| Wylie | e-texts produced with BDRC’s OCR application |
པོ་བཀོད་པ་རིམ་པར་བྱ་བ།། ཕྱག་ན་རྡོ་རྗེ་དབང་ཕྱུག་ཆེན་པོ་བདག། ཉིད་ཀྱིས་བསྟན་པ།། ལས་ཀྱི་དཀྱིལ་འཁོར་བད་ཀྱི་སྤུའི་ཆོ་ག་གསང་བ་སྤྱིའི་རྒྱུད་རྫོགསོ།། །། ་། རྒྱ་གར་སྐད་དུ། དྷུ་ནོ་ཏྟ་ར་བ་ཊ་ལ་ཀྲ་མཁོད་སྐད་དུ།། བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ།། དཔལ་རྡོ་རྗེ་རྣོང་པོ་ལ་ཕྱག་འཚལོ།། གསང་སྔགས་རྒྱུད་ཀྱི་ཕྱོགས་ལ། གང ་བློ་ནི་མ་ཞེན་པ།། དེ་ཡང་སྨྲ་བར་སྤྲོ་བ་ནི།། མ་སྨྲས་ན་ནི་མོ་འཚོའམ་ཅི།། གསང་སྔགས་རྒྱ་མཚོ་ཆེན་པོ་འདི།། ལེ་དང་ཆང་མ་གཏན་ཚིགས་མ།། རྗེ་སུ་དཔག་པ་འམ་ཤེས་རབ་ཀྱིས།། ་རྟོགས་པར་ནུས་པ་མ་ཡིན་ནོ།། ལུང་དང་མན་ངག་དོན་མེད་པར།། གང་ཞིག་ལམ་གཞན་འཇུག་པ་དེ།། བསྐལ་པ་དག་ནི་བརྒྱ་དུ་ཡང་།། སྔགས་ལས་དངོས་གྲུབ་མི་ཐོབ།། ལུས་ད ་མར་ངག་མ་ལུས་པ།། གང་གི་ཡོངསུ་སྤངས་པ་དག། གྲུབ་པ་མྱོང་བ་ལ་ལ་ཞིག། ཡོད་དམ་དེ་ནི་མེད་པ་སྨོས།། དེ་ནས་གསང་སྔགས་བདག་ཉིད་ཆེ།། དངོས་གྲུབ་རླབས་ནི་འཁྲིགས་པ། ་ཅན།། བསམ་ཡས་གཏིང་ནི་དཔག་དཀའ་བ།། རྟོགས་པར་ནུས་པ་སྨྲ་བའི་མཆོག། གལ་ཏེ་དེ་ལྟར་མི་ཤེས་ན།། ཚངས་པ་ཇི་ལྟར་ཤེས་པ་སྨོས།། ཡང་དག་སྨྲ་བར་མི་སྤྲོན།། ང་ཡིས ་བཤད་ཀྱིས་ང་ལ་ཉོན།། བྱང་ཆུབ་སེམས་དང་དེ་ཉིད་གསུམ།། གལ་ཏེ་ཤེས་ན་དངོས་གྲུབ་སྣོད།། དེ་དག་ལེགས་པར་མི་ཤེས་ན། ཁྱོད་ཀྱིས་དངོས་གྲུབ་ཅི་ཞིག་ཐོབ།། རིག་སྔགས་ལྔ ་ནི་སྒྲུབ་པ་པོ།། གཞན་མ་གཞན་མིན་ཅི་ཞིག་ཉེས།། གལ་ཏེ་གཞན་ན་འགྲུབ་མི་འགྱུར།། འོན་ཏེ་གཞན་མིན་གྲུབ་པ་ཉིད།། གལ་ཏེ་གཞོན་མིན་ཁྱོད་འགྲུབ་པས། མཁའ་ལ་སོགས་པར ་སོང་ཞིག། དེ་སྟེ་མིར་ན་བརྫུན་ཚིག་པས། བ་ལང་རྫི་དང་ལྷན་ཅིག་སྨོས།། མ་འཆི་ཚངས་ཆེན་ཕ་མཆོད་ཀྱིས།། ཡོངསུ་བསམས་ནས་ཚིག་སྨྲས་པ།། མི་མཇེད་བདག་པོས་གང་སྨྲས་པ། ་གཞན་པས་བདག་ལ་དངོས་གྲུབ་མེད།། རིགས་ལས་གྲུབ་པ་གཞ་མིན་ན།། དངོས་གྲུབ་བདག་ལ་ཡོད་མ་ཅི།། དེ་ལྟར་གྱུར་ན་ཅི་ཞིག་ཉེས།། འོན་ཏང་འགལ་བ་ཅི་ཞིག་ཡོད ་ཨེ་མའོ་ཚངས་པ་ཁྱོད་ཀྱི་གློ། ཤིན་ཏུ་དྲི་མ་མེད་པ་དང་། ཤེས་རབ་གསལ་བར་ངས་བསམ་མ།། ཚིག་རེ་ལ་ནི་རྙོགས་པ་བཞིན། གཞན་པས་ཁྱོད་ལ་དངོས་གྲུབ་རྒྱུ།། གཞན། ་པ་ནི་ཡོངས་གྲུབ་རྒྱུ།། གཞན་མིན་པ་ལས་གྲུབ་འདོད་ན།། སྨྱོན་པ་ཉིད་ནི་ཡིན་པར་འགྱུར།། འགྲོ་བའི་བདག་པོ་ཇི་ལྟར་ན།། དངོས་གྲུབ་ཡོད་པར་ཁས་འཆེ་བ།། ཡེ་ཤེས་སྒྲོན་མར་གྱུར་པ ་ཁྱོད།། ཇི་ལྟར་ཕན་པ་བཤད་དུ་གསོལ།། བང་གོས་རྗེར་དཔུང་ན་ནི།། རིག་ལས་གཞན་པ་འམ་མི་གཞན་མིན།། གཞན་མིན་མི་གཞན་མ་ཡིན་པས།། བདག་ནི་གོམས་ལས་དངོས་གྲུབ་འབོ། ་ཤེས་བྱ་བླ་མེད་གང་ཡིན་པའི།། ཡས་དེ་ཡང་གོམས་འཐོབ་ན།། ལས་ཀྱི་ཆོ་ག་འདི་དགིས།། དངོས་གྲུབ་ཡོད་པ་ཅི་ཞིག་སྨོས།། བཟླས་བརྗོད་ལྷ་ཡི་དེ་ཉིད་དང་། བདག ་དེ་ཉིད་ཇི་ལྟ་བ།། གརས་རྟེན་གཞན་ལ་མེད་པར་ནི།། མཚུངས་པ་མེད་པར་བ་གིས་རྟོགས།། ཚིག་ལས་ཚིག་ཏུ་འཕྲོས་པ་ལས།། ཚངས་ཆེན་མོ་མཆི་ཞེས་བྱ་བ།། དངོས་གྲུབ་འདོད་པ་སྐལ་ཆེན ་པོ།། གཙུག་ཏོར་རྒྱུད་ནི་ཉན་པར་བྱེད།། དེ་ནས་ཚངས་པ་ཆེན་པོ་དེ།། རྡོ་རྗེ་གཙུག་ཏོར་ཉན་པ་ལས།། ས་ཡི་མེ་ཏོག་འཆབ་བྱེད་པས།། བསམ་གཏན་གྱིས་ནི་རྒྱན་པར་བཤད།། དེ་ནས་ཡེ་ཤེས ་དུན་རྫོགས་པ།། རིག་སྔགས་གསང་སྔགས་ཐབས་ཆེན་དེ།། པྲ་བ་དེ་བཞིན་གཤེགས་པར་གསུངས།། བསམ་གཏན་གྱིས་ཀྱ་དེ་ཤིན་ཏུ་རྒྱར།། རྣལ་འབྱོར་ཐབས་ནི་ཀུན་བསྡུ། ་པ།། སྡུག་བསྔགས་སྡིག་པ་སེལ་བ་སྟེ། ཕྱག་ན་རྡོ་རྗེ་ཞལ་ནས་གསུངས།། སྐྱེ་དང་འཆི་བ་སྡིག་བྱེད་པ།། ཀུན་ཏུ་མིག་ཚུགས་བརྟན་པ་སྟེ།། འདི་དང་ཕ་རོལ་བྱེད་པར་གནས།། དཀྱིལ ་འཁོར་ཆེན་པོ་ལ་སོགས་འབྱུང་།། འདོད་པའི་དོར་ནི་རྗེསུ་སྒྲུབ།། ཆོ་ག་གང་དང་གང་དགིས།། བསམ་གཏན་ལས་ལ་གང་གནས་པ།། དེ་བཞིན་གཤེགས་ལ་ཕྱག་འཚལ་ནས།། དག་པ་ལུས ་བཤད་པར་བྱ།། གསང་སྔགས་བསམ་གཏན་ཞེས་བྱ་བ།། མཆོག་ཏུ་གསང་བ་ཡང་དག་གསུངས།། དྲང་སྲོང་བཀའ་བུབ་ཆེན་པོ་ཡང་།། དེ་དག་མེད་ན་མོ་འགྲུའོ།། གསང་སྔགས་རྣམ་འབྱོར་ཙམ ་ཀྱིས།། གསང་སྔགས་བཟླས་བརྗོད་མེད་འབར་བ།། སྐྱེ་དང་འཆི་བ་འཇིག་བྱེད་པ།། རྡོ་རྗེ་ཅན་གྱིས་སྔོན་གསུང་སོ།། དེ་བས་དེ་འདིར་གསང་སྔགས་ཀྱིས།། བསམ་གཏན་ཚིམ་བྱེད་མ་དག་ལ།། དངོས། ་གྲུབ་འདོད་པ་དག་གིས་མི།། རྟག་པར་རྒྱུན་ཏུ་སྦྱོར་བར་བྱ།། ལྷ་ཡི་སྐུ་ཡི་གནས་དེ་ལ།། དང་པོར་ཁོ་ནར་མཆོད་ནས་ནི།། རྣལ་འབྱོར་གནས་བཅས་ཤེས་རབ་ཅན།། བདེ་གཤེགས་མདུར་དུ ་བསམས་ནས་ནི།། ཕྱི་རས་ཡན་ལག་རྣམ་གྲོལ་བའི།། མི་འབྱེང་འབྱུང་བའི་རྣམ་པར་སྤངས།། ཕྲ་མོ་མི་གཡོ་གསལ་བ་སྟེ།། བློ་ཡི་སྤྱོད་པ་མདུན་ན་གནས།། བདག་ཉིད་འདྲར་བཞག་ནས་ནི ་སྔགས་ཀྱི་རྡོར་ཤེས་པས་སྒོམ།། བསྡམས་ནས་ཏིང་འཛིན་ལ་གནས།། སྲོག་དང་རྩོལ་བ་རབ་ཏུ་བསྡམས།། སྒྲ་དང་སེམས་དང་གིཞལ་གཞོལ།། གསང་སྔགས་མི་འགྱུར་གཞི་ལ་གནས།། ་ཡན་ལག་མ་ཉམས་གསང་སྔགས་བཟླས།། ངལ་ན་བདག་ལ་ངལ་སོ་ཤིག། མི་འགྱུར་བ་ནི་ཡོ་གང་ལྡན།། གཞ་ལས་གཞར་འགྱུར་དེ་བཞིན་ཏེ།། རང་སྔགས་ཕྱིར་ནི་གང་བརྟགས་པ ་ཡིད་ཀྱི་དམ་པ་བསམ་པར་བྱ།། སླར་སྡུད་པ་ཡིས་བཀུག་ནས་ནི།། སྲོག་དང་རྩོལ་བ་བསྡམས་པའི་ཡིད།། གསང་སྔག་ས་རིག་པས་སྔགས་ལ་སྦྱར།། ཡིད་ཀྱི་བཟླས ་བརྗོད་བརྩམ་པར་བྱ།། འདི་ཉིད་ཀྱི་ནི་ཆོ་ག་ཡིས།། ཡང་ན་ཤུ་བུར་བྱ་ཡང་རང་།། སྔགས་རིག་དངོས་གྲུབ་འདོད་པ་ཡིས།། བཟླས་པ་རྗོང་གཞན་དུ་མི་བྱའོ།། རིག་སྡིགས་དེ་ཉིད་མ་ལུས ་དང་།། བདག་གི་དེ་ཉིད་ཆོ་ག་དང་།། བཟླས་བརྗོད་དེ་ཉིད་མཆོག་ཤེས་དང་།། མོས་ནི་དངོས་གྲུབ་བོབ་པར་འགྱུར།། དབེན་པའི་བསྐྲད་མོས་ཚལ་དང་ངོགས།། ཕུག་དང་རི་བོར་ནགས་ཚལ་དུ ་བརྟུལ་བཞུགས་གནས་མ་སྡོམ་པ་ཡིས།། སྔགས་པ་བསམ་གཏན་བྱེད་ཅིང་གནས།། གསང་སྔགས་མ་གནས་དངོས་གྲུབ་སྟེ།། སྒྲ་གནས་རྣལ་འབྱོར་སྤང་བར་དྲམ་སྒྲ་མཐར་ཐར་བ་ས ་པ་ཉིད།། འདི་དག་དེ་ཞིད་གསུམ་པོ་ཡིན།། མི་འབྱེད་ལས་བྱུང་དངོས་པོ་རྣམས།། བློ་ཅན་གྱིས་ནི་བདག་ལ་བསྡམས།། སྔགས་པ་ཡན་ལག་འདས་ལ་གནས།། ཞེནཔ ་མེད་པར་བསམ་པར་བྱའོ།། སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར།། ཡི་གེ་བརྒྱུས་ལ་མི་འགྱུར་རྣམས།། དྲིལ་བུའི་སྒྲ་བཞིན་མ་ཆད་པར།། ཡིད་ལ་ཞེན་པར་སེ་དེ་ན།། མ་ཡིས་ནང་གནས་ཞི ་སྟེ།། ཚིག་རྣམས་ངག་པ་ཡན་ལག་ལྡན།། སྲོག་དང་རྩོལ་བའང་བཀག་པའི་བདག། གཉིད་སྤངས་ནས་ནི་རྣར་བསམ།། སྙིང་ཀར་གནས་པའི་ཕྲ་བ་ནི།། དྲི་མེད་ཟླ་བའི་དཀྱིལ་འཁོར ་དེ་ནས་རབ་ཏུ་ཞི་བ་ཡི།། མེ་ལྕེ་རབ་ཏུ་འོང་བཟང་བ།། མི་འགྱུར་བཞི་ནི་དེར་བཞག་ནས།། བདེ་བར་འདུག་ནས་སྒྲ་བསམ་འམ།། མི་འགྱུར་བ་ལ་ཡི་གེ་བཞག། སྒྲ་ཉིད་འབའ་ཞིག་བསམ་པ ་བྱ།། སྒྲ་ལ་དམིགས་པའི་བསམ་གཏན་ནི། 2་གའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་།། དངོས་པོ་ཀུན་རྣམས་དང་། ཉེ་བའི་དཔལ།། སྒྲུབ་པའི་སྐྱེས་བུས་ཐོབ་པར་འགྱུར།། ལྟོས ་ཡན་ལག་གྱུར་པར་སྣང་།། སྒྲ་ཞེས་བྱ་དང་ཡིད་ཀྱཻ་དང་། ཚིག་རྣམས་དག་པ་རིག་སྔགས་དང་། ཡན་ལག་སྤང་བ་རྒྱལ་བས་མཁྱེན།། སླར་སྡུད་དཀོ་འཐུབསམ་གཏན་དང་།། སྲོག་རྩོལ ་གའི་བྱ་བ་དང་།། རྔ་རེ་ཤེས་པ་སྣ་ཚོགས་པའི།། སྔགས་པ་རེ་ཤིག་ལྟོས་བཅས་པའོ།། དཀའ་ཐུབ་ཆེན་པོ་དང་ལྡན་པར།། ཆོས་བསྐྱེད་བརྟུལ་ཞུགས་མཆོག་ལྡན་པ།། ལྟོས་བཅས་པ་ནི་ཡུལ ་ལས་གྲོལ།། ཡན་ལག་སྣང་བ་ནན་ཏན་བྱ།། དེ་ཡང་བརྟུལ་ཞུགས་བྱས་ནས་ནི།། དོགས་པའི་འཇིག་རྟེན་སྨད་པ་ཡི།། བསམ་གཏན་གཅིག་པུ་རབ་བསྡམས་ནས།། བློ་གྲོས་ཞི་བ་བརྟན་པ་སྤྱད། ་། ཁུ་བ་བཤང་གཅིག་དག་དང་ནི།། འཕགས་པ་དག་ནི་རྒྱུ་བ་འམ།། དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་།། དབེན་པར་གཙང་སྦྲ་བརྩམ་པར་བྱ།། སྲང་དང་ཁྲོན་པ་ལུ་མ་དང་།། གྲོང་དང་གནག་བྱ ་ངག་ལ་ཡང་།། ངག་ལུས་ཡིད་ཀྱི་སྤང་བ་ནི།། སེན་གནོད་པ་ཀུན་མི་སྤྱད།། བསམ་གཏན་དང་ནི་བཟླས་བརྗོད་དང་།། གསང་སྔགས་འགྲུབ་པར་བྱ་བ་དང་། སྦྱིན་སྲེག་དབང་བསྐུར་བདེ་དང་། ཡུས ་གྱི་བྱ་བ་རྣམས་ལ་ཡང་།། བརྟུལ་ཞུགས་གསུངས་པ་གང་ཡིན་པོ།། དེ་ཡི་གནས་དང་ཚང་རྣམས་དང་།། སྔོན་ནི་བདག་ཉིད་འབའ་ཤིག་ལ།། མཐུ་ཆེན་རྡོ་རྗེ་འཛིན་གྱི་ལྷས།། རབ་ཏུ་གསང་བ ་གསུངས་པ་ཡིན།། ཉེར་འགྱུར་མངོན་དུ་ཕྱོགས། པ་དང་།། གསང་སྔགས་སྟེར་བར་འགྱུར་བ་དང་།། གཞན་དུ་ཕྱོག། ས་པ་གང་ཡིན་པ།། དེ་ཀུན་ཚངས་པ་ཁྱོད་ལ་བཤད།། གསང་སྦྲན ་ལ་སོགས་དང་ལྡན་པ།། རིག་སྔགས་ཁྲོ་བོ་མང་པོ་ཀུན།། རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར།། བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས།། དུས་གསུམ་དུ་ནི་ཕྲ་མོ་འདི།། གསང་སྔ ་སྒྲུབ་ལ་བརྟུན་པ་ཡིས།། ཚངས་པ་རྟག་ཏུ་རིག་བྱ་བ།། ཡན་ལག་བཅུ་ཡི་ཆོ་ག་ལས།། མ་དད་པ་དང་སྙོམས་པ་དང་།། བསྒྲེས་སྐོམ་ཟིལ་གནོན་དེ་བཞིན་ཏོ།། རྒོད་དང་ཡིད་ཀྱི་གདུང་བ་དང་། ་ལས་ལ་ཐེ་ཚོམ་ཟ་བ་དང་།། བཟླས་བརྗོད་བསམ་གཏན་མི་ཞོན་དང་།། བསྡོམ་པ་དག་ནི་གཤིག་པ་དང་།། ཅལ་ཅོལ་གཏམ་ལ་རབ་ཏུ་དང་།། མི་བྱ་བ་ལ་འཇུག་པ་དང་།། ལོག་འདྲེན་གྱིས་ནི ་བརླབས་པ་དང་།། རྨི་ལམ་ངན་པ་རྣམས་ཀྱང་མཐོང་།། སེཾན་དག་ལ་གནོད་བྱེད་དང་།། ལྷ་རྣམས་ལ་ནི་སྨོད་པ་དང་།། སྒྲུབ་པ་པ་ཡི་ཆོག་ལོ།། གང་ཚེ་འདི་དག་བྱེད་པ་ན།། རྟག་ཏུ་འཆེབ ་འབྱུང་བར་འགྱུར།། གསང་སྔགས་དེ་ལས་གཞན་དུ་ཕྱོགས།། གང་ཞིག་ཞི་བར་འདུག་པ་དང་།། སྒྲ་ཡི་ངོ་བར་གྱུར་པ་ན།། དེ་ཚེ་སྔགས་པ་གསང་སྔགས་ལ། ་བར་གྱུར་ཏེ་མངོན་དུ་ཕྱོགས།། ལྷ་དང་ལྷ་མིན་སེམས་ཅན་ནི།། དབང་ཕྱུག་ཡེ་ཤེས་འཇུག་པ་རྣམས།། མཐོང་ན་ཞི་བ་སྐྱེས་འགྱུར་བ།། དེ་ནི་མངོན་དུ་གྱུར་པ་སྟེ།། རྒྱལ་པོ་དང་ནི་ཕྱུག ་དང་།། སྐྱེ་བོ་བུད་མེད་དགེ་བ་རྣམས།། དབང་དུ་གྱུར་ཅིང་མངོན་དུ་ཕྱོགས།། པུས་མོ་འཛུགས་ཤིང་སྤྱི་བོས་འདུང་།། དེ་ལ་ཤེས་པ་འང་སྐྱེ་བར་འགྱུར།། མ་ཐོས་པ་ཡང་ཤེས་པར་འགྱུར།། ་སྐད་ཅིག་དག་ལ་ལུས་ལས་ནི།། བར་བར་མེ་བཞིན་འབར་བར་གྱུར།། གླུ་དང་སོལ་སྙན་སྒོ་རྣམས་དང་།། ལྷ་རྣམས་ཀྱིས་ནི་སྨྲ་བ་ཡང་།། ལྷ་མངོན་ཕྱོགས་པའི་སྔགས ་ཡིས།། དེ་དག་རྟག་ཏུ་ཐོབ་པར་འགྱུར།། གསང་སྔགས་ལྷ་ནི་མད་ན་ཕྱོགས་པའི།། སྒྲུབ་པ་པོ་ནི་མཐུ་ཆེན་པོ།། བློ་ཅན་བ་ཀའིའེ་ཐུབ་འགྲུབ་པ་ཡིས།། ཀུན་ཏུ་ཞེན་པར ་ཏུ་བྱ།། མངོན་དུ་ཕྱོགས་པའི་གནས་ཐོབ་ན། ན་མཁའ་རྒྱུ་བ་མངོན་པའི་གནས།། དབང་ཕྱུག་མང་པོ་རྟག་གྱུར་ཀྱང་།། གང་ཞིག་མ་མྱོས་དེ་སྔགས་རིག། གསང་སྔགས་འབྲ་སྨྲ་མ་ལུས་པ། ་ཡེ་ཤེས་དབང་ཕྱུག་བརྒྱན་པ་ཡང་།། དེ་མྱོས་གནས་ན་མཆོག་ཏུ་འགྲོ། རང་གི་མཐུ་ཡིས་ཤེས་པས་གསལ།། རྡོ་རྗེ་ཅན་གྱི་གསང་བའི་མཆོག་ཚངས་པ་སྐྱོན་མེད་གང་ཡིན་པ།། གང ་ཞིག་ཐོབ་ནས་བདེར་འགྱུར་བ།། ཡོངསུ་རྫོགས་པ་རྒྱལ་བ་བཞིན།། སྤྲོ་ཞིང་སྟོབས་དང་ལྡན་པ་ནི།། བཟླས་བརྗོད་བསམ་གཏན་དཀའ་ཐུབ་མོས།། གསང་སྔགས་རང་བཞིན་མེ་ཡིས་ནི།། སྡིགས ་། ཐདེ་བསྲེག་པར་བྱ།། གནས་དང་ཟས་དང་གྲང་བ་དང་། ཆང་དང་ཀླུང་དང་ཆ་བ་ལ། ཙམ་སྙམ་པར་ནམ་འགྱུར་ན།། དེ་ན་ལས་ཀྱི་འབྲ་སྤུ་དེས། སྒྲ་འམ་ཡང་ན་གཟུགས་ལ་ཡང་།། གང་བརྩོན་པ་རྣམ ་རྨོངས་པ།། ཉེ་བར་གྱུར་པར་དེར་ཤེས་བྱ།། དཀའ་ཐུབ་ཅན་གྱི་གནོད་པ་སྤངས།། གང་ཞིག་མཐོང་བ་ཙམ་གྱིས་ནི།། སོན་པང་བྱམས་འགྱུར་བ།། དེ་ནི་དངོས་གྲུབ་ཉེ་བར་འགྱུར།། བགེགས་རྣམས ་རྣརེ་སྤངས།། བདེ་བ་དང་ནི་སྡུག་བསྔལ་མཐའ།། འདོད་དང་ཁྲོ་དང་འཇིགས་པ་དང་།། ནད་དང་ཁྲོ་དང་གདོན་རྣམས་ཁྱོད་།། དགུ་ནི་སྔགས་པ་རྣམས་ལ་ཡོད།། ནམ་ཞིག་ཉེ་བར་གྱུར་པ་ན།། དུས ་དང་ལུས་དང་བྱ་ང་ལས།། ཆོས་དང་ཆོས་མིན་འབྲསྨྲ་ལ།། དེ་ཆེ་སྔ། ལ་མི་ལྟོསོ།། རིག་སྔགས་ཉེ་གྱུར་འདོད་པ་དང་།། གྲུབ་པ་དང་། ནི་དེ་བཞིན་མཆོག། ཉེས་པ་སྟོང་དག་བྱས་པ་ལྔ ་བཟོད་པར་འགྱུར་བ་དོགས་པ་མེད།། རིགས་བྱུང་རྫས་བྱུང་དངོས་གྲུབ་དང་།། སླར་གྱི་ཡང་ནི་ལུས་ཅན་ལ། ཉེ་བར་གྱུར་དང་སྔགས་གྲུབ་པ།། དབང་དུ་གྱུར་པར་རྟག་པ། ་བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ་རྫོགསོ།། །། སྤྱིར་ཤློཀ་ལྔ་བཅུ་རྩ་གསུམོ་སྐད།། །། རྒྱ་གར་སྐད་དུ། སུ་སཛྫ་ཀ་ར་མ་ཧཱ་ཏནྟྲ་ས་དྷ་ནོ་བ་མ་ཡི་ཀ་བ་ཊ་ལ།། བོད་སྐད་པུ་ལ། ་