ནམས་རྒྱ་མཚོ་དང་། བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་། བསད ་ནམས་སྩོགས་པ་དང་། བསོད་ནམས་བརྒྱའི་མཚན་གྱིས་ཆོས་འདི་དག་ཇི་ལྟར་ཡོངསུ་རྫོགས་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་པ་ཀའ་སྩལ་ཏོ།། རིགས་ཀྱི་བུ་གསུམ་པོ་འདི་དག་ནི། བསོད་ནམས་ཉེ་བར་རྟོན་པ་དང་། བསོད་ནམས་ཀྱི་ཚོགས་དང་། ས ་ནམས་འདུ་དང་། བསོད་ན་ས་རྒྱས་པ་དང་། བས་ངན་པས་མི་ཟད་པ་དང་། བསོད་ནམས་པས་མ་གྱིས་མི་ཁྱདབ་པ་དང་། བསོད་ནམས་རྒྱ་མཚོ་ཡིན་ཏེ། གསུམ ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཆོག་སོ།། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི ་ཚོགས་ལ་ཇི་ལྟར་བརྩོན་པར་བྱ་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངོས་པོ་གང་ལ་དེའི་གཏོང་བའི་སེམས་མི་སྐྱེ་ཞིང་། གཏང་བའི ་བློ་མི་འབྱུང་བའི་དངོས་པོ་དེ་བླང་བར་མི་བྱའོ།། ཡོངསུ་གཟུང་བ་གང་ལ་ལ་བཏང་བའི་སེམས་མི་སྐྱེ་བའི་ཡོངསུ་གཟུང་བ་དེ་ཡོངསུ་གཟུང་བར་མི་བྱའོ།། གང་ལ་སྤོང་བ་རྣམས ་ཀྱིས་བསླངས་ན། ཡོངསུ་འཛིན་པའི་བློ་སྐྱེ་བའི་གཡོག་འཁོར་དེ་གཟུང་བར་མི་བྱའོ།། དངོས་པོ་གང་ལ་སློང་བ་རྣམས་ཀྱིས་བསླངས་ན། བྱང་ཆུབ་སེམས་དཔའ་མི་གཏོང་བའི་བློ ་སྐྱེ་བར་འགྱུར་བའི་རྒྱལ་སྲིད་དེ་བླང་བར་མི་བྱའོ།། ལོངས་སྤྱོད་དེ་དག་དང་། ནོར་དེ་དག་དང་། རྫས་དེ་དང་། རིན་པོ་ཆེ་དག་བླང་བར་མི་བྱ་བ་ནས། དེ་ལྟ་བུའི་དངོས་པོ་ཙ་ཡང་རུང་བའི་བར་དུ ་དྲང་བར་མི་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ ་བཏང་སྟེ། ཡོངསུ་བཏང་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལ་ཅི་སྨོས་སྙམ་དུ་སེམས་བསྐྱེད་པར་བྱའོ།། ག། ན་ཡང་སེམས་ཅན་གང་དང་གང་ལ།། དངོས་པོ་གང་དང་གང་གི ་དགོས་པ་གང་དང་གང་བྱེད་པར་འགྱུར་བ་དེ་ཡོད་ན། དེ་དང་དེ་ལ་དེ་དང་དེ་མི་དགའ་བ་མེད་པ་དང་། 2གྱོད་པ་མེད་པར་སྦྱིན་པར་བྱ་བ་སྟེ། ལག་པ་འདོད་པ་རྣམས་ལ ་ལག་པ་ཡང་སྦྱིན་ནོ།། རྐང་པ་འདོད་པ་རྣམས་ལ་རྐང་པ་དང་། མིག་འདོད་པ་རྣམས་ལ་མིག་ཀྱང་སྦྱིནོ།། ཤ་འདོད་པ་རྣམས་ལ་ཤ་དང་། ཁྲག་འདོད་པ་རྣམས་ལ་ཁྲག་དང་། རྐང་འདོད ་པ་རྣམས་ལ་རྐང་དང་། ཡན་ལག་དང་ཉིང་ལག་འདོད་པ་རྣམ་ལ་ཡན་ལག་དང་ཉིང་ལག་དང་། མགོ་འདོད་པ་རྣམས་ལ་མགོ་བོ་ཡང་ཡོངསུ་གཏང་བར་བྱ་ན། ཕྱི་རོལ་གྱི་དངོས་པོ ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གླེང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ་ཡུལ་འཁོར་དང་། རྒྱལ་པོའི་བེ་དྲང་དང་། ཚོང་འདུས་པ་དང་། རིའི་འོར་དང་། དྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། བུ་དང་། བུ་མོ་དང་། ཆུང་མ་དང་། འཁོར་རྣམས་ལ་ཝཱ ་ཅི་སྨོས།། གཞན་ཡང་སེམས་ཅན་གང་དང་གང་ལ། གང་དང་གང་གིས་དོན་བྱེད་པར་འགྱུར་བ་དེ་དང་དེ་ཡོད་ན། དེ་དང་དེ་ལ་དངོས་པ་དང་དེ་སྦྱིན་པར་བྱ་སྟེ། མི་དགའ་བ་མེད་པ་དང་། འགྱེད ་བ་མེད་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བར་ཡོངསུ་བཏང་བར་བྱའོ།། མི་ལྟ་བར་སྦྱིན་པར་བྱའོ།། གཞན་དུ་ན་སེམས་ཅན་ལ་ཕན་གདགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ་དང་། སེམས ་ཅན་ལ་སྙིང་བརྩེ་བ་དང་། སེམས་ཅན་དེ་དག་ཉིད་བསྡུ་བའི་ཕྱིར་བྱ་བར་བཟད་དོ།། བདག་གིས་བྱང་དུ་ཐོབ་པ་ན། ཅི་ནས་སེམས་ཅན་འདི་དག་ཆོས་ཀུན་རྟོགས་པར་གྱུར་ཅིག་སྙམ ་དུ་སེམས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བ། ང་སུ་དག་དེ་ལྟར་སེམས་བསྐྱེད་པར་བྱེད་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རིགས་ཀྱི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོགས་ལ་ཡང་མི་ལྟ་བ་ཡིན་ཏེ། དེ་ནི་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་དོ།། ལུས་རྟས་པར་བྱ་བའི་ཕྱིར་ཡང་བའི ་འཚོ་བས་འཚོ་བར་མི་བྱེདདོ།། དེ་ནི་སྲོག་གི་ཕྱིར་ཡང་གཞན་ལ་ཁྲོང་ཁྲོ་བ་མི་བྱེད།། ལོངས་སྤྱོད་ཀྱི་ཕྱིར་མི་དགེ་བ་མངོན་པར་འདུ་མི་བྱེད།། གཡོག་འཁོར་གྱི་ཕྱིར་གྱི་ཡང་རྒོད་པ་དང་། ་ཐབ་མོ་སྤོང་བར་མི་བྱེད་དོ།། ཆུང་མ་དང་། བུ་དང་། བུ་མོ་རྣམས་ཀྱི་ཕྱིར་ཡང་གཞན་དག་ལ་འདྲིད་པར་མི་བྱེད་དོ།། གཞན་གྱི་ལོངས་སྤྱོད་དག་ལ་ཡང་བརྣབ་སེམས་བསྐྱེད་པར་མི་བྱེད། སེར ་སྣའི་སེམས་བསྐྱེད་པར་མི་བྱེད།། དེ་འདོད་པ་ཉུང་སྟེ་སེམས་སྐྱེད་པ་གཅིག་ཀྱང་དགེ་བ་དང་མི་ལྡན་པ་སྐྱེད་པར་མི་བྱེད་ན་མང་པོ་ལྟ་ཅི་སྨོས།། དེ་དེ་ལྟར་བརྩོན་ན་འདོད་ཆེན་དང་ཆགས་པ་སྤོང་བར ་འགྱུརོ།། འདོད་ཆེན་དང་ཆགས་པ་སྤངས་ན་བཙལ་བར་བྱ་བ་ཚོལ་བར་མི་བྱེད་དོ།། བཙལ་བར་བྱ་བ་མཚལ་ན་ཡང་དག་པ་ལ་བརྩོན་པར་འགྱུར་རོ།། ཡང་དག་པ་ལ་བརྩོན་ན་ཡང་དག་པར་འགྲོ ་བ་ཐོབ་པར་འགྱུ་རོ།། ཡང་དག་པར་སོང་ན་ཡང་དག་པའི་བསྒྲུབ་པ་གནས་པར་འགྱུར་རོ།། ཡང་དག་པ་ལ་ཞུགས་ན་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱེད་དོ།། ཡང་དག ་པའི་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱས་ནས་སྟོན་པར་བྱེད། འགྲོགས་པར་བྱེད། བསྙེན་བཀུར་བྱེད་དོ།། དེ་དགེ་བའི་བཤེས་གཉེན་རྣམས་དང་སྟེན་ཅིང་འགྲོགས་ལ་བསྙེན ་བཀུར་བྱེད་ན། དགེ་བའི་གཤེས་གཉེན་རྣམས་ལས་ཡང་དག་པར་དེ་ས་པའི་ཆོས་རྣམས་ཐོས་པར་འགྱུ་རོ།། ཐོས་ནས་ཀྱང་སྒྲུབ་པར་བྱེའོ།། དེ་ཡང་དག་པའི་ཆོས་ལ་ཞུགས ་ནས་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་བྱེའོ།། དེ་སེམས་ཅན་གྱི་དོན་ལ་བརྩོན་ན། མི་རིགས་པར་ལྷུང་བར་མི་འགྱུར་རོ།། དེ་རིགས་པ་ལ་ཞུགས་ན ་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་དབང་པོ་མཆོག་མ་ཡིན་པ་ཤེས་པའི་ཚུལ་དང་། ཚུལ་མ་ཡིན་པ་ལ་མཁས་པ་འཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་སྦྱིན་པའི་ཚོགས་ལ་སྤྱོད ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་འཐབ་པར་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ནང་དང་ཕྱི་རོ ་། གྱི་ཆོས་རྣམས་ལ་གཅིག་གི་འདུ་ཤེས་བསྲིང་བར་བྱའི།། གཉིས་ཀྱི་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ནང་གི་སའི་ཁམས་གང་ཡིན་པ་དང་། ཕྱི་རོལ་གྱི་སའི་ཁམས་གང ་བ་འདི་ལ་གཉི་སུ་མེད་གཉིསུ་བྱར་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལུས་འདི་ནི་རྦྦ་དང་། ཤིང་དང་། ཅིག་པ་དང་། ལམ་སྣང་བ་དང་འདྲ་སྟེ། སྤྱོད་པ་མེད་པ་དང་། བྱེད་པ་མེད་པ། སེམས་པ་མེད་པ། སྙིང་པོ ་མེད་པ། ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ།། གལ་ཏེ་འདི་ལ་ལ་ཞིག་གིས་བཅད་དམ། གཏུངས་སམ། དབྱུག་པ་འམ། མཚོན་ཆའམ། ཤིང་ངམ་ཁོང་བས་བསྣུན་ཀྱང་རུང་སྟེ། དེ་ལ་བདག་གི ་ཚོར་བའི་རྣམ་པར་རིག་པ་བསྐྱེད་པར་མི་བྱའོ།། ལུས་ལ་བལྟ་བར་མི་བྱའོ།། སྲོག་ལ་ཆགས་པ་བསྐྱེད་པར་མི་བྱའོ།། སེམ་ས་ཅན་དེ་དག་ལ་ཡང་ཐོ་བ་དང་སྡང་བའི་སེམས་བསྐྱེད ་པར་མི་བྱའོ།། སྙམ་པའི་སྟེང་དུ། དེས་སེམས་ཅན་དེ་དག་ལ་བྱམས་པའི་སེམས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་དཔེར་ན། སྨན་གྱི་ཤིང་ལྗོན་པ་ནི། རྩ་བ་ལས་ཁྱེར་རམ། སྡོང་པོ ་འམ། ཡལ་ག་འམ། ཤུན་པགས་སམ། ལོ་མ་འམ། མེ་ཏོག་གམ། འབྲས་བུ་འམ། སྙིང་པོ་ལས་ཁྱེར་ན། འདི་སྙམ་དུ་བདག་གི་རྩ་བ་ཁྱེར་ལ། སྡོང་པོ་མཁྱེར་ཅིག་ཅེ་འམ། བདག་གི་སྡོང་བ ་ཁྱེར་ལ། ཅབ་མ་ཁྱེར་ཅིག་ཅེའམ། བདག་གི་ཡལ་ག་ཁྱེར་ལ། ལོ་མ་མ་ཁྱེར་ཅིག་ཅེ་འམ། བདག་གི་ལོ་མ་ཁྱེར་ལ། ཡལ་གས་ཁྱེར་ཅིག་ཅེ་འམ། དེ་བཞིན་དུ་བདག་གི་ཡལ་ག་ཕྲེའུ ་དང་། མེ་ཏོག་དང་། འབྲས་བུ་དང་། ཤུན་པགས་དང་། སྙིང་པོ་མེད་པ་ལས་མ་ཁྱེར་ཅིག་ཅེ་འམ། བདག་གི་སྙིང་པོ་མེད་པ་ལས་ཁྱེར་ལ། སྙིང་པོ་ལས་མ་ཁྱེར་ཅིག་སྙམ་དུ་རྟོག་པར་མི ་བྱེད་དེ། དེ་ལྟར་ན་སྨན་གྱི་ཤིང་ལྗོན་པ་ནི་ཐམས་ཅད་དུ་རྣམ་པར་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་སྨན་གྱི་ཤིང་ལྗོན་པ་ནི་རྣམ་པར་མི་རྟོག་བཞིན་དུ་ནང་རབ་དང་། འབྲིང་དང་། ཐ་མ་སེལ ་པར་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འབྱུང་བ་ཆེན་པོ་བཞིའི་ལུས་འདི་ལས་སྨན་གྱི་ཤིང་ལྗོན་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ།། ། ་སེམས་ཅན་གང་དང་གང་དག་ལ་ཅི་དང་ཅི་དགོས་པ་དེ་དང་དེ་དེ་བཞིན་དུ་ཁྱེར་ཅིག་ཅེས་བྱ་སྟེ། ལག་པ་འདོད་པ་ལ་ནི་ལག་པ། རྐང་པ་འདོད་པ་ལ་ནི་རྐང་པ། མིག་འདོད་པ་ལ་མིག། ཤ་འདོད་པ ་ལཱ་ནི་ཤ། ཁྲག་འདོད་པ་ལ་ནི་ཁྲག། རུས་པ་འདོད་པ་ལ་ནི་རུས་པ། རྐང་འདོད་པ་ལ་ནི་རྐང་། མགོ་བོ་འདོད་པ་ལ་ནི་མགོ་བོ་ཡན་ལག་དང་ཉིང་ལག་ཐམས་ཅད་འདོད་པ་ལ་ནི། བདག ་གི་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྱེར་ཅིག་སྙམ་སྟེ། རིག་ས་ཀྱི་བུ་དེ་ལྟར་སེམས་པའི་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་ནི་སྦྱིར་པའི་ཚོགས་ཀྱིས ་བསོད་ནམས་མི་ཟད་པས་མངོན་པར་འབྱུང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྦྱོར་བ་བྱིན་ན། སེ་མས་ཅན་སེར་སྣ་ཅན་རྣམས་ཀྱི་གཏོང་བ་ཡོངསུ་རྫོག ་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱའོ།། སེམས་ཅན་དབུལ་པོ་རྣམས་ཀྱིས་ལོངས་སྤྱོད་ཆེན་པོ་འཐོབ་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱའོ།། དེས་ཡན་ལག་དང་ཉིང་ལག་རྣམས ་ཡོངསུ་གཏོང་བ་ན། སེམས་ཅན་ཐམས་ཅད་ཀྱི་ཡན་ལག་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་བའི་ཡོངསུ་བསྔོ་བར་བྱའོ།། དེས་སྦྱིན་པ་སྦྱིན་པ་ན་དུས་ཐམས་ཅད་དུ་ཆོས་གསུ ་དུ་ཡོངསུ་བསྔོ་བར་མི་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་དགའ་བ་དང་། རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག་ཐོབ་པར་བྱ་བའི་ཕྱིར་ཡོངསུ་བསྡུ ་བར་མི་བྱ་བ་དང་། བདག་ཉིད་བསོད་ནམས་དང་ལྡན་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་མི་བྱ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་འཐོད་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་མ ་བྱའོ།། དེས་སྦྱིན་པ་སྦྱིན་པ་ན། སྦྱིན་པ་དེ་ཡན་ལག་གནི་ཡོངསུ་དག་པ་རྫོགས་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱ་སྟེ། དེ་ལ་ཡན་ལག་བཞི་ཡོངསུ་དག་པ་ཡོངསུ་རྫོགས་པ་གང་ཞེ་ན། ་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དགེ་འ་དུན་ཡོངསུ་དག་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱ་བ་དང་། སེམས ་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བའི་ཕྱིར་ཡོངས་བསྔོ་བར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངསུ་དག་པར་བྱ་བའི་ཕྱིར་ཡོངསུ་པར་བྱ་བ་སྟེ། དེ་ལྟར ་ར་ཡན་ལག་བཞི་ཡོང་སུ་དག་པ་ཡོངསུ་རྫོགས་པར་བྱ་བའི།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་དེ་ཡོངསུ་བསྔོ་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ཉེ་བར་བརྟན་པར་བྱའི་ཟད་པར་མི་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཇི་ལྟར་ཟད་པར་འགྱུར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངསུ་མ་བསྔོས་པ་དང་། ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བར ་འདོད་པ་དང་། སྡིག་པའི་གྲོགས་པོ་ལ་སྟེན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཟད་པར་འགྱུ་རོ།། རིགས་ཀྱི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངསུ་ཟད་པར་མི་འགྱུར་ལ་ཉེ་བར་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བ་དང་། ཐབས་ལ་མཁས་པ་དང་། ཆོས་ཀྱི་རྒྱལ་སྲིད་འདོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངསུ་ཟད་པར་མི་འགྱུར་ལ་ཉེ་བར་བརྟན་པར་འགྱུ་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ཆོས་བཞི་མངོན་དུ་བྱས་ལ་སྦྱིན་པ་སྦྱིན་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། སེམས་ཅན་ལ་སྙིང་བརྩེ་བ ་དང་། དེ་བཞིན་གཤེགས་པའི་བཀའ་དང་མི་འགལ་བ་དང་། ཆོས་དང་ཟང་ཟིང་གི་སྦྱིན་པའི་རྣམ་པར་སྨིན་པ་ལ་འང་མི་རེ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོས་ཆོས་བཞི་པོ་དེ་དག་མངོན་དུ་བྱས་ལ་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ཆེས་གསུ ་ལ་དགོད་པའི་ཕྱིར། སྦྱིན་པ་སྦྱིན་པར་བྱ་སྟེ། གསུམ་གང་ཞེ་ན། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་དགོད་པ་དང་། ཆོས་བསྟན་པ་དེ་ཉིད་ལ་དགོད་པ་དང་། སེམས་ཅན་ཐམས ་ཅང་བླ་ན་མེད་པའི་དདེ་བ་ལ་དགོད་པའི་ཕྱིར་ཏེ། རིགས་ཀྱི་བུ་ཆོས་གསུམ་པོ་དེ་དག་ལ་སེམས་ཅན་རྣམས་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་དུ་གཞན་ཡང་ཆོས་གཉིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི ་སྟེ། ལོངས་སྤྱོད་ཆེན་པོ་དང་། གཏོང་བའི་སེམས་ཏེ། ཆོས་དེ་གཉིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིར་བ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན ་ཡང་ཆོས་གཉིས་ཡོངསུ་སྤང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་བར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་དང་སེར་སྣ ་སྟེ། རིགས་ཀྱི་བུ་ཆོས་དེ་གཉིས་ཡོངསུ་སྤང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གཉིས ་ཡོངསུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་དང་། ཡེ་ཤེས་ཏེ། རིགས་ཀྱི ་བུ་ཆོས་འདི་གཉིས་ཡོངསུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་ཐོབ་པ ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་སྟེ། རིགས་ཀྱི་བུ་ཆོས ་འདི་གཉིས་འཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་གང་དག་སྦྱིན ་བར་བྱ་བའི་སྦྱིན་པ་དག་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་སྙོམས་པའི་སྦྱིན་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་དང་། བྱང་ཆུབ་ཏུ་ཡོངསུ ་བསྔོ་བའི་སྦྱིན་པ་དང་། དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡོངསུ་རྫོགས་པའི་སྦྱིན་པ་སྟེ། རིགས་ཀྱི་བུ་སྦྱིན་པ་བཞི་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་ཆེན ་པོས་སྦྱིན་པར་བྱ་བ་དག་གོ།། རིགས་ཀྱི་བུ་དེ་ལྟ་བ་ས་ན། བྱང་ཆུབ་སེམས་དཔའ་བསོད་ནམས་མི་ཟད་པས་མངོན་པར་འབྱུང་བར་འདོད་པས་སྦྱིན་པའི་ཆོ་ག ་འདི་ལྟ་བུ་ལ་བཚོན་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས ་གསོལ་ཏེ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་གཟུང་བའི་སླ་དུ། སྦྱིན་པའི་ཚོགས་འདི་བཀའ་སྩལ་པ་ངོ ་མཚར་ལག་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཚོགས་འདི་ལྟ་བུ་དང་ལྡན་པ་དེ་དག་ནི་ན་ཀྱང་བའི་ཡོང་སུ་ཉམས་པ་འམ། ་ཡེ་ཤེས་ཡོངསུ་ཉམས་པ་འམ། ཤེས་རབ་ཡོངསུ་ཉམས་པར་མི་འགྱུར་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། ཁྱོད་ཇི་སྐད ་། ཟེར་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཚོགས་འདི་ལྟ་བུ་དང་ལྡན་པ་དེ་དག་ནི་བསོད་ནམས་མི་ཟད་པ་དང་། བསོད་ནམས་རྒྱ ་མཆོས་མངོན་པར་འགྱུ་རོ།། དེ་དག་ནི་འཕགས་པའི་ཆོས་དང་ལྡན་པས་དབུལ་པོར་ཡང་མི་འགྱུ་རོ།། དེ་དག་ནི་ཆོས་ཀྱི་རྒྱུན་དང་ལྡན་པས་ལོངས་སྤྱོད་ཆེན་པོར་ཡང་འགྱུ་རོ།། དེ་དག ་ནོར་བདུན་དང་ལྡན་པས་ཕྱུག་པོར་ཡང་འགྱུརརོ།། དེ་དག་ནི་བསོད་ནམས་བརྒྱའི་མཚན་ཡོད་པས་བསོད་ནམས་ཆེན་པོ་དང་ལྡན་པ་ཡང་ཡིན་ནོ།། དེ་དག་ནི་སེམས་ཅན་ཐམས་ཅད་ཉེ་བར ་འཚོ་བས་བསོད་ནམས་ཀྱི་ཞིང་ཡང་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་དྲི་མ་མེད་པའི་གཟི་བརྗིད་ལ་གཞན་ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེ ་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་གང་ཞེ་ན། གང་ཚུལ་ཁྲིམས་མ་ཉམས་པ་དང་། བསླབ་པ་ཡོངསུ་མི་གཏོང་བ་དང་ཚུལ་ཁྲིམས་འཚལ་པ་རྣམས་ལ་སྙིང་རྗེ ་བ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་གུས་པ་དྲག་པོ་དང་ལྡན་པ་དང་། ལུས་ཀྱི་ཡན་ལག་གསུམ་ཡོངསུ་དག་པ་དང་། ངག་གི་ཡན་ལག་བའིཞི་ཡོངསུ་དག་པ་དང་། ཡིད་ཀྱི ་ཡན་ལག་གསུམ་ཡོངསུ་དག་པ་དགེ་བའི་རྩ་བ་ལས་ཀྱི་ལམ་ཡང་དག་པར་བླང་བ་རྗེས་སྒྲུབ་པ་སྟེ། གཞན་དག་ཀྱང་དེ་ལ་འཛུད་པ་དང་། དེ་དག་འགོད་པར་བྱེད་པ་དང་། བདག་ལ ་མི་བརྗོད་པ་དང་། གཞན་ལ་མི་སྣང་བ་དང་། ཚུལ་ཁྲིམས་དགལ་དོབ་ང་ཅན་དུ་གྱུར་པ་དང་། ཚུལ་ཁྲིམས་ཀྱིས་མི་རློམ་པ་དང་། བརྩོན་པ་མི་འདོད་བ་དང་། སྦྱངས་པའི་ཡོན ་ཏན་དང་ཡོ་བྱད་བསྦྱངས་པ་དག་ལས་མི་གཡོ་བ་དང་། འཕགས་པའི་རིགས་གནས་པར་བྱེད་པ་དང་། རང་གི་སེམས་སྲུང་བ་དང་། གཞན་གྱི་འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ་དང་། ་སྡིག་པ་ཐམས་ཅད་མི་བྱེད་པ་དང་། སྲིད་པ་མངོན་པར་འགྲུབ་པ་ལ་མངོན་པར་མི་དགའ་བ་དང་། གཞན་རྣམས་དགེ་བའི་རྩ་བ་དག་ལ་འཛུད་པ་དང་། གཞན་གྱི་བྱ་བ་དག་ལ་སྤྲོ་བ་དང་། ་བདེ་བ་དག་ལ་དེའི་ངང་ཅན་དུ་མི་འགྱུར་བ་དང་། དགོན་པར་གནས་པ་མི་འདོར་བ་དང་། ནད་པ་རྣམ་ཀྱི་གཡོག་བྱེད་པ་དང་། བྱས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བར ་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། བཀུར་བསྟི་མེད་པ་དག་ལ་དང་དུ་ལེན་པ་དང་། བཀུར་བསྟི་བྱེད་པ་རྣམས་ལ་ཁེངས་པར་མི་བྱེད་པ་དང་། རྙེད་པ་དང་། ་མི་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། སྨད་པ་དང་། བསྔགས་པ་དང་། བདེ་བ་དང་། སྡུག་བསྔལ་བདག་ལ་ཁེངས་པར་ཡང་མི་འགྱུར། ཞུམ་པར ་ཡང་མི་འགྱུར་བ་དང་། རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བ་དང་། ཁོན་དུ་མི་འཛིན་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་བྱམས་པ་ལ་གནས་པ་དང་། མཛའ་བཤེས ་དང་དགྲ་རྣམས་ལ་སེམས་སྙོམས་པར་ལྟ་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཆོག་ཏུ་མི་འཛིན་པ་དང་། ཐེག་པ་གཞན་དུ་ཡོངསུ་མི་བསྔོ་བ་དང་། ལྷ་གཞན་ལ་ཕྱག ་མི་འཚལ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་དང་། ངག་ལ་ཉལ་དང་ཀུན་ནས་ལྡང་བ་རྣམ་པར་གནོད་པ་དང་། འགྱོད་པ་སྤོང་བ་དང་། ཡིད་ལ་གསགས ་། པ་མེད་པ་དང་། དངོས་པོ་ཐམས་ཅད་ལོང་སུ་གཏོང་བ་ལ་མཆོག་ཏུ་དགའ་བ་དང་། སྐྱེ་བའི་གནས་ཐམས་ཅད་ལ་ལྷག་པར་ཆགས་པ་མེད་པ་དང་། བསམ་བཞིན་དུ་སྲིད ་བའི་འགྲོ་བར་སྐྱེ་བ་དང་། མི་དགའ་བ་བཟོད་པ་དང་། བརྩོན་འགྲུས་བཅོམ་པ་དང་། སེམས་རབ་ཏུ་འཛིན་པ་དང་། དམིགས་པ་ལ་རྣམ་པར་གཡེངས་པ་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟད ་ཅིང་མི་སྐྲག་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཚོགས་དེ་ལ་བརྟེན་ན་སྲོག་གི་ཕྱིར་ཡང་བསླབ་པ་ཉམས ་པར་མི་བྱེད་དེ། དེ་ནི་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། མཐོ་རིས་ཀྱི་ཕྱིར་མ་ཡིན་ཏེ། བརྒྱ་བྱིན་དུ་འགྱུར་བའི་ཕྱིར་མ་ཡིན། ཚངས་པར་འགྱུར་བའི་ཕྱིར་མ་ཡིན། ་ལོངས་སྤྱོད་ཀྱི་ཕྱིར་མ་ཡིན། དབང་དྲུག་གི་ཕྱིར་མ་ཡི་ན།། ཁ་དོག་གི་ཕྱིར་མ་ཡིན། གྲགས་པའི་ཕྱིར་མ་ཡིན། སྙན་པ་དང་། སྒྲ་དང་། ཚིག་སུ་བཅད་པའི་ཕྱིར་མ་ཡིན། ་རྙེང་པའི་ཕྱིར་མ་ཡིན། བཀུར་བསྔོའི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན། གོས་ཀྱི་ཕྱིར་མ་ཡིན། ཟས་ཀྱི་ཕྱིར་མ་ཡིན། མལ་ཆ་དང་བསྟན་གྱི་ཕྱིར་མ་ཡིན་ཏེ། ན་བའི་གསོས་དཔ ་སླརན་ཟོང་གི་ཕྱིར་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ལ་བརྟེན་ཏེ། ཚུལ་ཁྲིམས་སྲུང་བར་མི་བྱེད།། གཟུགས་དང་། སྒྲ་དང་། དྲི་དང་། རེ་དང་། ་རེག་བྱ་དང་། ཆོས་ལ་བརྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། གཟུགས་ལ་བརྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར ་ཤེས་པ་ལ་བརྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། འདོད་པའི་ཁམས་ལ་བརྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། གཟུགས་ཀྱི་ཁམས་ལ་བརྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི ་བྱེད་དོ།། གཟུགས་མེད་པའི་ཁམས་ལ་བརྟེན་ཏེ་ཚུལ་ཁྲིམས་སྲང་བར་མི་བྱེད་དོ།། སེམས་ཅན་དམྱལ་བའི་འཇིགས་པས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། དུད ་འགྲོའི་སྐྱེ་གནས་ཀྱི་འཇིགས་པས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བར་མི་བྱེད་དོ།། གཤེན་རྗེའི་འཇིག་རྟེན་གྱི་འཇིགས་པས་སྐྲག་སྟེ་སྐྱབས་འདོད་པའི་ཕྱིར། ཚུལ་ཁྲིམས་སྲུང་བར་མི་བྱི། ་མི་དབུལ་པོའི་འཇིགས་པས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བར་མི་བྱེད།། ལྷ་དབུལ་པོའི་འཇིགས་པས་སྐྲག་པ་དང་། ཀླུ་དང་། གརང་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མི་དངུལ་པོའི་འཇིགས་པས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བ་ར་མི་བྱེའོ།། དེ་བཞིན་དུ་ན་སངས་རྒྱས་ཀྱི་ཚུལ་གནས་པར་བྱ་བའི ་ཕྱིར། ཚུལ་ཁྲིམས་སྲུང་བར་བྱེདའོ།། སངས་རྒྱས་ཀྱི་རིགས་གནས་པར་བྱ་བ་དང་། ཆོས་ཀྱི་རིགས་གནས་པར་བྱ་བ་དང་། དགེ་འདུན་གྱི་རིགས་གནས་པར་བྱ་བའི་ཕྱིར་ཚུལ ་ཁྲིམས་སྲུང་བར་བྱེད་དོ།། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྦྲུལ་བསྔལ་དང་། ཡིད་མི་བདེ་དང་། འཁྲུགས་པ་ལས ་ཡང་དག་པར་འདའ་བར་བྱ་བའི་ཕྱིར། ཚུལ་ཁྲིམས་སྲུང་བར་བྱེད་དོ།། སེམས་ཅན་ཐམས་ཅད་རབ་ཏུ་གྲོལ་བར་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དོ།། སེམས་ཅན་ཐམས ་། ཅད་ལ་ཕན་པ་དང་། བདེ་བ་དང་། གྲུབ་པ་དང་བདེ་བ་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དོ།། སངས་རྒྱས་ཀྱི་ཆོས་གནས་པར་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དོ།། ཆོས་ཀྱི་འཁོར་ལོ་བསྐོར་བ ་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དོ།། འཕགས་པའི་དགེ་འདུན་ཡོངས་སུ་བསྡུ་བར་འདོད་དོ།། ཚུལ་ཁྲིམས་སྲུང་བར་བྱེད་དོ།། སངས་རྒྱས་ཀྱི་རིགས་མི་འཆད་པར་འདོད་པ་དང་། ཆོས་ཀྱི་རིག ་མ་འཆད་པར་འདོད་པ་དང་། དགེ་འདུན་གྱི་རིགས་མི་འཆད་པར་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དོ།། འཕགས་པའི་རིགས་ཡོངསུ་སྤྱད་པར་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དོ།། ལྷའི ་མངོན་པར་ཤེས་པ་འདོད་པ་དང་། ཏིང་འཛིན་འདོད་པ་དང་། ཤེས་རབ་འདོད་པ་དང་། རྣམ་པར་གྲོལ་བ་འདོད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདོད་དེ། ཚུལ་ཁྲིམས་སྲུང ་ངར་བྱེད་དོ།། རྡུལ་འཕྲུལ་འདོད་པ་དང་། ཆོ་འཕྲལ་འདོད་དེ། ཚུལ་ཁྲིམས་སྲུང་བར་བྱེད་དེ། དེའི་ཚུལ་ཁྲིམས་དེ་ཡང་མ་ཉམས་པ་དང་། མ་ཞིག་པ་དང་། མ་འདྲེས་པ་དང་། ་མ་འཚལ་པ་དང་། རིང་དབང་ཡོད་པ་དང་། ལེག་པར་ཆར་ཕྱིན་པ་དང་། ལེག་པར་བསམ་པ་དང་། མནོགས་པ་དང་། རྨ་མེད་པ་དང་། གཙང་བ་དང་། དྲི་ཞིམ་པ་དང་། མཁས་པས་བསྔགས ་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་། མ་སྦས་པ་དང་། ཆོས་ཀྱི་རྗེསུ་འཐུན་པའི་ཆོས་བསྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ།། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་ང་ལྟ་བུ་དང་ལྡན་པས ་ཆོས་བཅུ་ལས་ཉམས་པར་མི་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ལས་ཡོངསུ་ཉམས་པ་མི་འགྱུར་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་པ ་དང་རབརྒྱ་བྱིན་ལས་ཡོངསུ་ཉམས་པར་མི་འགྱུར་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་ཅིང་སངས་རྒྱས་མཐོང་བ་འབའ་ཤིག་འདོད་པ་དང་། ཚངས་པ་ལས་ཡོངསུ་ཉམས་པར་མི་འགྱུར ་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་པ་དང་། ཤེས་ནས་དད་པ་ཐོབ་པའི་ཕྱིར། སངས་རྒྱས་མཐོང་བ་ལས་ཡོང་སུ་ཉམས་པར་མི་འགྱུར་བ་དང་། ཇི་ལྟར་ཐོས་པའི་ཆོས་ལ་ནན་ཏན་དུ ་སྒྲུབ་པའི་ཕྱིར། ཆོས་ཐོས་པ་ལས་ཡོང་སུ་ཉམས་པར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་དམ་བཅས་པ་ཤེས་པ་ལས་ཡོང་སུ་ཉམས་པར་མི་འགྱུར་བ་དང་། དགེ་བའི་རྩ་བའི་ཆོས ་ཐམས་ཅད་ཤེས་པ་འདོད་པའི་ཕྱིར་སྤོབས་པ་མི་ཆོད་པ་ལས་ཡོངསུ་ཉམས་པར་མི་འགྱུར་བ་དང་། བསམ་གཏན་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས་དང་། རང་སང ་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ་ལས་ཡོངསུ་ཉམས་པར་མི་འགྲུ་ར་བ་དང་། མངོན་པར་ཤེས་པ་མྱུར་བ་དང་། ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཡོངསུ་རྫོགས་པར་བྱ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དེ་ནི། ཆོས་བཅུ་པོ་ཡོངས་སུ་ཉམས་པར་མི་འགྱུར་རོ།། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་རྔ་ཕྱག ་བྱས་པ་ཡིན་ནོ།། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན་ནོ།། གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བཀུར་བསྟི་བྱས་པ་ཡིན་ནོ།། དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན་ནོ།། ཀླུའི་དབང་པོ་དང ་། ལྷ་མ་ཡིན་རྣམས་ཀྱིས་རྟག་ཏུ་བསྟེན་བཀུར་བྱས་པ་ཡིན་ནོ།། རྒྱལ་རིགས་དང་། བྲམ་ཟེ་དང་། ཚོང་དཔོན་དང་། ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་བཀུར་བ་ཡིན་ནོ།། མཁས་པ་རྣམས ་ཀྱི་རྟག་ཏུ་ཐ་དུ་འགྲོ་བར་བྱ་བ་ཡིན་ནོ།། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན་ནོ།། ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་སྟོན་པར་བཀུར་བ་ཡིན་ནོ།། སེམས་ཅན་ཐམས་ཅད ་ལ་སྙིང་བརྩེ་བ་ཅན་ཡིན་ནོ།། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འགྲོ་བ་བཞིར་འགྲོ་བར་མི་འགྱུར་ཏེ། བཞི་གང་ཞེ་ན། ་འདི་ལྟ་སྟེ། སེམས་ཅན་ཡོངས་སྨིན་པར་བྱ་བའི་ཆེད་མ་གཏོགས་པར་མི་ཁོམ་པའི་འགྲོ་བར་འགྲོ་བར་མི་འགྱུར་བ་དང་། སངས་རྒྱས་མི་ཞུགས་པའི་སངས་རྒྱས་ཀྱི་ཞིང་གི་འགྲོ་བར་འགྲོ། ་བར་མི་འགྱུར་བ་དང་། ལོག་པར་ལྟ་བའི་རིགསུ་སྐྱེ་བའི་འགྲོ་བར་འགྲོ་བར་མི་འགྱུར་བ་དང་། ངན་འགྲོ་ཐ་མས་ཅད་ཀྱི་འགྲོ་བར་འགྲོ་བར་མི་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས ་ཀྱི་ཕུང་པོ་ལེགས་པར་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་བ་བཞི་པོ་དེ་དག་ཏུ་འགྲོ་བར་མི་འགྱུར་རོ།། གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་བཞི་ལས་ཡོངསུ་ཉམས་པར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སེམས ་ལས་ཡོང་སུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས་རྗེསུ་དྲན་པ་ལས་ཡོངསུ་ཉམས་པར་མི་འགྱུར་བ་དང་། ཇི་ལྟར་ཐོས་པ་དང་། ཀུན་ཆུབ་པར་བྱེད་པའི་ཆོས་རྣམས་ལས་ཡོངས ་ཉམས་པར་མི་འགྱུར་བ་དང་། བསྐལ་པ་གྲངས་མེད་པ་རྗེསུ་དྲན་པ་ལས་ཡོངསུ་ཉམས་པར་མི་འགྱུར་བ་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ནི། ཆོས་བཞི་པོ་དེ་དག་ལས་ཡོངསུ་ཉམས་པར་མི་འགྱུ་རོ།། རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའི་སེམས ་དཔའ་ཆེན་པོ་ནི། རྣམ་པར་འཇིག་པ་བཞི་དང་ཕྲད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་རྣམ་པར་འཇིག་པར་འཇིག་པ་དང་ཕྲད་པར་མི་འགྱུར་བ་དང་། མཚོན་གྱི ་བར་གྱི་བསྐལ་པ་དང་ཕྲད་པར་མི་འགྱུར་བ་དང་། མུ་གེའི་བར་གྱི་བསྐལ་པ་དང་ཕྲད་པར་མི་འགྱུར་བ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་ཕྲད་པར་མི་འགྱུར་བ་སྟེ། རིགས་ཀྱི་བུ་དེ་ལྟར ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་རྣམ་པར་འཇིག་པ་བཞི་པོ་དེ་དག་དང་ཕྲད་པར་མི་འགྱུརརོ།། རིགས་ཀྱི ་བུ་གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་མཐོ་བ་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སླུ་བ་དང་། ལྷ་ལ་མི་སྨྲ་བ་དང་། སེམས་ཅན་རྣམས་ལ་མི་སླུ་བ་དང་། རང་གི་སེམས་ལ་མི་སྡུ་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་མཐོ་བ་བཞི་པོ་དེ་དག་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིགས་པ་བཅུ་ལས་ཡང་དག་པར་འདའ་བར་འགྱུ་ཏེ། བཅུ་གང་ཞེ་ན། འདི་ལྔ་སྟེ། སེམས་ཅན་དམྱལ་བའི་འཇིགས་པ་ལས་ཡང་དས ་པར་འདའ་བར་འགྱུར་བ་དང་། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། གཤེན་རྗེའི་འཇིག་རྟེན་གྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། དབུལ ་བའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། བསྔགས་པ་དང་། སྙན་པ་དང་། གྲགས་པ་དང་། སྒྲ་དང་། ཚིགསུ་བཅད་པ་མ་ཡིན་པའི་འཇིགས་པ་དང་། བདུད་ཀྱི་ཀུན་ནས་དཀྲིས ་པའི་འཇིགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པའི་འཇིགས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ ་ཙི་དང་། ལྟོ་འཕྱོ་ཆེན་པོ་དང་། ཧྲུལ་བུམ་དང་། སྲིན་པོའི་འ་ཇིགས་པ་དང་། དུག་དང་། མཚོན་དང་། མེ་དང་ཆུའི་འཇིགས་པ་དང་། སེང་གེ་དང་། སྟག་དང་། སྦྲུལ་དང་། ངོ་མ་དང་། དྲེང་དང ་གཟིག་དང་། ཁྱི་དང་། ཝ་དང་། ཆུ་སྲིན་བྱིས་པ་གསོད་དང་། ཆུ་སྲིན་ཀུམ་བྷི་ར་དང་། བྱི་ལ་དང་། བྱི་བ་དང་། སྡིག་པ་དང་། སྲིན་གྱི་མེད་དང་། སྦྲུལ་གདུག་པ་དང་། རྒྱལ་པོ་དང་། ཆོམ་རྐུན ་གྱི་འཇིགས་པ་རྣམས་ལས་ཡང་དག་པར་འདའ་བར་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིགས་པ་བཅུ་པོ་དེ་དག་ལས ་ཡང་དག་པར་འདའ་བར་འགྱུརོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གན་སོ།། གང ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་ཏིང་འཛིན་འདི་ཡོད་དོ།། གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་ཤེས་རབ་འདི་ཡོད་དོ།། གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་རྣམ་པར་གྲོལ་བ་འདི་ཡོད་དོ།། གང་ལ་ཚུལ་ཁྲིམས ་ཡོད་པ་དེ་ལ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདི་ཡོད་དོ།། རིགས་ཀྱི་བུ་དེ་ལ་གང་ཉོན་མོངས་པ་རྣམས་རབ་ཏུ་ཞི་བའི་ཚུལ་ཁྲིམས་ནི་གང་ཡིན། ཅིའི་ཕྱིར་ན་ཉོན་མོངས་པ་རྣམས་ཤེས་བྱ ་ཞེ་ན། ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་རྣམས་ཏེ། འདི་ལྟར་ཁམས་གསུམ་དུ་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པས་ན། ཉོན་མོངས་པ་རྣམས་ཤེས་པར་བྱའོ།། དེ་དག་ཞི ་བར་བྱེད་པ་གང་ཞེ་ན། གང་རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཡོངསུ་རྟོགས་པ་མེད་པ་དང་། རྒྱུ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། ཀུན་ཏུ་རྟོག་པ་མེད་པ་དང་། ཡིད་ལ་བྱེད་པ ་མེད་པ་སྟེ། འདི་ནི་ཉོན་མོངས་པ་རྣམས་རྣམ་པར་ཞི་བ་ཞེས་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་ཉོན་མོངས་པ་རབ་ཏུ་ཞི་བར་མི ་པ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཡོང་སུ་དག་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཚངས་པའི་འཇིག་རྟེན་དུ་སོང་ཡང་ཉོན་མོངས་པ་དང་བཅས་པར་ཟད་དོ།། དེ་དག་ནི་སྲིད་པའི་རྩེ ་མོར་སོང་ཡང་ཉོན་མོངས་པ་དང་བཅས་པར་ཟང་ངོ་།། རིགས་ཀྱི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་གང་ལ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་མེད་པ་དེའི་ཚུལ་ཁྲིམས་ཀྱི ་ཕུང་པོ་ནི་ཡོངསུ་དག་པ་ཡིན་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་ཁམས ་། གསུམ་པའི་ཉོན་མོངས་པ་རྣམས་མ་མཆིས་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངསུ་དག་པ་ལགས་ན། བཅོམ་ལྡན་འདས་ཉོན་མོངས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ ་ལྔར་ཁམས་གསུམ་པར་སྨོན་པར་བགྱིད།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་ང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་ཁམས་གསུམ་པར་སྨོན་པར་མི་བྱེད་དེ། རིགས་ཀྱི་བུ་གང་དག་བདག་ཉིད་ཀྱང་ཉོར་མོངས་པ་མེད ་ལ་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་ཁམས་གསུམ་དུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཡིན་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ། ་མི་ལ་ལ་ཞིག་གིས་ན་མཁའ་ལ་རི་མོ་རྣམ་པ་སྣ་ཚོགས་བཀྲ་བ་སྟོན་པར་བྱེད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེ་མས། ཅི་མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན ་འདས་དེ་ལྟ་ལག་སོ།། བདེ་བར་གཤེགས་པ་དེ་དེ་ལ་ལགས་ཏེ། མི་དེ་ནི་དཀའ་བ་བགྱིད་པ་ལག་སོ།། བ་ཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས ་དཔའ་གང་དག་བདག་ཉིད་ཀྱང་ཉོན་མོངས་པ་མེད་ལ། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཁམས་གསུམ་དུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། སེམས་ཅན་ཡོངསུ ་སྨིན་པར་བྱས་ནས་ཀྱང་། ཐེག་པ་གསུམ་སྟོན་པར་བྱེད་པ་དེ་དག་ནི། དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་གང་དག་ཐར་པའི་སྒོ་ཡང་མཐོང་ལ། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད། ཁམས་གསུམ་ན་ཡང་གནས་པ་དེ་དག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ལག་སོ།། བཅོམ་ལྡན་འདས ་དཔེར་བགྱིད་ན་དགུམ་པའི་གནོད་པ་ལས་ཐར་པ་ལགས་པའི་མི། སླར་དགུམ་པའི་གནོད་པའི་གནས་སུ་མཆིས་ཏེ། དགུམ་པའི་གནོད་པ་བགྱིད་པ་རྣམས་ལ་འདི་སྐད་དུ་བདག་སོད་ཅིག། ་གཞན་མ་གསད་ཅིག་ཅེས་མཆི་བ་དེ་བཞིན་དུ་བཅོམ་ལྡན་འདས་དགུས་པའི་གནོད་པའི་གནས་ལྟ་བུ་ནི་ཁམས་གསུམ་ལག་སོ།། དགུམ་པར་བགྱི་བ་ལྟ་བུ་ནི་འཇིག་རྟེན་གནས་པ ་ལག་སོ།། དགུམ་པའི་གནོད་པ་བགྱིད་པ་ལྟ་བུ་ནི་འདུ་བྱེད་རྣམས་ལག་སོ།། དགུམ་པའི་གནོད་པ་སྤངས་པ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས ་གསུམ་ལས་རྣམ་པར་གྲོལ་བ་དེ་དག་ལགས་ཏེ། སེམས་ཅན་ཡོངསུ་སྨིན་པར་བགྱི་བ་དང་། སེམས་ཅན་ཡོངསུ་གྲོལ་བར་བགྱི་བའི་སླདདུ། ཁམས་གསུམ་འབའ་ཤིག་ཏུ་རྒྱུ་ལགསོ།། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་དེས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོད ་དེ་ཅིའི་སླ་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ནི་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་ཡང་མ་མཆིས། ཐབས་ལ་མཁས་པ་ཡང་མ་མཆིས་པའི་སྡང་དུའོ།། དེ་ནས་ཡང ་བཅོམ་ལྡན་འདས་ཀྱིས་ཆེན་པོ་མཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་བཀའ་སྦལ་པ། རིགས་ཀྱི་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོགས་ལ་ནི་ཇི་ལྟར་བརྩན་བར་བྱ། ་། དེས་ཐོས་པ་ནི་ཇི་ལྟར་བཙལ་བར་བྱ་མེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཁན་པོ་དང་། སྒྲོལ་དཔོན་ལ་ང་རྒྱལ་བཅོམ་པ་དང་། བཀའ་བློང་དེ་ངས ་བླ་མའི་སྲི་ཞུ་དང་། གུས་པ་དང་། པདྨ་པའགཅེས་པའི་སེམས་བསྐྱེད་པར་བྱའོ།། དེས་ཆོས་ལ་ནི་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ།། མཁན་པོ་དང་། སློབ་དཔོན་རྣམས་ལ་ནི་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ།། ་ངེས་བདག་ལ་ནི་ནང་པའི་འདུ་ཤེས་བསྐྱེད་པར་བྱའོ།། དེས་ཆོས་ཀྱི་གདམ་ངག་སྟོན་པ་ལ་ནི། སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ།། དེས་སེམས་ཅན་ཐམས་ཅད་ལ་ནི་རང་པའི་འདུ་ཤེས་བསྐྱེད་པར ་བྱའོ།། དེས་སངས་རྒྱས་ཀྱི་ཆོས་ཚོལ་བ་ན། ལུས་ལ་ཕངས་པར་མི་བྱའོ།། སྲོག་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱའོ།། དངོས་པོ་སྣ་ཚོགས་ཡོངསུ་འཛིན་པ་རྣམས་ལ་ཡང་ངེས ་ཤིན་ཏུ་ཉོན་མོངས་པའི་འདུ་ཤེས་བསྐྱེད་པར་བྱའོ།། ནོར་ཕུན་སུམ་ཚོགས་པ་ལ་ཡང་ངེས་ཆགས་པ་སྐྱེད་པར་མི་བྱའོ།། ཆོས་གཙོ་བོར་བྱས་ཏེ། ནོར་ཐམས་ཅད་ཡོངསུ་བཏང ་བར་བྱའོ།། དམ་པའི་ཆོས་ཀྱི་ངོར་དང་། དམ་པའི་ཆོས་ཡོངསུ་གཟུང་བའི་ཕྱིར། འཇིག་རྟེན་པ་ཐམས་ཅད་ཡོངསུ་གཏང་བར་བྱའོ།། ཆོས་ཀྱི་སྟེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བ ་པ་ཡོངསུ་གཏང་བར་བྱའོ།། ཆོས་ཀྱི་རྒྱལ་སྲིད་འདོད་པའི་ཕྱིར། རྒྱལ་སྲིད་ཐམས་ཅད་ཡོངསུ་གཏང་བར་བྱའོ།། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏང་བར་འདོད་པས། དམ་པའི ་ཡོངས་བཙལ་བ་ལ་བཙུན་པར་བྱའོ།། སེམས་ཅན་ཐམས་ཅད་ཡོངསུ་བསྐྱབ་པར་འདོད་པས། དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་བརྩོན་པར་བྱའོ།། དམ་པའི་ཆོས་ཡོངས་སུ་འཛིན་པའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ཡོངསུ་འཛིན་པ་འཐོབ་པར་འགྱུར་རོ།། རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་འདོད་པ་དང་། བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་འདོད་པ་དང་། ཤེས་རབ་ཀྱི་ཀ་བ་བསྒྲེང་བར་འདོད་པ་རྣམས་ཀྱིས་ཐོས་པ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། ཁང་ཟངས་རྣམ་པར་རྒྱལ་བྱེད་ནི་ཀ་བས་བནན་པས་སུམ ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུ་བར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་ཤེས་རབ་ཀྱི་ཀ་བ་ནི་ཐོས་པའི་སྟོབས་ཀྱིས་ཡོངསུ་བཟུང་བས་གནས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྣམས་དང་ལྔ་དང་བཅས་པའི་འཇིག་རྟེན་འདུ་བ་ར་འགྱུ་རོ།། རིགས་ཀྱི་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔར་ང་པ་བཅས ་ཏེ། བདག་སངས་རྒྱས་སུ་གྱུར་ཅིག་ཅེས་སྦས་ལ། དེ་ཡང་ཐོས་པ་ཡོངས་སུ་ཚོལ་བ་ལ་མི་བཅོ་ན་ར། སེམས་ཅན་ཐམས་ཅད་ཤེས་རབ་འཆལ་པར་བྱ་བ་ལ་ཞུགས་པ ་ཡིན་ནོ།། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོས་པ་ཡོངསུ་ཚོལ་བ་ལ་བརྩོན་འགྲུས་རྩོམ་པར་བྱེད་ན། དེས་ནི་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཡོངས ་སུ་རྫོགས་པར་བྱ་བའི་ཕྱིར་ཉེ་བར་བཅན་པ་བྱས་པ་ཡིན་ནོ།། ལྷ་རྣམས་ཀྱང་དེའི་ཚེ་དེ་ལ་མགུ་ཞིང་ཡིད་བདེ་བར་གྱུར་ནས། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་ཟོས་པ་དང་བརྩོན་འགྲུས་དང ་ཤེས་རབ་སྦྱངས་པའི་བློས་སྤོབས་བཅུ་འཐོབ་པར་དུ་སོ།། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་ཤེས་རབ་ཀྱི་མཚོན་གྱིས་ཉོར་མོངས་པའི་དྲ་བའི་རྒྱུད་ཐམས་ཅད་རྣམ་པ་ཐམས་ཅད་དུ་བ ་།། པར་ནུསོ།། ཨེ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་སྟོན་པར་དུསོ།། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་སྔོན་གྱི་རྒྱལ་བ ་བཞུགས་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་ནུསོ།། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་བདུད་དཔུང་དང་གཞོན་པ་དང་བཅས་པར་ཕམ་པར་བྱེད་རུ་སོ།། ཨ་ལ་ལ་བྱང་ཆུབ་སེམས་དཔའ་འདྲི ་ནི་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུསོ་ཞེས་ཆད་དུ་བརྗོད་པར་བྱེད་དོ།། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཉན་པ་ལ་བརྩོན་པ་དེའི་ཚེ ་རིགས་ཀྱི་བུ་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་འགྱུ་རོ།། སྟོང་གསུམ་གྱི་སྡོང་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་གང ་ངག་ཡིན་པ་དེ་དག་ཐམས་ཅད་དེའི་ཚེ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་ཏེ། འདི་ནི་བདག་ཅག་གི་དབང་དུ་མི་འགྱུརོ།། 2དེ་ལ་ནི་བདག་ཅག་དབང་མེད་དོ།། འདིས་ནི་བདག ་ཅག་རྣམ་པ་ཐམས་ཅད་དུ་བཅོམ་མོ།། འདིས་ནི་བདག་ཅག་དབང་དུ་བྱསོ་སྙམ་མོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་ཐོས་པ་དང་ལྡན་ར་ཤེས་རབ་སྐྱེ་བར་འགྱུརརོ།། ཤེས་རང ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ།། ཉོན་མོངས་པ་མེད་ན་བདུད་ཀྱིས་གྲགས་མི་རྙེད་དོ།། ཐོས་པ་དང་ལྡན་ན་རྟོག་པར་འགྱུར་རོ།། རྟོག་པ་ཡོད་ན་ཚུལ་བཞིན་དུ་ཆོས་ཡོངསུ་ཚོལ ་བར་འགྱུརརོ།། ཚུལ་བཞིན་དུ་ཆོས་ཡོངསུ་ཚོལ་བ་ལ་བརྩོན་ན། བདུད་སྡིག་ཅན་གྱིས་གླགས་མི་རྙེད་དོ།། ཐོས་པ་དང་ལྡན་ན་ལོག་པར་ལྟ་བ་དང་བྲལ་བར་འགྱུར་ལ་ཡང་དག་པའི་ལྟ་བ ་ཡང་བྱེད་པར་འགྱུར།། འང་དག་པར་ཞུགས་ན་པཆུ་གྱིས་ཐམས་ས་རྙེད་དོ།། ཡང་དག་པར་གྲགས་ན་ལས་པང་རྟོག་པ་དང་། གན་རྦག། འ་མ ་ཡང་དག་པར་འབྲལ་བར་འགྱུར་ཏེ། རིགས་ཀྱི་བུ་རམ་གྲངས་དེས་ཀྱང་ཐོས་པ་མང་པོ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་བའི་ཕམ་པར་བྱེད་ནུས ་བར་འགྱུར་བ་དེ་ལྟར་རིག་པར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། ཕུང་པོའི་བདུད་དང་། ཅོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དེ། བདུད་བཞི་པོ་འདི ་ངག་ཕམ་པར་བྱེད་ནུས་སོ།། རིགས་ཀྱི་བུ་གཞན་ཡང་ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་རྣམས་ཀྱིས་ཐོས་པ་ཡོངསུ་བཙལ་བ་དེ་ལ ་ཅུང་ཟད་ཙམ་ཁྱོད་ལ་བསྟན་པར་བྱའོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡུན་རིང་པོ་ཚད་མེད་བསམ ་གྱིས་མི་ཁྱབ་པ་འདས་པ་དེའི་ཚེ་དེའི་དུས་ན། དྲང་སྲོང་ཆེན་པོ་མཆོག་ཅེས་བྱ་བ། ནགས་དང་། ནགས་མ་ད་བ་དང་། རི་ལ་གནས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྟག་ཏུ ་བྱམས་པ་ལ་གནས་པ་དང་། སྙིང་རྗེ་ལ་གནས་པ་ཞིག་བྱུང་སྟེ། དྲང་སྲོང་དེ་མཆོག་ཏུགྱུར་ཏོ།། དེ་ནགས་ཁུང་དེ་དག་ན་གནས་པ་ན། འདི་སྙམ་དུ་སེམས་ཏེ། བདག་བྱམས་པ་ལ ་གནས་པ་འདི་ནི་སེམས་ཅན་རྣམས་ཀྱི་དགའ་བ་སྐྱེད་པར་ཡང་མི་འགྱུར་ལ། བྱམས་པ་འདིས་ནི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང། གཏི་མུག་རྣམས་དང་། ་བསྐལ་པ་མཐའ་ཡས་པ་ནས་བསྲེགས་པའི་ཉོན་མོངས་པ་ཐམས་ཅད་ཀྱང་ཉེ་བར་ཞི་བར་བྱེད་མི་ནུས།། བྱམས་པ་འདིས་ནི། འཕགས་པའི་ཡང་དག་པའི་ལྔ་པ་ཡང ་བསྐྱེད་པར་མི་ནུས་སོ་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། འཕགས་པའི་ཡང་དག་པའི་ལྟ་བ་གང་ལས་སྐྱེ་ཞིག་གུ་སྤྲ་མོ།། དེ་ལ་རྟོག་པ་འདི་ལྟ་བུ་ཞིག་བྱུང་སྟེ། འཕགས་པའི་ཡང ་དག་པའི་ལྟ་བ་སྐྱོ་བ་ལ་ནི། རྒྱུ་གཉིས་དང་རྐྱེན་གཉིས་ཡོད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་སྒྲ་དང་། སོ་སོར་རང་གི་ཚུལ་བཞིར་ཡིད་ལ་བྱེད་པ་སྟེ། འདི་གཉིས་ནི ་འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་གཉིས་དང་། རྐྱེན་གཉིས་སོ་སྙ་མོ།། དེ་དེའི་ཚེ་ཆོས་ཡོངསུ་ཚོལ་བ་ལ་བརྩོན་པའི་བློ་སྐྱེ་སྟེ། ལེགས་པར་གསུང་བ་བདག་གིས་ག་ལ ་རྙེད་པར་འགྱུར་སྙམ་མོ།། དེ་ཆོས་ཀྱི་ཕྱིར་ཡོངསུ་ཚོལ་བ་ལ་བརྩོན་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྟོ་ངས་དང་། ཡུལ་འཁོར་དང་། རྒྱལ་པོའི་དེ ་བྲང་དུ་སོང་ནས་ཆོས་བཙལ་ཏོ།། བཙལ་ཀྱང་ཆོས་སྨྲ་བ་འགའ་ཡང་མ་རྙེད་དོ།། དེ་ནས་དེའི་མདུན་དུ་བདུད་ཀྱི་རིས་ཀྱི་ལྷ་ཞིག་བྱུང་སྟེ། དེ་དྲང་སྲོང་དེའི་ཐད་དུ་སོང་ནས་འདི་སྐད ་ཅེས་སྨྲ་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། སངས་རྒྱས་ཀྱིས་གསུངས་པའི་སངས་རྒྱས་ཀྱི་མཚན་གྱི་ཚིགས་སུ་བཅད་པ་གཅིག་བཟུང་བ་ལ་ཡོད་དོ།། དྲང ་སྲོང་དེས་སྨྲས་པ། སྤྲོས་ཤིག། ལྷ་དེས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་རང་གི་ལུས་ལས་ལྤགས་པ་བཤུས་ཏེ་ཉི་མ་ལ་བསྐམས་ནས། ཤོག་བུར་བྱས་ཏེ། རང་གི་ཁྲག་དང་སྦྱར་བ། ་སྣག་སུ་བྱས་ལ། རང་གི་རུས་པས་སྡུ་གུ་བྱས་ཏེ། ང་ལས་ཚིག་སུ་བཅད་པ་དེ་འདྲིན་དེ་ལྟ་ན། སངས་རྒྱས་ཀྱིས་གསུངས་པའི་ཚིགསུ་བཅས་པ་དེ་ངས་ཁྱོད་ལ་སྦྱིན་ནོ།། རིགས་ཀྱི་བུ ་དེ་ནས་དྲང་སྲོང་ཆེན་པོ་མཆོག་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་འདི་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་དེ་དང་དེ་དག་དང་། སྐྱེ་བའི་གནས་དེ་དང་དེ་དག་ཏུ་བསྐལ་པ་འབུམ་ཕྲག ་མང་པོར་ཉེས་པ་བྱས་ནས། དགྲ་དང་གཤེད་མའི་ལག་ཏུ་སོང་ནས། ཆོམ་རྐུན་དང་རྒྱལ་པོས་བཀྲབས་པ་ལ་སོགས་པས། མཚོན་རྣོན་པོས་ཡན་ལག་དང་ཉིང་ལག་ཐམས་ཅད་དུམ་བུ ་དུ་མར་བཅད་ཅིང་གཏུགས་ཏེ། འདོད་པའི་ཕྱིར་དང་། ནོར་གྱི་ཕྱིར་དང་། གསང་བ་དང་། བཅིངས་པ་དང་། བརྡེག་པ་དང་། བསྡིགས་པ་ལ་སོགས་པ་དཀའ་བ་འདུ ་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་བདག་གི་ལུས་དེ་དག་དང་། ཚོར་བ་དེ་དག་གིས་སེམས་ཅན་སུ་ལ་ཡང་དོན་ཅི་ཡང་བྱས་པ་མེ་ད་ན། བདག་གི་སྙིང་པོ་མེད་པའི་ལུས་འདིས། ་ཆོས་རྙེད་པར་འགྱུར་བ་ནི་བདག་གིས་དེ་དག་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས། དགའ་ཞིང་མགུ་ལ་ཡིད་རངས་སྟེ། ལྷ་དེ་ལ་ཡང་སློབ་དཔོན་གྱི་འདུ་ཤེས་བསྐྱེད་ནས། མཚོན་རྣོན་པོས ་རང་གི་ལུས་ལས་ལྤགས་པ་བཤུས་ཏེ་ཉི་མ་ལ་བསྐམས་ནས། ཤོག་བུར་བྱས་ཏེ། རང་གི་ལུས་ལས་ཁྲག་གཟགས་ནས། རང་གི་ཁྲག་གིས་སྣག་ཙར་སྦྱར་ཏེ། རང་གི་རུས་པས་སྠཱ ་གུ་བྱས་ནས། ལྷ་དེ་ལ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲསོ།། ལྷ་སངས་རྒྱས་ཀྱིས་གསུངས་པའི་སངས་རྒྱས་ཀྱི་མཚན་བསྡུས་པའི་ཚིགས་སུ་བཅད་པ་དེ་བདག་ལ་གསུངས་ཤིག ་།། ཁྱོད་ཀྱིས་ཇི་གད་བཟླ་བ་བཞིན་དུ་བདག་གིས་བགྱིས་ལགས་ཏེ། བདག་གིས་ལྤགས་པ་བཤུས་ནས་བསྐམས་ཏེ། ཤོག་བུར་བགྱིས་ནས། རང་གི་ཁྲག་གིས་སྔལ ་སྦྱར་ཏེ། རང་གི་རུས་པས་སྦུ་གུ་བགྱིས་ལགས་ཞེས་བྱས།། རིགས་ཀྱི་བུ་དེ་ནས་བདུད་ཀྱི་རིགས་ཀྱི་ལྷ་དེས། དྲང་སྲོང་ཆེན་པོ་མཆོག་དེས་གུས་པ་དང་དོན་དུ་གཉེར་བ་དེ་ལྟ་བུ་མཐོང་ནས། ་གནོད་ལྟར་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་དེས་དེའི་ཚེ་ལྷ་དེ་མི་སྣང་བར་གྱུར་པར་རིག་ནས། འདི་སྙམ་དུ་སེམས་ཏེ། བདག་གིས་ཚིགས་སུ ་བཅད་པ་དེ་མ་ཐོས་སུ་ཟིན་ཀྱང་། གང་གི་ཕྱིར་བདག་གིས་ཆོས་ལ་གུས་པ་ཆེན་པོས། རང་གི་ལྤགས་པ་བ་ཤུས་ཏེ་བསྐམས་ནས་རང་གི་ཁྲག་དང་སྦྱར་བ་དང་། རང་གི་རུས་པ་ཕྱུང ་སྟེ་སྡུ་གུ་བྱས་པ། བདག་གི་ཆོས་ལ་གུས་པའི་དགེ་བ་འི་རྩ་བ་འདིས་ཆུད་ཟ་བར་མི་འགྱུར་རོ།། སྨྲ་བར་ཡང་མི་འགྱུར་རོ།། འོན་ཀྱང་བདག་གིས་ལྷག་པའི་བསམ་པ ་དང་། གཡོ་བ་མེད་པས་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་བསྐྱེད་ནས། ལུས་དང་སྲོག་ལ་མི་ལྟ་བར་ལྤགས་པ་ཤོག་བུར་བྱས་ཏེ། རང་གི་ཁྲག་གིས་སྦྱར་ནས། རུས་པས་སྒྲ ་གུ་བྱས་པའི་ཆོས་ལ་འདུས་པའི་བདེན་པ་དང་བདེན་པའི་ཚིག་གང་ཡིན་པའི་བདེན་པ་དང་བདེན་པའི་ཚིག་དེས་ན། འཇིག་རྟེན་གྱི་ཁམས་འདི་དང་། འཇིག་རྟེན་གྱི་ཁམས་གཞན ་ངག་ན་ཆོས་གསུང་ཞིང་ཆོས་སྟོན་པ་བདག་ཉིད་ཆེན་པོ་སུ་བཞུགས་ཀྱང་རུང་སྟེ། དེ་དག་གིས་བདག་ལ་ཞལ་བསྟན་པར་གསོལ། བདག་ལ་ཆོས་ཀྱང་ཐོས་པར་མཛད་དུ་གསོལ ་ཞེས་བྱསོ།། རིགས་ཀྱི་བུ་དེ་ལྟར་དྲང་སྲོང་ཆེན་པོ་མཆོག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་ཡུད་ཙམ་དེ་ཉིད་ལ། འོག་གི་ཕྱོགས་སུ་སངས་རྒྱས ་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་གཉིས་འདས་པ་ན། འཇིག་རྟེན་གྱི་ཁམས་ཀུན་ནས་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། དེས་དྲང་སྲོང་ཆེན་པོ་མཆོག་དེའི་ལྷག ་པའི་བསམ་པ་ཐུགས་སུ་ཆུད་དེ། འཛམྦུའི་གླིང་འདིའི་སེམས་ཅན་ཡོངས་སུ་སྨིན་པ་ཡང་གཟི་གས་ནས། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ ་བསྐུམས་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུ་མས་པ་བཞིན་དུ། སྐད་ཅིག་ཐང་གཅིག་ཡུད་རྩ་མ་དེ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ ་བེ་དེ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་ཐབས་གཅིག་ཏུ། དེ་ནས་མི་སྣང་བར་གྱུར་ནས། དྲང་སྲོང་ཆེན་པོ་མཆོག་གི་མདུན་དུ་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེ་ཐུང་མ་ཐག་ཏུ། དེའི་མོད་ལ་ནགས་ཁུང་དེ་སྣང་བ་ཆེར་པོས་ཁྱབ ་བར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་བབ་བོ།། དེའི་ཚེ་ནགས་ཁུང་དེ་ན་ཤིང་གི་ཡ་ག་དང་། ལོ་མ་དང་། མགོ་ལྗོགས་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལས ་།། ཆོས་སྟོན་པའི་སྒྲ་དག་བྱུང་ངོ་།། དེའི་ཚེ་ལྔ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འདུས་པར་གྱུར་ཏོ།། དེ་རས་དྲང་སྲོང་ཆེན་པོ་ལ་ཆག་ལ། བཅོམ་ལྡན་འདས་དེ་བཞི ་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེའི་འོད་ཀྱིས་པོག་མ་ཐག་ཏུ། དེ་ནས་དེའི་མོད་ལ་ཁ་དོག་དང་། གཟུགས་སྔ་མཁོ་བཞིན་དུ་གྱུར་ཏེ། རྨ་དང་སྡུད་པ་མེད་པར་གྱུར ་།། དེ་ནས་དྲང་སྲོང་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཞབས་ལ་མགོ་བས་ཕྱག་འཚལ ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། སོར་མོ་བཅུའི་ཐལ་མོ་སྦྱར་བའི་སྤྱི་བོར་གཞག་ནས། དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ལ་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལག་སོ།། བདེ་བར་གཤེགས་པ་ནི་བདག་གི་སྟོན་པ་ལག་སོ།། བདག་ནི་བཅོམ་ལྡན་འདས་དང་། ཆོས་དང ་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། ཅི་ནས་བདག་གིས་ཆོས་ཐོས་ནས་ལོག་པར་ཞུགས་པའི་སེམས་ཅན་ལྟ་བར་གྱུར་པའི་བརླག་བརླག་པ་སྤྱོད་ཡུལ་པ་རྣམས ་ཀྱི་ལོག་པར་ལྟ་བའི་མུན་པ་བསལ་ནས། ཡང་དག་པའི་ལྟ་བའི་ཆོས་སྟོན་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པ་བདག་ལ ་ཆོས་བསྟན་དུ་གསོལ།། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེས། དྲང་སྲོང་ཆེན་པོ་མཆོག་གཙོ་བོར་མཛད་ནས་ལྷའི་བུ་དེ་དག ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཉིད་ལས་བརྩམས་ཏེ། ཅི་ནས་ལྷའི་བུ་འཁོར་དེའི་ནང་ནས་སྔོན་དགེ་བའི་རྩ་བ་ཡོད ་སུ་སྦྱངས་པའི་ལྷའི་བུ་བརྒྱད་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། དྲང་སྲོང་ཆེན་པོ་མཆོག་དེ་ཡང་དགའ་བ་དང་། ་དང་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དང་། སྤོབས་པ་ཐོབ་པ་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ།། ། བམ་པོ་གསུམ་པ།། བཅོམ་ལྡན་འདས་དེས་རྡོ་རྗེའི་ཚིག་བརྒྱ ་པོ་འདི་དག་ཀྱང་བསྟན་ཏེ། བརྒྱད་གང་ཞེ་ན། འདི་ལྔ་སྟེ། ཆོས་ཐམས་ཅད་ནི་ཉོན་མོངས་པ་དང་བྲལ་བའི་ཕྱིར། རང་བཞིན་གྱིས་ཡོངསུ་དག་པའོ།། ཆོས་ཐམས་ཅད ་ཟག་པ་ཐམས་ཅད་ཡོངས་སུ་ཆད་པའི་ཕྱིར། ག་མེད་པའོ།། ཆོས་ཐམས་ཅད་ནི་གནས་ཐམས་ཅང་ལས་ཡང་དག་པར་འདས་པའི་ཕྱིར། གནས་མེད་པའོ།། ཆོས་ཐམ ་ཅད་ནི་གཉིས་སུ་མེད་པའི་ཕྱིར། སྒོ་མེད་པའོ།། ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་ཀུན་ནས་སྟོན་པའི་ཕྱིར། ཀུན་ནས་སྒོའོ།། ཐམས་ཅད་རི་འགྲོ་བ་མེད་པའི་ཚུལ་གྱིས། འཕོ་བ ་མེད་པའོ།། ཆོས་ཐམས་ཅད་ནི་འགྲོ་བ་ཐམས་ཅད་ཡང་དག་པར་ཆད་པའི་ཕྱིར། འགྲོ་བ་མེད་པའོ།། ཆོས་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་གཉིསུ་དབྱེ ་མེད་པའི་ཕྱིར། དུས་གསུམ་མཉམ་པ་སྟེ། རྡོ་རྗེའི་ཚིག་བརྒྱད་པོ་དེ་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ངེས་པས་ཟམ ་ཅད་ངེས་པར་འབྱེད་པའི་ཕྱིར་བསྟན་ཏོ།། མཆོག་གཞན་ཡང་། ཆོས་ཀྱི་སྒོའི་ཚིག་བརྒྱད་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་རྟུལ་བར་མི་འགྱུར ་བ་སྟེ། བརྒྱད་གང་ཞེན། འདི་ལྟ་སྟེ། མིང་ནི་ཆོས་ཐམས་ཅད་ཀྱི་ས་སྟེ། སྒོ་སྣ་ཚོགས་རྣམ་པར་གཞག་པའི་ཕྱིར་རོ།། སྒྲ་ཆོས་ཐམས་ཅད་ཀྱི་སྒྲ་སྟེ། ངག་ཐ་དད་པར་བརྗོད་པའི་ཕྱིརར། ་བང་ནི་ཆོས་ཐམས་ཅད་ཀྱི་སྟེ་སྟེ། ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པའི་ཕྱིརརོ།། རྣམ་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གསོབ་དང་། གསོཔ་དང་། ཡ་མ་བརླ་ཡིན་པ ་ཕྱིར་རོ།། བདག་གི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། བདག་གི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཟད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཡོད་པ་མ་ཡིན་པའི་ཕྱིར་རོ།། གདགས་པ་ནི ་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདགས་པ་འབྱུང་བ་མེད་པའི་ཕྱིར་རོ།། མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། རོ་གཅིག་པའི་ཕྱིར་རོ།། མཆོག་ཆོས་ཀྱི་སྒོའི་ཚིག ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་རྟུལ་བར་མི་འགྱུར་བའོ།། མཆོག་གཞན་ཡང་ས་བོན་གྱི་ཚིག་བརྒྱད་པོ་འདི་དག་ནི་སྤོབས་པ་མི་ཟད་པར་འགྱུར་བ ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། མཆོག་མ་ཞེས་བྱ་བ་ས་བོན་གྱི་ཚིག་ནི། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་སྟོན་ཏོ།། མཆོག་པ་ཞེས་བྱ་བ་ས་བོན་གྱི་ཚིག ་ནི་ཆོས་ཐམས་ཅད་དོན་དམ་པར་སྟོན་ཏོ།། མཆོག་ན་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་ཀྱི་མིང་དང་གཟུགས་ཡོངསུ་ཤེས་པར་སྟོན་ཏོ།། མཆོག་ང་ཞེས་བྱ་བ ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་དུལ་བ་དང་ཞི་བར་སྟོན་ཏོ།། མཆོག་ས་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་རྣམས་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པར་སྟོན་། ་མཆོག་པ་ཞེས་བྱ་བ་ས་བོར་གྱི་ཚིག་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་དབྱེར་མེད་པར་སྟོན་ཏོ།། མཆོག་ཀ་ཞེས་བྱ་བ་ས་བོར་གྱི་ཚིག་ནི་ཆོས་ཐམས་ཅད་ཟད་པ་ཉིད་སྟོན་ཏོ།། ་མཆོག་མ་ཞེས་བྱ་བ་ན་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་དབུས་དང་མཐའ་ཡོངསུ་ཆད་པར་སྟོན་ཏོ།། མཆོག་ས་བོན་གྱི་ཚིག་བརྒྱད་པོ་དེ་དག་ནི་སྤོབས་པ་མི་ཟད་པ ་འགྱུར་བའོ།། དེ་ལྟ་བས་ན་ས་བོན་གྱི་ཚིག་དེ་དག་དང་། ཆོས་ཀྱི་སྒོའི་ཚིག་འདི་དག་དང་། རྡོ་རྗེའི་འདི་ད་ག་ལ་དྲན་པ་དང་། ཤེས་བཞིན་དུ་སྤྱོད་པ་མཉམ་པ་ཉིད་ལ་བརྩོན ་བར་བྱའོ།། རྟག་ཏུ་འདུ་འཛི་མེད་པར་སྤོང་བས་ཚུལ་བཞིན་དུ་སོ་སོར་བརྟག་པ་ལ་བརྩོན་པར་བྱའོ།། རྟག་ཏུ་དགེ་བ་གང་ཡིན་ཞེས་ཚོལ་ཞིང་འདོད་པ་ལ་བརྩོན་པར་བྱའོ།། ་རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ངེས་ཆོས་ཀྱི་ཚིག་ཞུས་པ་དེ་དག་གི་ལན་པ་གནས། འཇིག་རྟེན་གྱི་ཁམས་དེ ་སྣང་བར་མཛད་ཅིང་རབ་ཏུ་གཡོས་པར་མཛད་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་ཐབས་གཅིག་ཏུ་སྣང་བར་གྱུར་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་རང་གི་སངས་རྒྱས ་ཀྱི་ཞིང་དུ་བཞུགས་པར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་ནས་ཀྱང་གང་དུ་ཡང་གཤེགས་པ་འམ་སླར་གཤེགས་པར་མངོན་པ་མེད་དོ།། རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག ་དེ་སྤོབས་པ་མཆོད་པ་དང་ལྡན་པར་གྱུར་ཏེ། བརྗེད་ངས་པ་མེད་པའི་དྲན་པ་དེ་དང་ཡང་ལྡན་པར་གྱུར་ནས། ལྷས་ཡོངས་བཟུང་བ་ཐོབ་པར་གྱུར་ཏོ།། ལྷས་ཡོངས ་བཟུང་བ་དེས་ན་བདུད་ཕྱིར་རྒོལ་བ་ཡང་ཆོམས་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་སོང་ནས། སེམས་ཅན་རྣམ ་ལ་ཆོས་སྟོན་ཏོ།། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཉིད་རྒྱས་པར་བཤད་ཅིང་རབ་ཏུ་བསྟོན་ཏོ།། དེས་ལ་སྟོང་ཐམ་པར་ཆོས་བསྟན་ཏེ། སྲོག་ཆགས ་བརྒྱད་ཁྲི་བཞི་སྟོང་མི་ཉན་ཐོས་ཡོངསུ་སྨིན་པར་བྱས་སོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་རང་སངས་རྒྱས་ཡོངས་སྨིན་པར་བྱས།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྨིན་པར་བྱསོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་འཁོར་ལོས་སྒྱུར་བར་ཡོངསུ་སྨིན་པར་བྱསོ།། ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ང་རྒྱ་བྱིན་དུ་ཡོངསུ་སྨན་པར་བྱས་སོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཚངས་པར་ཡོངསུ་སྨིན་པར་བྱསོ།། སྲོག་ཆགས་བརྒྱད་ཁྲི་བའི ་སྡོང་ནི་བྱམས་པ་བསྒོམ་པ་ལ་བཀོད་པ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་སྙིང་རྗེ་སྐེམ་པ་ལ་ཀོང་ངོ་།། སྲོག་ཆགས་བརྒྱད་ཁྲི་བནི་སྟོང་ནི་དགའ་བ་བསྒོམ་པ་ལ་བ ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་རི་བཏང་སྙོམས་བསྒོམ་པ་ལ་བཀོད་དོ།། སྲོག་ཆགས་དཔག་ཏུ་མེད་པ་ཞིག་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་ཉེ་བར་འགྲོ་བར་བྱས།། དེའི་འོག་ཏུ ་དྲང་སྲང་ཆེན་པོ་མཆོག་དེ་ཤི་རས། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར ་གྲགས་པའི་རྒྱལ་པོ་དེ་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམསུ་སྐྱེསོ།། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། དྲང་སྲོང་ཆེན་པོ་མཆོག་དེ་གཞན་ཞིག ་ཡིན་པར་ཁྱོད་སོམ་ཉིའམ། ཡིད་གཉིས་སམ་ཐེ་ཙོམ་ཟར། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན། དྲང་སྲོང་ཆེན་པོ་མཆོག་ཏུ་གྱུར་ཏེ། ་ངས་ཆོས་འདོད་པ་དང་། ཆོས་ལ་གུས་པར་གནས་པའི་བདེན་པའི་བྱིན་གྱི་རླབས་དེས། འོག་གི་ཕྱོགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས ་པའི་རྒྱལ་པོ་དེ་སྤྱན་དྲང་སོ།། དྲི་མ་མེད་པའི་གཟི་བརྗིད་ན། མ་གྲངས་དེས་ཀྱང་ཁྱོད་ཀྱིས་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི། རྣམས ་ཀྱང་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་མི་འགྱུར་ལ། དམ་པའི་ཆོས་ཀྱང་རུབ་པར་མི་འགྱུར་བ་དེ་ལྟར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་པ་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་མི། འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་། སངས་རྒྱས་བཅོམ་ལྡན ་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ།། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏེར ་དང་རི་སུལ་དང་། ཤིང་ངག་གི་ནང་དུ་བདྲུག་པ་དག་ཡོད་དེ། གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་རབ་ཀྱང་ལག་ཏུ་འོང་བར་འགྱུརརོ།། དྲི་མ་མེད ་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི། སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་བསྒྲུབ་པར་བྱེད་དོ།། དྲི་མ་མེང་པའི་གཟི་རྗི ་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དང་། ལྔ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབས་པར་བྱེད་དེ། སངས་རྒྱས ་ཀྱི་བྱིར་གྱི་རླབས་དང་། ལྷའི་བྱིར་གྱི་རླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུ་ཡང་འཁོད་དོ།། ལོ་འབུམ་ཕྲག་གཉིས་སམ། གསུམ་འམ། བཞི་འམ། ལྔའི་བར་དུ་འཁོད་པ་ནས། བསྐལ ་པ་འམ། བསྐལ་པ་ལས་ལྷག་པ་འམ། ཡང་ན་ཇི་སྲིད་འདོད་པའི་བར་དུ་ཡང་འཁོད་དོ།། དྲི་མ་མེད་པའི་གཟི་བརྗིད་ཆོས་ལ་གུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་རྣམས་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་རྒ་བ་ཡང་སེལ་བར་མཛད་དོ།། ནད་ཀྱང་སེལ་བར་མཛད།། དྲན་པ་ཡང་སྒྲུབ་པར་མཛད་དོ།། རྟོག་པ་དང་སྤོབས་པ་ཡང་སྒྲུབ ་པར་མཛད།། ཆོས་ལ་གུས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་བར་གྱུར་པ་རྣམས་ནི་སེལ་བར་མཛད ་ལ་ཡང་དག་པའི་ལྟ་ང་ནི་སྒྲུབ་པར་མཛད་དོ།། དྲི་མ་མེད་པའི་གཟི་བརྗིད་ཆོས་ལ་གུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཞན་གྱི་གནོད་པ་ཐམས ་ཅད་འབྱུང་བར་མི་འགྱུ་རོ།། དྲི་མ་མེད་པའི་གཟི་བརྗིད་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོ་གས་ལ་མཁས་པ་ལ་བརྩོན་པར་བྱའོ།། ། ་ཐོས་པའི་ཚེགས་ལ་མཁས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་འབྱུང་བར་འགྱུར་བ་འམ། ཡང་ན་དེ་བས ་ཀྱང་གོང་མ་འམ། དེ་བས་ཀྱང་ལྷག་པར་འགྱུར་ཏེ། དྲི་མ་མེད་པའི་གཟི་བརྗིད་གསུམ་པོ་འདི་དག་ནི་བསོད་ནམས་ཉེ་བར་རྟོན་པ་དང་། བསོད་ནམས་ཀྱི་ཚེགས་དང་། ་བསོད་ནམས་འབྱུང་བ་དང་། བསོད་ནམས་རྒྱས་པ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་དང་། བསོད་ནམས་མི་ཟད་པ་དང་། བསོད་ནམས་གྱིས་མི་ཁྱབ་པ་དང་། བསོད ་ནམས་རྒྱ་མཚོ་ཡིན་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངག་གི་བསོད་ནམས་རྣམས་ཀྱི་མཐའ་འམ། ཚང་ནི་རྟོག་པར་ནུས།། ་དྲི་མ་མེད་པའི་གཟི་བརྗིད་རྒྱ་མཚོ་ཆེན་པོའི་ཐིགས་པ་རྣམས་ཀྱི་ཚད་དང་། མཐའ་ནི་རྟོགས་པར་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་བའི་ཆོ་ག ་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་བསྩགས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་དང་མཐའ་ནི་རྟོགས་པར་མི་ནུསོ།། དྲི་མ་མེད་པའི་གཟི་བརྗིད་སྟོང་གསུམ་གྱི ་སྟོང་པོའི་འཇིག་རྟེན་གྱི་ཁམས་ན་ས་ལ་རི་དང་། ཤིང་ལྗོན་པ་དང་། ནགས་ཚལ་དང་། རྭ་ཡོད་པ་ཐམས་ཅད་ནི་སྲང་ཚད་ཀྱིས་ཚང་དང་མཐའ་རྟོགས་པ་འམ། ཤེས་རབ ་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོ་གས་བསྩགས་པའི་བསོད་ནན ་ཀྱི་ཕུང་པོ་ན་ཆང་བཟུང་བར་མི་ནུས་ཞེས་ང་སྨྲའོ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚོགས ་གསུམ་པོ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོ་གས་དེ་དག་གི་ནང་ན་ཚོགས་གང་ཆེས་མཆོག་དང་ཆེས་གཙོ་བོ་ལགས།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དྲི་མ་མེད་པའི་གཟི་བརྗིད་ཚོགས་གསུམ་པོ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་དེ་དག་གི་ནང་ན་ཐོས་པའི་ཚོགས་འབའ་ཤིག ་མཆོག་ཅེས་བྱ། རབ་ཅེས་བྱ། རབ་མཆོག་ཅེས་བྱ། གྱ་ནོམ་པ་ཞེས་བྱ། གཙོ་བོ་ཞེས་བྱ། ཁྱད་པར་དུ་འཕགས་པ་ཞེས་བྱ། བླ་མ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། ་གོང་ན་མེད་པ་ཞེས་བྱ། གོང་མའི་ཡང་གོང་མ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ཀྱི་མདུན་ན་ཡུངས་འབྲུ་གཅིག་འདུག་པ་བཞིན་དུ་སྦྱིན་པའི་ཚེགས ་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། རིའི་རྒྱལ་པོ་རི་རབ་ཇི་ལྟ་བ་བཞིན་དུ་ནི་ཐོས་པའི་ཚོགས་བལྟ་བར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམཁ ་ལ་བྱའི་རྗེས་ཇི་ལྟ་བ་བཞིན་དུ། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། ཕྱོགས་བཅུའི་ནམཁའ་མཐའ་ཡས་པ་ཇི་ལྟ་བ་དེ་བཞིན ་དུ་ནི། ཐོས་པའི་ཚོགས་བལྟ་བར་བྱའོ།། རིགས་ཀྱི་དུ་སྦྱིན་པའི་ཚོགས་ནི་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། དབུལ་བ་སེལ་བ་དང་། ལོངས་སྤྱོད་ཆེན་པོ་བསྒྲ ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ།། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད། གཉིས་གང་ཞེ་ན། འདི་ལྟ་སྟེ། ན་འགྲོ་སེལ་བ་དང་། བདེ་འགྲོ་སྒྲུབ་པ་སྟེ། བྱ་བ་འདི་གཉིས ་བྱེད་དོ།། ཤེས་རབ་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ལྟ་བར་གྱུར་པ་ཐམས་ཅད་སེལ་བ་དང་། ཤེས་རབ་སྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ།། རིག ་ཀྱི་བུ་སྤྱིར་བའི་ཚོགས་ནི་ཟག་པ་དང་། བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨིན་པའོ།། རིགས་ཀྱི་བུ་ཚུལ་ཁྲིམས་ཀྱི་ཚོགས་ནི་ཟག་པ་དང་བཅས་པ ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨིན་པའོ།། རིགས་ཀྱི་བུ་ཐོས་པའི་ཚོགས་ནི་ཟག་པ་མེད་པ་དང་། ལེན་པ་མེད་པ་དང་། ཕུང་པོར་རྣམ་པར ་སྨིན་པ་མ་ཡིན་པའོ།། རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ཐོས་པའི་ཚོགས་ལ་བརྩོན་པར ་བྱའོ།། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱིས་ཚོགས་དང་། ཐོས་པའི་ཚོགས་འདི་དག་བསྟན་པ་དང་། སྔོན་དགེ་བའི་རྩ་བ་བསྐྱེད་པའི་སྲོག་ཆགས་སུམ་སྟོང་གིས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལྷའི་བུ་ལྔ་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ་། པ་མཚན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཀྱང་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པ་མཚམ ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་པའ་སེམས་དཔའ་ཆེན་པོ་ཆེས་དུ་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟེད་པ་མྱུར་དུ་ཐབ ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ ་ཐོབ་པར་འགྱུར་ཏེ། བཞི་ག་ཞེ་ན། འདི་ལྟ་སྟེ། ལུས་ལ་གཟུགས་བརྙན་དང་འདྲ་བར་མོས་པ་དང་། ངག་ལ་ཐག་ཆ་དང་འདྲ་བར་མེས་དང་། སེམས་ལ་སྒྱུ་མ་དང་འདྲ་བར་མོས་པ་དང ་ཆོས་ཐམས་ཅད་ལ་མི་ཟད་པའི་ཆོས་ཉིད་དུ་མོས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཞི་པོ་དེ་དག་དང་ལྡན་ན། མི་སྐྱེ་བའི་ཆོས་རྣ ་ལ་བཟོད་པ་མྱུར་དུ་ཐོད་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆས་བཞི་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟང་བ་མྱུར་དུ ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་ཡང་བྱེད་ལ། སེམས་ཅན་དུ་འདུ་ཤེས་པ་ཡང་མེད་པ་དང་། ཆོས་ཐམས་ཅད ་ལ་སྟོང་པ་དང་། མི་རྟག་པར་ཡང་མོས་པར་བྱེད་ལ། གཞིར་ཡང་མི་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱང་མཐོང་ལ་ཤིའི་མིག་ལ་ཡང་མངོན་པར་ཞེན་པ་མེད་པ་དང་། སེམས་རབ ་ཏུ་རྣམ་པར་འབྱེད་པ་ལ་མཁས་ལ། སེམས་ཀྱང་སེམས་ལ་གཏོད་པར་མི་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཞི་པོ་དེ་དག་དང་ལྡན་ན། མི ་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུརརོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་སྤངས་པའི་ཕྱིར། བདོག་པ་ཐམས་ཅད་ཡོངསུ་གཏོང་བ་དང་། ཉོན་མོངས་པ་ཐམས་ཅད་རང་ཏུ་ཞི་བའི་ཕྱིར། ཚུལ་ཁྲིམས་ཡོ ་སུ་དག་པ་དང་། ཆོས་ཀྱིས་ལྷག་པའི་ཕྱིར། བཟོད་པའི་སྟོབས་དང་ལྡན་པ་དང་། དབེན་པའི་ཆོས་ཀྱིས་རྣམ་པར་གྲོལ་བའི་ཕྱིར། བརྩོན་འགྲུས་བརྩམས་པ་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་འཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་ལ་ཡང་མི་རྟེན་པ་དང་། ཤེས་རབ ་ཀྱིས་ཀྱང་རྣམ་པར་བརྟགས་ལ་སྤྲོས་པ་ཡང་མེད་པ་དང་། ཐབས་མཁས་པ་ཡང་རབ་ཏུ་འཛིན་ལ། སེམས་ཅན་ཡང་སྡུང་པ་དང་། སྤྱད་པ་ཐམས་ཅད་ལ་ཡང་གེགས་མེད་ལ། སྤྱོད་པ་ཡང ་དུ་ཆུད་པར་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུརརོ།། རིགས་ཀྱི ་དུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱ ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངསུ་སྐྱོབ་པ་དང་། སྙིང་རྗེ་ཆེན་པོས་འཁོར་བ་ལས་ཡོངསུ་མི་སྐྱོབ་དང་། དགའ་བ་ཆེན་པོས་ཆོས་ལ་དགའ་ཞིང་མཆོག་སྤདགའ་བ་དང་། དཏང་སྙོམས་ཆེར ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་སྟེ། རིགས་ཀྱིབུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཞི་པོ་དེ་དག་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུརརོ།། ་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ་རྣམ་པར་ཐར་པའི་སྒོ་གསུམ་དུ་བྱེད་པ་དང་། དུས་གསུམ་ཡོངསུ་ཤེས་པ་དང་། ཁམས་གསུམ་ལས་ཡང་དག་པར་འ་ངའ་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས ་མ་སྐྱེས་པ་ལ་ཡིད་ཆེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཞི་པོ་དེ་དག་དང་ལྡན་ན། མི་སྐྱེ་དེའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུརརོ།། ་བཞི་པ་བསྒྲུང་པའི་ཆོས་ཀྱི་རམ་གྲངས་འདི་བཤད་པ་ན། ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོང་སྟེ། དེ་དགའ་བ་དང་། མཆོག་ཏུ་དགའ་བ ་ཐོབ་པ་དེ་ཁོ་ནས། ཏ་ལ་བངུར་སྲིད་ཙམ་གྱི་ནམཁའ་ལ་མངོན་པར་འཕགས་སོ།། སྟོང་གསུམ་གྱི་སྟོང་ཆེ་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ།། ལྟ་དང ་མིའི་སིལ་སྙན་འབུམ་ཡང་འཁྲོལ་ལོ།། པདྨའི་སྤྲིན་གྱི་ཆར་ཆེན་པོ་ཡང་མངོན་པར་བབ་བོ།། འཇིག་རྟེན་འདི་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས ་འཇམ་པ་མཛདང་། འདི་ནི་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒྲ་ནས་འོང་ཟེར་སྣ་ཚོགས་འདི་ས་སྟེ། ་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བརྩོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་།། དེ་དག་བྱུང་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འོད ་ཀྱིས་ཁྱབ་པར་གྱུར་ནས་ཉི་མ་དང་། ཟླ་བ་རྣམས་ཀྱི་འོད་ཀྱང་ཟིལ་གྱིས་མན་ན་ཏེ། ཚངས་པའི་འཇིག་རྟེན་དུ་ཐུག་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ ་རུབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས ་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེའི་ཚེ་ཚིགསུ་བཅད་པ་འདི་དག་ཀྱང་སྨྲ་སོ།། ཡེ་ཤེས་མཆོག་བརྙེས་ཡོངས་དག་ཡངས ་པའི་སྤྱན་མངའ་ང་།། དབང་པོའི་བཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས།། སྐུ་མདོག་གསེར་གྱི་རི་བོ་ལྷའི་འོད་འདྲ་བ།། ཅིའི་སླང་དུ་བཅོམ་ལྡན་འཛུམ་པ་འདི་སྒོམ་མཛད།། གང་གི ་། ཏེ་གྲོས་ཅི་འདྲ་དུས་གསམ་ལྡན་པ་དང་།། ལྷ་དང་མི་རྣམས་སེམས་ཀྱི་སྤྱོད་པ་མཁྱེན་བཞིན་དུ།། འདུ་ཤེས་མི་མངའ་རྟག་ཏུ་ཡེ་ཤེས་མཆག་བནས་པ། 1 ་ཟླ་འདྲ་འཛུམ་པའི་དོན་ནི་བསྟན་པར་གསོལ།། འདས་པའི་སངས་རྒྱས་ཇི་སྙེད་གང་དག་མ་འོངས་དུས།། གང་དག་གནས་པའི་རྒྱལ་བ་དེ་དག་མཚུངས་པ་སྟེ། སེམས་ཅན་གང་དག་དཀ ་པོ་སྤྱོད་པ་སྣ་ཚོགས་པ།། སྦྱོར་མཁྱེན་ལུང་བསྟན་སྐད་དུ་ཐམས་ཅད་ཡང་དག་གསུངས།། སངས་རྒྱས་ཞིང་འདི་དག་ནི་སུ་ཡིས་ཐམས་ཅད་ཁྱབ།། ཁྱོད་ཀྱི་གསུངས་ནི་སངས ་རྒྱས་ཞིང་མང་ཡངས་པར་གྲགས།། འདིར་ནི་ཐུགས་ཀྱིས་འགྲོ་བ་ཀུན་ལ་བྱམས་པ་བསྐྱེད།། རྒྱལ་དུ་ཡེ་ཤེས་མཐའ་ཡས་ལྡན་པ་གང་སྣད་གསུངས།། ཆོས་རྣམས་ཡམ་བརླ་སྟེ ་ཟླ་འདྲ་བ་དང་། སྒྱུ་མ་ལྟ་བུར་འཇིག་པ་རྨི་ལ་མངོ་བོ་ཉིད་དང་། སྤྲིན་ལྟར་མི་བརྟན་འཇིག་པའི་ཆོས་ཅན་མཁྱེན་པ་པོ།། མི་ཡི་སེང་གེ་གང་སླང་འཛུམ་དོན་བསྟན་པར ་གསོལ།། སྟོང་པ་མཚན་མེད་སྨོན་མེད་རྟོགས་པས་རྣམ་པར་གྲོལ།། རྟག། ཏུ་ཐུགས་དུལ་ཆོས་ཀྱི་ངོ་བོ་ཉིད་ལ་མཁས།། རླུང་སྲུབས་མཁའ་ལ་འཆུབ་ཀྱང་སྤྲོས་མེད་འདྲ་བ ་པོ།། ཅི་སླང་འཛུམ་མཛད་འདི་ལ་དོན་ནི་ཅི་མཆིས་གསུངས།། གང་གི་སེམས་དང་སངས་རྒྱས་ཡེ་ཤེས་མཆོག་ལ་བཏུད།། གང་གིས་དེ་རིང་ཤིང་རྒྱལ་དྲུང་དུ་བདུད་ཀྱང་བཅོམ།། གང ་གི་རྒྱལ་བར་ཆོག་རྣམས་གདན་ནི་ཡོངས་སུ་བཟུང་།། སྐྱེས་བུ་ཁྱུ་མཆོག་གི་ནི་ཅི་ཕྱིར་འཛུམ་པ་བསྟན།། འདི་ནི་རྒྱལ་བའི་ཉན་ཐོས་དེས་རྣམས་ས་མ་མཆིས།། འདི་ལ་རང་སངས་རྒྱ ་ཀྱི་ཡུལ་ཡང་ཅི་མ་མཆིས།། འདི་ནི་སངས་རྒྱས་ཡོན་ཏན་རྒྱ་མཚོ་རྣམས་ཀྱི་ཡུལ།། འཇིག་རྟེན་མཆོག་གིས་འཛུམ་པའི་རྒྱུ་ནི་བསྟན་པར་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོ ་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱི་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད།། ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས ་ཏེ་འདུག་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། བདེ་བར་གཤེགས་པ་མཐོང་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆེན་པོ་ཆེ ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་བསྐལ་པ་གྲངས་མེད་པ་གསུམ་པ་ཕྲག་འབུམ་གྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང ་རྒྱ་བར་འགྱུར་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་བྱེད་པ་ཞེས་བྱ་བར་བསྐལ་པ་ཚངས་པས་བསྟོད་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞག་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས ་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཀོད་པ་མང་པོའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་།། ཀུན་དགའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་བཀོད་པ་མང་པོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པའི་འཇིག་རྟེན་གྱི་ཁམས་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས ་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་མི་མང་པོས་གང་བར་འགྱུར་ཏེ། ཀུན་དགའ་བོ་དཔེར་ན། དགའ་ལྡན་གྱི་ལྔ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངསུ་སྒྱུ ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་གི་ལོངས་སྤྱོད་དང་། ཡོངསུ་སྤྱད་པ་ཡང་དེ་དང་འདྲ་བར་འགྱུར་རོ།། ་དེ་བཞིན་གཤེགས་པ་བཀོད་པ་མང་པོའི་རྒྱལ་པོ་དེ་ཡང་གཏམ་གཞན་མི་གསུང་བར་བྱང་ཆུབ་སེམས་དཔའ་བསྡུ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྡེ་སྣོད་འབའ་ཞིག་སྟོན་ཏེ།། ་དེ་ནཱ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་རིང་ཡང་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདུ ་ཤིག་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཡང་ཚེ་དཔག་ཏུ་མེད་པར་འགྱུར།། དེའི་སངས་རྒྱས་ཀྱི་ཞིང་དེ་ནི་མི་ཁམ་པ་བརྒྱད་མེད་དེ། དེ་བདུད་དང་ཕྱི ་རྒོལ་བ་བཅོམ་པ་དང་། གཞན་མུ་སྟེགས་ཅན་མེད་པ་དང་། བཻ་ཌཱུརྱ་ལས་གྲུབ་ལ་མཛུམ་བུ་ཆུ་བོའི་གསེར་གྱི་པདྨས་སྤྲས་པ་འི་སངས་རྒྱས་ཀྱི་ཞིང་དུ་འགྱུ་རོ།། དེ་ནས་ཆེན་པོ ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་པར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་རབ་ཏུ་འབྱུང་བར་གསོལ་ཏེ། དེ་བཞིན ་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཀྱིས་ཆོས་འདུལ་བ་ལེགས་པར་གསུངས་པ་ནི། བཅོམ་ལྡན་འདས་ངོ་མཚ་ལགསོ།། བདེ་བར་གཤེགས་པ་ངོ་མཚར་ལགས་ཏེ། འདི་ལྟར་དེ་བཞིན་གཤེགས ་པ་ལ་སྐུར་པ་འདེབས་པ་འམ། ཀླན་ཀ་ཚོལ་བ་འམ། ཐོ་བརྩམ་པ་འམ། བསྟིང་བའི་སླད་དུ་མཆི་བ་གང་དག་ལགས་པ་དེ་དག་ཀྱང་། དེ་བཞིན་གཤེགས་པ་མཐོང་མ་ཐག ་ཏུ་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་དྲག་པོ་འཐོབ་པར་འགྱུར་ལ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ངེས་པར་བཅོས་ནས། དེ་བཞིན་གཤེགས་པ་ཉག ་ཅིག་ལ་འདུད་ཅིང་བཅོམ་ལྡན་འདས་ཉག་ཅིག་ལ་ཐལ་མོ་སྦྱར་བ་བཏུ་ད་པ་དང་། བཅོམ་ལྡན་འདས་འདི་ལྟར་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་འདི་ང་རྒྱལ ་རྒྱགས་པ་དང་། དྲེགས་པ་དྲག་པོས་མཆིས་ལ་ཆོས་འདི་ལྟ་བུ་འདི་ཐོས་ནས་བདག་ཉིད་ཆེན་པོ་འདི་ལྟ་བུ་ཐོབ་སྟེ། སེམ་ས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ ་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་སྤང་བའི་སླད་དུ་ཆོས་སྟོན་པར་འགྱུར་ལགསོ།། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ། ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚལ་བའི་སླད་དུ། དགེ་བའི་རྩ་བ་སྐྱེད་ནས། ངེས ་ད་ལྟར་འདི་ལྟ་བུའི་མངོར་བར་ཤེས་པ་མྱུར་བ་ཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲང་མེད ་བུ་ལ་འདི་སྐད་ཅེས་དཀའ་སྩལ་ཏོ།། སྲེད་མེད་ཀྱི་བུ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ནི། འདས་པའི་དུས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱི ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ལ་དགེ་བའི་རྩ་བ་བསྐྱེད།། ད་ཕྱིན་ཆད་ཀྱང་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་ལ་བཀུར་བསྟི་བྱེད། བླ་མར་བྱེད། རིམ ་བྱེད། མཆོད་པ་བྱེད་པར་འགྱུར་ཏེ། ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།། སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་མི་དགེ་བའི་རྩ་བ་གང་གིས་ན། དྲིའི་བྱང་ཆུབ་ཀྱི་སེར ་མ་མཆིས་པར་གྱུར་ནས། དེས་ན་འདི་བཅད་པའི་བསམ་པས་དེ་བཞིན་གཤེགས་པའི་སྤྱན་སྔར་མཆིས་ལ། འདི་ལྟ་བུའི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པར་གྱུར་ལ ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་ན་བ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་མེད ་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་ང་རྒྱལ་དང་། ཆོས་ལ་མ་གུས་པ ་དང་། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོང་བ་དང་། ལོག་པའི་ཚིག་སྨྲ་པ་སྟེ། སྲེད་མེད་ཀྱི་ང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བ ་པར་འགྱུར་རོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ས་སྟྭ~ཾ། ཉན་ཐོས་དང་། རངས ་རྒྱས་ཀྱི་ཐེག་པ་པའི་རྣལ་འབྱོར་སྤྱོད་པ་དག་དང་འདྲིས་པར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་པ་འདེབས་པ་དང་། ཆོས་རྣམས ་སློབ་དཔོན་དཔེ་མ་ཁྱུད་བྱེད་པ་སྟེ། སྲིད་མེད་ཀྱི་དུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམ ་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྨྲ་བྱེད་པ་དང་། སེམས་ཅན་རྣམས་ལ་གཡོས་སྟེན་པར་བྱེད་པ་དང་། དགེ ་བའི་བཤེས་གཉེན་རྣམས་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་། བཀུར་བསྟིལ་ལྷག་པར་ཞེན་པ་སྟེ། སྲེད་མ་དཀྱིབུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུ ་ཀྱི་སེམས་བརྗེད་པར་འགྱུར་རོ།། སྲེད་མེད་ཀྱི་བུ་གཞན་ཡ་ང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བདུད ་ཀྱི་ལས་མ་ཏོགས་པ་དང་། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང་། ལྷག་པའི་བསམ་པ་སྟོབས་ཆུང་བ་དང་། ཤེས་རབ་དང་ཐབས་མེད་པ་སྟེ། སྲེད་མེད་ཀྱང་བྱང་ཆུབ་སེམས་དཔའ་ཆོས་པའི ་དེ་ངག་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུརརོ།། སྲེད་མེད་ཀྱི་བུ་ཡང་གང་གི་ཕྱིར་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བ་དེ་ཉོན་ཅིག། ་སྲེད་མེད་ཀྱིཊ། སྤྲིན་ཟུང་ང་འདས་པའི་དུས་ན། བསལ་པ་བཟང་པོ་འདི་ཉིད་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ ་། འ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་མ་སྦྱར་བ། དྲན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས ་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་བསྟན་པ་གནས་པ་ན། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནོར་བུ་བཟངས་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བདུད་ཀྱིས་བསླུས་ནས་ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཏེ། དེ་བཞིན ་གཤེགས་པའི་ཐདུ་མི་འགྲོ་བའི་སྟེང་དུ། ང་རྒྱལ་གྱི་ཟིལ་གྱིས་ནོན་ནས། བྲམ་ཟེ་དང་། ཁྱིམ་བདག་ཆོས་སྨྲ་བ་རྣམས་དང་ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་ལ་ཞུགས་ཏེ ་ཆོས་དང་ཆོས་སྨྲ་བ་རྣམས་ལ་ཡང་མ་གུས་པ་བསྐྱེད་དོ།། དེའི་ཚད་དེ་ཉིད་ལ་ཆོས་ལྔ་དང་བྲལ་བར་གྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་བདག་དང་འཕེལ་བའི་གཏམ་སྣ་ཚོགས་འདྲི་བ་ར་བྱང་དང་། དགེ་བའི་རྩ་བ་ཡོངསུ་བསྔོ་བ་དང་། ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པོར་བྱ་བ་དང་བྲལ་བར་གྱུར་ནས། དེས་མི་དགེ་བའི་ཆོས་ནི་ཡོངསུ་བཟུང་ལ། བྱང་ཆུབ་ཀྱི་སེམས་ནི་ཡོངསུ་མ་བཟུང་སྟེ། སྲེད་མེད་ཀྱི་བུ་ཆོས་ལྔ་པོ ་ངག་དང་བྲལ་བར་གྱུར་ཏོ།། སྲེད་མེད་ཀྱི་བུ་དེའི་ཚེ་དེའི་དུས་ན། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནོར་བཟངས་གང་ཡིན་པ་དེ་བཞིན་ཞིག་ཡིན་པར་ཁྱེད་སོམ་ཉི་འམ། ཡིད་གཉིས་སམ། ་ཅོམ་ཟན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཆེན་པོ་ཆེ་ཆེན་པོ་དྲི་མེ་མེད་པའི་གཟི་བརྗིད་འདི་ཉིད་དེའི་ཚེ་དེའི་དུས་ན། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནོར་བཟངས ་སུ་གྱུར་ཏེ། ང་རྒྱལ་དེས་ན་བྱང་ཆུབ་ཀྱི་སེམས་བརྗོད་དོ།། སྔོན་གྱི་དགེ་བའི་རྩ་བས་ཡོངསུ་བསྲུངས་པ་དང་། བྱང་ཆུབ་ཀྱི་སེམས་ཁོ་ནས་བསྐྱབས་པ་དེ་ནི་ངན་སོང་དག་ཏུ་མ་སྐྱེས་སོ།། ་ང་རྒྱལ་གྱིས་ཁེངས་ཏེ། ཆེན་པོ་ཆེ་ཆེན་པོའི་ཤུགས་ཐོབ་ཀྱང་། སངས་རྒྱས་ཀྱི་མཐུས་སངས་རྒྱས་མཐོང་བ་དང་མ་བྲལ་ལོ།། དེ་དེ་བཞིན་གཤེགས་པའི་སྟོབས་ཀྱི་ཤུགས་མ་བཟོད ་དེ་འོངས་པ་ལས། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཤུགས་ཐོས་ནས། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་ཡོངས་སུ་ཆད་དོ།། སྡིག་པ ་མ་བྱས་པའི་ཕྱིར་ནི་དེ་བཞིན་གཤེགས་པ་མཐོང་ངོ་།། དེའི་སྔོན་གྱི་རྒྱུ་ལ་ས་བྱུང་བའི་དགེ་བའི་རྩ་བ་མངོན་དུ་བྱུང་སྟེ། དེས་ན་མངོན་པར་ཤེས་པ་མྱུར་བ་ལ་བཟོད་པ ་ཐོབ་བོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་གང་བསྐྱེད་ན། དེས ་ཀྱང་ཁྱོད་ཀྱིས་བཟོད་པ་ཐོབ་པར་གྱུར། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། བདག་གིས་སོ་སོའི་སྐྱེ་བོའི་ཆོས་ཐམས་ཅད་བསྐྱེད་དོ།། སྲེད་མེད་ཀྱི་བུས་སྨྲས་པ། ཁྱོད་ཀྱིས ་ཇི་ལྟར་བསྐྱེད། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། ཇི་ལྟར་འབྱུང་བ་མེད་པ་དང་། འཇིག་པ་མེད་པ་དེ་ལྟར་བསྐྱེད་དོ།། ཇི་ལྟར་མངོན་པར་ཞེན་པ་མེད་པ་དང་། སྐྱེ་བ་མེད ་པ་དེ་ལྟར་བསྐྱེད་དོ།། སྲེད་མེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཁྱད་པར་ནི་ཅི་ཞིག་ཡོད། ཐ་དད་དུ་དབྱེ་བ་ནི ་ནི་ཅི་ཞིག་ཡོད།། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། མིང་ལ་ཐ་དད་དུ་དབྱེ་བ་ཡོད་ཀྱི། དོན་ལ་ནི་ཐ་དད་དུ་དབྱེ་བ་མེད་དོ།། སྲེད་མེད་ཀྱི་དུས་སྨྲས་པ། ་དྲི་མ་མེད་པའི་གཟིང་རྗིང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་དོན་གང་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། དེའི་དོན་ནི་མེད་པ་ལ་ཡོངསུ་བརྟགས་པ་དང་། རྣམ་པར་རྟོག་པ ་མེད་པའོ།། སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟི་བརྗིད་དོན་གྱིས་ནི་ཅི་ཞིག་སེལ་བར་བྱེད། ཅི་ཞིག་ནི་སྒྲུབ་པར་བྱེད། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་རེ ་ཀྱི་བུ་དོན་གྱིས་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སེལ་བར་བྱེད་དོ།། སངས་རྒྱས་ཀྱི་ཆོས་རྣམས་ནི་སྒྲུབ་པར་བྱེད་དོ།། སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟེ་བརྗིད་སངས ་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་གང་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུས་ངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་ནི་གཉིས་སུ་དབྱེར་མེད་པ ་སྲེད་མེད་ཀྱི་དུས་སྨྲས་པ། རིགས་ཀྱི་བུ་དོན་ལ་རྟོན་པར་བྱའོ།། ཚིག་འབྲུ་ལ་རྟོན་པར་མི་བྱའོ།། ཞེས་དེ་བཞིན་གཤེགས་པས་གསུངས་པ་དང་། ཡང་དག་པའི་ལྷ་ང་སྐྱེ་ལ ་རྒྱུ་གཉིས་དང་། རྐྱེན་གཉིས་ཡོ་དང་། གཉིས་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་སྒྲ་དང་། རང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ།། ཞེས་གསུངས་ན། ཇི་ལྟར་ཚིག་འབྲུ ་ཡང་དེ་ཉིང་ཡིན་ལ་དོན་ཀྱང་དེ་ཤིང་དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་དོན་ལ་རྟོན་པའི་བྱང་ཆུབ་སེམས་དཔའ་ནི་ཚིག་འབྲུ་དམིགས་སུ་མེད་པ་དེ་ནི་དོན་ཡིན ་ལ་དོན་དེ་ཡང་བརྗོད་དུ་མེད་པའི་དོན་ཡིན་ནོ།། དོན་ལ་རྟོན་པ་ལ་ནི་ཆོས་ཀྱང་ཅི་ཡང་མེད་དོ།། དོན་ཀྱང་ཅི་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ་དང་། ཡ ་མ་རཱ་དང་ཡུལ་ན་མི་གནས་པ་དང་། ཕྱོགས་ན་མི་གནས་པ་དང་། གང་ཁོ་ན་ན་གནས་པ་དེ་ཁོ་ནར་འགགས་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་དོན་ནི་གཏན་དུ་འགོག་པའི་མཆ ་ཉིད་དོ་ཞེས་གསུངས་ཏེ། སྲེད་མེད་ཀྱི་བུ་དེ་བས་ན། གང་དོན་ལ་རྟོན་པ་དེ་ནི་ཆོས་གང་ལས་ཀྱང་མི་འཕྲོ་རྣམ་པར་མི་འཕྲོའོ།། གང་མི་འཕྲོ་རྣམ་པར་མི་འཕྲོ་བ་དེ་ནི་དོན་ཏོ།། ་སྲེད་མེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་གང་དོན་ལ་ཏོ། ན་བ་དེ་ཆོས་ཐམས་ཅད་ལ་རྟོན་པའི་རྣམ་གྲངས་ཡོད་དམ། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི ་བུ་ཡོད་དེ། འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ། ཆོས་ཐམས་ཅད་ནི་དབེན་པ་སྟེ། དེ་དག་ནི་ཆོས་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ་དེ་ལ་དོན་ཏོ།། ་ལྟར་དབེར་བ་དེ་ཁོ་ན་བཞིན་དུ་དེ་ལ་རྟོན་ཏོ།། སྲེད་མེད་ཀྱི་བུ་དེ་ལྟར་ན་གང་དོན་ལ་རྟོན་པ་དེ་ནི་ཆོས་ཐམས་ཅད་ལ་རྟོན་ཏོ།། སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟི་བརྗིད ་དེ་ལྟ་ངས་ན། ཆོས་ཐམས་ཅད་ཉིད་རྟོན་པ་ཡིན་ནོ།། དྲི་མ་མེད་པའི་གཟིང་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་དེ་ནི་དེ་བཞིན་ནོ།། ཁྱོད་ཇི་སྐད་ཟེར་བ་དེ་བཞིན་ཏེ། ཆོས་ཐམས ་ཅང་རི་དོན་དམ་པ་ལ་རྟོན་པ་ཡིན་ནོ།། དོན་དམ་པ་ནི་དེ་དག་གི་སྒོ་ཡིན་ཏེ། དོན་དམ་པར་དེ་དག་བཙལ་བར་བྱ་བ་ཡིན་ནོ།། ཇི་ལྟར་ཆོས་ཀྱང་མི་བསྒྲུང་ཆོས་མ་ཡིན་པ་ཡང་མི ་། བསྒྲུབ་པ་དེ་ལྟར་དེ་དག་བཙལ་བར་བྱའོ།། གཉིས་སུ་མེད་པ་བཙལ་ང་ནི་འཕགས་པ་རྣམས་ཀྱི་བཙལ་བ་ཡིན་ནོ།། བཙལ་བ་དེ་ནི་བྱེད་པ་མེད་པའོ།། བཙལ་བདེ་ནི་བྱ ་ང་མ་ཡིན་ནོ།། རྣམ་པར་བྱང་བ་མ་ཡིན་ནོ།། གང་གི་ཚེ་མི་བྱེད་ཅིང་རྣམ་པར་མི་བྱེད་པ་དེའི་ཚེ་བཙལ་བ་བྱས་པ་ཡིན་ནོ།། གལ་ཏེ་དོན་དང་འགལ་བར་མི་བྱེད་ན། བཙལ་བར་བྱ་བའི ་འོས་ཡིན་ནོ།། དེ་ནས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་དོན་འདི་བསྟན་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། ་ལྷའི་བུ་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་བྱང་ཆུབ ་སེམས་དཔའ་དྲི་མ་མེད་པའི་གཟི་བརྗིད་ལ་གཞན་ཡང་འདི་སྐད་ཅེས་སྨྲ་སོ།། དྲི་མ་མེད་པའི་གཟི་བརྗིད་དེ་བཞིན་གཤེ་གས་པས་དོན་ལ་རྔོན་པར་བྱའི། ཚིག་འབྲུར ་ཡིན་ཞེས་གསུངས་པ་དེ་ནི། སེམས་ཅན་འདི་དག་དོན་ལ་མི་མཁས་ཤིང་གཉིས་ལ་སྤྱོད་པ་དང་། ཚིག་འབྲའང་མི་མཁས་པས་ཚིག་འབྲུ་ལ་སྒྲོ་འདོགས་ཤིང་དོན་མི་ཤེས ་པའི་ཕྱིར་དེ་དག་ལ་རྟོན་པར་བྱའི། ཚིག་འབྲུ་ལ་མ་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་དག་དོན་ལ་རྟོན་པས། ཚིག་འབྲུའི་རང་བཞིན་མཉམ་པ་ཉིད་དུ་ཚིག་འབྲུ ་ལས་ཡང་དག་པར་འདའ་བར་འགྱུརརོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བ་སྐྱེ་བ་ལ་ནི་རྒྱུ་གཉིས་དང་རྐྱེན་གཉིས་ཡོད་དོ་ཞེས་དེ་སྐད་གསུངས་པ་དེ་ནི་འདི ་ལྟར་ཆོས་འདུལ་བ་མ་ཐོས་པས། ཏིང་འཛིན་ཙམ་གྱིས་ཆོག་པར་འཛིན་པ་དེ་དག་འཁོར་བ་ལས་རྣམ་པར་མ་གྲོལ་བཞིན་དུ་རང་བཞིན་གྱིས་མངོན་པའི་ང་རྒྱལ་ཅན་ཡིན་ཏེ། རང ་བཞིན་གྱིས་མངོན་པའི་ང་རྒྱལ་ཅན་དེ་དག་ཐོས་པ་མང་པོ་ལ་གཟུང་བའི་ཕྱིར་ཏེ། དེ་དག་གིས་ཆོས་ཐོས་ནས། གལ་ཏེ་ཚུལ་བཞིན་དུ་སྒྲུབ་ན་ནི། དེ་དག་ཀྱང་ལྷག་པའི་ང་རྒྱལ་མེད་པར ་འགྱུར་ཏེ། ལམ་ལ་གནས་པ་དེ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་པ་བྱེད་མི་འགྱུར། ཐོས་པས ་གནོད་པ་སྤོང་བར་འགྱུར།། ཐོས་པས་མྱ་ངན་འདའ་བ་ཐོབ།། ཅེས་ག་སྲུངས་སོ།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱིས་དུས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན ་དགེ་སློང་རྣལ་འབྱོར་སྦེད་པ་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། གང་དུ་ཡང་སྦྱོར་བ་མེད་ལ། འབྲལ་བར་ཡང་མི་བྱེད་ན། དེ་ལྟར ་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་ཡིནོ།། སྲེད་མེད་ཀྱི་བུ་ཚུལ་བཞིན་དུ་སྦྱར་བ་ཞེས་བྱ་བ་དེ་ནི། སྦྱོར་བ་མེད་པའི་ཚིག་བླ་དག་སོ།། སྲེད་མེད་ཀྱི་བུ་གཞན་ཡང་གང་གི་ཚེ་དགེ་སློང་སྦྱོར་བ ་མི་བྱེད་ན། ཉེས་པ་ཀུན་ནས་སྤོང་བར་མི་བྱེད་དེ། དེ་ནི་དེའི་ཚུལ་བཞིན་དུ་སྦྱོར་བའོ།། གང་གི་ཚེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སོ་སོར་རྟོག་སྟེ། གང་ལ་སྨྲ་བ་དང་། གང ་སྨྲ་བར་བྱ་བ་དང་། གང་ཡོང་སུ་ཤེས་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་སྤང་བའི་ཕྱིར་སྨྲ་བ་དང་། གང་རྟོགས་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་བསྒོམ་པའི་ཕྱིར་སྨྲ་བ་དེ་དག་ཐམས་ཅད་འདྲ ་པའི་རྒྱུས་འཐོབ་པ་མ་ཡིན། མ་འོངས་པའི་རྒྱུས་འཐོབ་པ་མ་ཡིན། ད་ལྟར་བྱུང་བའི་རྒྱུས་འཐོབ་པ་མ་ཡིན་པ་འདི་ནི་ཚུལ་བཞིན་དུ་སྦྱོར་བ་ཞེས་བྱའོ།། གང་གི་ཚེ་ཆོས ་ཐམས་ཅད་ངོ་བོ་ཉིད་ཀྱིས་འགགས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་དུ་མཐོང་བ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་ར་བཞིན་གྱིས་རྣ་པར་ཞི་བ་དང་། རང་བཞིན་གྱིས་སྙོམས་པ ་ཞུགས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་དུ་མཐོང་བ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་གཏན་དུ་མ་སྐྱེས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་དུ་མཐོང་བ་ཡིན་ནོ།། གང་གི་ཚེ་ཆེས ་ཐམས་ཅད་གཏན་དུ་མ་སྐྱེས་པ་དང་། གཏན་དུ་མ་བྱུང་བ་དང་། གཏན་དུ་ཡོངསུ་མྱ་ངན་ལས་འདས་པར་མཐོང་བ་དང་། གང་གིས་མཐོང་བ་དང་། གང་མཐོང་བ་དེ་ཡང་མི་མཐོང་བ ་དང་། ཇི་ལྟར་མི་མཐོང་བ་དང་། རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ན་ཚུལ་བཞིན་དུ་མཐོང་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད ་བའི་གཟི་བརྗིད་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགསོ་ལེག་སོ།། གལ་ཏེ་བསྟན་ནམ་བསྟན་པ་ན་དེ་ལྟར་བསྟན་པར་བྱའོ།། ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ལ་ཡང ་རྨོངས་པ་མེད་དོ།། ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ལ་ཡང་སྦྲིང་པ་མེ་དོ།། ཚུལ་བཞིན་དུ་བརྩོན་པ་ནི་གང་དུ་ཡང་བཅིངས་པ་ཡང་མེད་གྲོལ་བ་ཡང་མེད་དེ།། དེ་ཅིའི་ཕྱིར་ཞེ་ན། ་བཞིན་དུ་བརྩོན་པ་ནི་ཆོས་གང་ཡང་སྤང་བ་འམ་འདྲལ་བར་བྱ་བའི་ཕྱིར་འབད་པ་མེད་དེ། གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་ངོ ་ཡང་དག་པར་ལྟ་བ་ཡིན་ནོ།། ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ། མཐོང་བ་མེད་པ་ཁོ་ནའོ།། མཐོང་བ་མེད་པ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི་ཚིག་བླ་དག་སོ།། ་མ་སྐྱེས་པ་ཞེས་བྱ་བ་དེ་ནི་མ་བྱུང་བའི་ཚིག་བླ་དགས་སོ།། མ་བྱུང་བ་ཞེས་བྱ་བ་དེ་ནི་མ་འཐོན་པའི་ཚིགས་བླ་དགས་ཏེ། ངས་དེ་ལས་དགོངས་ནས་ཚིག་འདི་སྐད་དུ། ཆོས་ཐམས ་ཅད་མ་སྐྱེས་པར་མཐོང་ན། ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པར་འགྱུརརོ་ཞེས་གསུང་སོ།། འདི་ནི་ཡང་དག་པའི་ལྟ་བ་སྟེ། འདི་ལྟ་སྟེ། ཡང་དག་པ་ཉིད་སྐྱོན་མེད་པ ་ལ་འཇུག་པའོ།། ཅིའི་ཕྱིར་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱ་ཞེ་ན། བདག་མཉམ་པ་གང་ཡིན་པ་དེ་ནི་བདག་མེད་པའི་མཉམ་པའོ།། བདག་མེད་པའི་མཉམ་པ་གང ་ཡིན་པ་དེ་ནི། ཆོས་ཐམས་ཅད་མཉམ་པ་སྟེ། དེ་བས་ན་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་འདི་ལྟ་བུའི་མཚན་ཉིད་དང་། རང་བཞི།། ་གྱིས་ཡོངསུ་མྱ་ངན་ལས་འདས་པའི་ཚུལ་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་ཤེས་ཤིང་ཐོས་ལ་ཡིད་ཆེས་ཤིང་མོ་སུ་ལགས་ཀྱང་། བར་མ་དོར་ཡོངསུ་མྱ་ངན་ལས་འདའ་བར ་མི་འགྱུར་བ་ནི་བཅོམ་ལྡན་འདས་ངོ་མཚར་ལག་སོ།། བདེ་བར་གཤེགས་པ་ངོ་མཚར་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་འདི་ལྟར་བྱང་ཆུབ་སེ ་། དཔའ་ཐངས་ལ་མཁས་པ་དེ་དག་ནི། ཐབས་མཁས་པ་དེ་དང་ལྡན་པས། སེམས་བསྐྱེད་པ་ཐམས་ཅད་ལ་ཆོས་བཞིས་ཡོངསུ་བསྒོ་བར་བྱེད་དེ། བའི་གང་ཞེ་ན། ་ལྔ་སྟེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། སངས་རྒྱས་འབྱུང་བས་ཆོས་ཀྱི་ཚུལ་རྒྱུན་མི་འཆད་པར་བྱ་བ་སྟེ། སྲེད་མེད་ཀྱི་ང ་ཆོས་བཞི་པོ་དེ་དག་གི་ཆོས་ཐམས་ཅད་ཡོངསུ་སྒོ་བར་བྱེད་དོ།། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་མྱ་ངན་ལས་འདས་པར་ཤེས་ཤིང་ཐོས་ལ་ཡིད་ཆེས་ཤིང་མོས་ཟིན ་ཀྱང་། ངར་མ་དོར་ཡོངསུ་མྱ་ངན་ལས་འདའ་བར་མི་འགྱུ་རོ།། དེས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཆོས་འདུལ་བ་འདི་ཤེས་ཏེ། ཤེས་ཤིང་མཐོང་ལ་ངེས་པ་ནི་མི་མཐོང་ངོ་།། ་ཅིའི་ཕྱིར་ཞེ་ན། དེས་སེམས་ཅན་ཐམས་ཅད་ཡོངསུ་མ་བཏང་བའི་ཕྱིར།། དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེ ་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ངེས་པར་ལྟུང་བར་འགྱུརོ་ཞེས་དེ་སྐད་གསུངས་པའི་བྱང་ཆུབ་སེམས་དཔའི་སྐྱོན་དེ་གང་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྦྱོར་གང་ཡིན་པའི་ལྟ་བར་གྱུར་པ་ཡང་ཅི་ཡང་མེད་ལ་རྣམ་པར་རྟོག་པ་ཡང་ཅི་ཡང་མེད་མོད་ཀྱི། འོན་ཀྱང ་ཉན་ཐོས་ཀྱི་ཐེག་པ་ལ་དམིགས་པ་བྱས་ནས། སེམས་ཅན་ཐམས་ཅད་ལ་མ་དམིགས། སངས་རྒྱས་ཀྱི་རིགས་ལ་མ་དམིགས། ཆོས་དང་དགེ་འདུན་གྱི་རིགས་ལ་མ་དམིགས། ་ཐེག་པ་ཆེན་པོ་ལ་མ་དམིགས་ཏེ། ཐམས་ཅད་མཁྱེན་པ་ཡལ་བར་བོར་ནས་མི་ལྟ་བ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་འདེངས་པ་དང་། འདུས་བྱས་ཐམས་ཅད་ལ ་སྐྱོབས་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་འཇུག་པར་བྱེད།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སེམས་ཅན་ཐམས་ཅད་ལ་དམིགས་པར་བྱས་ཏེ། དཀོན་མཆོག་གསུམ་གྱི ་རིགས་ལ་དམིགས་པ་བྱས་ཤིང་ཐེག་པ་ཆེན་པོ་ལ་དམིགས་པ་བྱས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྟ་སྟེ། ལུས་དང་སྲོག་ལ་མི་བལྟའོ།། ཆོས་ཐམས་ཅད་མཚན་ཉིད ་གཅིག་པར་ཤེས་ཀྱང་སྐྱོན་མེད་པ་ལ་འཇུག་པར་མི་བྱེད། སེམས་ཅན་ལ་ལྟ་བའི་ཕྱིར་བསམ་གཏན་ཡང་འདྲིས་པར་བྱེད་ལ། ཉན་ཐོས་ཀྱི་སྐྱོར་མེད་པར་ཡང་མི་ལྟུང་སྟེ། རིགྶ ་ཀྱི་དུ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་མེད་པ་ལ་ཡ་ཇུག་པར་མི་བྱེད་པ་དེ་ལྟར་རིག་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རདུ་དྲུང་བའི་ཆོས་དེ ་ལ་ཉརན་ཐོས་དང་། རང་སངས་རྒྱས་ཟད་ཀྱིས་མ་མཆིས་པ་ནི་ངོརཚར་ལགསོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ།། དེ་ནས་བཅོམ་ལྡན ་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འང། བསོད་ནམས་ཐམས ་སང་ནས་པའི་ཅི་ན་ཛི་གངས་སུ་དཀའ་མི་གྱི་ཆུང་རྩི་ལང་དི་མ་མི་མགས་སོ།། དེས་ལ་མ་དཔལ་གསོ་དུ་གྱུང་བས། བྱང་ཆུབ་ནས་མས ་པོ་སྲིད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྦས་སོ།། རིགས་ཀྱི་དབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསོད་མས་འདད་པའི་ཕྱིར། བྱང་ཆུབ་ས་སྤྱོད་པར་མི་བྱེད་དོ།། རྙེད་པ་དང་། བཀུར་བརྩི ་དང་། ཚིབསུ་བཅད་པ་འདོད་པ་དང་། མཐོ་རིས་འདོད་པ་དང་། ལོངས་སྤྱོད་འདོད་པ་དང་། འཁོར་འདོད་པ་དང་། གྲགས་པ་དང་། སྨན་པ་དང་། བསྔགས་པ་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད ་པར་མི་བྱེད་དོ།། སྲེད་མེད་ཀྱི་དུས་སྨྲས་པ། འཇར་དཔལ་འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུ་བ་ཏུ་སྤྱོད་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ།། བྱང་ཆུང་སེམས་དཔའ་རྣམས་ནི་ཆོས་འདོད་པ་དང་། སེམས་ཅན་ཐམས ་ང་ཀྱི་རྡུལ་བསྔལ་བར་འདོ་པ་དང་། ཡང་དག་པ་མ་ཡིན་པའི་སོན་མངས་པ་ས་ཏུ་ཞི་བར་དང་། བདག་གི་རྡུག་བསྔལ་དང་འདྲ་བར་འ་པ་དང་། ཡན་དུ་ལན་འདོགས་པ ་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ།། རིགས་ཀྱི་བུདེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་དང་སེམས་ལ་མི་ལྟ་བ་དང་། ཡོངས་སུ་འཛིན་པ་མེད་པ་དང་། མི་འཕྲོགས་དང་། ག ་བར་ཞེན་པ་མེད་པ་དང་། མཚན་མ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། མི་ལྡོག་པ་དང་། མི་ལྡོག་པའི་ཆོས་ཅན་དང་། ཡང་དག་པར་རྟོག་པར་མི་བྱེད་པ་དང་། བསྐྱེད་དུ ་མེད་པ་དང་། རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པ་དང་། གཅིག་ཏུ་དཔའ་བ་དང་། ཐུང་བ་མེད་པ་དང་། གོང་བ་མེད་པ་དང་། མི་སྐྲག་པ་དང་། མི་འཇིགས་པ་དང་། ་ཀུན་ཏུ་རབ་ཏུ་མི་འཇིགས་པ་དང་། མ་ཁེངས་པ་དང་། མདུད་པ་དང་། བརྟན་པ་དང་། མི་གཡོ་བ་ཐོབ་པ་དང་། དབེན་པ་ལས་སྐྱེས་པ་དང་། དོན་གཅིག་པ་དང་། ཚུལ་གཅིག ་པ་དང་། གཅིག་ཆད་པ་དང་། ཚུལ་གཅིག་ལ་ཞུགས་པ་དང་། གཅིག་ཏུ་ངེས་པར་བརྩོན་པ་དང་། སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པ་དང་། གཅིག་ཏུ་འདོད་པ་དང་། ་དེ་ཉིད་འདོད་པ་རྣམས་ནི་བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན། སྨྲས་པ། རིགས ་ཀྱི་ངུ་བང་གི་ཚེ་བྱང་ཆུབ་སེམས་དཔའི་བྱང་ཆུབ་དེ་ཟད་པ་དང་། སྐྱེ་བའི་ཕྱིར་དང་། མི་ཟད་པའི་ཕྱི་ར་དང་། མི་སྐྱེ་བའི་ཕྱིར་མི་སྤྱོད་དེ།། གཏན་དུ་ཟད་པ་དང་། ཟད ་པ་མེད་པའི་ཕྱིར་རློམ་སེམསུ་མི་བྱེད་ལ། གཏན་དུ་མི་སྐྱེ་བ་ཡང་འཁྲུག་པར་མི་བྱེད། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ ་ཡིན་ནོ།། སྲེད་མེད་ཀྱི་ང་གཞན་ཡང་བྱང་ཆུབ་སེམས་དཔའ་འདས་པའི་སེམས་ཟད་དོ་ཞེས་སྤྱོད་པར་མི་བྱེད། མ་འོངས་པའི་སེམས་མ་ཕྱིན་ཏེ་ཞེས་སྤྱོད་པར་མི་བྱེད། དེ་ལྟར ་བྱུང་བའི་སེམས་མི་གན་སོ་ཞེས་སྤྱོད་པར་མི་བྱེད་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་རྣམས་ལ་ཆགས་པར་མི་བྱེད་དེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་དང་། བྱང་ཆུང་དང་། ་སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉི་སུ་མེད་པར་སྤྱོད་དོ།། ཚུལ་ཁྲིམས་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ ་གཉིས་སུ་མེད་པར་སྤྱོད་དོ།། བཟོད་པ་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉི་སུ་མེད་པར་སྤྱོད་དོ།། བརྩོན་འགྲུས་དང་། བྱང་ཆུབ་དང་། ་སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ།། བསམ་གཏན་དང་། བྱང་ཆུབ་དང་། སེམས་རྣམས་དང་། དེ་བཞིན་གཤེགས ་པ་འདི་ལ་གཉི་སུ་མེད་པར་སྤྱོད་དོ།། ཤེས་རང་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉི་སུ་མེད་པར་སྤྱོད་དེ། གང་གི་རྩ ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ལ། སྤྱོད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱང་འཁྲུལ་པར་མི་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ ་རྣམས་བྱང་ཆུབ་ཀྱི་སྤྱད་པ་ལ་སྤྱོད་པ་ཞེས་བྱའོ།། སྲེད་མེད་ཀྱི་དུ་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་སྟོང་ཞེས་མི་སྤྱོད་དེ། གཟུགས་ཉིད་སྟོང་པ་དང་། དེ་བཞིན་དུ་ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་མི་སྤྱོད་དེ། རྣམ་པར་ཤེས་པ་ཉིད་སྟོང་པའོ།། གཟུགས་ནི་སྟོང་པ་ཉིད་ཀྱིས་ཟད་པར་མི་བྱེད་དེ། ་གཟུགས་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གཏན་དུ་ཟད་པ་ཁོ་ནའོ།། དེ་བཞིན་དུ་སྟོང་པ་ཉིད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་བཟང ་པར་མི་བྱེད་དོ།། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་ཤེས་པ་གཏན་དུ་ཟད་པ་ཁོ་ནའོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཟད་པ་ཁོ་ནས་ཟད་པ་ཡིན་ཏེ། གཟུགས་ཟད་པས ་ཆོས་ཐམས་ཅད་ཟད་པ་མ་ཡིན་ནོ།། ཚོར་བ་ཟད་པ་དང་། འདུ་ཤེས་ཟད་བ་དང་། འདུ་བྱེད་རྣམས་ཟད་པ་དང་། རྣམ་པར་ཤེས་པ་ཟད་པས་ཆོས་ཐམས་ཅད་ཟད་པ་མ་ཡི ་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི ་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤང་བའི་ཕྱིར་ཡང་འབད་པར་མི་བྱེ། ང་ལ། སངས་རྒྱས་ཀྱི་ཆོས་རྣམས་བསྐྱེད་པའི་ཕྱི་ར་ཡང་སྤྱོད་པར་མི་བྱེད་དོ།། འཁོར་བ་ལས་ཡང ་དག་པར་འདའ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པར་མི་བྱེད་དོ།། མི་དགེ་ངའི་ཆོས་ཡེངསུ་གྲུབ་པར་ཡང་མི་མཐོང་ལ། དགེ་བའི་ཆོ ་ཡང་དག་པར་འགྲུབ་པར་ཡང་མི་མཐོང་ངོ་།། ཤེས་བྱ་ལ་མ་གཏོགས་པར་ཤེས་པ་ཡང་ཡང་དག་པར་མི་མཐོང་སྟེ། བྱང་ཆུབ་སེམས་དཔའ་རི་ཆོས་ཀྱི་དབྱིངས་དབྱེར་མེད་པར་སྤྱོད་པ ་ལ་མོས་པ་ཡིན་ཏེ། སྲེད་མེད་ཀྱི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས ་ད་འདིམ་ས་ཀྱི་ཁམས་ཅད་མེ་དང་། ཆོས་ཀྱིའི་ཆད་མེ་པར་ཡ་མས་ལ། སེམས་ཅན་གྱི་ཁམས་དང་པར་བྱུང་བ། ཆུང་བཅན་པའི ་ཡང་སྤྱོང་པར་མི་བྱེང་།། ངོ་སའི་ཕྱིང་ཞེ་ན། སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་དེ་གཉི་སུ་མེད་དེ་གཉིས་དབྱེར་མེད་ཅིང་མཚན་ཉིད་མེད་པའི་ཕྱིར།། ཆོས་ཀྱི་དབྱིངས་ཀྱ ་འཕེལ་བ་ཡང་པོང་ཡོངསུ་འབྲིང་པ་ཡང་མེད་ལ། སེམས་ཅན་གྱི་ཁམས་ཀྱང་འཕེལ་བ་ཡང་མེད་ཡོངསུ་འགྲིབ་པ་ཡང་མེད་དོ།། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བང་ཡིན་པ་དེས ་སེམས་ཅན་གྱི་ཁམས་ཀྱི་མཚན་ཉིད་ཀྱང་དེ་ཉིད་མི་ནོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཚན་ཉིད་མེད་པར་ཤེས་ནས། ཆོས་ཀྱི ་དབྱིངས་དང་སེམས་ཅན་གྱི་ཁམས་ཟད་པའི་ཕྱི་ཡང་མི་སྤྱོང་། འཕེལ་བའི་ཕྱིར་ཡང་མི་སྤྱོད་པ། འདི་ལ་ཡང་དག་པ་མ་ཡིན་པར་ཡོང་དུ་ཆུས ་བ་དང་། རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་ཉོན་མོངས་པ་ཡོངསུ་ཤེས་པར་བྱ་བའི་ཕྱིར་སྤྱོད་ཀྱི། འཁོར་བ་འི་གནོད་པ་གཞིག་པའི་ཕྱིར་དང་། བདག་དང་སེམས་ཅན་དང་། ་སྲབ་དང་། གང་ཟག་གཞིག་པའི་ཕྱིར་སྤྱོད་པར་མི་བྱེད་དེ། སྲེད་མེད་ཀྱི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་པའི་སྤྱད་པ་ལ་སྦྱོང་བ་ཡིན་ནོ།། ་དམ་པོ་བའི་ང་སྟེ་ཐ་མའོ།། ། འཇམ་དཔལ་གནོན་ནུར་གྱུར་པས་སྤྱོད་པའི་ལེའུ་ཡི་ཆོས་བསྟན་པ་འདི་བཤད་པ་ན། ཐེག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པའི་ལྷའི་བུ་བཅུ་དྲུག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོའོ།། དེ་ནས་ཆེན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་བྱ་བ ་དང་། ཡོངསུ་གཟུང་བའི་ཕྱིར། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་སེམས་ཅན་གང་དག་ལགས་པ་དེ་དག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་ལགསོ།། ཞེས ་ཆེང་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་ལྷའི་བུ་བདུད་བྲལ་གྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲ་སོ།། འཇམ་དཔལ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོས་ཇི་ལྟར་སྤྱད་ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་སྤོབ་སོ།། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁྱོ་དཀྱིས་དེའི་དུས་ལ་དབང་པར་ཤེས་ན་སྤོབས་པར་གྱིས་ཤིག། ལྷའི ་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ལ་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། བདུད་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས ་དཔའི་སྤྱོད་པའོ།། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ག་ང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སློབ་པ་དང་མི་སློབ་པ་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེ ་ངཔའི་སྤྱོད་པའོ།། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ ་སྤྱོད་པའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐམས་ཅད་ལ་བསླབ་དགོས་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་ངས། ལྔའི་དྲ ་བདུང་བྲལ་ལ་འདི་སྐད་ཅེས་སྨྲ་སོ།། ལྷའི་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་སྤྱོད་པ་འདི་ལ་ཇི་ལྟར་སྤྱད་པར་བྱ། ལྔའི་བུས་སྨྲས་པ། སྲེད ་མེད་ཀྱི་ང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་བསླབ་པར་བྱ་སྟེ། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གང་ཞེ་ན། འདི་ལ ་སྡེ། འདོད་ཆགས་སྤྱད་པ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་དང་། ཞེ་སྡང་སྤྱོད་པ་རྣམས་ཀྱི་འི་ཁྲི་ཚིག་སློང་དང་ཏིག་མུག་སྤྱོད་པ་རྣམས་ཀྱི་ནི་ཁྲི་ཚིག་སྟོང་དང་། མ་མཉམས་པར་སྦྱ ་པ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་ངོ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྤྱོད་པ་དེ་ལ་ཡང་འཇུག་པར་བྱ་སྟེ། ངེས་འདོད་ཆ ་སྤྱོད་པ་ལ་སྤྱད་པར་བྱ་ཞིང་། འདོད་ཆགས་དང་བྲལ་བར་ཡང་བྱའོ།། ཞེ་སྡང་སྤྱོད་པ་ལ་སྤྱད་པར་བྱ་ཞིང་ཞེ་སྡང་ང་དཔྲལ་བར་ཡང་བྱའོ།། གཏི་མུག་སྤྱོད་པ་ལ་སྤྱད་པར ་བྱ་ཞིང་། གཏི་མུག་དང་བྲལ་བར་ཡང་བྱའོ།། ཉེས་པ་ཐམས་ཅད་སྤྱོད་པ་ལ་ཡང་སྤྱད་པར་བྱ་ཞིང་། ཉེས་པ་ཐམས་ཅད་དང་བྲལ་བར་ཡང་བྱའོ།། བྱང་ཆུབ་སེམས་དཔའ་གང་སྤྱད ་པ་ཐམས་ཅད་ལ་ཡང་སྤྱོད་ལ། སྤྱོད་པ་ཐམས་ཅད་ཀྱིས་ཀྱང་མི་གོས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སྨིན་པར་བྱ་བའི་ཕྱིར། སྤྱོད་པ་ཐམས་ཅད་ཀྱང་འགྲུབ་པར་སྣ ་བའི་བྱང་ཆུབ་སེམས་དཔའ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་སྨྲས་པ། ལྷའི་བུ་ཇི་ལྟར་ན་བདུད་ཐམས་ཅད ་ཀྱི་སྤྱོད་པ་གང་ཡིན་པདེ། བྱང་ཆུབ་སེམས་དཔའི་སྤྱད་པ་ཡིན། ལྷའི་བུས་སྨྲས་པ། བྱང་ཆུབ་སེམས་དཔས་ནི་སེམས་ཀྱི་འཇུག་པ་རྣམས་ལས་བདུད་ཐམས་ཅད་ཀྱི་སྤྱོད་པ་བལྟ་བར ་བྱ་སྟེ། བདུད་ཀྱི་ལས་བྱུང་ངོ་ཅོག་གོ་དབང་དུ་འགྲོ་བར་མི་བྱའོ།། བདུད་ཀྱི་ལས་ཀྱི་ཉིང་མཚམས་སྦྱར་བར་ཡང་མི་བྱའོ།། སྤྱོད་པ་ཐམས་ཅད་ལ་འཇུག་པ་ལ་ཡང་སྦྱོར་བར་བྱའོ།། འདུ ་དུ་གཅིག་ཏུ་ངེས་པར་ཡང་བསྟན་པར་བྱ་སྟེ། དེའི་དབང་དུ་འགྲོ་བར་ཡང་མི་བྱའོ།། དེས་བདུད་ཀྱི་རྣམ་པར་སྨིན་པ་ལ་ཡང་བསླབ་པར་བྱ་སྟེ། བདུད་ཀྱི་ལས་དང་འབྲལ་བར་བྱའོ།། ། ་སྨྲས་པ། ལྷའི་བུ་ཇི་ལྟར་ན་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། སྨྲས་པ། རིགས་ཀྱི་བུ ་འདི་ལྟར་བྱང་ཆུབ་སེམས་དཔས་སྤྱོད་པ་ཐམས་ཅད་ངོ་བོ་ཉིད་མེད་པའི་སྤྱོད་པ་དང་། རྣམ་པར་སྨིན་པ་མེད་པའི་སྤྲོ་ད་པ་དང་། གནས་པ་མེད་པའི་སྤྱོད་པ་དང་། འཕོ་བ་མེད ་པའི་སྤྱོད་པ་དང་། སྐྱེ་བ་མེད་པའི་སྤྱོད་པ་ལ་མོས་པ་རྣམས་ལ་སྦྱོར་བར་བྱའོ།། དེ་ནས་ལྷའི་བུ་བདུད་བྲལ་གྱིས་བསྟན་པ་འདི་བཤད་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི ་སྐད་ཅེས་སྨྲས་སོ།། འཇམ་དཔལ་བདག་གི་སྤོབས་པ་ནི་དེ་ཙམ་དུ་བས་ཀྱིས། སྤྱོད་པ་བཤད་པ་འདི་ལས་བརྩམས་ཏེ། རྒྱས་པར་ཁྱོད་སྤོབས་པར་མཛོད་ཅིག། དེ་ནས་འཇམ ་དཔལ་གཞན་ནུར་གྱུར་པས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲསོ།། ལྷའི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་། སྤྱོད་པ་དེ་ནི་མིག་དང་གཟུགས་ཀྱི་ཡུལ་དུ་འགྲང་བ་མ་ཡིན་ནོ།། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་ལུས ་དགྲང་ངམ་ཡིན་ཏེ། ལྷའི་བུ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་ཅི་ནས་སྐྱེས་བུ་དམ་པ་དེ་དག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། ལྷའི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་སྤྱོད་པ་གང་ལ་སྤྱོད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་མཉེས་པར་མི་བྱེད་པ་དེ་ལྟར་སྤྱོད་པའི་བྱང་ཆུབསེད་པ་ནི་བྱང་ཆུབ་ས་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། ལྔའི ་དུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཇི་ལྟར་སྤྱད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད།། འཇམ་དཔལ་གྱིས་སྤྲོས་པ། ལྷའི་བུ་དེ་བཞིན་པཤེག ་པས་ནི་ཆོས་ཐམས་ཅད་ཡང་དག་པར་སྟོང་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ལྟ་བ་འགའ་ཞིག་ལ་མངོན་པར་ལེན་ཏེ། ཐ་ན་སངས ་རྒྱས་ཀྱི་ཆོས་དང་། མྱ་ངན་ལས་འདས་པའི་ལྟ་བ་ལ་མངོན་པར་ཞེ་ན་ན་ཡང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སླུ་བ་ཡིན་ནོ།། ལྷའི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས ་ཅང་ཡང་དག་པར་མཚན་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་འགའ་ཞིག་མཚན་མར་བྱེད་དམ། མཚན་མ་དང་འགྲོགས་པར་བྱེད་ན། ་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒྲུ་བ་ཡིན་ནོ།། དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡང་དག་པར་སྨོན་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱསོ།། དེ་བཞིན་གཤེགས ་པས་ནི་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། ཡོད་པ་མ་ཡིན་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འཐོན་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། ་མ་འོངས་པ་དང་། མ་སོང་བ་དང་། མི་གནས་པ་དང་། རང་བཞིན་གྱིས་ཡོངསུ་དག་པ་དང་། རང་བཞིན་གྱིས་འོད་གསལང་དང་། རང་བཞིན་གྱིས་ཡོངསུ་མྱ་ངན་ལས་འདས་པ་དང་། ཆས་@ ་ཅད་ན་མཁའ་དང་འདྲ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་སམ། ཆོས་ཀྱི་ངོ་བོ་ཉིད་འགའ་ཞིག་ལ་དམིགས་པར་བྱེད་ན། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྨྲ་བ་ཡིན་ནོ།། ལྷའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ལྟ་བར་གྱུར་པ་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག ་པར་འདུ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་མཚན་མ་མེད་པར་ཡང་དག་པར་འདུ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་སྨོན་པ་མེད་པར་ཡང་དག་པར་འདུ་བ་དང་། ལྟ་བར ་གྱུར་པ་ཐམས་ཅད་ཁམས་གསུམ་ལས་ཡང་དག་པར་འདས་པར་ཤེས་ནས། ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པད་ང། ཡོད་པ་མ་ཡིན་པ་དང་། མ་བྱུང་བ་དང་། མ་སྐྱེས ་པ་དང་། མ་འཐོན་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ། མ་འོངས་པ་དང་། མ་སོང་བ་དང་། མི་གནས་པ་དང་། རང་བཞིན་གྱིས་ཡོང་སུ་དག་པ་དང་། རང་བཞིན་གྱིས ་འོད་གསལ་བ་དང་། རང་བཞིན་གྱིས་ཡོངས་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ན་མཁའ་དང་འདྲང་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་ཤེས ་།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མི་སྨྲ་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ།། ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགསོ་ལེག་སོ།། ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན ་ཏེ། ལུང་བསྟན་པ་ཡང་མྱུར་དུ་ཐོབ་པར་འགྱུརརོ།། འཇམ་དཔལ་ངས་མངོན་པར་ཤེས་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་སྔོན་རོལ་དུ་དཀར་པོ་སྤྱོད་པ་གང་ལ་ངས་མ་སྤྱད ་པ་ཅི་ཡང་མེད། འོན་ཀྱང་ངས་ལུང་བསྟན་པ་མ་ཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངས་མཚན་མ་དང་བཅས་པར་སྤྱད་པ་དང་། རྩོལ་བ་དང་། བཅས་པར་སྤྱད་པ་དང་། དམིགས་པ ་དང་བཅས་པར་སྤྱང་པའི་ཕྱིར་རོ།། གང་གི་ཚེངས་དེ་བཞིན་ག་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་བའི་ཚེ ་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་དེའི་སྤྱོད་པ་མཐོང་བ་ངས་ཐོང་པར་གྱུར་ཅིང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས ་པོ་ཡང་རྟོགས་ཏེ། དེ་ནས་གདོད་མ་འོངས་པའི་དུས་ན་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་ལུང་བསྟན་ཏོ།། དེ་ཉིད་ཀྱི་ཚངས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཡང་ཐོབ་བོ།། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འདོད་པ་རྣམས་ཀྱིས་སྤྱོད་པའི་ལེའུ་འདི་ལ་དམིག་སུ་མེད་པ་དང་། རྩོལ་བ་མེད་པའི་ཆོས་ལ་མོས་པ་དང་། ་རྣམ་པར་གྲོལ་བ་ལ་སྦྱོར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོ་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཐོབ་པར་བགྱི་བའི་སླ་དུ་བཟོད་པ ་བརྙེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐོབ་པར་བྱ་བའི་ཕྱིར་བཟོད་པ་ཐོབ་སྟེ། དེ་ཡང་ཆོས་ཐམས་ཅད ་ཐོབ་པར་བྱ་བའི་ཕྱིར་བཟོད་པ་ཐོབོ།། འཇམ་དཔལ་བཟོད་པ་ཐོབ་ཅེས་བྱ་བ་དེ་ནི་མི་ཟད་པའི་ཆོས་ཉིད་དེ་ཐོབ་པ་འོ།། འཇམ་དཔལ་བཟོད་པ་ཐོབ་ཅེས་བྱ་བ་ནི། ཡང་ད ་པ་ཉིད་ཀྱི་ཚིག་བླ་དག་སོ།། འཇམ་དཔལ་བཟོད་པ་ཐོབ་པ་དེ་ལ་ནི་འཇིག་རྟེན་གྱི་ཆོས་རྣམས་ཀུན་ཏུ་སྤྱོད་པ་མེང་། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སློང་པའི་ཆོས ་རྣམས་དང་། མི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀུན་ཏུ་སྤྱོད་པ་མེད ་།། ཆོས་ཐམས་ཅད་ཀུན་ཏུ་མི་སྤྱོད་པས་ན། དེའི་ཕྱིར་དེ་ལ་འཟོད་པ་ཐོབ་པ་ཞེས་བྱའོ།། བཟོད་པ་དེ་ནི་ཆོས་ཐམས་ཅད་ཀྱི་མཚན་མ་དང་། དམིགས་པ་རྣམས་ཀྱི་སྒྲ་ནས་སྐད ་ཅིག་པ་མ་ཡིནཏེ། དེ་བས་ན་བཟོད་པ་ཞེས་བྱའོ།། བཟོད་པ་འདི་ལ་ནི། མིག་དང་། ན་བ་དང་། སྣ་དང་། ལྡེ་དང་། ལུས་དང་། ཡིད་འགྲང་བ་ཅི་ཡང་མེད་དོ།། རློམ་སེམས་བྱ ་། ཡང་མེདོ།། ཟག་པ་ཡང་མེང་། བཟོད་པ་དེ་ལ་ནི་ཟད་པ་ཡང་མེངོ་།། བཟོད་པ་དེ་ལ་ནི་ཡུལ་ཡང་མེད།། བཟོད་པ་དེ་ལ་ནི་ཡུལ་དང་བྲལ་བ་ཡང་མེད། དེ་བས་ར་བཟོད་པ་ཞེས ་བྱའོ།། བཟོད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཚིག་འདི་སྐད་དུ་བདག་ཅག་གིས་ནི་བསོད་ནམས་ཐམས་ཅད ་བསྡུས་པའི་ཏིང་འཛིན་འདི་གནས་པར་འགྱུར་བའི་བྱ་བ་བྱསོ།། དཔེ་མེད་པའི་ཆོས་ཐམས་ཅད་ཀྱང་ཡོངསུ་རྫོགས་པར་བྱསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་ནི་ཟབ་མོའི་གནས་ཐམས་ཅད་གུས་པར་མཉན་པར་བྱའོ།། བསྒོམ་པར་བྱའོ་ཞེས་སྨྲས།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་དུས། འཇམ་དཔལ་གཞིནར་གྱུར་པ་ལ ་འདི་སྐད་ཅེས་སྨྲ་སོ།། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཟབ་མོ་འདི་དག་ལ་ཡོངས་སྤྱང་དུ་བྱས་པ་ཡིན། འཇམ ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་མ་བྱས་པ་དང་མ་བསྒྱུར་བར་ཤེས་ན། སྲེད་མོད་ཀྱི་བུ་དེ་ཙམ་གྱིས་ན། བྱང ་ཆུབ་སེམས་དཔའ་རྣམས་ཡོངས་སྦྱང་བ་བྱས་པ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པར་ཤེས་པ་དང་། བྱས་པ་ལ་མི་འགྱོད་པ་དང་། མ་བྱས་པ་ལ ་ཡང་མོང་བ་མེད། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཡོངསསུ་སྦྱང་བ་བྱས་པ་ཡིནོ།། བྱ་བ་ལ་ཡང་སྦྱོར་བ་དང་། བྱས་པ་ལ་བྱས་པ་མི་གཟོ་བ་ལས་བྱས་པ་གཟོ་བར་བྱེད་པ་དང ་བཀུར་བསྟི་བྱས་པ་དང་། བཀུར་བསྟིམ་བྱས་པས་ཀྱང་སྲོ་སོས་པ་དང་། སྲོ་ཤི་བར་མི་འགྱུར་བ་དང་། བྱེད་པ་པོ་དང་། ཚོར་བ་པོ་ཡང་མི་དམིགས་ལ། ཡོངསུ་སྒྱུང་བ་ཡང་བྱས ་པ་དང་། སྦྱིན་པ་ཡང་སྦྱིན་ཞིང་དེ་ཡང་བྱང་ཆུབ་ཏུ་ཡོང་སུ་བསྔོ་བར་བྱེད་ལ། ཡོངསུ་སྦྱང་བ་ཡང་བྱས་པ་དང་། སྦྱིན་པ་དང་། བྱང་ཆུབ་དང་། བདག་དང་། ཕ་རོལ་ཀྱང་མི་དམིགས་ལ། ་ཡོངསུ་སྦྱང་བ་ཡང་བྱས་པ་དང་། ཚུལ་ཁྲིམས་ཀྱང་སྲུང་བར་བྱེད། བཟོད་པ་ཡང་སྒོམ་པར་བྱེད། བརྩོན་འགྲུས་ཀྱང་རྩོམ་པར་བྱེད། བསམ་གཏན་ཡང་སྟེན་པར་བྱེད། ཤེས ་རབ་ཀྱང་སྒོམ་པར་བྱེད་ཅིང་། བྱང་ཆུབ་ཏུ་ཡང་ཡོངསུ་བསྔོ་བར་བྱེད་ལ།། ཤེས་རབ་དེ་ཡང་དམིགས་པར་མི་བྱེད། བྱང་ཆུབ་དང་། བདག་དང་། ཕ་རོལ་ཡང་དམིགས་པར ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། ཡོངསུ་སྦྱང་བ་བྱ་ས་པ་ཡིན་པར་རིག་པར་བྱའོ།། ལུས་དང་ངག་དང་། ཡིད་ཀྱི་དགེ་བ་རྣམས་མི་དམིགས་པ་གང་ཡིན ་བ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སྦྱང་བ་བྱས་པ་ཡི་ནོ།། ལུས་དང་ངག་དང་། ཡིད་ཀྱི་ཚོགས་ལ་མཁས་པ་མི་དམིགས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཡོངས་སྤྱང་བ་བྱས་པ་ཡིན།། དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་འགྲུས་བརྟན་གྱིས། འཇམ་དཔལ་གཞོནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ ་དཔལ་བདག་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སྦྱང་བ་བྱས་པ་ཡིན་པ་ལ་སྤོབ་སོ།། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱིས་བུ་ཁྱོད་ཀྱིས་དེའི་དུས་ལ་དབབ་པར ་ཤེས་ན་སྤོབས་པར་གྱིས་ཤིག། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་བརྟན་གྱིས་སྨྲས་པ།། འཇམ་དཔལ་གང་གི་ཚེ། བྱང་ཆུབ་སེམས་དཔས་ཐ་ན་སེམས ་ཅན་གཅིག་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་ན་ཡང་བྱང་ཆུབ་སེམས་དཔའ་ཡོངས་སྦྱང་བ་བྱས་པ་ཡིནོ།། གང་གི་ཟས་ཟ་བ་འམ། གང་ལས་ལེན་པར་བྱེད་པ ་འམ། གང་ལ་སྦྱིན་པར་བྱེད་པ་དེ་དག་བྱང་ཆུབ་ལ་འཛུད་པར་བྱེད་ན། གཉི་ག་ལ་བྱང་ཆུབ་སེམས་དཔའི་ཡོན་དག་པར་འགྱུརརོ།། ཆོས་བསྒྲུབ་པ་ལ་བཙུད་ན་ཡང་སྦྱིན་པ་པོ་དང་། ་པ་པོ་གཉི་ག་ལ་བྱང་ཆུབ་སེམས་དཔའི་ཡོན་དག་པར་འགྱུརརོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་དག་ལ་སངས་རྒྱས་ཀྱི་སྒྲ་སྐྲག་པར་བྱེད་ལ། ཆོས་ཀྱི་སྒྲ་དང་། ་དགེ་འདུན་གྱི་སྒྲ་སྒྲོགས་པར་བྱེད་ལ། བདག་ཉིད་ཀྱང་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་དྲན་བཞིན་དུ་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྦྱིན་པ་འམ། ་ཚུལ་ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་ཡིད་ལ་བྱེད་དམ། གཞན་དག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲོགས་པར་བྱེད་ཅིང་སེམ ་ཅན་རྣམས་ལ་སེམས་པར་བྱེད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་དེ་དག་དང་ཐུན་མོང་དུ་བྱས་ནས། བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བྱེད་ན། བྱང་ཆུབ་སེམས་དཔའ་ཡོངསུ་སྦྱང་བ་བྱས ་པ་ཡིན།། དེའི་ཚེ་ཟས་ལོངས་སྤྱོད་པ་པའི་འོས་ཡིན།། བྱང་ཆུབ་སེམས་དཔའ་གང་འཟོད་པ་སྒོམ་པན། ཆོམ་རྐུན་པ་རྣམས་དང་། རིགས་ངན་ཡན་ཆད་ཀྱིས་སྤྱོས་ཤིང་བརྒྱད་བཀག ་ཀྱང་འདྲུབ་པར་མི་འགྱུར། གནོད་སེམས་མི་བྱེད། སེམས་ཅན་དག་ཉིད་ཀྱི་དགའ་བ་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་ཞིང་སྟོབས་དང་། བརྩོན་འགྲུས་དང་། མཐུ་ཆེན་པོ་སྐྱེད་པ ་བྱེད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་བྱང་ཆུབ་སེམས་དཔའ་དབྱིག་བྱེ་བ་ཕྲག་བརྒྱ་འམ། གླིང ་བཞི་པའི་འཇིག་རྟེན་གྱི་ཁམས་དབྱིག་ཐམས་ཅད་ཀྱི་ཡོངསུ་བཀའ་བ་བྱིན་ཏེ་བྲིད་ན་ཡང་། ཤེས་བཞིན་དུ་རྫུན་མི་སྨྲ་ལ། གཞན་དག་གིས་ཆོས་དྲིས་ན་ཡང་གཟིང་གཟིང་བའི་ཚིག་མི ་སྨྲ་ཞིང་། ཆོས་ལ་སྐུར་པ་བཏབ་ནས། ཆོས་མ་ཡིན་པ་སྨྲ་བར་མི་བྱེད་ན། བྱང་ཆུབ་སེམས་དཔའ་ཡོངསུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་བྱང་ཆུབ ་སེམས་དཔའ་ཞག་བདུན་གྱི་བར་ཟན་ཆད་ནས། ཁ་ཟས་བསྟབ་ས་ན་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འབའ་ཤིག་དེ་ལ་མངོན་དུ་འགྱུར་ཞིང་། སེམས ་ཅན་ཐམས་ཅད་རབ་ཏུ་གྲོལ་བར་བྱ་བ་འབའ་ཤིག་གི་ཕྱིར་དེ་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ན། བྱང་ཆུབ་སེམས་དཔའ་ཡོངསུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། འཇར ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཉན་པའི་ཕྱིར། ས་གཞི་མཚོན་ཆ་གཏམས་པ་འམ། མེས་གང་བརྒལ་ཏེ། འགྲོ་བར་བྱེད་ལ། ལུས་ཕངས་པར་མི་བྱེད། ཕུང་པོ ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་རྙེད་པར་སླའི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྙེད་པར་དཀའོ།། ཆོས་སྟོན་པ་ནི་རྙེད་པར་དཀའོ།། ཆོས་ལ་གུས་པའི་སེམས་ཅན ་ངག་ཀྱང་རྙེད་པར་དཀའོ་སྙམ་དུ་དེ་ལྟར་ཡང་སློབ་སྟེ། གལ་ཏེ་དེ་ལྟ་བུར་འཛིན་པ་ལ་ཞུགས་ན། བྱང་ཆུབ་སེམས་དཔའ་ཡོངསུ་སྦྱང་བ་བྱས་པ་ཡིན་པར་བྱའོ།། ་འཇམ་དཔལ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཚིག་བཞི་པའི་ཚིགསུ་བཅད་པ་གཅིག་གམ། སྡོམ་པའམ། ཆོས་ཀྱི་གདམས་ངག་གིས་ནི་ཆོས་ཡིད་རངས་པར་འགྱུར ་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱིས་ནི་ཡིད་རངས་པར་མི་འགྱུར་བ་དང་། སེམས་ཅན་གཅིག་ལ་ཡང་ཚིག་བཞི་པའི་ཚིགསུ་བཅད་པ་བསྒྲགས་པས་ནི་ཡིད་རངས་པར་འགྱུར་ལ ་བརྒྱ་བྱིན་དུ་འགྱུར་བ་ཐོབ་པས་ནི་དེ་ལྟ་མ་ཡིན་ན།། བྱང་ཆུབ་སེམས་དཔའ་ཡོངསུ་སྦྱང་བ་བྱས་པ་ཡིའོ།། འཇམ་དཔལ་གཞན་བྱང་ཆུབ་སེམས་དཔའདུད་འགྲོའི་སྐྱེ་གནས་སུ་གྱུར་པ ་ཁྱི་ལ་སྦྱིན་པ་བྱེད་པས་ནི་ཆེས་ཡི་རངས་པར་འགྱུར། ལ། ཚངས་པར་འགྱུར་བ་ཐོབ་པས་ནི་མ་ཡིན་ན། བྱང་ཆུབ་སེམས་དཔའ་ཡོངསུ་སྦྱང་བ་བྱས་པ་ཡིན་པར་རིགས་པར ་བྱའོ།། འཇམ་དཔལ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཐོས་པ་ལ་གནས་པའི་རྙེད་པ་གཅིག་ཅིག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་བསྔོས་པུས་ནི་ཆེས་ཡིད་རངས་པར་འགྱུར ་ལ། ནོར་གྱི་ཕུང་པོ་དཔག་ཏུ་མེད་པས་ནི་དེ་ལྟ་མ་ཡིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ནི་ཆེས་ཡིད་རངས་པར་འགྱུར་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་བཀའ་བས་ནི་དེ་ལྟ་མ་ཡིན་པ་དང་། དགེ་བའི་རྩ་བ་གཅིག་ཅིག་སེམས་ཀྱིས་བྱང་ཆུབ་ཏུ་ཡོང་སུ་བསྔོས་པ་བྱང་ཆུབ་ཏུ་དམིགས་པ། སེམས ་ངའི་བ་དག་ལ་མོས་པར་བྱའོ།། རིགས་ཀྱི་དུ་དེར་མོས་པའི་བྱང་ཆུབ་སེམས་དཔས་ནི་མི་ཟད་པ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་མི་ཟད་པ་དང་། ་སྔོན་ལམ་ཡོང་སུ་རྫོགས་པ་མི་ཟད་པ་དང་། ཐོགས་པ་མེད་པའི་སྤོབས་པ་མི་ཟད་པ་དང་། བསོད་ནམས་དང་ཡེ་ཤེས་མི་ཟད་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔས་མི་ཟད་པ་བཞི ་པོ་དེ་དག་འཐོབ་པར་འགྱུར་རོ།། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་བཞི་ལ་སྦྱོར་བར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བའི་ཚོགས་ཀྱིས་ཆོ་ག་མི་ཤེས་པ་དང་། ་ཆོས་སྟོན་པས་ཆོག་མི་ཤེས་པ་དང་། ཡོངས་བསྔོ་བ་ཤིན་ཏུ་རྫོགས་པ་ལ་མཁས་པས་ཚིག་མི་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོམ་ཏན་ཐམས་ཅད་བདག་གི་ཞིང་དུ་འཇུག ་པར་བྱངས་ཆོག་མི་ཤེས་པ་སྟེ། སྲེད་མེད་ཀྱི་དུ་བཞི་པོ་དང་ག་ལ་སྦྱར་བར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས། འཇམ་དཔལ་གཞོན་ནུར་གྱུར་པ ་ལ་འདི་སྐད་ཅེས་སྔ་སོ།། འཇམ་དཔལ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་འམ། རབ་ཏུ་བྱུང་བ་ཇི་ལྟ ་བུ་དག་གི་ལག་ཏུའི་ང་བར་འགྱུར། གླེགས་བམ་དུ་བྱེད་པ་འམ། ཁེ་ཏོན་དུ་བྱེད་པ་འམ། ངེས་པར་སེམས་པའི་བཟོད་པ་དང་ལྡན་པར་འགྱུར།། འཇམ་དཔལ་གྱིས་སྨྲས་པ། ་སྲེད་མེད་ཀྱི་འབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་ར་ལམ་དུ་ཐ་མ་ཏིང་འཛིན་འདི་གྲག་པར་འགྱུར་བ་འམ། ལག་ཏུ་འོང་བ་འམ། གླེགས་བམ་དུ་བྱེད་པ་འམ། ་ཁ་ཏོན་དུ་བྱེད་ལ། དེ་ཡང་སྤོང་བར་མི་བྱེད་པ་དེ་དག་ནི། ཁྱིམ་ན་གནས་པ་ཞེས་ང་མི་སྨྲ་སྟེ། དེ་དག་ནི་རབ་ཏུ་བྱུང་བ་ཁོ་ན་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར ་རང་འདི་ལྟར་བྱང་ཆུབ་སེམས་དཔའི་ཏིང་འཛིན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་པ་རྣམས་ནི་འདུ་ཤེས་ཐམས་ཅད་དང་འབྲལ་བར་འགྱུར་ཏེ། གནས་པ་གང་དང་གང་གིས་བ ་བ་དེ་དང་ངེས། བསོད་ནམས་དང་ཡེ་ཤེས་མི་ཟད་པ་ཐམས་ཅད་མི་སྤོང་ངོ་།། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཁ་དོག ་རང་གཟུགས་སྣ་ཚོགས་སྟོན་ཏོ།། སྲེད་མེད་ཀྱི་བུ་གཞན་ཡང་དེང་གཐམས་ཅད་དུ་འབྲེལ་ལ། ཐམས་ཅདདུ་ཡང་མ་གཏོགས་ཏེ། སྲེད་མེད་ཀྱི་བུ་འདི་ལྟ་སྟེ། ་མཟླ་བ་དང་ཉི་མ་འདི་གཉིས་ནི་ཐམས་ཅད་དུ་འབྲེལ་ཏེ། གཱི་ང་བཞི་པོ་དག་ཏུ་ཡང་རྒྱུ་ལ། ཐམས་ཅད་དུ་ཡང་མ་གཏོགས་པ་དེ་བཞིན་དུ། སྲེད་མེད ་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི། སྤྱོད་པ་ཐམས་ཅད་ལ་ཡང་མེ་རྟེན་ལ། ཁྱིམ་གྱི་ས་ན་གནས་པ་ཡང་མ་ཡིན། ཁྱིམ་གྱི་ཆོས་ལ་ཡང་མི་ཏེ་ན། རབ་ཏུ་བྱུང་བ་ཡང་མི་ཡིན ་རང་འདྲུང་བ་ལ་ཡང་མི་གནས། དེ་དགེ་སྦྱོང་གྱི་ཆོས་ལ་ཡང་མི་རྟེན་ཏེ། དེ་དག་ནི་གཅི་གའི་ཕྱོགསུ་ཡང་བརྗོད་པ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི ་སྐྱེ་བའི་གནས་ཐམས་ཅད་མི་རྟེན་པར་བྱ་བའི་ཕྱིར།། སྲེད་མེད་ཀྱི་བུ་དཔེར་ན། ནོར་བུ་རིན་པོ་ཆེཚར་པོ་དཱུརྱ་ནི་སྡོང་གང་དང་གང་ན་གནས་ཀྱང་རུངས། དེ་དང་དེ་ཞིང་མ་ནོར་བུ་ར ་ཆེའི་ཡང་ཞིན་མི་འདོ་དང་དེ་བཞིན་དུ། སྲེད་མེད་ཀྱི་ང་བྱང་ཆུབ་སེམས་དཔའ་ཏིང་འཛིན་འདི་ལ་གནས་པ་རྣམས་ནི་ཁྱིམ་གྱིས་ན་གནས་པ་དེ་དག་ཀྱང་རབ་ཏུ་རབ་ཏུ་བྱུང་བ ་བརྗོད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ཡོང་མི་འདོར་རོ།། དེ་སྐད་ཅེས་སྨྲས་ནས། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་དུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི ་སྐད་ཅེས་སྨྲས།། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་གང་གིས་གནས་ན། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ལས་ཡོངསུ་ཉན ་པར་མི་འགྱུར་ལ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཡང་འཐོབ་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་བཞི་པོ་འདི་དག་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལུ་ས་དང་སྲོག་ལ་ལྷག་པར་ཞེན་པ་མེད་པར་གནས་པ ་ཡིན་ཏེ། དེ་དག་རྙེད་པ་དང་། བཀུར་བསྟི་དང་། ཚིགསུ་བཅད་པ་འདོད་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ ་མེད་པར་གནས་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པ་ལ་འཇུག་པས་གནས་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཡེ་ཤེས ་དང་། སོ་སོ་ཡང་དག་པར་རིག་པར་འདོད་པ་ཡིན་ཏེ། གཡོ་བ་དང་། རློམ་སེམས་དང་། ཀུན་ཏུ་རྟོག་པ་དང་། དམ~ཾ་པར་རྟོག་པ་མི་འཛིན་པར་གནས་པ་དང་། བྱང་ཆུབ ་།། དཔའ་རྣམས་ནི་སེམས་ཅན་ཐམས་ཅད་འདྲ་ང་ཐར་པ་ལ་གནས་པ་ཡིན་ཏེ། བདག་དང་སེམས་ཅན་དང་། སྲོག་དང་། གས་པ་དང་། སྐྱེས་དུ་དང་། གང་ཟག་ལ་དཔ ་པར་གནས་པའོ།། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་བཞི་པོ་དེ་དག་ནི་གནས་པའི་མཆོག་དང་། རབ་དང་རབ་མཆོག་ཡིན་ཏེ། བསོད་ནམས་ཀྱི་ཚགས་མི་ཟད ་པ་པང་། ཡེ་ཤེས་ཀྱི་ཚོགས་མི་ཟང་བར་འགྱུར་བ་ནས། སྣ་ངའི་རྣམ་པ་ཐམས་ཅད་སྤོང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་རྟོགས་པར་འགྱུར་བའོ།། བྱ ་ཆུང་སེམས་དཔའ་སྲེད་མེད་ཀྱི་དུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་པ་འདི་ངག་ཐོབ་པར་འགྱུར་ཞིང་། ཁྱིམ་གྱི་གནས་ནས་ཀྱང ་མངོན་པར་འབྱུང་བར་འགྱུར།། འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན། དྲཞི་གང་ཞེ་ན། ་འདི་ལྟ་སྟེ་བྱམས་པ་ལ་གནས་པ་དང་། སྙིང་རྗེ་ལ་གནས་པ་དང་། དགའ་བ་ལ་གནས་པ་དང་། བཏང་སྙོམས་ལ་གནས་པ་སྟེ། སྲེད་མེད་ཀྱི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་ད ་རྣམས་ཀྱི་གནས་པ་ཡིན་ནོ།། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ཡང་རུང་སྟེ། གྲོང་ངམ། དགོན་པ་ན་གནས་ཀྱང་རུང་། གནས་པ་བཞི་པོ་དེ་དག་གིས་གནས་པ་དེ་ནི ་གནས་པ་ལ་གནས་པ་ཞེས་བརྗོད་པར་བྱའོ།། གལ་ཏེ་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁྱམས་དང་། ཁང་པ་བརྩེགས་པ་དག་ན་གནསུ་ཟིན་ཀྱང་། གནས་པ་ན་གནས་པ་ཞེས ་བརྗོད་པར་མི་བྱའོ།། སྲེད་མེད་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ཚངས་པའི་གནས་པ་བཞི་དང་བྲལ་བཞིན་དུ་བདག་ཉིད་གནས་པ་ལ་གནསོ་སྙམ་དུ་འཛིན་ན། དེ་ནི་བདག་དང་ལྷ་དང ་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་སླུ་བ་ཡིན་ཏེ། ཡུལ་འཁོར་གྱི་བསོད་སྙོམས་ཟ་བ་ཡང་དོན་མེད་པར་འགྱུརརོ།། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཚངས་པར་སྤྱད་པ ་སྤྱོད་པ་གང་དག་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚངས་པའི་གནས་པ་ཆེན་པོ་བཞིས་ངེས་པར་འབྱུང་།། སྲེད་མེད་ཀྱི་བུ་དེ་བས་ན། ཚངས་པའི་གནས་པའི་གནས་པ་བཞི་པོ་རྣམ ་དང་། འཕགས་པའི་བསམ་གཏན་འཐོབ་པ་ལ་མི་སྣང་བ་གང་དགེ་ཡིན་པ་དེ་དག་ནི་ཚངས་པར་སྤྱོད་པ་ལ་གནས་པ་ལས་ཐག་རིང་བ། ང་རྒྱལ་མ་སྤངས་པའི་ཕྱིར། འཇིག་རྟེན་པའི ་འཇིག་ཚོགས་ལ་ལྟ་བས་རློམ་སེམས་བྱེད་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་སྨྲས་པ། 2རྔམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས ་བྱམས་པ་ལ་གནས་པ་ཡིན། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་ཡིན། ཇི་ལྟར་ན་དགའ་བ་ལ་གནས་པ་ཡིན། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས ་བང་སྲེད་མེད་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ལྟར་གནས་པར་བྱེད་དེ། བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་སྙམ་དུ་སེམས་ན་བྱམས་པ་ལ་གནས་པ་ཡིན ་མོ་བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་སེམས་ན། སྙིང་རྗེ་ལ་གནས་པ་ཡིནོ།། བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལ ་།། དགོད་པར་བྱའོ་སམ་དུ་སེམས་ནདགའ་བ་ལ་གནས་པ་ཡིན།། བདག་གིས་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་རྣམས་ལས་རྣམ་པར་གྲོལ་བདགའ་སྙམ་དུས ་ཏེ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལྟར་གནས་ན། བཏང་སྙོམས་ལ་གནས་པ་ཡིནོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཆོས་ཀྱི་དབྱིངས་སྟོང་པ་ལ ་པ་དེའི་ཚེ། བྱམས་པ་ལ་གནས་པ་ཡིནོ།། གང་གི་ཚེ་ཆོས་ཐམས་ཅད་དབེན་པ་ལ་མོས་པ་དེའི་ཚེ། སྙིང་རྗེ་ལ་གནས་པ་ཡིན།། གང་གི་ཚེ་ཆོས་ཐམས་ཅད་ཆགས་པ་མེད་པ ་དང་། བཅིངས་པ་མེད་པ་དང་། གྲོལ་བ་མེད་པར་མོས་པ་དེའི་ཚེ། དགའ་བ་ལ་གནས་པ་ཡིནོ།། གང་གི་ཚེ་ཆོས་ཐམས་ཅད་ལ་སོང་བ་མེད་པ་དང་། འོངས་པ་མེད་པ་ལ་མོས་པ ་ངོའི་ཆ་བཏང་སྟོམས་ལ་གནས་པ་ཡིན་ཏེ། སྲེད་མེད་ཀྱི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱམས་པ་ང། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ ་གནས་པ་ཡིན་ནོ།། སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་བདག་མེད་པས་མི་སྐྲག་པ་དེའི་ཚེ། བྱམས་པ་ལ་གནས་པ་ཡིན།། གང་གི་ཚེ་ཆོས ་ཐམས་ཅད་དབེན་པས་མི་སྐྲག་པ་དེའི་ཚེ། སྙིང་རྗེ་ལ་གནས་པ་ཡིན།། གང་གི་ཚེ་སངས་རྒྱས་ཀྱི་ཆོས་ཐང་མཉམ་པའི་ཆོས་མེད་ཀྱིས་མི་སྒྲུག་པ་དོ་དགའ་བ་ལ་གནས་པ་ཡིནོ།། གང ་སེམསངས་རྒྱས་ཀྱི་འང་ཐམས་ཅད་མི་ཟང་པའི་ཆོས་ཉིད་ཀྱིས་མི་སྐྲག་པ་དེའི་ཚེ།། བཏང་སྙོམས་ལ་གནས་པ་ཡིན་ནོ།། སྲོད་མེད་ཀྱི་དུ་གཞམ་ཡང་བྱམས་པ་ནི་ཞེས་འགྲས ་བ་མེད་པའི་མཚན་ཉིད།། སྙིང་རྗེའི་ཀུན་ཏུ་སྤྱོད་པའི་མཚན་ཉིད།། དགའ་བ་ནི་གནོད་སེམས་མེད་པའི་མཚན་ཉིད།། བཏང་སྙོམས་ནི་མ་ཁེངས་མ་དུད་པའི་མཚན་ཉིད།། སྲེད་མེད ་ཀྱི་བུ་གཞན་ཡང་བྱམས་པ་དང་སྙིང་རྗེ་ཡིན་ལ་བྱམས་པ་ཆེན་པོ་ཡང་མ་ཡིན། སྙིང་རྗེ་ཆེན་པོ་ཡང་མ་ཡིན་པ་ཡང་ཡོད་དེ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་ནི་ཉན་ཐོ ་དང་རང་སངས་རྒྱས་ཐམས་ཅད་ལ་རེའོ།། ཉན་ཐོས་དང་། རང་སངས་རྒྱས་ལ་ཡོད་པ་གང་ཡིན་པ་དེ་ནི་བྱམས་པ་དང་སྙིང་རྗེ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག ་ཅེས་བྱ་བ་འདི་ནི་བྱམས་པ་དང་སྙིང་རྗེ་ཡིན་གྱི། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མ་ཡིནོ།། འོ་ན་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གང་ཡིན་ཞེ་ན། སེམས་ཅན་ཐམས ་ཅང་ལ་སེམས་སྙོམས་པ་གང་ཡིན་པ་དེ་ནི་བྱམས་པ་ཆེན་པོ་འོ།། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་སྙིང ་རྗེ་ཆེན་པོའོ།། བདག་གི་བདེ་བ་སྤངས་ནས་འགྲོ་བ་ལྔས་སྐྱེས་པའི་སེམས་ཅན་རྣམས་ཀྱི་ནང་དུ་བསམས་བཞིན་དུ་སྲིད་པར་འགྲོ་བ་ལེན་པ་གང་ཡིན་པ་དེ་ནི་བྱམས་པ་ཆེན་པོ་ཞེས་བྱའོ།། ་བདག་གིས་སེམས་ཅན་འདི་དག་འཁོར་བའི་ལམ་ངན་ལས་བསྒྲལ་ཏེ། ལམ་བཟང་པོར་དགོད་པར་བྱའོ་སྙམ་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ།། སྲེད་མེད་ཀྱི་དུ་དེ་བས་ན་རྣམ ་གྲངས་འདིས་ཀྱང་ཁྱོད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ནི་བྱབས་པ་དང་སྙིང་རྗེ་ཡིན་ལ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོན་པོ་ཡིན་པ་ཡང་ཡོད་པ་དེ་ལྟར ་། རིག་པར་བྱའོ།། སྲེད་མེད་ཀྱི་བུ་དེ་ལྡབས་པས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རམས་ཀྱིས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་བྱ ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ཚིག་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་འཇམ་པ ་གཞོན་ནུར་གྱུར་པ་འདིས་བཤད་པ་གང་ལགས་པའི་གནས་པ་འདི་དག་གིས་གནས་པར་བགྱིའོ།། ཞེས་ཀྱང་གསོལ་ཏོ།། བྱང་ཆུབ་སེམས་དཔའ་བརྒྱད་ཁྲིས་ནི་བསོད་ནམས་ཐམས ་ཅང་བསྡུས་པའི་ཏི་འཛིན་འདི་ཐོབོ།། སྲོག་ཆགས་པ་རྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་དྲལ་བར་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན ་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འདི་སྐ་དེ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་པ་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ཞེས་བགྱི་བ་དེ་ལ་བསོད་ནམས་ཇི་ལྟ་བུ་དག་གིས་དེ་བཞིན་གཤེགས་པའི་བསོད་ནམས་བརྒྱའི་མཚན་རྣམས་མངོན་པར་གྲུབ ་པ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་ལ ་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུས་པར་བསྡུས་པ་དེ་དག་ཐམས་ཅད་འཁོར་ལོས་སྦྱར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། ་སེམས་ཅན་དེ་དག་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གཅིག་ཏུ་བསྡོམས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་གཅིག ་ལ་ཡོད་དོ།། སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་བརྒྱ་བྱིན་གྱི་བསོ ་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བསྡོམས་པ་ནི་ཚངས་པ་ཅིང ་ལ་ཡོད་དོ།། སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གངྐའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཚངས་པའི ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གཅིག ་ཏུ་བསྡོམས་པ་ནི་ཉན་ཐོས་གཅིག་ལ་ཡོད་དོ།། སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ ་ངག་ཐམས་ཅད་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་བ ་དག་གཅིག་ཏུ་བསྡོམས་པ་ནི། རང་སངས་རྒྱས་གཅིག་ལ་ཡོད།། སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅ ་།། དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཐམས་ཅད ་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་རིལ་གྱིས་བསྡོམས་པ་དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི། བསོད་ནམ ་ཐམས་ཅད་བསྡུས་པའི་ཏིང་འཛིན་ཅེས་བྱ་བ་འདི་ཐོབ་པར་འགྱུརརོ།། སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་པངྐའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན ་དུང་སྡུ་བར་བསྡུས་པ་དེ་དབ་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་འདི་ཐོབ་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་གང ་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དདག་བསྡོམས་པས་ནི། ནན་གྱི་དཔེར་བྱ་ན། གཏན་པ་མེད་པའི་མཆོད་སྦྱིན་ཅིག། འགྲུབ་པར་འགྱུར།། སྲེད་མེད་ཀྱི་བུ་དེ་ལྟ་བུའི་མཆོད་སྦྱིན ་དང་། མཆོད་སྦྱིན་གྱི་འབྲས་བུའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བརྒྱ་འགྱུར་ཏུ་བསྒྲས་པས་ནི། དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ཞེས་བྱའོ།། ཐབས་དེ་ལྟ་བུས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ ་ཅུ་རྩ་གཉིས་ཀྱི་བར་དུ་མངོན་པར་འགྲུབ་སྟེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པར་མི་ནུས།། དས་ན་དེ་བཞིན་གཤེགས་པ་བསོད་ནམས་བསམ་གྱིས་མི་ཁྱབ་པའི་མཚན་པ ་ལྡན་པ་ཞེས་བྱའོ།། བསོད་ནམས་བརྒྱའི་མཚན་བསྟན་པ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན ་པོས་ཀྱང་ཁྱབ་པར་གྱུར་ཏོ།། སིལ་སྙན་འབུམ་ཡང་མ་བརྡུངས་པར་ཁྲོལ་བར་འགྱུརརོ།། མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་བོ།། ལྷ་དང་བཅས་པའི་འཇིག་རྟེན་ཡང་ངོ་མཚ ་དུ་གྱུར་ཏེ། ཅ་ཅོ་དང་ག་ཞའི་སྒྲ་བཏོན་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་ཚིག་འདི་སྐད་དུ་སེམས་ཅན་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་བི ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་རྙེད་པ་ལེགས་པ་ལེག་སོ།། བསོད་ནམས་བརྒྱའི་མཚན་འདི་ལྟ་བུ་དང་ལྡན་པར་གྱུར་པ་དེ་དག་གིས་ནི། ངརྒྱ་བྱིན་དང་། ཚངས ་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱི་ནོན་ལགསོ།། ཏིང་འཛིན་རིན་པོ་ཆེ་འདི་སེ ་ཅན་གང་དག་གི་རྣ་ལམ་དུ་གྲགས་པ་འམ། ཐོས་ནས་ཀྱང་མ་ནོར་བར་སྒྲུང་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགསོ།། ས་ཕྱོགས་གང་ནི་ཏིང་འཛིན་འདི་སྤྱད་པ་དེ་དག་ཀྱང་སྐལ་བ་དང ་ལྡན་ལག་སོ།། རིགས་ཀྱི་འམ། རིགས་ཀྱི་བུ་མོ་གང་དག་ཏིང་འཛིན་རིན་པོ་ཆེ་འདི་རྒྱས་པར་ཡང་དག་པར་སྟོན་པ་དེ་དག་ནི། དེ་བཞིན་གཤེགས་པས་བྱིན་གྱིས་བརླངས་པར་རིག ་ངར་བགྱིའོ།། གང་དུ་ཏིངེ་འཛིན་གྱི་ཆོས་ཀྱི་རྣམ་གྲངས་འདི་ནལ་དུ་གྲག་པར་འགྱུར་བ་དེར་ནི་འཇིག་རྟེན་གྱི་ཁམས་ལངྒཱའི་ཀླུང་གི་བྱེ་མ་སྦེང་ཞུགས་ཀྱིས་བལྟར་པ་ལ་ཡང་འ ་ཟེར་བ་བཞིནོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཏིང་འཛིརན་འདི་མི་ཉན་པ་དང་། མི་འཆང་བ་དང་། མི་ཀླག་པ་དང་། ཀུན་ཆུབ་པར་མི་བྱེད་པ་དང་། གཞན་དག་ལ ་རྒྱས་པར་ཡང་དག་པར་མི་སྟོན་པ་དེ་དག་ནི། བདུད་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ།། རིགས་ཀྱི་དུ་བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་ཐམས་ཅད་བསྡུས ་བའི་ཏིང་འཛིན་འདི་གཞན་དག་ལ་རྒྱས་པར་ཡང་དག་པར་མི་སྟོན་པ་དེ་དག་ལ་ནི་མང་དུ་ཐོས་པ་ཞེས་པ་མོ་སྨྲའོ།། དེ་ནས་ལྷའི་བུ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་ངག ་གིས་འཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་གྱི་ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སླང་མི ་དུས་ན་སྤྱོད་པ་དང་། རྒྱས་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བ.རབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད ་ཕྱུང་སྟེ། འོད་ངེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱསོ།། འོད་དེ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས ་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་སོ་ཞེས་སྒྲ་ཡང་བྱུང་།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས ་པ་ནི་རིང་པོ་མི་ཐོགས་པར་ཟླ་བ་གསུམ་འདས་པ་ན། ཡོངསུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། གཞན་དག་ལ་ཡང ་རྒྱས་པར་ཡང་དག་པར་བསྟན་པའི་བར་གྱི་ཕྱིར་ཁྱོད་ལ་གཏད།། ཀུན་དགའ་བོ་སེམས་ཅན་གང་དག་སུ་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འཆང་བར་བྱེད་པ་དེ་དག་ལ་ནི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངསུ་མྱ་ངན་ལས་འདའ་བར་མི་འགྱུར།། ཆོས་ཀྱང་ནུབ་པར་མི་འགྱུར།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གལ་ཏེ་ཆོས་ཀྱི་རྣམ་གྲངས ་འདི་ལ་སྒྲུབ་པ་བྱེད་ན། དེ་ནི་སངས་རྒྱས་མཐོང་བ་ཡིན་ལ། གཞན་ངག་ལ་རྗོད་ཅིང་སྟོན་པ་དེ་ནི་དམ་པའི་ཆོས་ཡོང་སུ་འཛིན་པ་ཡིན་པའི་ཕྱིར་རོ།། དེ་ནས་ཚེ་དང་ལྡན་པ ་ཀུན་དགའ་བོས་ངུས་ཏེ། མཆི་མ་ཕྱིས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག ་རྟེན་ལ་ཐུགས་བཆེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླདུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བཞུག་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག། ་སྨྲེ་སྔགས་མ་འདོན་ཅིག། ཀུན་དགའ་བོ་ཁྱོད་ཡུན་ཇི་སྲིད་དུ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། སྟོན་པར་བྱེད་པ་དེ་སྲིད་དུ་སངས་རྒྱས་མཐོང་བ་དང་འབྲལ་བར ་། མི་འགྱུར།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་གཟུགས་དང་མཚན་དང་པའི་བྱ་བལྟ་མ་ཡིན་དེ། ཀུན་དགའ་བོ་ཇི་སྲིད་དུ་ཇི་སྐད་བསྟན་པའི ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་དག་མཐོང་བ་དེ་ཉིད་སངས་རྒྱས་མཐོང་བ་ཡིན་པའི་ཕྱིར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོནུར་གྱུར་པ ་དང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་དང་། ཆེན་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་དེ་དག་དང་། ཉན་ཐོས་ཆེན ་བོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷའི་བུ་མང་པོ་ང་ངག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན ་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། འཕགས་པ་བ་སོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ་རྒྱ་བར་གྱི་མཁན་པོ་བྲང་ཝཱ་བར་མ་དང་། ཤཱི་ལེན་དྲ་བོ་དྷ་དང་། ནུ་ཆེན་གྱི་ལོ་ཚ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐ ་