CLOSE WINDOW

L656: 'phags pa bcom ldan 'das ma shes rab kyi pha rol tu phyin pa lnga bcu pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་གྷ་ག་བི་ཏི་པྲད་ཛྙཱ་ཨརྡྷ་ཤ་ཏི་ཀ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འང་ལོ།། འདི་སྲང་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ལས་རྒྱལ་པོའི་ཁང་བཆེད་དུ ་པོའི་རིལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། བརྒྱ་བྱིར་དང་། ཚངས་པ་དང་། འཇིག་རྗེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིར་དང ་དྲི་ཟ་དང་། ལཱ་མ་ཡིན་དང་ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཔེ་ཆེན་པོ་དང་། དགེ་སློང་དང་དགེ་སློང་མ་ད་། དགེ་བསྙེན་དང་། དགེ་བསྙེན་མ་ངག་དང་ཡང ་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབོར་གང་ལ་ལ་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་དང་། རང ་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས། ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བ། གཟུང་བ་རཱུ་བ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ལྡན་པས། སངས་རྒྱས་དང་། བྱང་ཆུབ་སེམསོ་པའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིཤེསེ་རབ་ཀྱི ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར ་དུ་བྱ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་བར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས ་ངའི་བང་རྐུ་བ་ལ་སློབ་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཡིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་ཏེ། ཀླག་པར་བྱ། ཀུན་ཆུབ་པར་བྱའོ།། བང་ཆུབ ་སེམས་དཔའ་ཐབས་མཁས་པ་དང་ལྡན་པས། སངས་རྒྱས་དང་། བང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་ཉིད ་ལ་བརྩོན་པར་བྱའོ།། དེ་ཅིའི་པིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང་། རྣལ་འབོར་ད་བྱ་བ་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིརརོ།། རབ་འབྱོར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགོས་ཀྱི་ཆོས་རྣམས་དང ་ཉིན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ད་ང། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་དེ་དག ་ཐམས་ཅད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་། འདུས་ཏེ་འུ་བ་ལ་ཡང་དག་པར་གཞོལ་བ་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ།། རྣལ་འབྱོར་དུ་བྱ་སྟེ། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ཉིད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་མཉན་པར་བྱ། གཟུང་བར་བ། བསང་འར་བ། ཀླག་བ་བ། ཀུ ་ཆུབ་པར་བྱའོ།། དགེ་པའི་ཆོས་བང་དུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་བང་རུ ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་། འདུས་ཏེའུ་བ་ལ་ཡང་དག་པར་གའལ ་བ་ཡིན་ཞེས་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབོར་འདི་ལྟ་སྟེ། སྨྱོན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན ་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བས་མོ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྣ ་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པི་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་པས་སྟོང་པ་ཉིད ་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྡོང་པ ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང ་སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒྲ ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་འཛིན་རྣམས་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི ་སྤོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་བོ་དང་། སངས་རྒྱས་ཀྱི་ཆོས་པ་འདྲེས་པ ་བཅོ་བརྒྱད་དང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དོང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བང་དུག་ཉིད ་དང་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། རབ་འབྱོར་དེ་དག་ནི་དགེ་བའི་ཆོས་བང་ཆུབ་ཀྱི་ཕྱོགས་ཀྱིས་རྣམས ་དང་ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ ་ངག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདས་ཏེའུ་བ་ལ་ཡང་དག་པར་གཞོལ་བ་རྣམས་ཡིན་ནོ།། རབ་འབོར་གྱིས་གསོལ་པ། བཅོམ་ལྡན་འདས་འང ་ལྟར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་། འདུས་ཏེ་འུ་བ་ལ་ཡང་དག་པར་གཞོལ་བ་ནི་བཅོམ་ལྡན ་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དན ་བྲིའི་ཕྱིར་རོ།། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ག་ཏིང་དཔག་དཀའ་བ་ལགསོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ ་ལ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནི་མཁའ་དང་མཚུངས་པ་ལགསོ།། བཅོམ་ལྡན་འདས་ཀྱིས་བཀོའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན ་ཏུ་རྣམ་པར་དག་པའི་ཕྱིར་ཏེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ན་མཁའ་ལྟ་བུ་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨོཾ་ལ་ལ་ཨ ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པས་རྟོགས་པར་དཀའ་བ་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། ཇི་སྐད ་སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མངོན་པར་མི་འརྩོད་པ་དང་། དགེ་བའི་རྩ་བ་ཆུང་བ་དང་། ཡིད་མི་གཟུངས་པ་དང་། དོན་དུ་མི་གཅེར་བ་དང་། ཐོས་པད ་མི་ལྡན་པ་དང་། ཤེས་རབ་ཆུང་བ་དང་། སྡིག་པའི་གྲོགས་པོས་ཟིན་པ་དང་། སྡིག་པའི་གྲོགས་པོ་དང་འདྲེ་བ་མང་བ་དང་། སྡིག་པའི་གྲོགས་པོས་འཛིན་དུ་བཅུག་པ་དང་། དད་པ ་མ་དང་ལྡན་པ་དང་། ལས་དང་པོ་པ་དང་། སྐལ་པ་མེད་པའི་ཚུལ་ཅན་དང་། ཡོངསུ་མི་འདྲི་བའི་ཚུལ་དང་། ཤེས་རབ་འཆལ་བར་གྱུར་པ་བས་པ་དང་། ལེ་ལོ་ཅན་དང་། བརྩོན ་འགྲུས་ཆུང་བ་དང་། སྙིང་སྟོབས་ཆུང་བ་དང་། མོས་པ་ཆུང་བ་དང་། དགེ་བའི་ཆོས་དེ་དག་ལ་མངོན་པར་མི་བརྩོན་པས་མོས་པར་དཀའ་བ་སྟེ། རབ་འབྱོར་དེ་ལྟ་བས་ན་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མོས་པར་དཀའ་བ་ཞེས་བྱའོ།། རང་འབྱོར་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ ་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེས་འདས་པ་དང་མོ་བྱོན་པ་དང་། ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བཟུང་བ་ཡིན་ནོ།། རབ་འབྱོར་དེ་ལྟ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལྷག་པའི་བསོམ་པ་ཕུར ་སུམ་ཚོགས་པ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་རྒྱུན་མི་འཆང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མཉན་པར་བྱ། གཟུང་བར་བྱ། བཅང་འདྲུ་བ། ཀློག་པར་བྱ། ཀུན་ཆུང་པར་བྱ་སྟེ། ངེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བང་ཆུབ་མངོན་པ ་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་རབ་འབར་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང ་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་རྫོགས ་སྷོ།། རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་པྲཛྙཱ་བྷཱ་ར་མི་ཏྲཱ་སརྦ་ཐཱ་ག་ཏ་མཱ་ཏེ་ཨེ་ཀ་ཨཉྫ་ར་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་