| Wylie | e-texts produced with BDRC’s OCR application |
ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པ་དུས་བཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན ་།། མང་པོ་དང་ཐབས་ཅིག་ཏུ་བཞུག་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད ་སྙོམས་ལ་སོང་ངོ་།། མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ན། ཚེ་དང་ལྡན་པ་ཀུན་དགའ་བོས། ཁང་པ་བརྩེགས་པ་ཆེན་པོ་ཕྱི་ནང་བླུགས་ཤིང་བྱི་ངོར་བྱས་པ། སྒོ་གཏན་ལགས ་པར་བཅུག་པ། སྐར་ཁུང་བཅད་པ་ཞིག་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དག ་འདུན་ལ་འབུལ་བར་དད་པ་དང་གང་ཞིག་གིས་དེ་བཞིན་གགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འ་བྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གཽ་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན ་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་གིས་བསོད་ནམས་ཆེས་མང་དུ་འཕེལ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མཉན་ཡོད་ནས་བསོད་སྙོམས་ལས་སླར ་འཁོར་ནས། ཕན་ཟས་ཏྭ། ཟས་ཕྱི་མ་སྦྱངས་ནས། ལྷུང་བཟེད་དང་། ཆོས་གིས་བཞག་སྟེ། རྐང་པ་བཀྲུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་ཏེ། ཕྱིན་ནས། བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས ་གསོལ་ཏོ།། བཙུན་པ་འདི་ན་བདག་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་བོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་མཆིས་ཏེ། བཙུན་པ་བདག་མཉན་ཡོད་དུ་བསད ་སྙོམས་ལ་མཆིས་པ་ན། ཁང་པ་བརྩེགས་པ་ཆེན་པོ་སླད་ནང་བླུགས་ཤིང་། བྱི་དོར་བགྱིས་པ། སྒོ་གཏན་ལེགས་པར་སྩལ་པ། སྐར་ཁུང་བཀུམ་པ་ཞིག་མཐོང་ལགསོ།། ་མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བགྱིད ་བ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་སྩལ་ཏེ། སྲོག་ཤིང་ཁ ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོ། ས་པར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུག་སི་ཚོན་གང་པ་ཙམ་ཞིག་བགྱིད་ན། དེ་གཉིས ་ལས་གང་གིས་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་ལག་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ལེགས་སོ།། ཀུན་དགའོ་ཁྱོད་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན ་།། གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་མེས་མང་དུ་འཕེལ་ཞེས་བྱ་བ་ནི། ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་སྟེ་སྤྱོད་པ་དགའོ།། ཀུན་དགའ་བ ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་དོ།། ཀུན་དགའ་བོ་གང་ཞིག་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས། ཕྱོགས་བཞིའི་དགེ་སློང་གི་དགེ ་འདུན་ལ་འབུལ་བར་བྱེད་ལ། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ ་བཅུག་ཏི་སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ། བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེར་དང་། རྒྱུར ་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང ་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིརོ།། ཀུན་དགའ་བོ་འཛམ་བུའི་གླིང་ཆུ་ཞེང་དང་། རྒྱར་དཔག་ཚད་བདུན་སྟོང་ཡོད་པ་འདི། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར ་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། འབྲས་ས་ལུའི་ཞིང་ངམ། ཏིལ་གྱི་ཞིང་ངམ། སྨིག་མའི་ཚལ ་ལམ་འདམ་བུའི་འཚལ་ལམ། བུ་རམ་གི་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ། མི་ལ་ལ་ཞིག་གིས་ཇི་སྲིད་འ་ཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། ་མལ་ཆ་དང་། ནད་ཀྱི་གསོ་སྨན་དང་། ཡོ་བྱད་རྣམས་ཀྱིས་ཅི་འདོད་པ་སྟབས་ཏེ། དེ་དག་ཐམས་ཅད་ཡོངསུ་མྱ་ངན་ལ་ས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས ་དང་། སིལ་སྙན་དང་། བ་དན་དང་། དྲི་དང་། བདུག་པ་དང་། འཕྲེང་བ་དང་། ཕྱེ་མ་དང་། བྱུག་པ་དག་གིས་མཆོད་པ་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལྔ ་འདས་པའི་རིལ་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ནི། ཀུན་དགའ་བོ་བསོད་ནམས་འདི་ལ། བསོད་ནམས་སྔ་མ་ངེས། བརྒྱའི་ཆར་ཡང་ཉེ་བར ་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་།། རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དང་ག ་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིརོ།། ཀུན་དགའ་བོ་ཤར་གྱི་ལུས་འཕགས་གླིང་ཆུ ་ཞེང་དང་། རྒྱར་དཔག་ཚད་བརྒྱད་སྟོང་ཡོད་པ། རྒྱུན་ཏུ་ཞུགས་པ་རྣམས་ཀྱི་གང་བར་གྱུར་ཅེས་བྱ་བ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ།། ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང་། རྒྱར་དཔག་ཚད་དགུ་སྟོང་ཡོད་པ།། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་གང ་བར་གྱུར་ཅེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་སྨྲ་རོ།། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞེང་དུ་དཔག་ཚད་ཁྲི་ཡོད་པ། རྒྱུན་ཏུ་ཞུགས་པ་རྣམས ་ཀྱིས་གང་བར་གྱུར་ཅེས་པ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།། ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ། ཀ་བ་བརྒྱད་ཁྲི ་བཞི་སྟོང་རབ་ཏུ་བརྟན་པ་དག་ཡོད་དོ།། ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བཻ་ཌཱུཪྻ་སྔོན་པོ་ཡིན་ཏེ། ཀུན་དགའ་བོ་ཁང་བཟངས་རྣམ་པར་རྒྱལ་བ་གསེར་གྱི་བྱེ་མ་བདལ་བ་ལ ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲ་བས་གཡོགས་ཤིང་། གསེར་གྱི་དྲིལ་བུ་གཡེར་ཀས་བསྐོར་བ་སྟེ། ཀུན་དགའ་བོ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་ཁང་བཟངས་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ ་མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ཞེས་བྱ་བ་ནས། རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ།། ཀུན་དགའ་བོ་ལུས་འཕགས་མོའི་བུ་མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲས། ཕ་རྒྱུན་ཏུ ་ཞུགས་པ་བསད་ནས། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར། སྐུ་གདུང་གི་བརྒྱད་ཆ་ལ་བཀུར་བསྟི་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད ་པར་བྱ་བ་དང་། རྗེད་པར་བྱ་བ་དང་། གསོལ་པར་བྱ་བ་ལ་བརྩོན་པར་འགྱུར་རོ།། ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་ལས་དེ་ངེས་བྱས་པས།། སེམས ་ཅན་དམྱལ་བར་ལན་ཅིག་སོང་ནས། ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས། དེ་ནས་ཐར་ནས་བསྐལ་པ་ཉི་ཤུར ་ལོག་པར་ལྷུང་བར་མི་འགྱུར་ལ། སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། རང་བྱང་ཆུབ་མངོན་དུ་བྱེད ་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་པོའི་སྡེ་ཞེས་བྱ་བར་འགྱུར།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི ་།། ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པ ་ཆོས་རྣམས་དང་ལྡན་པ་དེའི་ཕྱིར། དེ་ལ་མཆོད་པའི་རྣམ་པར་སྨིན་པ་ཡང་དེ་ལྟར་དཔག་ཏུ་མེད་པར་ཤེས་པར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། ས་ཆེན་པོ་འདི་རྣམ་པ་དྲུག ་ཏུ་གཡོས་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན། ཤར་ཕྱོགས་དམའ། ལྷ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན། ལྷོ་ཕྱོགས་དམ ་དབུས་མཐོ་ན་མཐའ་དམའ།། མཐའ་མཐོན། དབུས་དམའ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ལ་ཆ་དང་ལྡན་པ་ཀུན་དགའ་བས་འདི་སྐད་ཅེས་གསལ་ཏེ།། བཅོམ་ལྡན་འདས་ཆོས་ཀྱི་རྣམས་གྲངས་འདིའི་མིང་ཅི་ལགས།། བདག་གི་ཇི་ལྟར་གཟུང་བར་བརྒྱ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བདུད་རྩིའི་རྔ་ཞེས་བྱ་བར་ཟུང་ཤིག། སྒྲ་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཤིག། དེ་ནས་ཚེ ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། རྗེ་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི ་མཁན་པོ་བི་ཤུད་དྷ་སིང་ཧ་དང་། ལོ་ཙཱ་བ་བན་དྷེ་དགེ་བ་དཔལ་གྱི་བསྒྱུར།། རྒྱ་གར་གྱི་མཁན་པོ་བིད་དྱཱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དེ་བ་ཙན་དཱས་ཞུས་ཏེ་གཏན་ལ་ཕབ། ་རྒྱ་གར་སྐད་དུ། ཨཱརྱ་པྲ་ཏཱི་ས་མུང་པི་ད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང ་