| Wylie | e-texts produced with BDRC’s OCR application |
མཉན་པར་བྱ། གཟུང་བར་བྱ། བཅང་འདྲུ་བ། ཀློག་པར་བྱ། ཀུན་ཆུང་པར་བྱ་སྟེ། ངེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བང་ཆུབ་མངོན་པ ་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་རབ་འབར་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང ་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་རྫོགས ་སྷོ།། རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་པྲཛྙཱ་བྷཱ་ར་མི་ཏྲཱ་སརྦ་ཐཱ་ག་ཏ་མཱ་ཏེ་ཨེ་ཀ་ཨཉྫ་ར་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡིག་གཅིག་མ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལ་ཕག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅག ་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དཀུན་དགའ་བོ་ཁྱོད་ཀྱིས། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བ་འདི། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཟུང་ཤིག། འདི་ལྟ་སྟེ། ཨ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་། ལྔ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྗེ་མི ་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཡིགེ་གཅིག་མ་རྫོག་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཀཽ་ཤི་ཀ ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཀཽ་ཤི་ཀ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བ་ཅོམ་ལྡན་འདས་ཀྱིས་ལྷོའི་དབང་པོ་བརྒྱ་བྱིན་ལ ་བཀའ་སྩལ་པ། ཀོའུ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉི་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང ་མ་ཡིན། མཚན་མར་མ་ཡིན། མཚན་མར་མ་ཡིན་པར་ཡང་མ་ཡིན། བླང་བར་ཡང་མ་ཡིན། དོར་བར་མི་ཡིན།། བསྣན་པར་མི་ཡིན། བསྣོན་པ་མེད་པར་མ་ཡིན།། ་ཀུན་ནས་ཉོན་མོངས་པར་མ་ཡིན།། ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན། རྣམ་པར་བྱང་བ་མ་ཡིན། རྣམ་པར་བང་བ་ཡང་མ་ཡིན་པ་ཡང་མ་ཡིན། སྤང་བར ་