CLOSE WINDOW

L76: 'phags pa bkra shis brgyad pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཆེམཔོའི་མང། ཇོག་སྷོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཅུ་བ་འན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་འསྒྱུར་ཅིང་གཏན་ལ་ཕབ་པའོ།། རྒྱབ ་སྐད་དུ། ཨཱརྱ་ཨཥྚ་མ་ག་ལ་ཀན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ། བོད་སྐད་དུ།། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔ ་ཐམས་ཅད་ལ་ཕྱག་འཚལོ།། འ་སྐད་བདག་གིས་ཐོས་པ་འདུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ན་ཨ་མྲ་སྲུང་བའི་ཚལ་ན་བཞུག་སོ།། དེ་ནས་ལིང་ཙ་བྱིའི་བུ ་རྩལ་རབ་བཅོམ་ལྡན་འདས་ག་ལ་འདེར་སོང་སྟེ་ཕྱིན་ན་ས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་འོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ། ་ལྡན་འདས་གང་དག་ཐོས་ན་བདག་གིས་སྐྱོ་བོས་བཀུར་ཞིང་བདག་གོས་སྤྱི་བོས་བཀུར་བས་མི་འམ་མི་མ་ལགས་པ་ལས་འཇིགས་པ་འམ།། གཙེ་བ་འབྱུང་བར་མོ་འགྲུ ་འདང་།། བཅོམ་ལྡན་འདས་བདག་རྒྱལ་པོའི་ཕོ་བྲང་དུ་མཆིས་ཏེ་སྨྲ་བོ་རྗོད་པ་ཅི་ནས་གང་གིས་ཀྱང་སྨྲ་བ་ལ་བཟློག་པ་མོ་བགྱིད་ཅིང་ཟིལ་གྱིས་མིན་མནན་པ་དང་། མཚན ་དེ་དག་ཉིད་བདག་འཛིན་ན།། གཉིད་ཀྱིས་ལོག་ན་ཡང་སྡིག་པའི་རྨི་ལམ་རྨོ་བར་མི་འགྱུར་བ་དང་། བདག་མཚོན་ཆག་ཟས་པའི་གཡུལ་གྱི་ནང་དུ་ཞུགས་ན་ཡང་ལུས་ལ་མཆོན ་ཆ་རྣམས་ཕོག་པར་མི་འགྱུར་ལ། དེ་ལ་བདེ་བར་ཐར་པར་ཡང་འགྱུར་བ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པོར་རྫོགས་པའི་སངས་རྒྱས ་ཀྱིས་ཡོངསུ་བསྟན་ཏུ་གསོལ།། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལིད་ཙ་བྱིའི་བུ་རྩལ་རབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྩ་ལ་རབ་ཤར་ཕྱོགས་ན་འཇིག ་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ཡོད།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་བཞུགསོ།། རྩལ ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྐྱེ་བ་མེད་པ་ཞེས་བྱ་བ་ཡོད། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྩལ་བརྟན ་ངོམ་གྲུབ་དགོངས་པ་ཞེས་བྱ་བ་བཞུགས།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཡོད།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན་ཞེས་བྱ་བ་བཞུག་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་འགེགས་མེད་པ་ཞེས་བྱ་བ་ཡོད་དེ། ་ངན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་རྐྱེན་གྱི་དཔལ་ཞེས་བྱ་བ་བཞུག་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁ ་།། ཆང་པ་སྤངས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བར་གྲགས་པ་དཔལ་དམ་པ་ཞེས་བྱ་བ་བཞུག ་སོ་རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལྡན་ཞེས་བྱ་བ་ཡོད།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྡན ་བོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུག་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔལ་འབར་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གྱི ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེཾན་ཐམས་ཅད་ལ་དགོངས་པ་གྲགས་པའི་དབ་ལ་ཞེས་བྱ་བ་བཞུག་སོ།། རྩལ་རབ་ཤར་ཕྱོགས་ན ་འཇིག་རྟེན་གྱི་ཁམས་རྡོ་རྗེ་གྲགས་པ་དགའ་བ་ཅན་ཞེས་བྱ་བ་ཡོད།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་ཚིམ་པར ་མཛད་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུག་སོ།། རྩལ་རབ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ལགས་པར་རབ་ཏུ་གཟུང་བར་བྱའོ།། ཀུན་ཆུབ ་བྱའོ། བཅང་བར་བྱའོ།། རྩ་ལ་རབ་སངས་རྒྱས་བཅོམ་ལྡན་འདས་ཐང་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་མོད་ཀྱི་འོན་ཀྱང་རྩལ་རབ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོང་སུ་དག་པ་སྟེ། སྙིགས་མ་རྣམས་དང་བྲལ་བ་ཡིན།། རྩལ་རབ་ཁྱོད་ཀྱིས་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་བླངས་ནས་འཛིན་ན། དེས་ཡོན་ཏན་གྱི་ཁྱད་པར་དེ་དག་དང་གཞན་ཏུ་ཡང་འགྱུར་ཏེ། སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་མཚན་འདི་དག་ནི་སྔོན་གྱི་སྨོན་ལམ་གྱི་ཡོན་ཏན་དང་ལྡན་པའི་ཕྱིརརོ།། ནུབ་མོ་སྲོང་ལ་ཟེར་ན་ཡང་ཁྱོད་ཀྱིས་མཚན་འདི་དག་བསམ་པར་བྱའོ།། ལྡང་བ་ན་ཡང་བསམ ་པར་བྱའོ།། འཇིག་རྟེན་གྱི་བྱ་བ་གང་ཅི་ཡང་རུང་བ་དག་རྩོམ་པ་དག་ན་ཡང་ཐ~ཾད་ལ་མཚན་འདི་བསམས་ནས། དེའི་འོག་ཏུ་བསམས་ན་དེར་ཡང་ཁྱོད་ལ་འཕེལ་བ་ཉིད་དུ་འགྱུར་རྒྱ ་འགྲིབ་པ་ནི་མ་ཡིན་པར་ཤེས་པར་བྱ་སྟེ། འདིས་ཁྱོད་གནས་པར་གྱིས་ཤིག། དེ་ནས་ལོད་ཙ་བྱིའི་བུ་རྩལ་རབ་ཀྱིས་བསྟན་པའདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དེ་བཞིན་གཤེག། ས་པ་རྣམས་ཀྱི་མཚན་འདི་དག་ཡོངསུ་བརྗོད་ཅིང་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་བརྒྱ་སྟོང་གིས།། བཅྡོཾས ་ལ་མངོན་པར་གཏོར་ཏེ་བསྐོར་བ་ཡང་བྱས་ན་དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་སྟེ། བཅོམ་ལྡན་འདས་ཀྱི་ཐད་ནས་སེ ་དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་ཏུ་འདུས་པར་གྱུར་ནས་འདུག་པ་དེ་བཅྡོཾས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད ་བདག་གིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉམ་སུ་བླ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ ་དེའི་ཕྱིར་ཁྱོད་ཀྱིས་ལྷ་དང་། ལྷ་མ་ཡོན་གཡུལ་འགྱེད་པར་ཆོས་ཀྱི་རྣམ་གྲངས་འདི་ཡོངསུ་བརྗོད་པར་བྱའོ།། ཡོངསུ་བརྗོད་པ་ན་ལྷའི་བུ་ཁྱོད་རྒྱལ་བར་འགྱུ་བ་ཙ ་ཞེ་ན་དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་གང་ཡིན་པ་འདི་ནི། བདེ་ཞིང་འཇིགས་པ་མེད་པར་ཡོང་སུ་བརྗོད་པ་ཡིན་པའི་ཕྱིརརོ།། མཚན་ཡོངསུ་བརྗོད་པ་གང་ཡིན་པ་འདི་ནི ་ཀུན་ནས་ལྡང་བ་མེད་པར་ཡོང་སུ་རྗོད་པ་ཡིན་པའི་ཕྱིར།། དེ་བཞིན་གཤེགས་པའོ་མཚན་ཡོང་སུ་བརྗོད་པ་གང་ཡིན་པ་འདི་མོ། ཡང་དག་པའི་མཚན་ཡོངསུ་རྗོད་པ་ཡིན་པའི ་ཕྱིར། དེ་བཞིན་གཤེགས་པའི་མཚན་ཡོངསུ་རྗོད་པ་གང་ཡིན་པའ་དེ་ནི་གཡུལ་ཐཾད་ལས་ཡང་དག་པར་འདས་པར་ཡོངསསུ་རྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ ་མཚན་ཡོངསུ་བརྗོད་པ་གང་ཡིན་པ་འདི་ནི་ཟིལ་གྱིས་མི་ནོན་པར་ཡོངསུ་བརྗོད་པ་དང་། ཞི་བར་ཡོངསསུ་རྗོད་པ་དང་། ཡོངསུ་གདུང་བ་མེད་པར་ཡོངསུ་བརྗོད་པ་དང་། འཇིག ་པ་མེད་པར་ཡོངསུ་བརྗོད་པ་ཡིན་པའི་བྱོརོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར།། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་ངར ་འདག་གིས་མངོན་པར་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཡིད་དགའ་བ་དང་། སེམས་དགེ་བ་དང་། སེམས ་སྒྲིབ་པ་མེད་པ་དང་།། སེམས་ཀུན་ནས་ལྡང་བ་མེད་པ་དང་། དེ་བཞིན་གཤེགས་པའི་མཚན་ཡོངསུ་རྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་བཞིན་དུ་སྐད་ཀྱིས་ཀྱང་། བདག་གིས ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་གྱུར་ཅིག་ཅེས་ཚིག་ཏུ་སྨྲས་ནས། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ནས། ལིང་ཙ་བྱིའོ་བུ་རྩལ་རབ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟེར་བཅས་པའི་འཇིག་རྟེན་ཡི་རེངས་ཏེ། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་མངོན་པར་བསྟོད།། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། རྒྱ་གར་གི་མཁན་པོ་པྲཛྙཱ་ཝརྨ་ལ་སོགས་པ་དང་། ཞུ་ཆེན་གྱི ་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། @6། རྒྱ་གར་སྐད་དུ། ཨཱརྱ་མཎྜ་ལ་ཨཥྚ་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ ་