| Wylie | e-texts produced with BDRC’s OCR application |
གཏན་ལ་དྲབ།། རྒྱ་གར་སྐད་དུ། ཨཱ་ནཱ་མཉྫ་ཤྲཱི་ནི་རྡེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུཏྲ།། བ་སྐད་དུ། འཕགས་པ་འཇམ་དཔལ་གྱིས་བསྟན་པི་ཞེས་བྱ་བ་ཐེག ་བ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བ ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ན། དགེ་སློང་སྟོང་ཉེས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམ་པ་དང་ཐབས ་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ ་རིན་པོ་ཆེའི་གདུགས་དཔག་ཚད་བཅུ་འཁོར་བ་ཙམ་ཐོགས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་དྲང་ཐད་ན་འཛིན་ཅིང་འདུག། དེ་ནས་ཡོངསུ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་མཚམས ་བཟངས་ཤེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཁོར་དང་བཅས་ཏེ། འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་སྟན་ལས་ལངས་ཏེ། ་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲ་སོ།། འཇམ་དཔལ་ཁྱོད་བཅོམ་ལྡན་འདས་ལ་མཆོད་པ ་མཛད་པས། ང་དུང་ཐུགས་མཆི་མ་ལགས་སམ།། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་ཆུ་ཟེད་པས་ཆོག་པར་འཛིན་པར ་འགྱུར་སམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལག་སོ།། འཇམ་དཔལ་གྱིས་སྨྲས་པ། ལྒ་འི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོ ་ལྟ་བུ་ཟབ་ཅིང་གཏིང་དཔག་དཀའ་ལ་དཔག་ཏུ་མེད་པ་ཡོངསུ་ཚོལ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།། དེ་བཞིན་གཤེགས་པ་ལ་མཆོད་ང་བྱ་བར་འདོད་པས ་གཞན་ཡང་ཆོག་པར་འཛིན་པར་མི་བྱའོ།། ལྷའི་བུས་སྨྲས་པ། འཇམ་དཔལ་ཙི་ལ་དམིགས་ནས། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དམ ་པ་བཞིས། དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དམིགས ་