CLOSE WINDOW

L643,08: 'phags pa chos kyi dbyings kyi rang bzhin dbyer med par bstan pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

འབབས་པ་ཆོས་ཀྱི་དབྱིས་ཀྱི་རང་བཞིན་བྱེད་མེད་པ་བསྟན་པ། བམ་པོང་པོའོ།། རྒྱག་གང་དུ། ཨ་དྲདང་བདྲ་དུ་ཐཀྲི་ཏི། ཨ་སམ་བྱེད་ནི་ཏེ་ཤནམ་མ་ཐ་ཡན་སུང། བོད་གང་དུ། འཕགས་པ་པོ ་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་བྲག་བརྒྱ་པ་ལས། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པ་ཞེས་བྱ་བ་ཐག་པ་ཆེན་པོའི་མདོ།། སངས་རྒྱས་པང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཐ་དད་པ་ནས་འདུས་པ་ཁྲི་ཉིས་སྟོང་དང་། ལྷའི་བུ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་སུམ་ཁྲི་ཉིས་སྟོང་དང་། ཐབས་ཅིག་ཏུ ་བཞུག་སོ།། དེའི་ཚེན་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷའི་བུ་རིན་ཆེན་མཆོག་ཅེས་བྱ་བ་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར། གྱུར་ཏོ།། དེ་ནས་ལྷའི་བུ་རིན་ཆེན་མཆོག་འདི་སྙམ་དུ་སེམས་ཏེ ་འདི་ལྟར་བཅོམ་ལྡན་འདས། འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་སྟོན་པར་བསྐུལ་བ་མཛད་དེ། བསྐུལ་ནས་ཀྱང་བཤང་ལ། ཅི་ནས་ཀྱང་བདུད་ཀྱི་གནས་ཐམས་ཅད་སྤ་བཀོང་བར་འགྱུར་བ་དང་། བདུད་སྡིག་ཅན་ཡི་ཆད་པར་འགྱུར་བ ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་དང་། མངོན་པའི་ང་རྒྱལ་ཅན་ཐམས་ཅད་ང་རྒྱལ་མེད་ཅིང་ཤེས་པ་བརྡ་སྤྲོད་པར་འགྱུར་བ་དང་། རྣལ་འབྱོར་སྤྱོད་པ་དག་འབྲས་བུ་ཐོབ་པར་འགྱུར་བ་དང་། འབྲས ་བུ་ཐོབ་པ་དག་ཀྱང་ཁྱད་པར་དུ་འགྲོ་བར་འགྱུར་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་གདུང་ཆུད་མི་གཅད་པའི་ཕྱིར། སྐྱེ་བོ་མང་པོ་དག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་པ་དང་། དེ་བཞིན་གཤེགས་པས ་བཞལ་བགྲངས་མེ་པ་ལ་ག་པར་སྤྲུངས་པའི་བྱང་ཆུབ་འདི་ཡང་ཡུན་རིང་དུ་གནས་པ་དང་། རྒྱས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་བཞུགས་ས་མ། ཨོཾ་སུ་མྱ་ངན་མས་ལ ་རུང་སྟེ། ཆོས་བསྟན་པ་གང་དག་གིས་ཐོས་པར་གྱུར་པ་དེ་དག་ཐེག་པ་གང་ལ་མོས་པས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདར་བར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཅི་མ་རུང་ས་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་བུ་རིན་ཆེན ་མཆོག་གི་སེམས་ཀྱི་ཡོངསུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་འཁོར་འདི་ཁྱོད་ལས་ཆོས་མཉན་པ་ཐོས་པར་འད་ཀྱི། འཁོར་འདི་དག་ལ་གཏམ་གྱི་རྒྱུད་ལ། ་ཞིག་ལ་ཁྱོད་སྤོབས་པར་གྱིས་ཤིག། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་ཅི་ལས་བརྩམས་ཏེ་སྤོབས་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་དབྱིངས ་བཱི་རང་བཞིན་ལས་རློམས་ལ་ཁྱོད་སྤོབས་པར་གྱི་ཤིག། འཇམ་དཔལ་གྱི་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱང་ཆོས་ཀྱི། དབྱིངས་ཀྱི་རང་བཞིན་ལགས་པས། བཅོམ་ལྡན་འདས་ཆོས ་དབྱིངས་ཀྱི་རང་བཞིན་ནི་བརྗོད་པ་འམ། མཉན་པར་ཅུང་ཟད་ཀྱང་རྔོ་མི་ཐོག་ལགས་ན། བཅོམ་ལྡན་འདས་ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་བརྩམས་ཏེ། བསྟན་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། འཇམ་དཔལ་ཆོས་བསྟན་པ་འདི་ཐོས་ན། གང་དག་མངོན་པའི་ང་རྒྱལ་ཅན་དག་ནི་སྐྲག་པར་འགྱུརརོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་དག་སྐྲག་པར་འགྱུར་བ་དེ་དག་ཀྱང་ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་ཅན་ལགས་པས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི། སྐྲག་པར་མི་འགྱུར་ལག་སོ།། དེ་ནས་ཚེ་དང་པ་ཤཱ་ར་དྭ་ཏིའི་བུས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ། ་གལ་པོཆོས་ཐམས་ཅ་ཆོས་ཀྱི་བྱིངས་ཀྱི་རང་བཞི་ཡིན་ན། ཆོས་ཀྱི་དབྱིས་ཀྱི་རང་བཞིན་ལ་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང་མེད་ལ། རྣམ་པར་བྱང་བར་འགྱུར་བ་ཡང་མེད་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན ་མོངས་པ་འམ། རྣམ་པར་བྱང་བཅི་ལས་འབྱུང་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱིས་པ་སོ་སོའི་སྐྱེ་བོ་འཇིག་ཚོགས་ལ་ལྔ་བའི་ཕྱིན་ཅི་ལོག་གིས་བསླད་ཅིང་། ངར་འཛིན་པ་དང་། ་འཛིན་པ་ལ་གནས་པ་རྣམས་ལ་ནི། བདག་དང་གཞན་གྱི་འདུ་ཤེས་འབྱུང་།། བདག་དང་གཞན་དུ་འདུ་ཤེས་པ་ལ་གནས་པ་དེ་དག་ལ་ནི། དགེ་བ་དང་མི་དགེ་བའི་སེམས་དང་སེམས་ལས་བྱུང་བ་དག་འབྱུང་སྟེ། སེམས་དང ་སེམས་ལས་བྱུང་བའི་ཆོས་དེ་དག་གིས། དགེ་པ་དང་མི་དགེ་བའི་ལས་མངོན་བར་འདུ་བྱ་བ་དག་མངོན་པར་འདུ་བྱེད་ཅིང་། དེ་དག་ལ་རྒྱུ་དེ་དང་རྐྱེན་དེ་དང་། ངོ་བོ་ཉིད་དེའི་རྣམ་པར་སྨིན་པ་ཉིད་མངོན་པར་བསྒྲུབ ་བར་འགྱུར་།། བཙུན་པ་ཤཱ་དྭ་ཏིའི་བུ་དེ་དག་གི་ཇི་ཙམ་དུ་སྲིང་བའི་སྐྱེ་བ་ཡོངསུ་བཟུང་བ་དེ་ཙམ་དུ་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། བཙུན་པ་ཤཱ་ར་ཏིའི་བུ་ཀུན་ནས་ཉོན་མོངས་པ་དེ་ཡང་ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་ཡིན་པས། ཀུན་ནས་ཉོན་མོངས་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཡོངསུ་ཤེས་པ་གང་ཡིན་པ་དེ་ཉིད་རྣམ་པར་བྱང་བ་ཞེས་བྱ་སྟེ། དོན་དམ་པར་ནི་དེ་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ ་འམ། གང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བ་ཅི་ཡང་མེདོ།། འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན། དགེ་སློང་ལྷག་པའི་ང་རྒྱལ་ཅན་བརྒྱ་ལེན་པ་མེད་པར་ཟག ་པ་རྣམས་ལས་སེམས་རྣམ་པར་གྲོམ།། དེ་དས་ཆེ་དང་ལྡན་པ་ཤཱ་རཱ་ཏིའི་བུས། འཇམ་དང་ལ་གཞོན་དུ་གྱུར་བ་ལ་འདི་གད་ཅེས་སྨྲས།། འངམ་དངལ་ཁྱོད་ཀྱིས་བསླད་པ་འདི་བཤད་པ་ན། དགེ་སློང་ལྷག་པའི ་རྒྱལ་ཅན་བརྒྱཡིན་པ་མེད་པར་ཟག་པ་རྣམས་ལས་སེམཔ་རྣམ་པར་གྲོར་ཏེ། འཇམ་དངུལ་ཆོས་ཀྱི་དཕྱིས་ནི་ཁྱོད་ལས་ཕྱུང་བར་འབྱུང་།། འཇམ་དལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་ཏིའི་བུ་ཆོས ་ཀྱི་དབྱིངས་ཀྱི་རང་བཞིན་སྟོན་བཅིངས་པར་གྱུར་ལ། ང་གྲོལ་བ་ཞིག་ཡིན་སྙམ་འམ། སྨྲས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་སྔོན་བཅིངས་པར་གྱུར་པ་ཡང་མ་ཡིན་ལ། ད་གྲོལ་བ་ཡང་མ་ཡིན།། སྨྲས་པ། བཙུན ་བ་ཤཱ་ར་དྭ་ཏིའི་བུ། འོ་ན་དགེ་སློང་དེ་དག་གི་སེམས་ཅི་ཞིག་ལས་རྣམ་པར་གྲོལ། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་ཉན་ཐོས་མང་པོ་བཏུལ་ཏེ། དེ་དག་གི་སེམས་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་རྣམ་པར ་གྲོལོ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་ཏིའི་བུ་ཅི་ཁྱོད་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡིན་ནམ། སྨྲས་པ། འཇམ་དངུལ་དེ་དེ་བཞིན་ཏེ། ཁྲོ་བོ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡིན། ་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། ཅི་ཁྱོད་ཀྱི་སེམས་ལེན་པར་ཟ་ག་བ་རྣམས་ལས་རྣམ་པར་གྲོལ་ལམ། སྨྲས་པ། འཇམ་དང་། ལ་རྣམ་པར་གྲོའོ།། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ནི་ཁྱོད་ཀྱི ་སེམས་ལད་པ་རྣམ་པར་གྲོལ་ལམ། འོན་ཏེ་མ་འོངས་པ་དང་། ད་ལྟར་ཟུང་བ་རྣམ་པར་གྲོལ། བཙུན་པ་ཤཱ་ར་དྭ་ཏིའི་བུ་སེམས་འདས་པ་ནི་ཟད་པའི་མཚན་ཉིད་ཡིན་ལ། སེམས་མ་འོངས་པ་ནི་མཐོབ་པའི་མཚན་ཉིད ་ཡིན། སེམས་ད་ལྟར་བྱུང་བ་ནི་མི་གནས་པའི་མཚན་ཉིད་ཡིན་ན། བཙུན་པ་ཤཱ་རད་ཏིའི་བུ། ཁྱོད་ཀྱི་སེམས་རྣམ་པར་གྲོལ་བ་དེ་དག་གང་ཡིན། ཚེ་དང་ལྡན་པ་ཤཱ་རཱ་དྭ་ཏིའི་བུས། སྨྲས་པ། འཇམ་དཔལ་སེམས ་འདས་པ་ཡང་རྣམ་པར་གྲོལ་བ་མ་ཡིན་ལ། མ་འོངས་པ་དང་། ད་བྱུང་བ་ལང་མ་ཡིན།། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རཱ་དྲདྭ་ཏིའི་བུ་འོན་ཁྱོད་ཀྱི་སེམས་རྣམ་པར་གྲོལ་བ་དེ་གང་ཡིན། སྨྲས་པ། མ ་པལ་ཀུན་རྫོ་རྣམ་པར་གཞག་པས། སེམས་རྣམ་པར་གྲོལ་བར་བསྟན་པར་ཟད་ཀྱི། དོན་དམ་པར་ནི་འདི་ལ་གང་བཅིངས་པ་འམ། གྲོལ་བའི་སེམས་དམིག་སུ་མེདོ།། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ ་ཁྱོད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཀུན་རྫོབ་དང་། དོན་ངས་པ་ཡོད་པར་འདོད་དཔ། སྨྲས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ནི་ཀུན་རྫོབ་དང་། དོན་ངས་པ་དམིགསུམ་།། འཇམ་དཔལ་གྱིས་སྨྲས་པ། ་བཙུན་པ་ཤཱ་ར་དྭ་ཏིའི་བུ་འོ་ན་ཇི་ལྟར་ཀུན་རྫོབ་རྣམ་པར་གཞག་པས། སེམས་རྣམ་པར་གྲོལ་བར་སྟོན་སྨྲས་པ། འཇབ་དཔལ་ནམ་ཡང་སེམས་རྣམ་པར་གྲོལ་བ་ཅི་ཡང་མེད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ ་རངདྭ་ཏིའི་བུ། གལ་ཏེ་སེམས་ཤིག་ནང་ངམ། ཕྱི་རོལ་ལམ། གཉི་གའི་བར་ན་དམིག་སུ་ཡོད་ན་ནི། སེམས་རྣམ་པར་གྲོལ་བར་ཡང་འགྱུར་བ་གཱ་ན། བཙུན་པ་ཤཱ་ར་དྭ་ཏིའི་བུ་སེམས་ནི་ནང་ངམ། ཕྱི་རོལ་ལམ། ་གཉི་ག་མེད་པར་ཡང་དམིགསུམ་བས། དེ་ལ་བཅིངས་པ་འམ། རྣམ་པར་གྲོལ་བ་ཅི་ཡང་མེད་།། དེ་ནས་འཁོར་དེ་ལས་དགེ་སློང་ཉིས་བརྒྱས། འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ཐོས་པ ་དང་། སྟན་ལས་ལངས་ད་དོང་ནས། ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། གལ་ཏེ་འདི་ལ་གུ་ཡང་རྣམ་པར་གྲོལ་བ་མེད་ཅིང་། སུ་ཡང་རྣམ་པར་མི་གྲོལ་ན། འོ་བུ་གཅག་གིས་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་དགེ་སློང་གི ་བོས་པོ་ལ་དོན་ཅི་ཡོད། གལ་ཏེ་དངོས་པོར་འབྱུང་བ་ཅི་ཡང་མེད་ན། ལམ་བསྒོམ་པ་ལ་དོན་ཅི་ཡོད་ཅེས་དེ་ལྟར་དགེ་སློང་དག་སྨོད་ཅིང་ཡི་ཆད་ནས་འཁོར་དེ་ནས་དོང་ངོ་།། དེ་ནས་འཇམ་དཔལ ་གཞོར་ནུར་གྱུར་པས། དགེ་སློང་དེ་དག་འདུལ་བའི་དབང་རིག་ནས། ལམ་གང་ནས་དགེ་སློང་དེ་དག་དོན་པའི་ལམ་དེའི་མདུན་དུ་སྤྲུལ་པའི་དགེ་སློང་ཞིག་སྤྲུལ་ཏོ།། དེ་ནས་དགེ་སློང་དེ་དག་སྤྲུལ་པའི་དགེ་སློང་དེག་ལ་བ་དེར་རྡོ་རྗེརྗེ ་ལྤགས་ནས། སྤྲུལ་པའི་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་ཁྱོད་ག་ལས་ལོངས། དེ་ནས་སྤྲུལ་པའི་དགེ་སློང་དེས། དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་དག་ཁོ་ནི་འཇམ་དང་ལ་གཞོན་ནུར་གྱུར་པའི ་སོ་བདུན་པ་ལ་མ་ཞུགས། མ་ཤེས་མམོས། འདིམ་ཆེས་ནས། ཁ་བལ་ཁོ་དེན་པ་སོང་ངོ་།། དེནས་གེ་སློང་ཉིས་བརྒྱ་བ་དེ་དག་གིས་ཅང་འ་གད་ཅེས་སྨྲས།། ཁོ་བཅག་ཀྱང་ཡངམ་དུལ་གཞོན་དུ་ཆུ ་བའི་ཆོས་བསྟན་པ་ལམ་ཞུགས། མ་ཤེས། མཆོག། སིད་པ་ཆེས་ནས། ཁ་བ་ཅག་འཁོ་ནས་དོང་ངོ་།། དེ་ནས་སྤྲུལ་པའི་དགེ་སློང་དེས། དགེ་སློང་ཉིས་བརྒྱ་པོ་དེདག་ལ། འདི་གད་ཅེས་སྨྲསོ།། ཆེ་ང་ལྡན་པ་ད། ་གིས་ལཇམ་དཔལ་གཞོན་དུར་གྱུར་བའི་ཆོས་བསྟན་པ་ལ་མི་འཐུན་པཅི་ཞིག་ཐོས་ན། ཁྱེད་ཅག་འཁོར་ནས་དང་། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་འཇམ་དཔལ་གནོན་དུར་མུར་པ་ནི་འདི་ལ་ཡུ་ལ་ཡང་ཐོབ་པ ་མེད། མངོན་པར་རྟོགས་པ་མེད། རྣམ་པ་གྲོལ་བ་མེད་པར་སྟོན་པས། ཁོ་བ་ཅག་ལི་བུལ་དུ་སེམས་ཏེ། གལ་ཏེ་འདི་ལ་སུལ་། འཐོབ་བ་མེད། མངོན་པར་རྟོགས་པ་མེད། རྣམ་པར་གྲོལ་བ་མེདན། ་འོ་བུ་ཅུག་གི་གཏུ་བྱུང་ཤིང་སྲེད་པར་རྫོགས་པ་དགེ་སློང་ག་སུས་ཟམ་དན་ཅི་ཡོད། འབྲུ་ཅག་གི་མངས་པར་སྦྱོང་བ་ལན། རྣས་པ་ལ་རྔོན་ཅི་ཡོད། གལ་ཏེ་འདི་ལ་ངེས་པར་འདྲུང་བཅི་མ་ན ་ན། ལམ་བསྒོམས་པ་ལ་དོན་ཅི་ཡོད་སྙམ་དུ་བསམས་ནས། ཁོ་བོ་ཅག་འཁོར་དེ་ནས་དོང་ངོ་།། དེ་ནས་སྤྲུལ་པའི་དགེ་སློང་དེས། དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་དག་ཅི་ཁྱེད་ཅག་མ་མོས་ནས། ་དོང་བར་ཟད་དམ། འོན་ཏེ་སྤངས་ཤིང་མི་སྙན་པར་བརྗོད་ནས་དོང་། དེ་དག་གིས་སྨྲས་པ། ཁོ་བོ་ཅག་ནི་མ་མོས་ནས། དོང་བར་ཟད་ཀྱི། ཁོ་བོ་ཅག་གིས་སྤངས་པ་ཡང་མེད་ལ། མ་སྙན་པར་བརྗོད་པ་ཡང་མདོ།། དེ་ནས ་སྤྲུལ་པའི་དགེ་སློང་དེས། དགེ་སློང་དེ་དག་ལ་ལེག་སོ་ཞེས་བྱ་བ་བྱིན་ནས། འདི་སྐད་ཅེས་ཀྱང་སྨྲས།། ཚེ་དང་ལྡན་པ་དག་རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཆོས་ཀྱི་མཆོག་ཡིན་པས། མི་སྙན་པར་བརྗོད་པར་མི་བྱ། བརྩད ་བར་རི་བྱའི། རེ་ཤིག་རྗེ་འགྲོ་བར་བྱའོ།། ཚེ་དང་ལྡན་པ་དག་ཅི་སེམས་འདི་སྔོན་པོ་ཞེས་བྱ་བ་ཞིག་གམ། སེར་པོ་ཞེས་བྱ་བ་ཞིག་གམ། དབང་པོ་ཞེས་བྱ་བ་ཞིག་གམ། དཀར་པོ་ཞེས་བྱ་བ་ཞིག་གམ། བཙོད་ཀ་ཞེས་བྱ་བ ་ཞིག་གམ། ཤེལ་གྱི་ཁ་ཏོག་ལྟ་བུ་ཞེས་བྱ་བ་ཞིག་གམ། ཡང་དག་པ་ཞེས་བྱ་བ་ཞིག་གམ། ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ཞིག་གམ། རྟག་པ་ཞེས་བྱ་བ་ཞིག་གམ། མི་རྟག་པ་ཞེས་བྱ་བ་ཞིག་གམ། གཟུགས་ཅན ་བྱ་བ་ཞིག་གམ། གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ཞིག་གམ། ཞེས་རྟོགས་ཤིག། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་སེམས་ནི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ་སྣང་བ་མེད་པ། ཐོགས་པ་མེད་པ། རྣམ ་པར་རིག་བྱེད་མ་ཡིན་པའོ།། དེ་ནས་སྤྲུལ་པའི་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་དག་ཅི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། གནས་མེད ་པ། རྣམ་པར་རིག་བྱེད་མ་ཡིན་པའི་སེམས་དེ་ནང་ན་གན་སོ་ཞེས་བྱ་བ། འམ། ཕྱི་རོལ་ན་གནོས་ཞེས་བྱ་བ་འམ། གཉི་གའི་བར་ན་གན་སོ་ཞེས་བྱ་བར་དམིག་སུ་ཡོད་སྙམ་འམ། སྨྲས་པ། དེ་ནི་མ་ཡིན ་ནོ། སྨྲས་པ། ཚེ་དང་ལྡན་པ་དག་གལ་ཏེ་སེམས་དེ་གཟུགས་ཅན་མ་ཡིན། བསྟན་དུ་མེད། སྣང་བ་མེད། ཐོགས་པ་མེད། གནས་མེད། རྣམ་པར་རིག་བྱེད་མ་ཡིན། ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད།། གཉི ་གམེད་པར་ཡང་དམིག་སུ་མེད་ན། ཅི་དེ་ལ་ཡང་དག་པར་ཡོངསུ་གྲུབ་པ་ཡོད་སྙམ་འམ། དེ་དག་གིས་སྨྲས་པ། དོནི་མ་ཡིན།། སྨྲས་པ། ཚེ་དང་ལྡན་པ་དག་གང་ཡང་དག་པ་མ་ཡིན་ཞིང་། ཡོངསུ་གྲུབ་པ་མ་ཡིན་པ་དེ ་ལཅི་རྣམ་པར་གྲོལ་བ་ཡོད་གམ་འམ། དེ་དག་གིས་སྨྲས་པ། དེ་ནི་མ་ཡིད།། སྨྲས་པ། ཚེ་དང་ལྡན་པ་དག་དེ་ལས་བའམས་ནས། འཇབ་དངལ་གནོན་ནུར་སྲུར་བས་འདི་སྐད་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ནི། དུ ་ནས་ཉོན་མོས་པར་འབྱུང་བ་ཡང་མེད་ལ། རྣམ་པར་བྱུང་བར་འགྱུར་བ་ཡང་མེད་དོ་ཤིང་བསྟན་ཏེ།། ཚེ་དང་ལྡན་པ་དག་ཡང་བྱིས་པས་པའི་སྐྱེ་བོ་ཕྱིན་ཅི་ལོག་གིས་བདྲང་པ་རྣམས་ལ་ནི། ཥ་འཛིན ་པ་དང་། ངའི་འཛིན་པ་ཡོང་སུ་འཛིན་པ་འབྱུང་།། ངར་འཛིན་པ་དང་། ངིརར་འཛིན་པ་ལ་གནས་ཏེ། རྟག་ཏུ་ཡུལ་རྣམས་ལ་སྤྱོད་ཅིང་གནས་པ་དེ་དག་ལ་ནི་དམིགས་པ་ལས་བྱུང་བའི་སེམས་འབྱུང་སྟེ། དམིགས་པ ་ཟད་ན། ཟད་པར་འགྱུར་ལ། བྱུང་ནས་ཞིག་ཅིང་ཞུ་སྟེ་གནས་པ་མེདོ།། སེམས་ཀྱི་དམིགས་པ་གང་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་བ་དང་། ལམ་སྒོམ་པར་བྱེད་པའི་སེམས ་དེ་ནི་རང་བཞིན་གྱིས་མེད་པ་དང་། ཡང་དག་པ་མ་ཡིན་པ་དང་། བྱུང་། མ་ཡིན་པའོ།། མེད་པ་དང་ཡང་དག་པ་མ་ཡིན་པ་དང་། བྱུང་བ་མ་ཡིན་པ་དེ་ལ་ནི་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད། གས ་པ་ཡང་མེད།། གང་ལ་ཡང་སྐྱེབ་མེད་པ་དང་། འཇིག་པ་མེད་བདང་། གནས་པ་མེད་པ་དེ་ལ་ནི་བཅིས་པ་ཡང་མེད། རྣམ་པ་ལ་བ་ཡང་མེད།། དེ་ལ་ནི་ཐོབ་པ་ཡང་མེད། མངོན་པར་རྟོགས ་ཡང་མེདོ།། ཚེ་དང་ལྡན་པ་དག་དེ་ལས་བསམས་ནས། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང་མེད། རྣམ་པར་བྱང་བར་འགྱུར་བ་ཡང་མེད ་དེ། འདི་ལ་ནི་སུ་ལ་ཡང་ཐོབ་པ་མེད། མངོན་པར་རྟོགས་པ་མེད། རྣམ་པར་གྲོལ་བ་མེདོ་ཞེས་སྨྲསོ།། དེ་ནས་སྤྲུལ་པའི་དགེ་སློང་ངས། བསྟན་པ་འདི་བཤད་པ་ན། དགེ་སློང་དེ་དག་ལེན་པ་མེད་པར་ཟག་པ་རྣམས ་ལ་སེམས་རྣམ་པར་གྲོལ་ལོ།། དེ་དག་སེམས་རྣམ་པར་གྲོལ་ནས། ཡང་མ་དཔལ་གཞོན་ནུར་གྱུར་པ་གལ་བ་ང་སྟེ་ཕྱིན་པ་དང་། མ་མ་ག་ཐུགས་ལ་མདཔལ་གཞོན་ནུར་གྱུར་པ་ལ་མངོན་པར་བགབནས། ་ཚིག་འདི་སྐད་ཅེས་ཀྱང་སྨྲསོ།། འཇམ་དཔལ་ཁྱོད་ཀྱིས་ནི། ཁོ་བོ་ཅག་ཡོངསུ་བསྐྱབ་སོ།། འདི་ལྟར་ཁོ་བོ་ཅག་ཀྱང་དམ་པའི་ཆོས་སྤོངས་པར་མ་ཞུགས་པས། ང་ཕྱིན་ཅད་ཆོས་འདུལ་བ་ཟབ་མོ་ལ་འཇུག་པ་ལས་ཕྱི་རོལ ་ཏུ་གྱུར་པ་མ་ཡིན།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་དག་གིས་ཅི་ཞིག་ཐོབ་ཅིང་། ཅི་ཞིག་མངོན་པར་རྟོགས་ན། རང་རང་གིས་བླ་གོས་འཇམ་དཔའལ་གནོན ་དུར་གྱུར་པ་ལ་མངོན་པ་ག། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ཅག་གིས་ནི། ཅི་ཡང་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་པས། དེའི་ཕྱིར་ཁོ་བོ་ཅག་གིས། རང་རང་གི་བླ་གོས་འཇམ་དཔལ ་གནོད་དུར་གྱུར་པ་ལ་མངོན་པར་བཀའོ།། བཙུན་པ་རབ་འབྱོར་གང་གི་ཆ། ཁོ་བོ་ཅག་ལ་ཐོབ་པའི་འདུ་ཤེས་ཡོད་པར་གྱུར་པ་དེའི་ཚེ་ན། ཁོ་བོ་ཅག་སྟན་ལས་ལངས་ཏེ། འཁོར་དེ་ནས་དོང་ངོ་།། གང ་གི་ཚེ་ཁོ་བོ་ཅག་ཐོབ་པའི་འདུ་ཤེས་དེ་དང་། བྲལ་བར་གྱུར་པ་དེའི་ཚེ། སླར་ལྷག་སོ།། དབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅི་ལས་བསམས་ཏེ། དེ་སྐད་སྨྲས། དེ་དག་གིས་སྨྲས་པ ་བཙུན་པ་བྱོར་ཐོབ་པ་ཞེས་བྱ་བ་དེ་ནི་གཡོ་བ་ཡིན།། དེ་ནི་རློམ་སེམས་ཡིན་ཏེ། གང་ལ་གཡོ་བ་ཡོད་པ་དང་། རློམ་སེམས་ཡོད་པ་དེ་ལ་ནི་ཐོབ་པ་ཡང་མེད་ཅིང་མངོན་པར་རྟོགས་པ་མེདོ།། བཙུན་པར་བྱོར་གང་ལ་ཐོབ་པ་པ ་ཅིང་མངོན་པར་རྟོགས་པ་མེད་པ་དེ་ནི། རློམས་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཡིནོ།། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་སུས་བཏུལ། དེ་དག་གིས་སྨྲས་པ། བཙུན་པ་ར ་འབྱོར་གང་ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པ་དང་། གང་སྐྱེ་བ་མེད་པ་དང་། ཡོངསུ་མྱ་ངན་ལས་འདར་བ་མེད་པ་དང་། གང་མཉམ་པར་གཞག་པ་མེད་པ་དང་། སེམས་རྣམ་པར་གཡེངས་པ་མེད་པ་དེས ་བཏུལ་ཏོ།། སྨྲས་པ། ཚེ་དང་ལྡན་པ་དག། ཅི་ཁྱེད་ཅག་བཏུལ་བ་ཡིན་ནམ། དེ་དག་གིས་སྨྲས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་དྲིས་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། འཇམ ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ་དགེ་སློང་འདི་དག་སུས་བཏུལ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་ལ་ཕུང་པོ་རྣམས་མེད་པ་དང་། ཁམས་རྣམས་མེད་པ་དང་། སྐྱེ ་མཆེད་རྣམས་མེད་པ་དང་། གང་སོ་སོར་སྤྱི་བོ་མ་ཡིན་པ་དང་། སློབ་པ་མ་ཡིན་པ་དང་། མི་སློབ་པ་མ་ཡིན་པ་དང་། ཉན་ཐོས་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་མ་ཡིན་པ་དང་། དེ་བཞིན་གཤེགས་པ ་མ་ཡིན་པ་དང་། གང་ལུས་དང་ལྡན་པ་མ་ཡིན་པ་དང་། ངག་དང་ལྡ། བ་མ་ཡིན་པ་དང་། སེམས་དང་ལྡན་པ་མ་ཡིན་པ་དང་། མཚུངས་བར་ལྡན་པ་མ་ཡིན་པ་དང་། བྲལ་བ་མ་ཡིན་པ་དེས་བརྟུལ་ཏོ། ་སྨྲས་པ། འཇམ་དཔལ་དེ་སྟོན་པ་དེ་སུ་ཞིག། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ད་བཞིན་གཤེགས་པས་སྤྲུལ་པ་ཞིག་སྤྲུལ་ན། དེ་མཚུངས་པར ་ལྡན་པ་ཡིན་སྙམ་འམ། སྨྲས་པ། འཇམ་དཔལ་དེའི་ཆོས་གང་དང་ཡང་མཚུངས་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཅི་ཆོས་ཐམས་ཅད ་སྤྲུལ་པའི་ངོ་བོ་ཉིད་ཡིན་ནམ། སྤྲས་པ། འཇམ་དཔལ་དེ་དེ་བཞིན།། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགརའ་བོ།། དགེ་སློང་འདི་དག་ནི་སྤྲུལ་པས་འདུལ་བ་ཡིན་ཏེ། སྤྲུལ་པའི་འདུལ་བ་ཅི་འདྲ་བར།། ཉན་ཐས ་ཐམས་ཅད་ཀྱི་འདུལ་བ་ཡང་དེ་དང་འདྲའོ།། བཙུན་པ་ཀུན་དགའ་བོ་གང་དག་དེ་ལྟར་བཏུལ་བ་དེ་དག་ནི་ཡང་དགུ་པར་བཏུལ་བ་ཡིད།། གང་དག་ཆོས་ཀྱིས་འདུལ་བ་འདི་ལ་མོས་པར་མི་བྱེད་པ་དེ་དག་ནི་ལྷག་པའི་དརྒྱལ་ཅན ་དུ་རིག་པར་བྱའོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ་ཇི་ལྟར་ན་དགེ་སློང་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། བཙུན ་པ་ཀུན་དགའ་བོ།། འདི་ལ་དགེ་སློང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངསུ་དག་པས། ཡོངསུ་དག་པར་རློམས་མ་སུ་བྱེད་པ་ནི། ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ།། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོང་སུ་དག་པས། ཡོངསུ་དག་པར་རློམ་སེམསུ་བྱེད་པ་ནི། ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ།། བདག་གིས་ཐོབ།། བདག་གིས་མངོན་སུམ་དུ་བྱས།། སྙམ་དུ་སེས ་ཤིང་། རློམ་སེམསུ་བྱེད་པ་དང་། ཡོངསུ་རྟོགས་པར་བྱེད་པ་ནི། ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ།། འཇིག་ཚོགས་ལ་ལྟ་བས་སྐྲག་ཅིང་། བགྲོད་པ་ཅིག་པའི་ལམ་གྱི་རོ་མྱང་བར་བྱེད་པ་ནི། ལྷག་པའི ་ང་རྒྱལ་ཅན་དུ་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་གང་གིང་འཇིག་ཚོགས་ལ་ལྟ་བ་སྟོང་པའི་སྟོང་པ་ཉིད་དེས་བགྲོད་པ་ཅིག་པའི་ལམ་ཡང་སྟོང་པའི་ཕྱིར་ཏེ། སྟོང་པ་དེ་ལྟ་བུ་ལ་སྟོང་པ ་ཉིད་ཀྱིས་ཡང་དག་པར་མི་འཇུག་པ་དེ་ནི། ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ།། བཙུན་པ་ཀུན་དགའ་བོ་གཞན་ཡང་དགེ་སློང་གང་འཇིག་ཚོགས་ལ་ལྟ་བའི་སྟོང་པ་ཉིད་གང་ཡིན་པ་དང་། བགྲོད་པ་ཅིག་པའི་ལམ་གྱི ་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེ་ལ། སྟོང་པ་ཉིད་ཀྱིས་མཉམ་པར་བྱེད་པ་ནི། ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཀུན་དགའ་བོ།། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། འཇིག ་ཚོགས་ལ་ལྟ་བ་ཡང་གཞན་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ཉིད་སྟོང་པ་ཉིད་ཡིན་པ་དང་། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། ལམ་ཡང་གཞན་མ་ཡིན་ཏེ། ལམ་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིརརོ།། བཙུན་པ་ཀུན་དག ་གཞན་པ་གེ་སློང་མ་རིས་པ་དང་། གླེང་པའི་སྲིང་པས་འཇིགས་ཤིང་། མརིག་པལས་རྣམ་པར་གྲོལ་བ་བྱུང་བ་བྱེད་པ་ནི། ལྷག་པའི་རྒྱལ་ཅན་དུ་ཤེས་པར་དབྱེར།། དེ་ཅིའི་ཕྱིར་ཞེ་ན། ་ལ་གཉི་སུ་འདུ་ཤེས་འཇུག་པདེ་ནི། རྣམ་པ་གྲོལ་བ་མ་ཡིན་པའི་ཕྱིར།། བཙུན་བཀུན་དགུའབོ་གཞན་ཡང་ང། སློང་ག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་སྐྲག་ཅིང་། རྣམ་པར་ཐར་པའི ་གསུམ་པོ་དག་གིས་རྐྱང་བར་བྱེད་བ་དང་། བྱིན་ཅི་ལོག་པནིས་སྐྲག་ཅིང་། འདུཤེས་པཞིའི་ད་མྱང་བ་བྱེད་པ་དང་། སྒྲིབ་བསྡུས་སྐྲག་ཅིང་ངར་མ་ལྔ་ལོར་མྱང་བར་བྱེད་བ་དང་། སྦྱི་མ་ཆེད་དྲུག་གས་སྐྲག་ཅིང་མངོན་པ ་ཤེས་པ་དྲུག་ག་དྲུང་བ་བྱེད་པ་དང་། རྣམ་པར་ཤེས་པའི་གནས་པ་དུན་ཀྱིས་སྐྲག་ཅིང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མྱང་དབྱེད་པ་དང་། ལོག་པ་ཉིད་བརྒྱད་ཀྱིས་སྐྲག་ཅིང་འབུགས་པའི ་ལན་འག་རྒྱང་པའི་མྱོང་བར་བྱུང་བ་དང་། འདུས་བྱས་ཀྱི་དབུས་ག་གཅིང་། མཐ་གྱིས་གནས་པའི་རྣམ་པར་འཇུག་པ་དགུ་བྱུང་བར་བྱེད་པ་དང་། མེ་དགེ་བབཙུ་ལས་ཀྱི་ལམ་གྱི ་སྐྲག་ཅིང་སློབ་པ་ནམོ་བཅུའི་མྱང་བ་བྱེད་པ་དང་། འཇུས་བྱ་གྱི་ཁམས་ཀྱིས་སྒྲག་ཅིང་། འདུས་བྱས་ཀྱི་ཁམས་དག་གིར་བྱུང་བ་བྱེད་པ་ནི། ལྷག་གི་རང་རྒྱལ་ཅན་དུ་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ་བཀུན་དགའ་བོ།། དེ་དག་ཐམས་ཅད་ནི་གསོ་བ་དང་། རློམ་སེ་མས་དང་སྨོས་པ་ཡིན་ཏེ། བཙུན་པ་ཀུན་གར་བ་ཛི་ཙ་མཇུག་སོ་བ་དང་། རློབ་སངས་དང་། སྤྲོས་པ་དང་། སེམས་མམ་པ་དང་། ངས་རབ་དང་། ཡིན་པ་དང་། གྲོང་བང་། ཨོཾ་ཆུ ་རྟོགས་པ་དང་། རྟེན་པ་དང་། ལྷག་པར་མེད་པ་དང་། སྒོ་འས་པ་ཡོད་བ་ཙམ་དུ་ལྷག་པ་བྱེད་བང་ལྡན་པའི་ལྷག་པའི་དརྒྱལ་ཡིན་པའི་ཕྱིར་ཏེ། བདུན་པཀུན་དག་བོ།། དེ་ལ་བུའི་དགེ་སློང་ནི་ལྷག་པའི་ངུལ་དུ་ཤེས་པར་བྱའོ།། དེ ་ཅིའི་ཕྱིར་ཞེ་ན། བཙུན་པ་ཀུན་དགའ་བོ་འདུས་བྱས་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དང་། སྟོང་པ་ཉིད་དུ་མི་འཇུག་པ་ནི། ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱ་བ་ཡིན ་བའི་ཕྱིརརོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ་ཇི་ལྟར་ན། དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང ་ག་ཚེ། དགེ་སློང་ནང་ཉེ་བར་ཞི་བས་ཡུལ་ཐམས་ཅད་ཀྱང་ཉེ་བར་ཞི་བར་མཐོང་ཞིང་། མཉམ་པ་ཞེས་བྱ་བ་འམ། མི་མཉམ་པ་ཞེས་བྱ་བ་འམ། རིག་པ་ཞེས་བྱ་བ་འམ། མ་རིག་པ་ཞེས་བྱ་བ་འམ། དམིགས་ཤེས་བྱ་བ་འམ། མི་དམིགས་ཤེས ་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་མ་བྱས་ཤེས་བྱ་བར་རློམ་སེམ་སུ་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། གཉིས་འབྱེད་པར་མི་བྱེད། ཅིག་ཏུ་སྡུད་པར་མི་བྱེད། ལེན་པར་མི་བྱེད། འདོར ་བར་མི་བྱེད། འཕྲོ་བར་མི་བྱེད། མངོན་པར་ཞེན་པར་མི་བྱེད་ཅིང་། ཆོས་ཐ་མས་ཅད་ཡང་དག་པའི་མཐའ་དང་མཉམ་པར་ཡང་དག་པར་རྗེསུ་མཐོ་ངལ། མཉམ་པ་མེད་པ་དང་། མི་མཉམ་པ་མེད་པར་མཉམ་པ་ཉིད་ཀྱིས ་མཉམ་པས་མཉམ་པར་བྱ་བ་འམ། མི་མཉམ་པར་བྱ་བའི་ཆོས་གང་ཡང་མེད་དེ། མཉམ་པ་ཉིད་གང་ཡིན་པ་དེ་ཡང་ཡང་དག་པར་རྗེ་སུ་མཐོང་ཞིང་། རློམ་སེམསུ་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། མངོན་པར ་ཞེན་པར་མི་བྱེད་ན། ཐོབ་པ་འམ། མངོན་པར་རྟོགས་པ་འམ། མངོན་སུམ་དུ་བྱ་བས་རློམ་སེམསུ་བྱེད་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མདོ།། བཙུན་པ་ཀུན་དགའ་བོ་དེ་ལྟར་ན། དགེ་སློང་ལྷག་པའི་ང་རྒྱལ་མེད་ཅིང་།། གཉེན་པོ་མད ་བདང་། ཕྱོགས་མེད་པ་དང་། རང་གི་ཕྱོགས་དང་། གཞན་གྱི་ཕྱོགས་དང་བྲལ་བ་དང་། ཆོང་བ་ཐམས་ཅད་ཆུ་གཅད་པ་དང་། ཚོར་བ་དང་། ཚོར་བ་མེད་པ་ཐམས་ཅད་དང་། དམིགས་པ་དང་། རྣམ་པར་རྟོག་པ་དང་། མིང་ལ་བྱེད་པ་ང ་དང་བྲལ་བ་དང་། འཆིང་བཡེད་པ་དང་། རྐེ་བ་ལེན་པ་མེད་པ་དང་། ཞི་བ་དང་། རབ་ཏུ་ནི་བ་དང་། ཉེ་བ་ཞི་བ་ཡིན་ཏེད་ནིང་ང་འཛིན་པ་དང་། དཡིད་འཛིན་པ་དང་བྲལ་བས་ཆོས་གང་ལ་ཡང་སྦས་པ་འམ ་མངོན་པར་རྟོགས་པ་འམ། མངོན་སུམ་དུ་བྱ་བ་ཡོད་པའི་ཆོས་དེ་ཡང་དག་པར་རྗེགུ་མི་མཐོང་སྟེ། དེ་ལྟར་ཞུགས་པའི་དགེ་སློང་ནི་ལྷག་པའི་ང་རྒྱལ་མེད་པ་ཡིན།། དེས་ནི་ནམ་ཁའི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཐམས ་ཅང་མཉམ་པ་ཉིད་རྟོགས་པས་ན། ཆོས་གང་ལ་ཡང་དགེ་བ་ཞེས་བྱ་བ་འམ། མི་དགེ་བ་ཞེས་བྱ་བ་འམ། ཁང་མཐོ་བ་དང་བཅས་པ་ཞེས་བྱ་བ་འམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་འམ། ཟག་པ་དང་བཅས་པ་ཞེས་བྱ་བ་འམ། ་ཟག་པ་མེད་པ་ཞེས་བྱ་བ་འམ། འཇིག་རྟེན་པ་ཞེས་བྱ་བ་འམ། འཛི་གརྟེན་ལས་འདས་པ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བའམ། འདུས་མ་བྱས་ཤེས་བྱ་བར་སྒྲོ་འདོགས་པར་མི་བྱེད་དོ།། དེའི་སྒོ ་འདོགས་པ་མེད་པ་ཉིད་ཀྱིས་ཀྱང་རྨོབ་སམ་སུ་མི་བྱེད། རྟོག་པར་དྲི། བྱེད། རྣམ་པར་རྟོག་པར་མི་བྱེད་དེ། ཡང་དག་པར་རྗེསུ་མི་མ་ཐང་ངོ་།། དེས་ནི་ཚས་ཐམས་ཅད་སྤྲོ་བཏགས་པ་མེད་པར་མཉམ་པ ་ཉིད་ཀྱིས་མཉམ་ཞིང་ན་མཁརའ་ལྟར་མཉམ་པ་ཉིད་རྟོགས་པ་ཡིན།། བཙུན་པ་ཀུན་དགར་བོ་གང་དེ་ལྟར་མོས་པའི་དགེ་སློང་ནི། ཡང་དག་པར་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་ལྟར་ན་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། ་དེ་ལས་དགོངས་ནས། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཇི་ལྟར་རྣམ་པར་ལག་མཐིལ་ལ་མི་ཆགས་པ་ལྟར་དགེ་སྦྱོང་གི་ཆོས་ཀྱང་དེ་བཞིན་ནོ་ཞེས་གསུང་སོ།། བསྟན་པ་འདི་བཤད་པ་ན། དགེ་སློང་ཉིས་བརྒྱ་ལེན་པ་མེད་པར ་ཟད་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས་ལྷའི་བུ་རིན་ཆེན་མཆོག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པའི་ང་རྒྱལ་མེད་པ་ཡང་དག ་པའི་ཤེས་པ་བརྡ་སྤྲོད་པར་བྱེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ ་འཕགས་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཡང་དག་པར་འདས་པའི་སེམས་དེ་ནང་ན་གནས་པར་ཡང་མི་མཐོང་། ཕྱི་རོལ་ན་ཡང་མ་ཡིན། གཉི་ག་མེད་པར་ཡང་མ་ཡིན། ཕྱི་རོལ་གྱི་ཡུལ ་ལ་རྒྱུ་ཞིང་གནས་པར་ཡང་མི་མཐོང་ལ། དགེ་བའི་རྩ་བ་བརྩམས་པར་བྱ་བ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངསུ་གཟུང་བའི་ཕྱིར་ཡང་རྒྱུ་ཞིང་། ཐམས་ཅད་མཁྱེན་པའི་སེམས་དེ ་ཡང་། སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་ལ་རྗོད་བར་བྱེད་ལ། སེམས་དེ་ཡང་ཡང་དག་པའི་མཐའི་ངོ་བོ་ཉིད་དུ་རྟོག་པར་གྱུར་ཏེ་དྲིས་ན། སེམས་ཀྱི་ངོ་བོ་ཉིད་ཀྱི་སེམས་ཅན་ཐམས་ཅད་ཀྱི ་ངོ་བོ་ཉིད་རྟོགས་ཤིང་། སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་ལ། ཆོས་ཐམས་ཅད་ཀྱི་ངོ་ཚ། ཉིད་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་ཤིང་། དགེ ་བའི་རྩ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་བརྡ་སྤྲོད་པར་བྱེད་པ་དེ་ནི། ལྷའི་བུ་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཤེས་པ་བརྡ་སྤྲོད་པ་ཡིནོ།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ ་སེམས་དཔས་སྦྱིན་པ་སྦྱིན་པ་ན། གང་གཏོང་བར་བྱེད་པ་དང་། གང་གིས་གཏོང་བར་བྱེད་པ་དང་། གང་ལ་གཏོང་བར་བྱེད་པ་དང་། གང་དུ་གཏོང་བར་བྱེད་པ་དང་། གང་དུ་ཡོངསུ་སྔོ་བར་བྱེད་པ་དེ་དག་ཤིན་ཏུ་གཏོང་བས ་གཏོང་བར་བྱེད་ཅིང་། རྟེན་པར་མི་བྱེད། གནས་པར་མི་བྱེད། མངོན་པར་ཞེན་པར་མི་རི་བར་མི་བྱེད། དམིགས་པར་མི་བྱེད་ལ། ཡང་དག་པར་རྗེ་སུ་མི་མཐོང་བས་དྲིས་ན། ཤིན་ཏུ་གཏོང་བ་ཉིད་དང་། ཤིན་དུ་མི་དམིགས ་ཀྱ་ས་ཏེ། མམ་ཅད་ཀྱང་ག་ཀྱིས་སེམས་ཅན་ཐས་ཅད་ཅིང་ག་དོགས་ཤིང་། མམས་ཅན་བམས་ཅད་ཀྱང་ས་ཀྱིས། བྱམ་བྱམ་པཔ་ར་ང་ས་བརྡ་བ་བྱེད། ་ང་ཏུ་མ་ས་པ་ཞེས་པའི་བ་སློང་སྦྱིན་ས་སུག་པད་།། ཀྭའི་ཐུག་ནས་གང་ཤི་། བྱང་ཆུ་མ་པ་མ་ཞེབ་ནིབས་ཆུས་གླི་ས་མ་ཏེ། ་སེམས་ཅན་ལ་ས་ཅོམ་མས་ཅ་ཁ་ན་བ་ན་གམམས་ཅད་། བང་ཞེཔས་ཡང་ག་པའི་ཐ་དང་ཛིན། སྲ་བར་རྟོགས་པ། དེ་ས་ག་པ་ཐ་བ་ན ་། ས། གས་། ན་བ་། འི་བདུ་བྱང་ཆུ་སེམས་པའི་ཚོགས་པ་པང་རྗོ་ཆུས་ཐས་ཀྱིས་པ་ལུངས ་། འི་ཐུན་ག་། བྱ་ས་ས་པ་ཤི་ཏུ་ད་། ཀཽ་ཀྱ་གས་ཅོ་ཉིད་དུ། ཤི་སུལ་མན་པ་ཉིད་དུ་གས། པམས་ན་ཐམས་ཅད་ཀྱིས ་ས་ང་། གངས་གྱི་ང་གི་མས་སུ་མ་རྫོང་བ་དང་། གཤེས་པང་ཚྭ་བ་གྱུང་མིརའི་མེང་བྱེད་བྱེ་མ་དུས་ཤི་ཤིང་། སེམས་ཅན་མམས་ཅད་ཀྱིས་པ་བྱས་པ་ང་པ་དང་། ་སེམས་ཅན་དེ་དག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བཟོད་པའི་ངོ་བོ་ཉིད་ཡིན་པ་དང་། བཟོད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པ་དང་། བྱང་ཆུབ་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད ་ཡིན་པར་རྟོགས་ཤིང་། ཆོས་ཐམས་ཅད་ཀྱང་ཡང་དག་པའི་མཐིའི་ངོ་བོ་ཉིད་དུ་རྟོགས་ཏེ། དྲིས་ན་ཤིན་ཏུ་ཟད་པའི་ཆོས་ཉིད་དང་། ཤིན་ཏུ་སྐད་ཅིག་པའི་ཆོས་ཉིད་དང་། ཤིན་ཏུ་ཡ་མ་རླའི་ཆོས་ཉིད་དུ་རྟོགས་པས། རྒྱུ་བ་མེད་པ། ་ཉིད་ཀྱིས་བཟོད་པ་བརྡ་སྤྲོད་པར་བྱེད་དེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཤེས་པ་བརྡ་སྤྲོད་པས། ཡོངསུ་དག་པ་ཡིན།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔས་ཡིད་ལ་བྱེད་པ་ཐམས་ཅད་ཀྱིས ་དབེན་པའི་ཆོས་རྟོགས་ཤིང་། སྒྲོ་འདོགས་པ་མེད་ལ། བཏང་སྙོམས་དང་ལྡན་པ་འི་བརྩོན་འགྲུས་དང་ལྡན་པས། བརྩམ་པ་གང་རྩོམ་པ་དེ་དབེན་པ་ཉི་ང་དུ་ཡང་དག་པར་རྗེ་སུ་མཐོང་བ་དང་། དེ་ནང་དབེན་པས་ཕྱི ་རོལ་ཏུ་རྩུབ་མེད་པར་སེམས་ཅན་མོ་སུ་སྨིན་པར་བྱ་བའི་ཕྱིར་རྒྱུ་ཞིང་། བརྩོན་འགྲུས་དབེན་པས་སེམས་ཅན་ལེན་པར་རྟོགས་པ་དང་། སེམས་ཅན་དདེན་པས་བྱང་ཆུབ་དབེན་པར་རྟོགས་པ་དང ་བྱང་ཆུབ་དབེན་པས་ཆོས་དབེན་པར་རྟོགས་པ་དང་། ཆོས་ཐམས་ཅད་དབེན་པས་ཡང་དག་པའི་མཐར་དབེན་པར་རྟོགས་པས་དྲིས་ན། བརྩོན་འགྲུས་དེ་དག་ཉིད་ཀྱི་རང་བཞིན་དངན་པ་ཇི་ལྟ་བ་བཞིན་དུ། དབེན་པར་བརྡ ་སྤོང་བར་བྱེད་དེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཤེས་པ་བརྡ་སྤྲོད་པ། བརྩོན་འགྲུས་ཀྱིས་ཡོངསུ་དག་པ་ཡིན།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་མཉམ་ཞིང ་བྱེ་བྲག་མེད་པར་གྱུར་པར་བསམ་གཏན་བྱེད་། བསམ་གཏན་དེ་ལ་སེམས་གནས་པར་འཇོག་ཅིང་། གནས་དེ་ལ་ཡང་རྣམ་པར་ཤེས་པ་གནས་པར་མི་བྱེད་པ་དང་། དེས་རྣམ་པར་ཤེས་པ་མི་གནས་ཤིང་། སེམས་མཉམ་པ ་པ་ཉིད་ཀྱིས་བསམ་གཏན་མཉམ་པ་ཉིད་དུ་རྟོགས་པ་དང་། བསམ་གཏན་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དུ་རྟོགས་པ་དང་། བྱང་ཆུབ་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་མཉམ་པ་ཉིད ་རྟོགས་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྗེ་སུ་རྟོགས་པས། དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཞེས་བྱ་བར་རིག་ལ། དྲིས་ན། རང་བཞིན་ཇི་ལྟ་བ་བཞིན་དུ་མཉམ་པ་ཉི་ཀྱིས ་ཆོས་ཐམས་ཅད་མཉམ་པ་ཉིད་བང་སྤྲོད་པར་བྱེད་དེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཤེས་པ་བརྡ་སྤྲོད་པ་བསམ་གཏན་གྱིས་ཡོང་སུ་དག་པ་ཡིན།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་ལས ་ཤེས་རབ་ཀྱི་མིག་གིས་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་ཐོང་སྟེ། ཇི་ལྟར་ཆོས་གང་ཡང་ཡང་དག་པར་རྗེ་སུ་མི་མཐོང་བ་དེ་ལྟར་མཐོང་ཞིང་། གང་གི་ཚེ་ཆོས་གང་ཡང་ཡང་དག་པར་རྗེ་སུ་མི་འཅོ ་བདེའི་ཚེ། ཅི་ཡང་མ་ཡིན་པར་འགྱུར།། དེ་ཅི་ཡང་མ་ཡིན་པའི་ཤེས་བ་ཟབ་པས། མི་ནུ། རབ་ཏུ་མི་རྒྱུ། རྣམ་པར་མེ་དྷུའོ།། དེས་རྒྱུ་བ་དང་། རབ་ཏུ་ཆུབ་དང་། རྣམ་པར་རྒྱུ་བ་ཐམས་ཅད ་ཡང་དག་པར་རྒྱུན་བཅད་པས་མི་འཁོར་རོ།། རྣམ་པར་མི་འཁོར་རོ།། དེ་ཅིའི་ཕྱིར་ཞེ་ན། དེས་གང་གིས་འཁོར་བར་འགྱུར་བའི་རབ་ཏུ་རྒྱུ་བ་དེ་འདི་ལྟ་སྟེ། འདོད་པ་དང་།། ཆགས་པ་དང་། སྨོན་པའི་རྒྱུན་བཅང ་ཕྱིར་ཏེ། དེ་འདོད་པ་དོན་དུ་གཉེར་བ་ཐམས་ཅད་མེད་པར་སེམས་ཅན་ཡེངས་སྨིན་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྡུ་བ་དང་། དམ་པའི་ཆོས་ཡོང་སུ་གཟུང་བ་དང་། དཀོན་མཆོག་གསུམ ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར། བསམ་བཞིན་དུ་སྐྱེ་བ་རྣམསུ་རྒྱུ་བར་བྱེད་དེ། དེ་ནི་རྒྱུ་བ་མེད་པ་ཉིད་ཀྱིས་རྒྱུ་བར་བྱེད་ཅིང་། ཆོས་རྣམས་ཀྱི་རང་བཞིན་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པར་འཁྲུག་པར་མི་བྱེད ་དེ་ནི་དེའི་ཤེས་རཔ་ཡིན་པས། དེ་ཤེས་རབ་ཀྱི་རང་བཞིན་གྱིས་བྱང་ཆུབ་རབ་ཏུ་ཤེས་པ་དང་། བྱང་ཆུབ་ཀྱི་རང་བཞིན་གྱིས་སེམས་ཅན་གྱི་རང་བཞིན་དང་། སེམས་ཅན་གྱི་རང་བཞིན་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་ཤིང་། ་ཆོས་ཐམས་ཅད་ཀྱང་ཡང་དག་པའི་མཐའི་རང་བཞིན་དུ་རབ་ཏུ་ཤེས་ཏེ། དྲིས་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པ་དེ་ཉིད་བརྡ་སྤྲོད་བར་བྱེད། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཤེས་པའི་བརྡ་སྤྲོད་པ་ཤེས ་རབ་ཀྱི་མིག་གིས་ཡོངསུ་དག་པ་ཡིན་ནོ།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པས་གནས་པ་ན། དེས་སྔོན་གྱི་མཐའ་ལུས་ནི། མ་སྐྱེས་པར ་རབ་ཏུ་ཤེསོ།། ཕྱི་མའི་མཐའི་ལུས་ནི་འཕོ་བ་མེད་པར་རབ་ཏུ་ཤེསོ།། ད་ལྟར་བྱུང་བའི་ལུས་ལ་ནི། རྩཝ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་གྱི་ངོ་བོ་ཉིད་ལྟ་བུར་སོ་སོར་རྟོག་པར ་བྱེད་དེ། དེདེ་ལྟར་ལུས་ལ་ལུས་ཀྱི་རྗེསུ་ལྟ་ཞིང་གནས་པས། ལུས་ཀྱི་རང་བཞིན་སྐྱེ་བ་མེད་པར་རིག་ནས། ལུབ་ཀྱི་རྣམ་པར་རིག་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ནས་སློང་བར་མི་བྱེད་དོ།། ཡིད་ལ་བྱེད་པ ་ནས་སློང་བར་མི་བྱེད་པ་གང་ཡིན་པ་དེ་ནི། ལྷག་པར་བྱེད་པ་ལ་མི་གནས་པ་ཡིན་ཏེ། དེ་ལྷག་པར་བྱེད་པ་དང་བྲལ་ཞིང་རྣམ་པར་ཤེས་པ་མི་གནས་པས། ལུས་ལ་ལུས་ཀྱི་རྗེ་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཡང་། ཆོས ་གང་ལ་ཡང་སྒོམ་པར་མི་བྱེད། རྣམ་པར་འཇིག་པར་མི་བྱེད།། དེས་ཆོས་ཐམས་ཅད་དངོས་པོ་མེད་པར་རིག་ནས། ལུས་ལ་ལུས་ཀྱི་རྗེ་སུ་ལྟ་ཞིང་གནས་པ་ན། སེམས་གང་གིས་དེ་ལྟར་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་ཞིང་གནས ་པའི་སེམས་དེ་ཡང་། རྒྱུ་མའི་ཆོས་ཉིད་དང་། བྲག་ཚའི་ཆོས་ཉིད་ལྟ་བུར་རབ་ཏུ་ཤེས་སོ།། དེ་ལྟར་རབ་ཏུ་ཤེས་པས་བདེ་བའི་ཚོར་བ་ལ་རྗེ་སུ་ཆགས་པ་མེད་ལ། སྡུག་བསྔལ་གྱི་ཚོར་བ་ལ་ལོང་ཁྲོ་བ ་མེད་ཅིང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ཡང་རྨོངས་པ་མེད་པས། མ་རིག་པ་བག་ལ་ཉལ་བར་མི་འགྱུར་ཏེ། གང་གི་ཚེ། ནོར་བ་རྣམས་ཀྱིས་མི ་འཕྲོགས་པ་དེ་ནི། དེའི་ཚོར་བ་རྣམས་ལ་ཚོར་བའི་རྗེ་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཡིན།། དེ་དེ་ལྟར་ཚོར་བའི་རྗེ་སུ་ལྟ་ཞིང་གནས་པ་ན། ཆོས་ཐམས་ཅད་ལ་ཚོར་བའི་རྒྱུ་བ་དག་གི་སེམས་མི་རྒྱུ་བས་དེ་ཆོས ་ཐམས་ཅད་ལ་སེམས་མི་གནས་པའི་ཕྱིར། བྱང་ཆུབ་ཀྱི་སོས་སྤོང་བར་མི་བྱེད། འདོང་བར་མི་བྱེད། ཡོང་སུ་གཏོང་བར་མི་བྱེད་དེ། ད་ནི་དེའི་སེམས་ལ་སེམས་ཀྱི་རྗེ་སུ་ལྟ་བ་རི་དྲན་པ་ཉེ་བར་གཞག་པ་ཡིནོ།། དེ་ཆོས་ཤེས་པ ་མངོན་སུམ་དུ་གྱུར་པས། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྦ་ཞིང་ག་དནས་པ་ན། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས། ཆོས་ཉིད་ལ་འཇུག་པར་བྱེད་ཅིང་། ལུས་དང་། ཚོར་བ་དང་། སེམས་དང་། ཆོས ་རྣམས་ལ་འདུ་ཤེས་དང་། ཡིད་ལ་བྱེད་པ་དང་། ལྟ་བ་དང་། ཀུནནས་དཀྲིས་པདག་གིས་གནས་པར་མི་བྱེད་དེ། དེ་ནི་དེའི་ཆོས་རྒྱ་ས་ཀྱི་རྗེ་སུ་ལྭ་བའི་དྲན་པ་ཉེ་བར་གཞག་པ་ཡིནོ།། དེས་ཆོས་ཐམས ་ཅང་ང་བཞིན་གྱི་མབྱུང་ཤིང་། དངས་པོ་མེད་པ་དང་། ནམ་ལ་རང་བཉིངས་བུར་རྟོགས་པའ་དྲིང་ན། དྲན་པ་མེང་པ་དང་། མངོན་པ་འདུ་བྱ་བ་མེད་པ་དང་། དྲན་པཉེ་བར་གཞག་པ་བརྡ་སྨོད་པར་བྱེད། ལྷའི་བུ་དེ་ནི ་བྱང་ཆུབ་སེས་དཔའི་ཡང་དག་པའི་ཤེས་པ་བརྡ་སྤྲོས་པ་དྲན་པ་ཉེ་བར་གནག་པས་ཡོངསུ་དགུ་པ་ཡིནོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཤེས་པ་ནི་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས ་དེས་སུ་ཤེས་པ་བྱེད། རྣམ་པར་རིག་པ་གྱིང་། གནས་པར་བྱེད། མ་སྤོང་བར་བྱེད་། རྣམ་པར་མིགས་པར་བྱེད། མི་བརྗེད་པར་བྱེད་པ་དང་། དང་པོ་དགེ་པའི་རྩ་བ་རྣམས་ཀྱི་ཐགམ་པ་འགྲོ་བ་དང་། ་སྣའི་སེམས་ལ་མི་འཇུག་པ་དང་། བདོག་པ་ཐམས་ཅད་ཡོང་སུ་གཏོང་བའི་རྗེསུ་འཇུག་པ་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་སྤོང་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་མེད་པ་དང་། སེམས་ཅན་ཐམས ་ཅད་ལ་གནོད་སེམས་མེད་ཅིང་། རྩོད་པ་མེད་པ་དང་། ལུས་དང་། ངག་དང་། སེམས་ཀྱིས་རྨ་མི་འབྱིན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བརྩོན་འགྲུས་མི་རྩོམ་པ་དང་། ཐེག་པ་ཆེན་པོའི་བརྩོན་འགྲུས་རྩོམ ་པ་དང་། མི་དགེ་བའི་ཆོས་རྣམས་ཡིད་ལ་མི་བྱེད་ཅིང་། མི་དྲན་པ་དང་། བསམ་གཏན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མི་གནས་པར་སྒོམ་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་ལ་མི་རྒྱུ་བ་དང་། ཆོས ་ཐམས་ཅད་འཕྲོ་བར་མི་བྱེད་པ་དང་། ཆོས་ཐམས་ཅད་ལ་རྣམ་པ་མེ། དྲ་བར་འཇུག་པ་དང་། སེམས་ཅན་རྣམས་ཀྱི་བསམ་པའི་རྣམ་པ་ལ་འཇུག་པ་དང་། ཡུལ་རྣམས་ལ་མི་རྒྱུ་བ་དང་། འཕགས་པའི ་སྐྱེ་བོ་རྣམས་ཀྱི་རྗེ་སུ་འཇུག་པ་དང་། འཕགས་པ་མ་ཡིན་པའི་སྐྱེ། བོ་རྣམས་དང་མ་འདྲེས་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་མ་སྨད་པ་དང་། བག་ཡོད་པ་ལྷུར་ལེན་ཅིང་། སངས་རྒྱས་ཀྱི ་ཆོས་ཡོངསུ་ཚོལ་བ་དང་། བསྟང་མི་དགོས་པར་དགོས་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤངས་པས་རྣམ་པར་དག་པ་དང་། ཚུལ་ཁྲིམས་སྐྱོན་མེད་པའི་ཕྱིར ་ཡོངསུ་གདུང་བ་མེད་པ་དང་། ལོག་པར་ཞུགས་པ་རྣམས་དང་མ་འབྲེལ་པ་དང་། ནང་ཤིན་ཏུ་དག་པས་ཚུལ་ཆོས་པ་མེད་པ་དང་། ངག་གི་ལས་ཡོངས་སུ་དག་པས་ཁ་གསག་མེད་པ་དང་། རང་གི་རྙེད་པས་ཆོག་ཤེས་པས ་ཚོལ་བ་མེད་པ་དང་། ཚོལ་བ་ངན་པ་རྣམ་པར་སྤངས་པས་ཐོབ་ཀྱིས་འཇལ་བ་མེད་པ་དང་། ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། གཡོ་བ་མེད་པ་དང་། ཁམས་གསུམ་ལ་འདུན་པ་དང་བྲལ་བས་འདོད་པ་ཆུང་བ ་སྡིག་པ་འདོད་པ་དང་བྲལ་བས་ཆོག་ཤེས་པ་དང་། ཆོས་ཐམས་ཅད་དབེན་པར་མོས་པས་དབེན་པ་དང་། འཇིག་རྟེན་པའི་སྤྱོད་པ་སྤངས་པས་དོན་ཉུང་བ་དང་། སྤྲོས་པ་ཐམས་ཅད་ཡང་དག་པར་བཅད་བས ་སྤྲོས་པ་མེད་པ་དང་། འདུན་པ་དང་། ཞེ་སྡང་དང་། འཇིགས་པ་དང་། གཏི་མུག་དང་བྲལ་བས་འགྲོ་བ་མེད་པ་དང་། ང་རྒྱལ་ངེས་པར་བཅོམ་པས་ཆོས་ལ་དགའ་བ་དང་། སེམས་ཤིན་ཏུ་དུལ་བས་ཅད་ཤེས་པ་དང་། ཚུལ་ཁྲིམས ་ཀྱི་ཕུང་པོ་ཀུན་ཏུ་སྲུང་བ་དང་། ཏིངངེ་འཛིན་གྱི་ཕུང་པོས་སེམས་པ་མེད་པ་དང་། ཤེས་རབ་ཀྱི་ཕུང་པོས་སེམས་གནས་པ་མེད་པ་དང་། ཤེས་རབ་ཀྱི་ཕུང་པོས་སེམས་རྣམ་པར་གྲོལ་བ་དང་། འཕགས་པའི་རིགས་མི་འདོང་བར ་བྱང་ཆུབ་ཀྱི་སེམས་ལ་དས་བཅས་པ་མཉམས་པ་དང་། རྙེད་པ་དང་། !ཀུནྡ་སྟི་ང་། ཐམས་ཅད་དོན་དུ་མི་གཉེར་བ་དང་། སེམས་ཅན་པ་རྡོལ་དག་གི་ང་བྱེད་པ་དང་། གཞན་ཀུན་ཏུ་བསྲུང་བའི་ཕྱིར། བདག ་རྗེསུ་བསྲུང་བ་དང་། རང་གི་སེམས་ལ་ངེས་པར་སེམས་པས་གཞན། གྱི་འཁྲུལ་པ་རྣམས་མི་ཚོལ་བ་དང་། ཚུལ་ཁྲིམས་ལེགས་པ། ར་བསྡམས་པས་འཇིགས་པ་ཐམས་ཅད་དང་བྲལ་བ་དང་། སློབ་དཔོན ་གྱི་དཔེ་མཁྱུ་མེད་པས་ཆོས་ཀྱི་བགོ་བ་ཤ་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་རྗེ་སུ་སྲུང་བ་དང་། དང་པོར་དགེ་བའི་ཆོས་ཐམས་ཅད་ལ་ཐོག་མར་འགྲོ་བ་དང་། ཆོས་ཐམས་ཅད་རོ་ཅིག་པས་སྤྱོད་པ་ཐ་དད ་པ་མེད་པ་དང་། རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པས་རློམ་སེམས་མེད་པ་དང་། སྐྱེ་བ་མེད་པར་ཡང་སོ་སོར་རྟོག་ལ་སེམས་ཅན་ཡོང་སུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་སྐྱེ་བ་ཡང་ཡོང་སུ་འཛིན་པ་དང་། ཆོས ་ཐམས་ཅད་ལ་གཟོད་ས་ནས་སྟོང་པ་ཉིད་དུ་ཡངས་སོར་རྟོག་ལ། ལྟ་བ་ཐམས་ཅད་གདུལ་བའི་ཕྱིར་སེམས་ཅན་ཡོངསུ་སྨིན་པར་ཡང་བྱེད་པ་དང་། མཚན་མ་མེད་པ་ཡོང་སུ་འདྲིས་པར་ཡང་བྱེད་ལ། མཚན་མ་ལ་སྤྱོད་པའི་སེམས ་ཅན་རྣམས་ལ་ཡང་ལྟ་བ་དང་། སྨོན་པའི་ཤེས་པ་ཡང་མེད་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིར་སྨོན་ལམ་ཐམས་ཅད་ཀྱང་ཡོང་སུ་རྫོགས་པར་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡང་སོ་སོར་རྟོག་ལ། དགེ ་བའི་རྩ་བ་མངོན་པར་འདུ་བྱ་བས་ཀྱང་ངོམས་མི་མྱོང་བ་དང་། དངོས་པོ་ནི་དངོས་པོ་མེད་པར་སྣང་བས། དངོས་པོ་དང་དངོས་པོ་མེད་པ་ལ་རྟོག་པ་དང་། ལྷག་པར་བྱེད་པ་དང་དབྲལ་བའི་ཕྱིར་ཡིད་ལ་བྱེད་པ་མེད་པ་དང་། སེམས་ཅན་བང། ་མེད་པ་ལ་སྦྱོར་བས་བདག་ལ་བདག་མེད་པ་དང་། ཉོན་མོངས་པ་ཡོངསུ་བཏང་བ་དང་། སེམས་ཅན་ཡོངསུ་མ་བཏང་བས་བཏང་བ་དང་། མ་བཏང་བ་དང་། ཐབས་དང་ཤེས་རབ་བསྒོམས་པས་མ་ཞི་ཞིང་ཞི་ལ་ཉེ་བར་ཞི་བ་དང་། ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་མ་འདྲེས་པས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། བདུད་ཀྱི་ལམ་ལས་ཡང་དག་པར་འདས་པས་ལམ་ཡིན་པའི་ལམ་དང་། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མ ་འདྲེས་པས་སྤྱོད་པ་མ་ཡིན་པའི་སྤྱོད་པ་དང་། ཆོས་ཐམས་ཅད་ལ་རྟོག། པས་གདེག་པ་མེད་ཅིང་གཞག་པ་མེད་པ་མཉམ་པ་ཉིད་དང་། གཞན་པ་ལྷག་པས་རློམ་སེམསུ་མི་བྱེད་པས། བདག་མི་སྒྲོགས་པ་དང་། ་སངས་རྒྱས་ཀྱི་ཆོས་རྣམས་ཡོང་སུ་རྫོགས་པས་ཤེས་པ་མི་མཉམ་པ་དང་མཉམ་པ་དང་། ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པར་བཟོད་པས། མི་སྐྱེ་བོའི་ཆོས་ལ་བཟོད་པ་སྟེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས ་དཔའི་ཤེས་པ་ཡིན་ནོ།། ལྷའི་བུ་མི་སྐྱེ་བ་དང་། མི་འབྱུང་བ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སྐྱེ་བའི་འཁོར་བ་ཡོང་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཡོས ་སུ་རྫོགས་པར་འགྱུརརོ།། སྐྱོ་ཞིང་འདོད་ཆགས་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་རིག་པར་བྱ་བ་ལ་དགའ་ཞིང་། མཆོག་ཏུ་དགའ་བ་ནི་བྱང ་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ།། མཚམས་སྦྱོར་བ་མེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སྐྱེ་བ་མཚམས་སྦྱོར་བའི་ཤེས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ། ་ཡོངསུ་གཅོད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། དགེ་བའི་རྩ་བའི་རྒྱུན་ཆགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན།། དགེ་བའི་རྩ་བ་དང་ཞེས་འགྲས་པ་ནི། བྱང་ཆུབ་སེམས་པའི་ཤེས་པ་མ ་ཡིན་གྱི། དག་པའི་རྩ་བས་ངོམས་མི་མྱོང་བ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ།། ཁམས་གསུམ་དུ་མཚམས་སྦྱོར་བར་མི་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས་ཅན་ཡོངསུ ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་སྐྱེ་བ་ཡོང་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན།། རང་གི་ཉོན་མོངས་པ་སྤོང་བ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས ་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྣང་བའི་ཕྱིར་བརྩོན་ད་ནི། བྱང་ཆུབསེམས་དཔའི་ཤེས་པ་ཡིན་ནོ།། བདག་གི་ཕྱིར་བྱེད་པ་ནི་ང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད ་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན།། ཡལ་བར་འདོད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས་ཅན་ཡོ་སུ་སྨིན་པར་བྱ་བར་སྦྱོར་བ་ནི། བྱང་ཆུབ ་སེམས་དཔའི་ཤེས་པ་ཡིན་ནོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་ཟད་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། ཡོདོད་ཆགས་དང་། ཞེ་སྡང་དང་། གཏི་མུག ་དང་ཉོན་མོངས་པ་ཡོངས་སུ་ཤེས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ།། འཀློག་པའི་ཆོས་མངོན་སུམ་དུ་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། འགོག་པ་ཡོང་སུ་འདྲིས་པར ་བར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ།། ཟག་པ་ཟད་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། དགེ་བའི་རྩ་བས་ཟག་པ་བྲི་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་ཡིན།། ་རྣམ་པར་ཐར་པ་གསུམ་མངོན་སུམ་དུ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། རྣམ་པར་ཐར་པ་གསུམ་ལ་ཡོངསུ་འདྲེས་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིན།། ཕུང་པོ་ལྔའི་ཁུར ་འདོར་བ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཁུང་ལོར་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་ཡིན།། དབང་པོ་དྲུག་འགོག་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས ་ཅན་ཐམས་ཅད་ཀྱི་བང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ།། སྐྱེ་བཟང་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སྐྱེ་བའི་མཚམས་སྦྱོར་བར ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ།། ཉན་ཐོས་དང་། རང་ངས་རྒྱས་ཀྱི་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་ནི་བྱང་ཆུབ་སེམ་ས་དཔའི་ཤེས་པ་མ་ཡིན་གྱི། བྱང་ཆུབ་ཀྱི་སྙིང་པོར་རྣམ་པར་གྲོལ་བའི ་འབྲས་བུས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་ཡིནོ།། ཡང་དག་པའི་ཤེས་པ་བརྡ་སྤྲོད་པའི་ལེ་རུ་བསྟན་པ་འདི་བཤད་བ་ན། འཁོར་དེ་ལས་སྲོག་ཆགས་ཁྲིས་བླ་ན་མང་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེག་སོ་ལེགས་སོ།། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས ་བ་བ.རརྡ་སྤྲོང་བ་དེ་ལེགས་པར་སྨྲའོ།། འཇམ་དབྲལ་བྱང་ཆུབ་སེམས་དཔའ་གང་དག་ཤེས་པ་བརྡ་སྤྲོད་བ་བསྟན་པ་འདི་བོས་ན་མོས་པར་འགྱུར་ཞིང་། ཇི་སྐྲག་ཞིང་། མི་སྐྲག་མི་དང་ལ། དང་བར་མི་འགྱུར་བ་དེ་དག་ནི། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་ཕྱི་དུ་བ་ངོན་པར་རྫོགས་པ་སངས་རྒྱས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་དག་པའི་ཤེས་པ་བ་སྤྱོད་པར་འགྱུར་རོ།། ། དམ་པ་དེས ་ལྷའི་བུ་རིན་ཆེན་མཆོག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྤྲསོ།། འཇམ་དཔལ་ཅི་ཁྱོད་ཤེས་པ་བརྡ་སྤྲོད་བར་བྱེད་ངབ། འཇམ་དལ་གྱིས་སྨྲས་པ། ལྷའིརི་བུ་གལ་ཏེ་ཁོ་བོས་ཆོས་འགའ་ཞིག་ཐོབ་བམ། སྤངས ་པར་གྱུར་ན་ནི། ཁོ་བོ་ཤེས་པ་བརྡ་སྤྲོད་པར་ཡང་འགྱུར་བ་ཞིག་ན། ལྷའི་བུ་ཁོ་བོས་ནི་ཆོས་འགའ་ཡང་ཐོབ་པ་མེད་ཅིང་སྤངས་པ་མེད་པས་ན། ཁོ་བོས་ཅི་ཞིག་ཤེས་པ་བརྡ་སྤྲོད་པར་བྱ། ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད ་ཀྱིས་སངས་རྒྱས་བཅོམ་ལྡན་འདས་གང་བའི་ཀླུང་གི་བྱེ་མ་སྙེད་པོ་དག་ལ་ས་ཐོབ་པ་དང་། མངོན་པར་རྟོགས་པ་མེད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཐོབ་པ ་འམ་མངོན་པར་རྟོགས་པའི་ཕྱིར་ཆོས་སྟོན་པར་མི་མཛད།། སྨྲས་པ་འཇམ་དཔལ་འོན། སངས་རྒྱས་བཅོམ་ལྡན་ལས་རྣམས་ཇི་ལྟ་ཆོས་སྟོན་པར་མཛད། འཇམ་དབྲལ་གྱིས་སྨྲས་པ། ལྷའི་བུས་བྱ ་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་ཕྱིར་གྱི་རང་བཞིན་དབྱེར་མེད་པ་ཉིད་ཀྱིས་ཆོས་སྟོན་པར་མཛད་ཀྱི། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གདེག་པ་མེད་པ་དང་། གཞག་པ་མེད་པ་དང་། འགྲོ་བ་མེད་པ་དང་། སེམས་ཅན་མེད་པ ་དང་། སེམས་ཅན་དང་བྲལ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར། ཆོས་སྟོན་པར་ནི་མི་མཛད། ལྷའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ ་ལྟར་ཆོས་སྟོན་པར་མཛད་དོ།། ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདར་བའི་ཕྱིར་ཆོས་སྟོན་པར་མི་མཛད་ན། འོ་ན་གང་གི་དོན་དུ་སངས་རྒྱས་འབྱུང་བར ་འཐུང་། འཇབ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱསནི་འཇིག་ཚོགས་ལ་ལྟ་བའི་རང་བཞིན་གྱི་ངོ་བོ་ཉིད་རྫོགས་པར་བྱ་བའི་དོན་ཏུ་འབྱུང་ངོ་།། ལྷའི་བུ་སངས་རྒྱས་ནིང་རིག་པ་དང་། སྲིད་པའི་མ ་བཞིན་གྱི་ངོ་བོ་འདི་ཡང་དག་པར་བསྟན་པའི་དོན་ཏུ་འབྱུང་ངོ་།། ལྷའི་བུ་སངས་རྒྱས་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་གྱི་ངོ་བོ་ཉིད་རྟོགས་པར་བྱ་བའི་དོན་ཏུ་འབྱུང་ངོ་།། ལྷའི་བུ་སངས་རྒྱས་ནི། ཕྱིན་ཅི་ལོག ་གི་རང་བཞིན་མཉམ་པ་ཉིད་དུ་བསྟན་པའི་དོན་ཏུ་འབྱུང་ངོ་།། ལྷའི་བུ་སངས་རྒྱས་ནི་ལྟ་བའི་རྣམ་པ་ཐམས་ཅད་རྟོགས་པར་བྱ་བའི་དོན་ཏུ་འཐུང་ངོ་།། ལྷའི་བུ་སངས་རྒྱས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཆོས་ཀྱི་དབྱིངས་ཀྱི ་རང་བཞིན་གྱི་ངོ་བོ་ཉིད་ཡང་དག་པར་བསྟན་པའི་དོན་དུ་འབྱུང་ངོ་།། ལྷའི་བུ་སངས་རྒྱས་འབྱུང་བ་ཞེས་བྱ་བ་དེ་ནི། ཆོས་ཐམས་ཅད་སྐྱེ་བ་མང་པའི་ཚིག་བླ་དྭགས་ཡིན་ཏེ། གང་ལ་ཆོས་གང་ཡང་སྐྱེ་བ་མེད་པ་དེ་ལ་ནི་འཁོར་བ་ཡང ་མེད་ལ། ཡོངསུ་མྱ་ངན་ལས་འདང་བ་ཡང་མེ་།། ལྷའི་དུས་སྨྲས་པ། འཇམ་དཔལ་དེ་ལྟ་ན། སེམས་ཅན་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་གོ་ཆ་བགོས་པ་དེ་དག་གི་གོ་ཆ་ནི་བགོ། ་བ་མེད་པ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བ་ནི་ཕན་པ་མེད་པའི་ཕྱིར་རོ།། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། ཕན་པ་གང་གིས་རབ་ཏུ་ཕྱེ་བ་ཡིན་སྙཔ། སྨྲ་བ། འཇམ་དཔལ་ཕན་པ་ནི་མངོན ་བར་འདུ་བྱེད་པས་རབ་ཏུ་ཕྱེ་བ་ཡིནོ།། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁྱེད་དེ་བཞིན་གཤེགས་པ་ལ་མངོན་པར་འདུ་མཛད་པ་ཡོད་པར་འདོད་དམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་མངོན ་བར་འདུ་མཛད་པ་མི་མངར་བ་ཡིན་པས། དེ་ནི་འདུས་མ་བྱས་པ་བདེས་པ་དང་། འདུན་མ་བྱས་ཤིང་མངོན་པར་འདུ་མཛད་པ་མི་མངར་བ་ཡིན།། འཇམ་དངལ་གྱིས་སྨྲས་པ། ལྷའི་བུ་ཁྱོད་ཀྱིས་ངས་བཅས་པ་དེའི་ཀྱིས་ནི། མངོན་པར ་འདུག་མ་བྱས་པ་ལ་ནི། ཕན་པ་དང་གནོད་པ་དམིག་སུ་མེ་།། ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་བསྟན་པ་འདི་ནི་ལས་ད་པོ་པ་རྣམས་ཀྱི་མདུན་དུ་བཤད་པར་མི་བྱའོ།། དེ་ཅིའི་ཕྱིར་ཤེ་ན། ཐོས ་ན་སྐྲག་པར་འགྱུར་ཞིང་། སྐྲགནས་ཀྱང་ཕྱིར་ལྡོག་པར་འགྱུར་དུ་འོང་བའི་ཕྱིར་རོ།། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལས་དང་པོ་པའི། བྱང་ཆུབ་སེམས་དཔའ་སྐྲག་པ་དང་ཕྱིར་ལྡོག་པ་གང་ཡིན་པ་དེ་ནི། ཕྱིར་མི་ལྡོག་པ། ་ཉིད་ལ་ཡང་དག་པར་གནས་པ་ཡིན་ནོ།། ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་དང་། རང ་སངས་རྒྱས་ཀྱི་སས་སྐྲག་ཅིང་། སེར་སྣ་དང་། འཆལ་བའི་ཚུལ་ཁྲིམ་ས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་དག་ལས་བྱིང་ལྡོག་པ་དེ་ནི། ཕྱིར་མི་ལྡོག་པ ་ཉིད་ལ་ཡང་དག་པར་གནས་པ་ཡིན་ནོ།། སྨྲས་པ། ལཇམ་དཔལ་ཛིལྟ། ར་གནས་ན། ཡང་དག་པར་གནས་པ་ཡིན། སྨྲས་པ། ལྷ། འི་བུ་མཉམ་པར་གནས་ཤིང་མི་མཉམ་པར་གནས་པ་མ་ཡིན་ན། དེའི ་ཕྱིར་ཡང་དག་པར་གནས་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པ་ཡིན། སྨྲས་པ་ལྷའི་བུ་གང་གི་ཚེ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་མཉམ་པ་ཉིད ་ལ་མི་གནས་པའི་ཚུལ་གྱིས་མཉམ་པ་ཉིད་གནས་པ་དེ་ལྟ་བུ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའི་གནས་པ་ཡིན་ནོ།། སྨྲས་པ། འཇམ་དཔལ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡིན། སྨྲས་པ། ་ལྷ་བུ་གང་གི་ཚེ་སེམས་དཔའ་དང་པོ་ཉིད་ནས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པའི་ཆོས་ལ་མོས་པ་དེའི་ཕྱིར། ལས་དང་པོ་པ་ཞེས་བྱའོ།། སྨྲས་པ ་འངང་དང་འཛིས་པ་བྱང་ཆུབ་སེམས་ལལ་ཡུ་རི་པོངས་ཀྱང་བ་ཡིད། སྨྲས་པ། ལྷའི་བམ་ཚམ་མའི་སྐྱེ་བོམས་ཅད་ཡུན་རིང་བོངས་བྱང་བ་ཡིད་ཏེ། དེག་གི་འཐོར་བ་ས་ཀྱིབཔ་མིམ་དུ་མ་བྱུང་། སྒྲུབཔ། ་འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤྱད་བ་སྲུང་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་འདོད་ཆགས་ལ་སྤྱད་པ་ཡོངསསུ་སྨིན་པར་བྱ་བའི་ཕྱིར། འདོད་ཆགས་ཀྱི་སྤྱད་པ་ལ་སྤྱོད་ཀྱང་འདོད ་ཆགས་ཀྱི་སྦྱོང་བ་དང་ལྷན་ཅིག་མི་གནས་པ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་སྤྱང་བསྲུང་བ་ཡིན་ནོ།། ཞེ་སྡང་ལ་སྤྱོད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཞེ་སྡང་གི་སྤྱད་པ་ལ་སྤྱོད་ཀྱང་ཞེ་སྡང་གི་སྤྱོད་པ་དང་ལྷན་ཅིག ་མི་གནས་པ་དང་། གཏི་མུག་ལ་སྤྱོད་པ་ཡོངསུ་སྨིན་པར་བྱ་བའི་ཕྱིར། གཏི་མུག་གི་སྤྱོང་བ་ལ་སྤྱད་ཀྱང་གཏི་མུག་གི་སྤྱོད་པ་དང་། ལྷན་ཅི་ག་མི་གནས་པ་དང་། ཆ་མཉམ་པ་ལ་སྤྱོད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར ་མ་མཉམ་པའི་སྤྱད་པ་ལ་སྤྱོད་ཀྱང་། ཉོན་མོངས་པ་ཐམས་ཅད་དང་ལྡན་ཅིག་མི་གནས་པ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་སྤྱད་པ་སྲུང་བ་ཡིན་ནོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ཡོ་སུ ་སྨིན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་རྗེ་སུ་འཇུག་ཀྱང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་མཚན་ཉིད་ཀྱང་རྣམ་པར་འཁྲུགས་པར་མི་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སྤྱད་པ་སྲུང་བ ་ཡིན་ནོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཆོས་གང་ཡང་འཇིག་པར་མི་བྱེད། འཆགས་པར་མི ་བྱེད་ལ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་འཇིག་པ་མེད་ཅིང་འཆགས་པ་མེད་པར་རྟོགས་པ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལྡོག་པ་དང ་འཇུག་པར་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་སུ་ཡང་ལྡོག་ལ། བསམ་གཏན་རྣམས་ལ་ཡང་འཇུག་པར་བྱེད་པའི་ཕྱིར་རོ།། ་ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔས་མ་རྟོགས་པ་རྟོགས་ཤིང་། མི་རྩོད་པ་ལྷུར་ལེན་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེས་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི ་ཁམས་དང་། བདག་གི་ཁམས་མ་རྟོགས་པ་དེ་མངོན་སུམ་དུ་གྱུར་པས་ཆོས་ཐམས་ཅད་ལ་ཡང་ཕྱིར་ལྡོག་པ་མེད་པའི་ཕྱིར་ཏེ། དེའི་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག ་ཅིང་། ནེམ་ནུར་མེད་ལ། ཐེ་ཙོམ་མེད་ཅིང་། སོམ་ཉིད་དང་བྲལ་བའི་ཕྱིར། བཟོད་མ་ནས་ངག་ཅིང་དྲི་མ་མེད་ལ་ཉོན་མོངས་པ་མེད་ཅིང་། ཤེ་ས་རབ་ཀྱི་སྣང་བ་གསལ་བར་གྱུར་པས། ཆོས་ཐམས་ཅད་ལ་དབང་སྒྱུ ་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་དེའི་ཕྱིར། ཕྱིར་མི་ལྡོག་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔར་སྐྱེ་བ་ཅིག་གིས་ཐོགས་པ་ཡིན། ་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སྐྱེ་བ་ཐམས་ཅད་སྐྱེ་བ་མེད་པར་ཤེས་ཤིང་། སེམས་ཅན་ཐམས་ཅད་ཀྱི་འཆི་འབོ་དང་སྐྱེ་བ་ཡང་རབ་ཏུ་ཤེས་ལ། སེམས་ཅན་ཡོངསུ་སྨིན ་བར་བྱ་བའི་ཕྱིར། སྐྱེ་བ་ཐམས་ཅད་སྐྱེ་བ་སྟོན་ཅིང་། ལེན་པ་མེད་པར་སྐྱེ་བ་ཡོངསུ་འཛིན་པར་བྱེད་པ་དང་། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ལེན་པ་དང་བྲལ་བས། འཆི་བ་དང་སྐྱེ་བ་ལས་ཡང་དག་པར་འདས་པ་དང་། ཆོས ་ཐམས་ཅད་ཀྱི་མཉམ་པ་ཉིད་ལས་ཀྱང་མི་འདར་ཤིང་ཡང་དག་པར་མི་འངཇའ་བ་དང་། དྷུ་དང་རྐྱེན་ཚོགས་པའི་དོན་རྟོགས་པ་དང་། སེམས་ཅན་ཐམས་ཅད་དལུས་མཉམ་པ་དང་། སེམས་ཅན་ཐམས་ཅད་དང་སེམས་མཉམ་པ ་དང་། སེམས་ཅན་ཐམས་ཅད་དང་ངག་མཉམ་པ་དང་། སེམས་ཅན་ཐམས་ཅད་དང་ཡུལ་མཉམ་པ་དང་། སངས་རྒྱས་ཀྱི་ཡུལ་ལ་རབ་ཏུ་གནས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡུལ་རྟོགས་པ་དང་། ཆོས་ཀྱི་བྱིངས་མཉམ་པ་ཉིད་ཀྱིས ་མཉམ་པ་དང་། སེམས་ཅན་གྱི་བསམ་པའི་བྱ་བ་ཞེས་པ་དང་། དུས་ལ་ལྟ་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པ་དེ་ནི་སྐྱེ་བ་ཅིག་གིས་ཐོགས་པ་ཞེས་བྱ་སྟེ། ལྷའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྐྱེ་བ་ཅིག་གིས ་ཐོགས་པ་ཡིན་ནོ།། དེ་ནས་ལྷའི་བུ་རིན་ཆེན་མཆོག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲསོ།། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་ཅིང་། ཐམས་ཅད་དུ་དབྱས། ་མེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་བྱེད་པ་དང་། ང་རྒྱལ་གྱིས་བྱས་པ་དག་མི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས ་དཔའ་ཁན་མཐོ་བ་མེད་ཅིང་ཐམས་ཅད་དུ་དབྱས་མེད་པ་ཡིན།། ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའབྱང་ཆུབ་ཀྱི་སེམས་ཀྱི་ལྷག་པའི་བསམ་པས་བདོག་པ་ཐམས་ཅད་ཡོས ་སུ་གཏོང་བ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ།། གང་ཡང་སེར་སྣ་དང་ལྷན་ཅིག་མི་གནས་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན།། གང་གི་ཚེ། སྦྱངས་པའི་ཡོན་ཏན་དང་། བརླབ་པ་དང་། ཚུལ་ཁྲིམས་དང ་ཡི་དམ་ཐམས་ཅད་དང་ལྡན་པ་དེ་ལྟ་བུ་ནི། ཁ་ན་མ་ཐོ་བ་མེད་པ་ཡིནོ།། གང་ཡང་འཆལ་པའི་ཚུལ་ཁྲིམས་དང་ལྷན་ཅིག་མི་གནས་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན་ནོ།། གང་གི་ཚེ། སེམས་ཅན་ཐམས་ཅད ་ལ་ཁོང་ཁྲོ་བ.རི་སེམས་མེད་པ་དེ་ལྟ་བུ་ནི། ཁ་ན་མ་ཐོ་བ་མེད་པ་ཡིན་ནོ།། གང་ཡང་བརྣབ་སེམས་དང་། གནོད་སེམས་ཀྱི་བག་ལ་ཉལ་དང་ལྷན་ཅིག་མི་གནས་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན་ནོ།། གང་གི་ཚེ ་དགེ་པའི་རྩ་ཐཐམས་ཅད་རྩོམ་པའི་བརྩོན་འགྲུས་ལ་ཡང་དག་པར་སྣང་བ་དེས་དུ་ནི། ཁནམཐ་མེད་པ་ཡིད།། གང་ཡང་ལ་ལོ་ང་ལྡན་ཅིག་མི་གནས་བདེན་བུ་ནི་དཔྱས་མེད་པ་ཡིན ་ནོ།། གང་གི་ཚེ་བསམ་གཏན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དེ་ལྟ་བུ་ནི། ཁ་ན་མཐོ་བ་མེད་པ་ཡིན་ནོ།། གང་ཡང་བསམ་གཏན་གྱི་བདེ་བའི་རོ་མྱང་བ་མི་བྱེད་པ་དེ་ལྟ་བུ་ནི་དཔྱས་མེད་པ ་ཡིན་ནོ།། གང་གི་ཚེ། ཤེས་རབ་ཀྱི་རྩ་བའི་ཐོས་པ་ཡོངས་རྒྱལ་བ་ལ་བརྩོན་པར་ལྟ་བུ་ནི། ཁ་ན་མཐོ་བ་མེད་པ་ཡིན་ནོ།། གང་ཡང་འཆལ་པའི་ཤེས་རབ་དང་། ལྷན་ཅིག་མི་གནས་པ་དེ་ལྟ་བུ་ནི་དཔྱས་མེད་པ ་ཡིན་ནོ།། གང་གི་ཚེ། རྨ་ཕྱུང་ཡང་མི་འབྱིན་པ་དེ་ལྟ་བུ་ནི་ཁ་ནམ་ཐོབ་མེད་པ་ཡིནོ།། གང་རྨ་བྱུང་ཡང་རྔ་མི་འབྱིན་པ་དེ་ལྭ་བུ་ནི་དབྱས་མེད་པ་ཡིན།། གང་གི་ཚེ་ཇི་ལྟ་བ་བཞིན་དུ་སྨྲས་པ་དེ་ལྟ ་བུ་མི་ཁན་མཐོ་བ་མེད་པ་ཡིན།། གང་ཡང་དེ་བཞིན་དུ་བྱེད་པ་དེ་ལྟ་བུ་ནི་དབྱས་པ་མེད་པ་ཡིན་ན།། གང་གི་ཆ། ནང་ཉེ་བ་ཤི་བ་དེ་ལྟ་བུ་ནི་ཁ་ན་མཐོ་བ་མེད་པ་ཡིན་ནོ།། གང་ཡང ་རོལ་གྱི་ཡུལ་རྣམས་ཀྱིས་མི་གོས་པ་དེ་ལྟ་བུ་ནི་དབྱས་མེད་པ་ཡིན་ནོ།། གང་གི་ཚེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་བསམ་པ་ཐ་དད་པ་མེད་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིནོ།། གང་ཡང་ཐེག་པ་དམན་པ་ལ ་འདོད་པ་མེད་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན།། གང་གི་ཚེ། བདུད་ཀྱི་ལས་རྣམས་རྟོགས་པ་དེ་ལྟ་དུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན།། གང་ཡང་བདུད་ཀྱི་ལས་རྣམས་ཟློག་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡི་ནོ།། གང་གི་ཚེ། འཇིག ་རྟེན་ན་སྣང་བ་ཐོབ་པ་དེས་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ།། གང་ཡང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན།། གང་གི་ཚེ། བྱ་བ་དང་འགལ་བར་མི་བྱེད་པ་དེ་ལྟ་བུ་ནི་ཁན་མ་ཐོ་བ་མེད ་བ་ཡིན་ནོ།། གང་ཡང་བྱ་བ་མ་ཡིན་པར་མི་ལྟུང་བ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན་ནོ།། གང་གི་ཚེང་རྒྱལ་དང་རྒྱགས་པ་དང་། སྙེམས་པ་ཐམས་ཅད་དང་བྲལ་བ་དེ་ལྟ་བུ་ནི་ཁ་ན་མཐོ་བ་མེད་པ་ཡིན་ནོ།། གང་ཡང་ཡེ ་ཤེས་དང་། རྣམ་པར་ཤེས་པ་ཕུན་སུམ་ཚོགས་ཤིང་། འཕགས་པའི་བདེ་བ་དང་ལྡན་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིནོ།། གང་གི་ཚེ། དམ་བཅས་པ་བརྟན་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིནོ།། གང་ཡང ་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིནོ།། གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བར་ལུགས་དང་འཐུན་པར་བྱེད་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིནོ།། གང་ཡང་རྟེན་ཅིང་འབྲེལ ་བར་འཐུང་བའི་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན་ནོ།། གང་གི་ཚེ་ཤེས་རབ་དང་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རབ་ཏུ་ཤེས་པ་དེ་ལྟ་བུ་ནི ་ཁ་ན་མ་ཐོ་བ་མེད་པ་ཡིནོ།། གང་ཡང་ཐབས་ཤེས་པས་དགེ་བའི་རྩ་པ་ཐམས་ཅད་ཡང་དག་པར་སྡུད་པ་དེ་ལྟ་བུ་ནི་དབྱས་མེད་པ་ཡིནོ།། གང་ཡང་རྩོམ་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་འཇུག་པ་དེ ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན།། གང་ཡང་ཆོས་ཐམས་ཅད་ལ་རྣམ་པར་ཐར་བར་གནས་པ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིནོ།། གང་ཡང་ཆོས་ཐམས་ཅད ་མི་དམིགས་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན།། གང་ཡང ་དམིགས་པའི་ལྟ་བ་སྤངས་པའི་ཕྱིར། ཆོས་སྟོན་པ་དེལ་བུ་ནི་དབྱས་མེད་པ་ཡིན་ནོ།། གང་ཡང་ཚུལ་བཞིན་ལ་རབ་ཏུ་སྦྱོར་ཞིང་། ཆོས་གང་ཡང་ཡང་དག་པར་རྗེསུ་མི་མཐོང་བ་དེ་ལྟ་བུ་ནི་ལན་མཐོ་བ་མེད་པ་ཡིན ་རོ།། གང་ཡང་འབྲས་བུ་ཐོབ་པ་མངོན་སུམ་དུ་བྱེད་པ་དེ་ལྟ་བུ་ནི་དམྱལ་མེད་པ་ཡིན་ནོ།། གང་གི་ཚེ་ཆོས་ཀྱི་དབྱིས་སྟོན་པ་ཞེས་བྱ་བར་མོ་མ་རྟགས་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན།། གང་ཡང ་སེམས་ཅན་ཐམས་ཅད་ཡོངསུ་མི་གཏོང་བ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན་ནོ།། གང་གི་ཚེ་ཁམས་གསུམ་དང་ལྷན་ཅིག་མི་གན། དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ།། གང་ཡང་སེམས་ཅན་ཐམས་ཅད་ལ་ལྟ་བའི་ཕྱིར་ཡོངས་སུ་མྱ་ངན་ལས ་འདར་བ་དེ་ལྟ་བུ་ནི་དཔྱས་མེད་པ་ཡིན།། ལྷའི་བུ་གཞན་ཡང་ཇི་ཙམ་དུ་ཚིག་འཇུག་པ་དང་། ཚིག་གིས་རློམ་སམ་སུ་བྱེད་པ་དང་། ཚིག་གིས་རྟོག་པར་བྱེད་པ་དང་། ཚིག་ལ་མངོན་པར་ཞེན་པར་བྱེད་པ་དེ་ཙམ་དུ་སྐྱོན་ཡིན།། ལྔའི ་བུའི་ཙམ་དུ་ཆོས་ཐམས་ཅད་ལ་བསྣང་དུ་མྱེད་པ་ཉིད་དང་། ལ་གྲུ་བ་མེད་པ་ཉིད་དང་། རློམ་སེམས་སུ་མེད་པ་ཉིད་དང་། རྙོག་པ་མེད་པ་ནི་ད་དང་། འཕྲོ་བ་མེད་པཉིད་དང་། བརྗོད་དུ་མེད་པ་ཉིད་དང་། སེམས་ཅན་ཡོས ་སུ་མི་གང་བའི་ཕྱིར། གཏན་དུས་སུ་མྱ་ངན་ལས་མི་འད་ན་ང་ཡིན་པ་ཙམ་དུ་ལན་མཐོ་བ་མེད་ཅི་བྱས་མེད་པ་ཡིད་དོ།། ལྷའི་བུགང་ལན་མཐོ་བ་མེད་ཅིང་བྱས་མེང་བ་དེ་ནི་ཡི་གེ་མེད་པ་ཡིན།། རང ་ལ་ཡི་གེ་མེད་པ་དེ་ནི་བརྗོད་དུ་མེད་པ་ཡིན་ཏེ། བརྗོད་དུ་མེད་པའི་དོན་ལ་ནི་ཁ་ན་མ་ཐོ་བ་མེད་ཅིང་དབྱས་མེད་དོ།། ལྷའི་བུ་དེ་ལྟ་བས་ན་བརྗོད་དུ་མེད་པའི་དོན་ལ་རྟོན་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སེམས་གཙོ་བོར་བྱེད་པས་ཁ་ན ་མཐོ་བ་མེད་ཅིང་། འཇགཔ་རྣམས་ཀྱིས་གྲུས་བྱ་མེད་པ་ཡིན་དོ།། བརྫུན་པ་འདི་བ་ཤ་བན། བཅོམ་ལྡན་ལས་ཀྱིས་འཇམ་དང་ལ་གཞོན་དུ་གྱུ་པ་ལ་ལེགས་ཞེས་བྱ་བ་བྱིན་ཏེ། ལཇ་མདཔལ་ལེག་མོ་ལེན་མོ།། ཁྱོད ་ཀྱིས་བྱང་ཆུབ་སམས་དཔའ་རྣམས་ཀྱི་ཁནམཐོ་མེད་པ་དང་། བྱ་མེད་པ་དེ་ལེགས་པར་སྨྲས།། འཇམ་དཔ་ལ་གང་གི་ཚེ། བྱང་ཆུབ་སེམས་ད་དེ་ལྟུང་བནམཐོ་བམེད་ཅི་བྱས་མེད་པར་གྱུར་པདེའི་ཚི། ས་ས་རྒྱམ་མོས ་ལྡན་འདས་རྣམས་ཀྱིས། བླ་ན་མེད་པ་ཡང་དགུ་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། བསྟན་པ་འདི་ཐོས་ནས། འཁོར་དེ་ལས་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ནས། དེ་དག་ཐམས་ཅད ་ཀྱང་། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་དུ། མིང་ཐ་དད་པའི་དེ་བཞིན་གཤེགས་པ་དག་ཏུ་འགྱུརརོ་ཞེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ནས་འཁོར་དེ་ལས ་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ལྷའི་བུ་རིན་ཆེན་མཆོག་འདི་ཡུན་ཇི་སྲིད་ཅིག་ན། བླན་མང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདིའི་སངས་རྒྱས་ཀྱི་ཞིང་ནི་ཅི་འདྲ་བ་ཞིག་ཏུ ་འགྱུར། བྱང་ཆུབ་ཐོབ་པའི་མིང་ནི་ཇི་སྐད་ཅེས་བྱ་བར་འགྱུར་སྙམོ།། དེ་ནས་སངས་ཀྱི་འཐུས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ ་རིན་ཆེན་མཆོག་འདི་ཡུན་ཇི་སྲིད་ཅིག་ན། བླ་ན་མེད་པ་ཡང་དག་པ་ར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར། འདིའི་སངས་རྒྱས་ཀྱི་ཞིང་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། བྱང ་ཆུབ་ཐོབ་པའི་མིང་ནི་ཇི་སྐད་ཅེས་བགྱི་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ལྷའི་བུ་རིན་ཆེན་མཆོག་འདི ་ནི། བསྐལ་པ་འབུམ་འདས་པའི་འོག་ཏུ། བསྐལ་པ་རིན་ཆེན་འབྱུང་གནས་ཤེས་བྱ་བ་ལ། ཤར་ཕྱོགསུ་འཇིག་རྟེན་གྱི་ཁམས་དགའ་བ་བཀོད་པ་ཞེས་བྱ་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་བཀོད་པ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུརརོ།། ཀུན་དགའ་བོ་འཇིག་རྟེན ་གྱི་ཁམས་དགའ་བ་བཀོད་པ་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ལྷ་དང་མི་རྣམས་ཀྱིས་ཀུན་ཏུ་གང་བ་དང་། མི་ཁོམ་པ་དང་། ངན་སོང་ཐམས་ཅད་དང ་བྲལ་བར་འགྱུརརོ།། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་དེ་ནི་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་ཅིང་། ལག་མཐིལ་ལྟར་མཉམ་པ། རིན་པོ་ཆེ་སྣ་གསུམ་འདི་ལྟ་སྟེ། བཻ་ཌཱུརྱ་དང་། ཀེ་བ་དང་། ཚུ་རུ ་གསེར་གྱིས་སྨྲས་ཤིང་བལྟན་སྡུག་ལ། གསེར་གྱི་དྲབས་ཀུན་ནས་བཀབ་པར་འགྱུརརོ།། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན། འཕྲུལ་དགའི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཅི་འདྲ་བ་དེ་བཞིན་དུ། མི་དེ་དག་གི་ལོངས་སྤྱོད་པ ་ཉེ་བར་སྤྱོད་པ་ཡང་དེ་འདྲ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེང་ནི། བཟརའ་བ་དང་བཏུང་བདག་ཀྱང་ཡིད་ལ་བསམས་པ་ཙམ་གྱིས་འབྱོར་པར་འགྱུརརོ།། འཇིག་རྟེན་གྱི་ཁམས་དེང་ནི་ཉན་ཐོས་དང་། རང་སངས ་རྒྱས་དག་གི་མིང་ཡང་འབྱུང་བ་བའི་འགྱུར། བྱང་ཆུབ་སེམས་དཔང་དེ་དགཀྱང་ཆོས་ཀྱི་དགའ་བ་སྣ་ཚོགས་དང་། ཆོས་ཀྱི་རྣམ་པ་རྗོད། བསྣ་ཚོགས་དང་། བསམ་གཏན་དང་། ཏིང་འཛིན་དང་། སྙོམས ་འཇུག་པ་སྣ་ཚོགས་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་བཀོད་པ་སྣ་ཚོགས་དག་གིས་དགའ་དགུར་སྤྱོད་པར་འགྱུར་ཏེ། ཆོས་ཀྱི་རབ་ཏུ་དགར་བ་དང་མཆོག་ཏུ་དགའ་བ་དང་། དགའ་བ་དག་གིས་དགའ་བར་གྱུར་པ་མ་གཏོན ་པར་འཚོར་བ་གཞན་དག་མྱོང་བར་མི་འགྱུར་བས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་དག་རབ་བཀོད་པ་ཞེས་བྱ་བར་འགྱུར།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི། ཡོ་བྱེ་བ་བྲག་དྲུག་ཅུར་འགྱུརརོ།། དེའི་བྱང་ཆུབ་སེམས ་དཔའི་དགེ་འདུན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི། བྱང་ཆུབ་སེམས་དཔར་བྱེ་བ་ཕྲག་དྲུག་ཅུར་འགྱུརརོ།། དེའི་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ནི་དཔག་ཏུ་མེད་པར་འགྱུར།། དེ་བཞིན་གཤེགས་པ་རིན་ཆེན་པོ་པ ་དེ་གང་གི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་རབ་ཏུ་བྱུང་བ་ནི། བྱང་ཆུབ་སེམས་དཔར་བྱེ་བ་ཕྲག་དྲུག་ཅུར་འགྱུརརོ།། དེའི་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ནི་དཔག་ཏུ་མེད་པར་འགྱུརརོ།། དེ་བཞིན་གཤེགས་པ་རིན་ཆེན ་བཀོད་པ་དེ་གང་གི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་སྟོན་པར་ར་གྱུར་པ་དེའི་ཚེ། སྟེང་གི་བར་སྣང་ལ། ཏ་ལ་བྱེ་བ་ཕྲག་བརྒྱད་ཅུ་རྩམ་དུ་ན་མཁའ་ལ་མངོན་པར་འཕགས་ཏེ། སྟོང་གི་འཇིག་རྟེན་གྱི་ཁམས་སྐྱིལ་མོ་དཀྲུང་ཅིག ་གིས་ཁྱབ་པར་བྱས་ནས་འོད་ཟེར་བརྒྱ་སྟོང་དག་གིས་སངས་རྒྱས་ཀྱི་ཞིང་དེར་སྣང་བས་ཁྱབ་པར་བྱས་ཤིང་། ལྷའི་མེ་ཏོག་དང་། སྤོས་དང་། ཕྱེ་མའི་ཆར་དག་མངོན་པར་རབ་ཏུ་ཕབ་ནས། ལྷའི་སིལ་སྙན་དང་། ཕེག་རྡོ་བ་དང་། གླུ་དབྱངས ་བརྒྱ་སྟོང་དག་གི་སྒྲ་བྱུང་སྟེ། ཐམས་ཅད་ང་ལྡན་པའི་ས་ས་རྒྱས་ཀྱི་ཞིང་སྒྲས་གོ་བར་བྱས་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་ལྟ་སྟེ། མི་ཟད་པའི་སྒོ་ཞེས་བྱ་བའི་གཟུངས་ཀྱི་སྒོའི་ཆོས་སྟོན་པར་འགྱུར་རོ།། ་དེ་ལ་མི་ཟད་པའི་སྒོའི་གཟུས་ཀྱི་སྒོ་གང་ཤེ་ན། འདི་ལྟ་སྟེ། ལུས་ད་ང་། སེམས་དབེན་པ་ཉིད་སྨྱོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་བེན། པའི་སྒོ་དང་། ཆོས་རྣམས་ཀྱི་ངེས་པར་རྟོག་པ་ཉི་སྟོན་པར་བྱེད་པ་ཆོས ་ཐམས་ཅད་ལ་སོ་སོར་རྟོག་པའི་སྒོ་དང་། ཆོས་རྣམས་ཀྱི་ཉེ་བར་ཞི་བ་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་ཚུལ་བཞིན་ལ་རབ་ཏུ་སྦྱོར་བའི་སྒོ་དང་། ཆོས་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པ་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་ཡང་དག ་བིའི་ནན་ཏན་གྱི་སྒོ་དང་། ཆོས་རྣམས་ཀྱི་ཤེས་པའི་སྣང་བ་སྟོན་པར་བྱེད་ང་ཆོས་ཐམས་ཅད་ཀྱི་སྣང་བའི་སྒོ་དང་། ཆོས་རྣམས་ཀྱི་བྱེ་བྲག་མེད་པ་ཉིད་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྒོ་དང་། ཆོས་རྣམས་ཀྱི ་རྣམ་པར་གཡེང་བ་མེད་པ་ཉིད་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་ཞི་གནས་ཀྱི་སྒོ་དང་། ཆོས་ཐམས་ཅད་ཀྱི་འགལ་བ་མེད་པ་ཉིད་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་ལྷག་མཐོང་གི་སྒོ་དང་། ཆོས་རྣམས་ཀྱི་འཁྲུག་པ ་མེང་པ་ཉིད་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་ངེས་པར་སེམས་པའི་སྒོ་ང་། ཆོས་རྣམས་ཀྱི་མི་བརྗེད་པ་ཉིད་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་དྲན་པའི་སྒོ་དང་། ཆོས་རྣམས་ཀྱི་དོན་རྟོགས་པ ་བྱེད་པ་ཆོས་ཐམས་ཅད་ཀྱི་རྟོགས་པའི་སྒོ་དང་། ཆོས་རྣམས་ཀྱི་ཡིང་རྣམ་པར་དགང་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་བློ་གྲོས་ཀྱི་སྒོ་དང་། ཆོས་རྣམས་ཀྱི་ལྟ་བའི་རྣམ་པ་ཐམས་ཅད་ཡང་དག་པར་འཇོམས་པ་སྔོན ་བར་བྱེད་པ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་སྒོ་དང་། ཆོས་རྣམས་ཀྱི་ཞི་བ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་འགྲོ་བ་ཐམས་ཅད་ཡང་དག་པར་གཅོད་པ་སྟོན་པར་བྱང ་བ་ཆོས་ཐམས་ཅད་ཀྱི་སྨོན་པ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་མངོན་པར་འདུ་བྱེད་པ་དང་དྲལ་བ་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་མངོན་པར་འདུ་བྱེད་པ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་མངོན་པར་འགྲུབ་པ་མེད་པ ་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་གཉིས་མེད་པའི་ཆོས་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་འབྱུང་བ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་རྟོག་པ་མེད ་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བའི་སྒོ་དང་། ཆོས་རྣམས་ཀྱི་མངོན་སུམ་གྱི་ཤེས་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་གཉིས ་དང་བྲལ་བ་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་གཉིསུ་མེད་པ་ཉིད་ཀྱི་སྒོ་དང་། ཆོས་རྣམས་ཀྱི་གཡོ་བ་མེད་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་རྟེན་པ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་སེམས་ཅན ་མཉམ་པ་ཉིད་དུན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་སེམས་ཅདན་མེད་པ་ཉིད་ཀྱི་སྒོ་དང་། ཆོས་པལས་ཀྱི་འགྱུར་བ་མེད་པ་ཉིད་ཐུན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་བྱེད་པ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་སྤྱོད་པ ་མེད་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་གཟུང་བ་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་གཞི་ཡང་དག་པར་འཇོམས་པ་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་གཞི་མེད་པའི་སྒོ་དང་། ཆོས་རྣམས་ཀྱི་ལྷག་པར་བྱེད་པ་མེད ་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་ངེས་པའི་སྒོ་དང་། ཆོས་རྣམས་ཀྱི་འབྲས་བུ་འགྲུབ་པ་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་རྒྱུའི་སྒོ་དང་། ཆོས་རྣམས་ཀྱི་མི་བརྗེད་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི ་མངོན་པར་བརྩོན་པའི་སྒོ་དང་། ཆོས་རྣམས་ཀྱི་ཀུན་ནས་ལྡང་བ་མེད་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་ངེས་པར་འབྱུང་བའི་སྒོ་དང་། ཆོས་རྣམས་ཀྱི་མ་ནོར་བ་དེ་བཞིན་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་དེ ་བཞིན་ཉིད་ཀྱི་སྒོ་དང་། ཆོས་རྣམས་ཀྱི་དབྱེར་མེད་པ་ཉིད་སྟོན་པ་རཔྱད་པ། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཐའི་སྒོ་དང་། ཆོ་བ་རྣམས་ཀྱི་རོ་ཅིག་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཀྱི ་དབྱིངས་ཀྱི་སྒོ་དང་། ཆོས་རྣམས་ཀྱི་དུས་སུམ་མཉམ་པ་ཉིད་སྟོན་བར་བྱེད་པ། ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བཞིན་གྱི་སྒོང་ང་། ཆོས་རྣམས་ཀྱི་སྒྲ་བྱངས་དང་། ཚིག་གི་ལམ་གྱིས་བརྗོད་པ་ཐམས ་ཅད་ལ་མངོན་པར་ཞེན་པ་མེད་པ་ཉིད་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་བཛྲ་དུ་མེད་པའི་དོན་གྱི་སྒོ་དང་། ཆོས་རྣམས་ཀྱི་ཉེ་བར་ཞི་བ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་བསམ་གཏན་གྱི་སྒོ་དང་། ཆོས་རྣམས་ཀྱི་གང་ཟག ་མེད་པ་ཉིད་སྟོན་པར་བྱེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་སྒོ་དང་། ཆོས་རྣམས་ཀྱི་ཆོས་མཉམ་པ་ཉིད་རྟོགས་པ་སྟོན་པར་བྱེད་པ་ཆོས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྒོ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་རིན ་ཆེན་ཀོད་པ་དེ་ན་མཁའི་དཀྱིས་དེ་ཉིད་ལས་མ་བཞེངས་པར། བྱང་ཆུབ་སེམས་དཔའ་དེ་དག་ལ་མི་ཟད་པའི་སྒོའི་གཟུངས་ཀྱི་སྒོ་དེ་དག་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་ཏེ། དེང་ཡང་བྱང་ཆུབ་སེམས་དཔར ་དཔག་ཏུ་མེ་དགྲས་མེད་པ་དག་གིས་བཟོད་པ་ཐོབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འལདས་གང་ལ་དེ་བཞིན་གཤེགས་པ ་རྣམས་ལྷུན་གྱིས་གྲུབ་ཅིང་མངོན་པར་འདུ་མཛད་པ་མི་མངལ་བས། འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་ཆོས་རྣམས་ལ་ཐོགས་པ་མི་མངར་བའི་ཡེ་ཤེས་གཟིགས་པ་འཇུག་པ་ནི་ངོ་མཚར་ལག་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ།། གང་དེ་བཞིན་གཤེགས་པ་རྣམས་ལྷུན་གྱི་གྲུབ་ཅིང་མངོན་པར་འདུ་མཛད་པ་མི་མངའ་བས། ལངས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཐོགས ་བ་མི་མངར་བའི་ཡེ་ཤེས་གཟིགས་པ་འཇུག་པ་དེ་ནི་མ་འདྲེས་པ་ཡི་ནོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ལྷའི་བུ་རིན་ཆེན་མདོ་ག་ལ་འདི་སྐད་ཅེས་སྨྲསོ།། ལྷའི་བུ་ཁྱོད་དེ་བཞིན་གཤེགས་པས་བླན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི། ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་།། ལྷའི་བུས་སྨྲས་པ།། རྐུན་པ་ཀུན་དགའ་བ་འདི་ལ་ནི། གང་ལུང་བསྟན་པའི་ཆོས་གང་ཡང ་དམིག་སུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་བྱང་ཆུབ་སེམས་དཔའ་མ་ཡིན་པས། གཟུགས་ཀྱང་ལུང་བསྟན་དུ་མེད་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས ་དཔའ་མ་ཡིན་པས། རྣམ་པར་ཤེས་པ་ཡང་ལུང་བསྟན་དུ་མེད་པ་དང་། སའི་ཁམས་བྱང་ཆུབ་སེམས་དཔའ་མ་ཡིན་པས། སའི་ཁམས་ཀྱང་ལུང་བསྟན་དུ་མེད་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི ་ཁམས་བྱང་ཆུབ་སེམས་དཔའ་མ་ཡིན་པས། རླུང་གི་ཁམས་ཀྱང་ལུང་བསྟན་དུ་མེད་པ་དང་། མིག་བྱང་ཆུབ་སེམས་དཔའ་མ་ཡིན་པས། མིག་ཀྱང་ལུང་བསྟན་དུ་མ་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད ་བྱང་ཆུབ་སེམས་དཔའ་མ་ཡིན་པས། ཡིད་ཀྱང་ལུང་བསྟན་དུ་མེད་པ་དང་། མིང་དང་གཟུགས་བྱང་ཆུབ་སེམས་དཔའ་མ་ཡིན་པས། མིང་དང་གཟུགས་ཀྱང་ལུང་བསྟན་དུ་མེད་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་བྱང་། ་ཆུབ་སེམས་དཔའ་མ་ཡིན་པས། དུས་གསུམ་ཡང་ལུང་བསྟན་ཏུ་མེད་པ་དང་། རྒྱུ་དང་ལྟ་བ་བྱང་ཆུབ་སེམས་དཔའ་མ་ཡིན་པས། རྒྱུ་བ་དང་ལྟ་བ་ཡང་ལུང་བསྟན་དུ་མེད་པ་དང་། འབྱུང་བ་དང་འཇིག་པ་བྱང་ཆུབ་སེམས་དཔའ་མ ་ཡིན་པས། འབྱུང་བ་དང་འཇིག་པ་ཡང་ལུང་བསྟན་དུ་མེད་པའི་ཕྱིརརོ།། བཙུན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི། བརྡའི་གཞིའི་ཚིག་བླ་དྭགས་ཡིན་ནོ།། དེ་ནི་ཉེ་བར་ཞི་བའི་གཞི་ཡིན་ཏེ། ཆོས་གང ་ཤིན་ཏུ་ཉེ་བར་ཞི་བ་དེ་ལ་ནི། ལུང་བསྟན་པ་གང་ཡང་མེང་ངོ་།། བཅུ་ན་བ་ཀུན་དགའ་བོ་ལུང་བསྟན་པ་ཞེས་བྱ་བ་དེ་ནི། ཆོས་ཐམས་ཅད་གཟུང་དུ་མེད་པའི་ཚིག་བླ་དགས་ཡིན་ཏེ། བཙུན་པ་ཀུན་དགའ་བོ་གང་གི ་ཚེ། བྱང་ཆུབ་སེམས་དཔའ་ནང་ངམ། ཕྱི་རོལ་ལམ། དགེ་བ་འམ། མི་དགེ་བ་འམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆ་ས་གང་ཡང་ཡོངས་སུ་འཛིན་པར་མི་བྱེད་ན། དེའི་འོག་ཏུ་ལུང་བསྟན་པར ་འགྱུར་ཏེ། བཙུན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཡོངས་སུ་གཟུང་དུ་མེད་པར་ལུང་བསྟན་པ་ཡིན་ནོ།། ལུང་བསྟན་པ་ནི་ཆོས་ཐམས་ཅད་རྗེ་སུ་གཟུང་ཏུ་མེད་པར་ལུང ་བསྟན་པ་ཡིན་ནོ།། ལུང་བསྟན་པ་ནི་ཆོས་ཐམས་ཅད་གནས་མེད་པར་ལུང་བསྟན་པ་ཡིནོ།། ལུང་བསྟན་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལུང་བསྟན་པ་ཡིནོ།། ལུང་བསྟན་པ་ནི་ཆོས་ཐམས་ཅད་རྟོག་པ་མེད་པ་དང་། ་རྣམ་པར་རྟོག་པ་མེད་པར་ལུང་བསྟན་པ་ཡིན་ཏེ། བཙུན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་ནི་དེ་ལྟ་བུ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་བུ་རིན་ཆེན་མཆོག་ལ་ལེག་སོ་ཞེས་བྱ་བ ་བྱིན་ཏེ། ལྷའི་བུ་ལེག་སོ་ལེག་སོ།། དེ་ལྟ་བུའི་ཆོས་རྟོགས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང ་བསྟན་ཏོ།། གཏམ་འདི་བརྗོད་པར་གྱུར་པ་ན།། བདུད་སྡིག་ཅན་བཅུ་དང་བཅས། བཞོན་པ་དང་བཅས། འཁོར་དང་བཅས་པར་བཅོམ་ལྡན་འདས་ག་ལ་བ་རྡོའི། ཕྱིན་ནས། ཕྱོགས་གཅིག་ཏུ་འཇུག་གོ།། བྱོག ་ཅིག་ཏུ་འདུག་ནས་ཀྱང་། བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འས་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་ལུང་སྟོན་པར་མཛད་ཅིང་། ཉན་ཐོས་ལུང་བསྟན་པར་མི ་མཛད་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་བྱང་ཆུབ་སེམས་དཔའ་ནི། སྟང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ན་ལྡ་དང་མི་རྣམས་ཀྱི་ལེགས་པར་རྟོགས་ཤིང་། རིན་པ་ཡིན་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུང་སྟོན་པར་མཛད་ཀྱི། ཉན་ཐོས་ནི་ལྷ་དང་མི་རྣམས་ཀྱིས་རིག་པ་ས ་ཡིན་པས། དེའི་ཕྱིར་ཉན་ཐོས་ལུང་སྟོན་པར་མི་མཛདོ།། སྡིག་ཅན་བྱང་ཆུབ་སེམས་དཔའ་ལུང་བསྟན་ན་ནི་སེམས་ཅན་མང་པོ་དག་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར ་བྱེད་ཀྱི། ཉན་ཐོས་ལུང་བསྟན་པས་ནི། དེ་ལྟ་མ་ཡིན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་སེམས་ཅན་རྣམས་ཀྱང་ཕྱིར་ལྡོག་པར་འགྱུར་བས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུང་སྟོན་པར ་མཛད་ཀྱི། ཉན་ཐོས་ལུང་སྟོན་པར་ནི་མི་མཛད་དོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲསོ།། སྡིག་ཅན་ཁྱོད་ཅིའི་ཕྱིར་འཁོར་དེང་ལོངས། དེ་སྐད་ཅེས་སྨྲས་པ་དང ་བཅུ་སྡིག་ཅན་གྱིས་འཇམ་དཔལ་གཞོན་དུར་གྱུར་པ་ལ་འདི་སྐད་ཅེས་སྨྲས།། འཇམ་དཔལ་གང་གི་ཚེ། བཅོམ་ལྡན་འདས་ཀྱིས། ལྷའི་བུ་རིན་ཆེན་མཆོག་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རིན་ཆེན་བཀོད་པ་ཞེས་བྱ་བར་འགྱུ་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཚེ། དེ་ལྟར་ལུང་བསྟན་པའི་སྒྲས་བདག་གི་གནས་ངག་དང་། གཞལ་མེད་ཁང་ཐམས ་ཅད་དང་། སྐར་ཁུང་དང་། རྟ་བབས་ཐམས་ཅད་དང་། རིན་པོ་ཆེའི་ཤིང་ལྗོན་པ་དང་། དགའ་ཞིང་རྩེ་བའི་ལོངས་སྤྱོད་ཀྱི་གནས་ཐམས་ཅད་ལས་འདི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ ་པས། ལྷའི་བུ་རིན་ཆེན་མཆོག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཟིན་ཏོ།། བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་ལུང་བསྟན་དུ་འོང་གིས། སྡིག་ཅན་ཁྱོད་སོང་ཤིག་ཅེས་སྒྲ་བྱུང ་ངོ་འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་ཁྱོད་བྱང་ཆུབ་སེམས་ད་པའ་རྣམས་ལུང་བསྟན་པས་ཡིད་མ་རངས་པར་གྱུར་ཏམ། བདུད་སྡིག་ཅན་གྱིས་སྨྲས་པ། འཇམ་དཔལ་གལ་ཏེ། འཛམྦུ ་། གླིང་ན་སེམས་ཅན་ཇི་སྙེད་པ་རྣམས་དགྲ་བཅོམ་པ་ཉིད་དུ་ལུང་བསྟན་ན་ནི་བདག་ཀྱང་ཡིད་རངས་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་ཅིག་ཅིག། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཀྱང ་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གང་གི་ཚེ། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ། བདག་གིས་གནས་ཐམས་ཅད་སྤ་བཀོང་བའི ་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་ནི་སེམས་ཅན་ཚད་མེད་གྲངས་མེད་པ་དག། ཐེག་པ་གསུམ་པོ་དག་གིས་ཁམས་གསུམ་ནས་ངེས་པར་འབྱིན་པར་འགྱུར་བས། འཇམ་དཔལ་དེ་ལྟར་ན། བདག་གི ་ཡིད་ལ་གཅགས་པ་ཆེན་པོར་གྱུར་ཏོ།། འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་ཁྱོད་འོངས་ཀྱང་རུང་། མ་ལོས་ཀྱང་རུང་སྟེ། སྡིག་ཅན་ཁྱོད་ཀྱིས་ནི་ལྷག་པའི་བསམ་པས་ཡང་དག་པར་ཞུགས་ཤིང ་ཐབས་ལ་མཁས་པ་དང་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བར་མི་ནུས།། དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་དང་། ཐབས་པ ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ལས་ལས་ཡང་དག་པར་འདས་པའི་ཕྱིར་རོ།། དེ་ནས་སངས་རྒྱས་ཀྱི་མཐུས། བདུད་སྡིག་ཅན་གྱིས་འཇམ་དཔལ་གཞོན་ནུང ་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔར་ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་དྲང་། ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པ ་བྱུང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་གང་གི་ཆ། བྱང་ཆུབ་སེམས་དཔལ་ཉི་ཆེ་བའི་སྤྱོད་པ་ཐམས་ཅད་ལ་ལྷགཔར་མི་སྤྱོད་པ་དེ་ལྟ་བུ་ནི་ལྷག་པའི་བསམ་པས་ཡང་དག་པར་ཞུགས ་པ་ཡིན།། གང་གི་ཚེ་ཉོན་མོངས་པ་ཐམས་ཅད་དང་། བདུད་ཀྱི་ལས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་པར་གྱུར་པར་མཐོང་བ་དེ་ལྟ་བུ་ནི་ཐབས་ལ་མཁས་པ་ཡིན་ནོ།། གང་གི་ཚེ་ཉོན་མོངས་པ་ཐམས ་ཅད་དང་ལྷན་ཅིག་མི་གནས་པ་དེ་ལྟ་བུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་བ་ཡིནོ།། སྡིག་ཅན་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར ་གོ་ཆ་ཆེན་པོ་བགོས་པ་དེ་ལྟ་བུ་ནི་ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ཡིན་ནོ།། གང་གི་ཚེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་སྡུད་པ་དེ་ལྟ་བུ་ནི།། ཐབས་ལ་མཁས་པ་ཡིན།། གང་གི་ཚེ། སེམས་ཅན ་ཐམས་ཅད་ལ་ཤིན་ཏུ་མོ་སུམྱ་ངན་ལས་ལས་པའི་ངོ་བ་ཉིད་དུ་མ་སོར་རྟག་པ་དེས་དུ་ནི། ཤེས་རབ་ཀྱི་ཕ་རོག་ཏུ་ཕྱིན་པས་ངེས་པར་བྱུང་བ་ཡིན་ནོ།། སྡིག་ཅན་གཞན་ཡང་གང་གི་རྗེ། བྱང་ཆུབ་སེམས་དཔའ་ནང་དང་བྱིའི་དངོས ་པོ་རྣམས་ལ་མི་ལྟ་བར་གྱུར་ཅིང་། བྱང་ཆུབ་ཀྱི་སེམས་ཀྱི་ལྷག་པའི་བསམ་པས་བདོག་པ་ཐམས་ཅད་ཡོང་སུ་གཏོང་བ་དེ་ལྟ་བུ་ནི། ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ཡིན།། གང་གི་ཆ་སེམས་ཅན་ཐམས་ཅད་ལ ་སྦྱིན་གནས་སུ་འདུ་ཤེས་སྤྱད་པར་བྱེད་པ་དེ་ལྟ་བུ་ནི་ཐབས་ལ་མཁས་པ་ཡིན།། གང་གི་ཚེ་སྦྱིན་པ་པོ་དང་ལེན་པ་པོ་ཡང་དག་པའི་མཐའ་དང་མཉམ་པ་ཉིད་དུ་མོས་དེ་ལྟ་བུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར ་བྱུང་བ་ཡིནོ།། སྡིག་ཅན་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམ་ས་དཔའ་དགེ་བ་བརྩམས་པ་དག་ལས་ཕྱིར་མི་ལྡོག་པ་དེ་ལྟ་བུ་ནི། ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ཡིནོ།། གང་གི་ཚེ ་གཞན་གྱི་དོན་གྱིས་ཟིན་ཅིང་རང་གི་དོན་ལས་ལྡོག་པར་བྱེད་པ་དེ་ལྟ་བུ་ནི་ཐབས་ལ་མཁས་པ་ཡིན་ནོ།། གང་གི་ཚེ་དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུའ་ལ་རྟོན་པ་མ་ཡིན་པ་དེ་ལྟ་བུ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་བ་ཡིནོ།། སྡིག་ཅན་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔས་སྤོང་བ་པོ་མཐོང་ན་ཁོང་ཁྲོ་བ་མེད་ཅིང་ཡིད་རས་པར་བྱེད་པ་དེ་ལྟ་བུ་ནི་ལྷག་པའི་བསམ་པས་ཡང་དག་པར་ཞུགས ་པ་ཡིན་ནོ།། གང་གི་ཚེ་དགེ་བའི་རྩ་བ་ཡང་དག་པར་སྡུད་ཅིང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོང་སུ་བསྔོ་བར་བྱེད་པ་དེ་ལྟ་བུ་ནི་ཐབས་ལ་མཁས་པ་ཡིན།། གང་གི་ཚེ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རང་བཞིན་དུ་རབ་ཏུ་ཤེས་པ་དེ ་ལྟ་བུ་ནི་ཤས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་བ་ཡིན་ནོ།། དེ་ནས་ལྷའི་བུ་རིན་ཆེན་མཆོག་གིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས།། འཇམ་དཔལ་གལ་ཏེ་བདུད་སྡིག་ཅན་དཔུང་དང་བཅཝ ་བཞོན་པ་དང་བཅས། འཁོར་དང་བཅས། གནས་དང་བཅས་པ་འདི། སྒོ་བའི་ནང་དུ་བཅུག་ན་ནི། འདི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་ཐུ་དང་། རིགས་ཀྱི་བུ་མོ་དགལ་བ ་ཆང་བྱེད་པར་མི་འགྱུར།། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུབ་དུ་སྡིག་ཅན་ཁྲོ་བའི་ནང་དུ་གཞུག་པ་ནི། བྱང་ཆུབ་སེམས་དཔའི་ཆ་མ་ཡིན་པས། རིགས་ཀྱི་བུ་ཁོ་བོས་ཅི་ནས་ཀྱང་། བདུད་སྡིག་ཅན་འདི ་སངས་རྒྱས་ཀྱི་གཟུགས་ཀྱི་མཚན་གྱིས་ལེགས་པར་བརྒྱན་ཅིང་། བདེ་བ་མཆོག་དང་ལྡན་པས་སེང་གེའི་ཁྲི་ལ་འདུག་སྟེ། སངས་རྒྱས་ཀྱི་སྤོབས་པས་ཆོས་སྟོན་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་པར་བྱའོ།། དེ ་ནས་བདུད་སྡིག་ཅན་གྱིས་ཚིག་དེ་ཐོས་ནས། མི་སྣང་བར་བྱ་བར་འདོད་ཅིང་འབྲོས་པར་འདོད་ན། འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་བརླབས་ཀྱིས། འཁོར་དེ་ནས་མི་སྣང་བར་བྱ་བ་དང་། འཕྲོས ་བར་མཛེམ་དུ་སོ།། དེ་ནས་དོ་རྩེ། འཇམ་དཔལ་གཞོན་ནུར་གྱུར་བས་བསམ་པ་འདིས་མདུ་ང་སམས་ཏེ། བདུད་སྡིག་ཅནས་རྒྱས་ཀྱི་གཟུགས་ཀྱི་མཚན་དུ་ལྡན་ཞིང་། སེང་གའི་ཁྲིལ ་འདུག་པར་ཐམས་ཅད་དང་ལྡན་པའི་འཁོར་གྱིས་མཐོང་བར་བསམས་ནས། དེ་ནས་འཇམ་དཔལ་གཞོན་ནུར་པས། བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲསོ།། སྡིག་ཅན་ཁྱོད་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང ་ཆུ་ཐོབ་སྟེ། ཁྱོད་ནི་སངས་རྒྱས་ཀྱི་གཟུགས་ཀྱི་མཚན་དང་ལྡན་ཞིང་། སེང་གེའི་ཁྲི་ལ་འདུག་གོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས། བདུད་སྡིག་ཅན་གྱིས་འདི་སྐད་ཅེས་སྨྲས་སོ། ་ལམ་དཔལ་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་། བྱང་ཆུབམ་བརྙེན། ཁོབས་ལྟ་འཐོབ་བར་གྱུར་རེན་ན། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འཐབ་པའི་འདོད་ཆགས་དང་བྲལ་བའི་མཚན་ཉིད་ཡིན་པས་ན་འང ་ཆགས་དང་བྲལ་བ་ལ་ནི་འཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད། བྱང་ཆུབ་ནི་འདུས་མ་བྱས་པ་ཐོབ་པ་ཡིན་ལ། དེ་ཡང་འཐོབ་པ་མེད་པ་ཉིད་ཀྱི་མཚན་ཉིད་ཡིན་པ་དང་། བྱང་ཆུབ་ནི་སྟོང་པ་ཉིད་རྟོགས་པའི ་མཚན་ཉིད་ཡིན་པས་ན། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དང་། བྱང་ཆུབ་ནི་མཚན་མ་མེད་པའི་མཚན་ཉིད་ཡིན་པས་ན། མཚན་མ་མེད་པས་མཚན་མ་མེད་པར་མངོན་པར་རྫོགས་པར་འཆང ་མི་རྒྱ་བ་དང་། བྱང་ཆུབ་ནི་སྨོན་པ་མེད་པའི་མཚན་ཉིད་ཡིན་པས་ན། སྨོན་པ་མེད་པས་སྨོན་པ་མེད་པ་མངོན་པར་རྫོགས་པར་འཚང་མི་རྒྱུ་བ་དང་། བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ན། རང་བཞིན་གྱིས ་རང་བཞིན་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དང་། བྱང་ཆུབ་ནི་དེ་བཞིན་ཉིད་དབྱེར་མེད་པའི་མཚན་ཉིད་ཡིན་པས་ན། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དང་། བྱང་ཆུབ་ནི་ཡང་དག་པའི་མཐའ ་ལ་གནས་པ་ཡིན་པས་ན། ཡང་དག་པའི་མཐའ་ཡང་དག་པའི་མཐའ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དང་། བྱང་ཆུབ་ནི་བད་ག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། ་གསོ་བ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པའི་ངོ་བོ་ཉིད་ཡིན་པས་ན། དེ་ལ་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་གང་ཡང་མེད་པའི་ཕྱིར་རོ།། འཇམ་དཔལ་གཞན་ཡང་སེམས་དཔའ་གང་གིས་བྱང་ཆུབ་ཀྱི ་མཚན་ཉིད་བསྟན་པ་འདི་ཐོས་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་རྣམ་པར་འཁྲུགས་པར་མི་བྱེད་པ་དེ་ནི། སངས་རྒྱས་ཉིད་ཡིན་པར་བརྗོད་པར་བྱའོ།། བདུད་ཀྱིས་བསྟན་པ་འདི་བཤད་པ་ན། བྱང་ཆུབ ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུརརོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏི་རི་བུས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ཀྱི་བྱིན་གྱི་རླབས ་གྱིས་བདུད་སྡིག་ཅན་དེ་བཞིན་གཤེགས་པའི་ཁ་དོག་དང་། གཟུགས་ཀྱི་མཚན་དང་ལྡན་ཞིང་། སེང་གེའི་ཁྲི་ལ་འདུག་ནས། ཟབ་མོའི་གནས་འདི་ལྟ་བུ་འདི་དག་སྟོན་པ་ནི་ངོ་མཚར་ཏོ།། ལམ ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁོ་བོས་ནི། སེམས་མེད་པའི་དངོས་པོ་ཤིང་། རྩ་དང་། ནགས་ཚལ་འདི་དག་ལ་དེ་ལྟ་དེ་ལྟར་བྱིན་གྱིས་རླབས་ན་ཡང་། འདི་དག་ཀྱང་དེ་ལྟ་བུའི་མཚན་དང་ལྡན་ཞིང ་སངས་རྒྱས་ཀྱི་སྤོབས་པས་ཆོས་སྟོན་པར་འགྱུརརོ།། ཁོ་བོས་གནས་བརྟན་ཤཱ་རདྭ་ཏིའི་བུ་ཉིད་ལ་དེ་ལྟ་དེ་ལྟར་བྱིན་གྱིས་རླབས་ན་ཡང་། གནས་བརྟན་ཤཱ་རདྭ་ཏིའི་བུ་ཡང་། སས་རྒྱས་ཀྱི་གཟུགས་དང་སྐུའི་མཚན་དང་ལྡན་ཞིང ་སངས་རྒྱས་ཀྱི་སྤོབས་པས་ཆོས་སྟོན་པར་འགྱུརརོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་འཇམ་པལ་གཞོན་ནུར་གྱུར་པས། སངས་རྒྱས་ཀྱི་གཟུགས་དང་སྐུའི་མཚན ་དང་ལྡན་པར་བྱིན་གྱིས་རླབས་ན། ཉན་ཐོས་བསྟན་པའི་གཟུགས་སུ་གནས་པ་ནི་མི་འཐུན་པ་ཡིན་པས། བདག་འཁོར་འདི་ནས་མི་སྣང་བར་བྱའོ་སྙམ་དུ་བསམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར ་བིའི་བྱིན་གྱིས་རླབས་ཀྱིས། དེས་མི་སྣང་བར་བྱེད་མི་ནུསོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུའི་སེམས་ཀྱི་ཡོངསུ་རྟོགས་པ་སེམས་ཀྱིས་ཤེས་ནས། ཚེ་དང་ལྡན་པ་ཤཱ་ཏྲ་ཏིའི་བུ་སངས། ་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་དང་ལྡན་ཞིང་། སེང་གེའི་ཁྲི་ལ་འདུག་པར་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་མཐོང་བར་བྱིན་གྱིས་རླབས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས།། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཇི་ལྟར་དེ་བཞིན་གཤེགས་པ་སྟོན་པར་མཛད་པ་དེ་བཞིན་དུ་བདུད་སྡིག་ཅན་དང་ལྷན་ཅིག་དུ་སྟོན་ཅིག། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། སངས་རྒྱས ་ཀྱི་གཟུགས་དང་སྐུའི་མཚན་དང་ལྡན་པས་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་དང་སྐུའི་མཚན་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ།། སྡིག་ཅན་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཅི་ཞིག་རབ་ཏུ་ཕྱེ་བ་ཡིན། སྨྲས་པ ་བཙུན་པ་ཤཱ་ར་དྭ་ཏིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་རབ་ཏུ་ཕྱེ་བ་ཡིན་ནོ།། ཆོས་དང་ཆོས་མ་ཡིན་པ་གཉིསུ་མེད་པར་རྟོགས་པས་རབ་ཏུ་ཕྱེ་བ་ཡིནོ།། ཐམས ་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བས་རབ་ཏུ་ཕྱེ་བ་ཡིན་ནོ།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ།། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་གྱི ་ངོས་པོ་རྣམ་པར་འཇིག་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ།། བསྒོམ་པར་ངོས་པོ་མེད་པས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། རབ་ཏུ་ཕྱེ་བ་ཡང་མ་ཡིན། རབ་ཏུ་མ་ཕྱེ་བ་ཡང་མ་ཡིན། རྒྱུ་བ་མེད་པ། རྒྱུ་བ་དང་བྲལ་བ། རྒྱུ ་བ་ཐམས་ཅད་ཡང་དག་པར་ཆད་པ་སྟེ། འོང་བ་མེད་ཅིང་འགྲོ་བ་མེད་པ་ཡིན་ནོ།། དེ་ནས་བདུད་སྡིག་ཅན་གྱིས་ཚེ་དང་ལྡན་པ་ཤཱ་ར་དྷི་འི་བུ་ལ་འདི་སྐད་ཅེས་སྨྲསོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན ་གཤེགས་པ་ཅི་ཞིག་ལ་གནས་པ་ཡིན། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་སྨྲས་པ། སྡིག་ཅན་དེ་བཞིན་གཤེགས་པ་ནི་འཁོར་བ་མཉམ་པ་ཉིད་ལ་གནས་པ་ཡིན་ནོ།། མྱ་ངན་ལས་འདས་པས་རློམ་སེམས་མེད་པ་ལ་གནས་པ ་ཡིན་ནོ།། ལྟ་བའི་རྣམ་པ་ཐམས་ཅད་ཀྱི་ངོ་བོ་ཉིད་མཚན་ཉིད་ལ་གནས་པ་ཡིན་ནོ།། ཉོན་མོངས་པ་ཐམས་ཅད་ཀྱི་གནས་ལ་གནས་པ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བའི་རྩ་བའི་གནས་ལ་གནས་པ་ཡིན་ནོ།། ་འདུས་བྱས་དང་། འདུས་མ་བྱས་གཉིས་མེད་པའི་གནས་ལ་གནས་པ་ཡིན་ནོ།། གནས་ཐམས་ཅད་ལ་མི་གནས་པ་ལ་གནས་པ་ཡིན་ཏེ། སྡིག་ཅན་དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་ལ་གནས་པ་ཡིན་ནོ།། ཚེ་དང་ལྡན ་ཤཱ་ར་དྭ་ཏིའི་བུས་ཀྱང་། བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས།། སྡིག་ཅན་བྱང་ཆུབ་ག་ལས་བཙལ་བར་བྱ། བདུད་ཀྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་ནི་འཇིག་ཚོགས་ལ་ལྟ་བའི་རྩ ་བལ་གནས་པ་དང་། མ་རིག་པ་དང་། སྲིད་པའི་སྲེད་པའི་ཀུན་ཏུ་སྦྱོར་བ་དང་། ཕྱིན་ཅི་ལོག་གི་ཀུན་ནས་དཀྲིས་པ་དང་། སྒྲིབ་པར་ཚོད་བ་དག་ལས་བཙལ་བར་བྱེད།། སྨྲས་པ། སྡིག་ཅན་ཁྱོད་ཅི་འངསལ་ཀེ་དེ་སྐད་སྟོན ་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་པའི་ཕྱིརརོ།། བསྟན་པ་འདི་བཤད་པ་ན། དགེ་སློང་བརྒྱད་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ ་བར་གྲོལ་ལོ།། ཤཱ་ར་དྭ་ཏིའི་བུ་ལ་དད་པའི་ལྷའི་བུ་རྣམས་དང་། བདུད་ཀྱི་རིས་ལ་དད་པའི་ལྷའི་བུ་རྣམས་ལས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་བསྐྱེད་དོ།། ལྷའི་བུ་དེ་དག་གདུལ་བའི་བང་གི་ཕྱིརའཇམ་དཔལ་གཞོན་ནུར་གྱུར་པས། བདུ་སྡིག་ཅན་དང་། གན་ས་བརྟན་ཤཱ་ར་ཏིའི་བུ་གཉིས། སངས་རྒྱས་ཀྱི་གཟུགས་དང་། སྐུའི ་མཚན་གྱིས་བརྒྱན་པར་བྱིན་གྱིས་བརླབས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱིན་གྱིས་རླབས་དེ་ཕྱིར་བསྡུསོ།། དེ་ནས་གནས་བརྟན་ཤཱ་ར་དྭ་ཏིའི་བུ་དང་། བདུད་སྡིག་ཅན་ཡང་། རང་རང་གི་གཟུགས་ཀྱི་མཚན་དང ་ལྡན་པར་གྱུར་ཏོ།། དེ་ནས་དེའི་ཚེ། ཕྱོགས་བཞིའི་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ནས། བྱང་ཆུབ་སེམས་དཔར་སྟོང་ཕྲག་མང་པོ་དག་ལྷགས་ཤིང་འདུས་ཏེ། དེ་དག་ནམ་མཁའ་ལས་བབས་ནས། བཅོམ་ལྡན་འདས ་ག་ལ་བ་དེ་ངོ་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་ཅིག་ཏུ་འཁོད་པར་གྱུར་ཏོ།། ཕྱོགས་ཅིག་ཏུ་འཁོད་ནས ་ཀྱང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མ་མཆིས་པར་བསྟན་པའི་ཆོས་ཀྱི་རྣམ་གྲས་འདི་ཐོས་ནས། དམ་པར ་ཆོས་ཡོངས་སུ་གཟུང་བའི་སླད་དུ་འདིར་མཆིས་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། ཀླག་པར་བགྱིད། ཀུན་ཆུབ་པར་བགྱི་ཞིང་། དམ་པའི་ཆོས་ཡོངསུ ་གཟུང་བའི་སླད་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག ་གང་ནས་འདི་མཚིས་ལགས། བཅོམ་ལྡན་ལས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱེད་ཆུབྱ་སེམས་དཔའ་འདི་ག་ནི་སངས་རྒྱས་ཀྱི་ཞིང་ཐ་ད་པ་གནས་འཇུས་པ་སྟེ། འཇམ་དཔྲལ་གཞོན་ནུར་གྱུར་པས ་ཡོ་སུ་སྨིན་པར་བྱས་ཞིང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེ་དབང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཀྱིས་ཡོས་སུ་སྨི་ན་བར་བྱས་པ་དག་ཡིན་པས། འདི་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བའི་ཕྱིར་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་བསྙེན་བཀུར་བྱ་བ་དང་། ཆོས་ཀྱི་རྣམ་གྲས་འདི་ལ་ཡང ་རྗེས་སུ་ཡི་རང་བར་བྱ་བའི་ཕྱིར་འདིར་ལྷག་སོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་གིས་ནི། ང་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དས་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་འང་འི ་གླིང་དུ་རྒྱབ་པར་བྱེད་པར་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་ནི། སས་རྒྱས་འབུམ་ཕྲག་མང་པོ་དག་གི་དས་པའི་ཆོས་ཡོངས་སུ་འཛིན་པ་ལ་མངོན་པར་རྩོན་པ་ཡིན་ནོ།། དེ་ནས་བཅོམ་ལྡན ་འས་ལ། འཁོར་དེན་བརྒྱ་བྱིན་དང་། མངས་པ་དང་། འཇིག་རྟེན་སྐྱོང་བ་གང་ཇི་སྙེད་པ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་ལས་བདག་ཅག་གིས་ཀྱང་དམ་པའི་ཆོས་ཡོ་མུ་འཛིན་པའི་སྐྱེས་དུ ་དམ་པ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་འདི་དག་དང་། གཞན་དག་ལ་ཡང་རིམ་གྲོ་བསྙེན་བཀུར་བགྱི་ཞིང་། ཀུན་ཏུ་སྲུང་བ་དང་། སྦ་བ་དང་། འཚེ་བ་མ་མཆིས་པར་བགྱི་བའི་སླད་དུ་བརྩོན་པར་བགྱི་ལགསོ།། དེ་ནས ་བཅོམ་ལྡན་འདས་ཀྱི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ལ་ལེག་སོ་ཞེས་བྱིན་ཏེ། གྲོགས་པོ་དག་ཁྱེད་ཅག་དམ་པའི་ཆོས་ཡོང་སུ་འཛིན་པའི་སྐྱེས་བུ་ངས་པ་རྣམས་ཀུན་ཏུ་བསྲུང་བ་ལ་བརྩོན་པར་ཞུགས་པ་ནི་ལེགས ་སོ་ལེག་སོ།། གང་དག་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱེད་པ་དེ་དག་གིས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་མཆོད་པ་བྱས་པ་ཡིན་ན ་དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བ་ཀར་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཅི་ནས་ཀྱང་ཆོས་ཀྱི་རྣཿགྲས་འདི་ཕྱི་མའི་ཚེ་ཕྱི་མའི་དུས་ན། ལཛམྦུའི་གླིང་ན། རྒྱ་ཆེར ་སྤྱོད་པར་འགྱུར་བ་དེ་ལྟར་བྱིན་གྱིས་རྨོབས་ཤིག། ལཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱིན། སྲེག་པའི་བསྐལ་པ་བྱུང་བར་གྱུར་བ་ན། ནམ་ཁའི་ཁམས་མཚིག་པར་འིཀྱེ་བའི་སླད་དུ་བྱིན་གྱི ་རླབས་པར་བགྱི་མི་འཚལ་བ་དེ་བཞིན་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱང་ན་མཁའི་ཁམས་ཀྱི་རང་བཞིན་ལགས་པས། དེ་དག་ལ་ནི་སྐྱེ་བ་ཡང་མི་མངོན། འགག་པ་ཡང་མི་མངོན་ལགས་ཏེ། གང་ལ་སྐྱེ་བ་མ་མཆིས ་ཤིང་། འགག་པ་མ་མཆིས་པ་དེ་ལ་ནི་བྱིན་གྱི་རླབས་ཀྱི་རང་བཞིན་ཅི་ཡ་བ་མཆིས་ལགས་སོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བྱིན་གྱི་རླབས་མ་མཆིས་པ་ལགས་པས། དེ་དག་གི་ངོ་བོ་ཉིད་གང་ལགས་པ་དེ་ཉིད་བྱིན ་གྱི་རླབས་ལགསོ།། བཅོམ་ལྡན་འདས་འོན་ཏུ་ལགས་ཀྱིས་ཀྱང་། གང་དག་ཆོས་ལ་གུས་ཤིང་། ཆོས་ལས་ངེས་པར་ཐུང་ལ། མདོ་སྡེ་ཟབ་མོ་འདི་ནོད་པར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དགེ་བའི་རྩ་བ ་བསྐྱེད་པ་དེ་དག་གི་སྤང། དེ་བཞིན་གཤེགས་པ་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་དུ་གསོལ། བཅོམ་ལྡན་འདས་ཅི་ནས་ཀྱང་། བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་ཞིང་བར་ཆད་མ་མཆིས་པ་དང་། མ ་འོངས་པའི་སུན། འཛམྦུའི་གླིང་ན། སྐྱོང་པར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འདི་བྱིན་གྱིས་རླབས་དུ་གསོལ། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་འདི་འོད་གཟར་གྱི་ཁ་དོག་ལྟ་བུས་སྣང་བར་འགྱུར་བ། དེ་ལྟ་བུའི་འོད་དག་སྐུ་ལས་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་ལས་ཀྱིས། འཇམ་དངུལ་གཞོན་ནུར་གྱུར་པ་ལ་བཀར་སྩལ་པ། ལམ ་དཔལ་ཇི་ལྟར་དེ་བཞིན་གཤེགས་པའི་འོད་འདི་ཐམས་ཅད་དུ་རྗེས་སུ་སོང་བ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲས་འདི་ཡང་སངས་རྒྱ། ས་ཀྱི་ཆོས་ལ་ཤེས་པ་དང་། བསམ་པ་མ་ཉམས་པའི་རིགས་ཀྱི ་བུདང་། རིགས་ཀྱི་བུ་མོ་དེ་དག་གི་ལག་དུ་འོང་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པོ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ཆོངས ་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག་དང་། དེ་ལྟ་བ་ན་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན ་འད་རྣམ་པ་ལ་ཡང་མཆོད་པ་བྱས་པར་འགྱུར།། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་བ། ཀུན་དགའ་བོའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པ་ཞེས་བྱ་བར་ཟུང་ཤིག། ལྷའི་བུ་རིན་ཆེན་མཆོག་གིས་ཞུས་པ་ཞེས་བྱ་བར་ཡང ་ཟུ་ཤིག། འཇམ་པྲལ་གཞོན་ནུར་གྱུར་པའི་མན་ངག་ཅེས་བྱ་བ་ཡང་རུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀར་སྩལ་ནས། ཚེ་དང་ལྡན་པ་ཀུན་དགར་བོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ་བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་དང་། སངས་རྒྱས་ཀྱི་ཞིང་བ་དང་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷམ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རས་ཏེ། བཅོམ ་ལྡན་འདས་ཀྱིས་གསུམ་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲང་ས་ལེའུ་སྟོང་བྲག་བརྒྱ་པ་ལས། འཕགས་པ་ཆོས་ཀྱི་དབྱིངས་ཀྱི ་རང་བཞིན་དབྱེད་མེད་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། བརྒྱད་པ་རྫོགས་སྷོ།། རྒྱུག་གྱི་མ་འད་པོ་འཛིན་མི་ཏྲ་དང་། མུ་ལེན་དྲ་བྲོ་དང་། བུ་ཆེན་གྱི་ལོ་ཙ་བ་བརྡ་སྡེ་ལེ ་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དགུ་པ་སྟེ། འཕགས་པ་ཆོ་ལུས་བསྟན་པ།། ་བམ་པོ་དང་པོའོ།། རྒྱ་གརང་སྐད་དུ། ཨརྱ་ད་ཤ་དྷ་རྨ་ཀན་ན་མ་མ་ཧཱ་ཡན་སཱུ་ཏཱ། བོད་སྐད་དུ། འཕགས་པ་བཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས ་