CLOSE WINDOW

L59: 'phags pa sum cu rtsa gsum pa'i le'u zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱའི་ལོ་ཙཱ་བ་བན་དྷི་ཏོང་ཨ་ཙརྱ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ།། གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་ཏྲ་ཡ་སྟིང་ཤད་པ་རི་བརྟ་ན་མ་མ་ཧཱ་ཡཱ་ན་སཱཿ། ་།། སྐད་དུ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན། ཤིང་ཡོངས་འདུའི་དྲུང་ན། ཨར་མོ་ནོ་ག་ལྟ་བུའི་རྡོ་ལབ་ལ་བཞུགས་ཏེ། སྐྲ་བསྐྲུན་པའི་ཡུམ་ལ་ཐུགས ་བརྩེ་བའི་ཕྱིར། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མིཐུ་ཆེན་པོ་ཤ་སྟག་དང་། ་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་པ་མས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས། མངོན་པར་ཤེས་པ། བཟོད་པ་ཐོབ་པ། སྤོངས་པ་ཐོགས་པ ་མེད་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ་སྟག་དང་ཐབས་གཅིག་ཏུ། དབྱར་གན་ས་པར་ཞལ་གྱིས་བཞེས་ནས། དེ་ནས་བཅོམ་ལྡན་འདས་འ ་འབུམ་ཕྲག་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ།། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང་། ཟླ་མཆོག་ཅེས་བྱ་བ་གཉིས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར ་གྱུར་ཏེ་འདུག་གོ།། དེ་ནས་ལྷའི་བུ་ཟླ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག ་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཟླ་བ་ཁྱོད་སུའི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་འདོད། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིགསུ་བཅད་དེ་གསོལ་པ། གང་དག་བདག ་ལ་སྨན་དང་སེམས་ཅན་གཞན་ལ་སྤྱན་སླང་ཞུགས། སེམས་ཅན་ཀུན་ལ་སྙིང་རྗེ་སྲིང་བརྩེ་ལེགས་པར་བསྐྱེད་ནས་ནི།། བྱང་ཆུབ་རྡུལ་བྲལ་བདུད་རྩི་འཚལ་ཞིང་དོན་ཏུ་སྒྲུབ་བཀྱི ་བ། ཤཱཀྱ་སེང་གེ་བདག་ནི་དེ་དག་དོན་དུ་ཞུ་བ་ཞུ།། གང་དག་མ་ཞུམ་སེམས་ཀྱིས་བསྐལ་པ་བྱེ་བར་སྤྱོད་བརྒྱ་ད་ཅིང་།། སྡུག་བསྔལ་སྤོང་ལ་འགྲོ་བ་ཐམས་ཅད་ཀྱང་ན་གྲལ ་བར་བགྱིད།། གང་དག་སེམས་ཅན་ཀུན་ལ་སེམ་ས་སྙོམས་སྦྱོར་བ་སེམས་པར་བགྱིད།། བདག་ནི་མི་འདྲེན་དེ་དག་ངན་དུ་རྒྱལ་ལོ་ཞུ་བ་ལགས།། གང་དག་སངས་རྒྱས་མཚན་མཆོག ་སུམ་ཅུ་རྩ་གཉིས་རྟགས་རྣམས་ཀྱིས།། སྐུ་སྤྲས་རྡུལ་དང་བྲལ་བ་བསོད་ནམས་ཞིང་ཆེན་མཐོང་གྱུར་ནས།། སྟོན་རྒྱ་མཚོ་གང་ཆེན་མཚོ་རྣམས་དེ་དག་འདོད་བགྱིད་པ།། གཟི་བརྗིད་ཆེན་པོ ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྟག་དུ་སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར།། གཞན་དུ་བློ་གྲོས་མི་སྐྱེད་གཞན་དུ་སེམས་པར་མི་བགྱིད་དང་།། གང་དག་ཉན་ཐོས ་རང་རྒྱལ་དག་ཏུ་བློ་གྲོས་མེ་སྐྱེད་པ།། མལ་རབ་བརྟེན་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྙེད་དང་མ་རྙེད་གྲགས་དང་མ་གྲགས་མཉམ་པར་སེམས།། སྨད་དང་བསྔགས་པ ་།། བདེ་དང་སྡུག་བསྔལ་དག་གིས་སྐྱོ་མ་འགྱུར།། འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་གནས་ཤིང་བསྐྱོད་མ་མཆིས།། འཇིགས་དང་བྲལ་བ་དེ་དག་དོན་ཏུ་བདག་མི་ནུབ ་ལགས་གང་དག་བདག་ཕངས་མཚུངས་འདྲར་གཞན་དག་ལ་ཡང་ཕངས་པར་འཛིན།། སྲིད་པ་གསུམ་ན་ཐ་དང་འབྱེད་པ་མ་མཆིས་སྦྱོར་བ་མཉམ།། གང་དག་བྱམས་པར་སེམས་ཤིང་ཆེ ་འཆོས་ཟ་བ་སྐྱོན་མ་མཆིས།། སྐྱེ་བ་དེ་དག་རྣམས་ཀྱི་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྟག་ཏུ་སྦྱིན་དང་ཚུལ་ཁྲིམས་དག་ཅིང་རྣམ་དག་སྤྱོད།། བདག་ཉིད་སྤོང་བར་བགྱིད་ཀྱིས་ཚུལ་ཁྲིམས ་ཕུང་པོ་གཏོང་མི་བགྱིད།། གང་དག་རྟག་ཏུ་ལུས་དང་ངག་དང་ཡི་དེ་རྣམས་ལེགས་པར་བསྡམས།། བདག་ནི་དྲི་མེད་དེ་དག་དོན་ཏུ་རྒྱལ་ལ་ཞུ་བ་ལགས།། གང་དག་བཟོད་པ་སྨྲ་ཞིང ་ལེགས་པར་བསྡམས་པའི་ཤེས་དང་ལྡན།། སྡུག་བསྔལ་དང་ནི་བསད་དང་བཅིངས་དང་བརྡེག་པ་རྣམས་ཀྱང་བཟོད།། ཀུན་གྱིས་དཀྲུགས་ཀྱང་ཁྲོ་བ་དང་ནི་ཐ་བ་སྐྱེད་པར་མི་བགྱིད་པ ་ངེས་པར་བགྱིས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་མཐུ་དང་བརྩོན་འགྲུས་སྟོབས་གནས་དམ་པའི་དོན་དང་ལྡན།། འཇིག་རྟེན་དོན་གྱི་སླད་དུ་རྒྱུ་ཞིང་བདག་གི་ཕྱིར་མ ་ལགས། དཀར་པོ་སྤྱོད་པ་རྣམས་ཀྱིས་མི་ངོམས་རྒྱ་མཚོ་ཆ་བ་དང་འདྲ།། ཡོན་ཏན་རྒྱ་མཚོ་དེ་དག་དོན་ཏུ་རྒྱལ་ལ་ཞུ་བ་ལེགས།། གང་དག་རྣམ་པར་རྟོག་པ་སྣ་ཚོགས་ཤས་ཆེས ་མི་འཇུག་པ།། གང་དག་ཉོན་མོངས་སྣ་ཚོགས་པམ་བགྱིས་འཕགས་པའི་ཡེ་ཤེས་ལྡན།། གང་དག་བསམ་གཏན་མངོན་ཤེས་རྣམ་རྩེན་རྫུ་འཕྲུལ་རྐང་པར་ལྡན།། བསམ་གཏན ་གནས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་ཤེས་རབ་ཕ་རོལ་སོན་ཅིང་ཡེ་ཤེས་མཐའ་ཡས་ལྡན།། རྟོག་དང་ཀུན་རྟོག་བྲལ་ཞིང་སྤྲོས་པ་མ་མཆིས་ཞི་བར་གྱུར།། གང་གིས་ཆོས ་འདི་དབེན་ཞིང་ཡ་མ་རླར་ཡང་རྟོགས་གྱུར་པ།། གང་ཟག་ཆེན་པོ་དེ་དག་དོན་ཏུ་བདག་ནི་ཞུ་བ་ལགས།། གང་དག་རྫུ་འཕྲུལ་ཤེས་ལ་མཁས་ཤིང་ཤིན་ཏུ་རབ་ཞི་སྤྱོད།། ཞིང་རྣམས ་ཁྲག་ཁྲིག་མཆིས་ལ་ཞིང་དུ་འཛིན་པའང་མ་མཆིས་དང་།། སངས་རྒྱས་ཁྲག་ཁྲིག་ཕྱག་འཚལ་སངས་རྒྱས་འཛིན་པའང་མ་མཆིས་པ།། མཐོང་ན་དགའ་བ་དེ་དག་དོན་ཏུ་རྒྱལ་བ ་ཞུ་བ་ལགས།། གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདུད་བཅོམ་དང་།། གང་དག་འཆི་བདག་བདུད་དང་བྲལ་ཞིང་ལྷའི་བདུད་བཅོམ་དང་།། གང་དག་བདུད་ཀུན་ངེས་བཅོམ ་ནས་ནི་བྱང་ཆུབ་རེག་གྱུར་པ།། མུན་དང་བྲལ་བ་དེ་དག་དོན་ཏེ་བདག་ནི་ཞུ་བ་ལགས།། གང་དག་ནགས་དང་ཚལ་དུ་བ་ཅེས་པའི་ས་གཞི་བསྐྱོད་ནས་ཀྱང་།། བྱང་ཆུབ་རྡུལ ་མེད་སངས་རྒྱས་ཡེ་ཤེས་མཆོག་ནི་འཚང་བརྒྱ་དང་།། གང་དག་སེམས་གཅིག་ལ་ནི་ཤེས་པ་ཅི་མཆིས་འབྱུང་འགྱུར་བ།། རྡོ་རྗེ་ལྟ་བུ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང ་ངག་ཡེ་ཤེས་ཀུན་མཁས་གཟི་བརྗིད་ཆེན་པོ་གཟི་སྤྱང་དང་།། གང་དག་རྟག་ཏུ་སངས་རྒྱས་གདུང་ཕྱིར་ཆོས་སྤྱོང་རབ་ཏུ་བརྟན།། གང་དག་འདྲེན་པ་དང་ནི་དགེ་འདུན་མཁས་རྣམ ་དགྱེས་དགུར་སྦྱོར།། དེ་དག་དོན་ཏུ་སྲིད་གསུམ་དག་ན་བདག་ནི་ཞུ་བ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ ་།། ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི ་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཚུལ ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བསྟན་པ་གཅིག་པ་ཤེས་པ་རྗེསུ་འཐོབ་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཟང་པོའི་ཚུལ་ཁྲིམས་ཅན་བག་མཆིས་པར་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་ལགས། ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཟླ་བ་ལེག་སོ་ལེག་སོ།། ཟླ་བ་ཁྱོད་ཀྱིས་གོ་ཆ་ཆེན་པོ་བགོས་པ་རྣམ ་རང་འདྲེན་པ་ཕལ་པོ་ཆེ་སྒྲོལ་བར་འདོད་པ་རྣམས་དང་། ཆོས་ཀྱི་སྒྲོན་མ་ཆེན་པོ་སྤར་བར་འདོད་པ་རྣམས་དང་། ཆོས་ཀྱི་གྲུ་ཆེན་པོ་གྲོལ་བར་འདོད་པ་རྣམས་དང་། ཆོས་ཀྱི་འཁོར་ལོ་ཆེན ་པོ་བསྐོར་བར་འདོད་པ་རྣམས་དང་། ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རྡུང་བར་འདོད་པ་རྣམས་དང་། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འདོད་པ་རྣམས་དང་། ཆོས་ཀྱི་ཏོག་ཆེན་པོ་གཟུངས ་པར་འདོད་པ་རྣམས་དང་། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱ་བར་འདོད་པ་རྣམས་དང་། ཡེ་ཤེས་ཆེན་པོའི་རྗེསུ་འགྲོ་བར་འདོད་པ་རྣམས་དང་། ཡེ་ཤེས་ཆེན་པོ་ཡོངསུ་རྫོགས་པར་བྱེད ་འདོད་པ་དེ་དག་དང་། དེ་ལྟ་བུར་ཡོན་ཏན་ཚང་མང་བ་དང་ལྡན་པའི་སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ཁྱོད་ལེག་སོ།། ལྔའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ། ་ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཤེས་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་ཡིན་པ་དང་། ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོ་ས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བཤད་པ་གཅིག་པ་ཤེས་པ་རྗེ་སུ་འཐོབ ་པ་ཡིན་པ་དང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་པར་ངས་ཁྱོད་ལ་བསྟན་ཏོ།། བཅོམ་ལྡན་འདས་དེ་ལྟར་འཚལོ་ཞེས་གསོལ་ཏོ།། ལྷའི་བུ་ཟླ་བས་བཅོམ་ལྡན་འདྲ ་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འད་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མངོན་པར ་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ཏེ། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད ་།། ཤེས་པ་ལ་ཡང་མཁས་ལ། ཆོས་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་དོ།། དེ་ནི་ཆོས་ཐམས་ཅད་ན་མཁའ་དང་མཉམ་པར་རིག་པ་དང་། ཤེས་པ་དང་། ཐོབ་པ་དང ་མངོན་སུམ་དུ་གྱུར་པ་ཡང་ཡིན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཆོས་གཞན་ཅི་ཡང་ཡང་དག་པར་མི་མཐོང་ངོ་།། ་ལྷའི་བུ་དེ་ལ་ཆོས་ཐམས་ཅད་ཚུལ་གཅིག་པ་གང་ཞེ་ན། སྔོན་གྱི་མཐའ་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ། ཕྱི་མའི་མཐའ་ཡང་སྟོང་ལ། ད་ལྟར་བྱུང་བ་གང་ཡིན་པ ་དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་ཞེས་བྱའོ།། དེ་ལ་འབྱེད་པ་དང ་ཤེས་པ་དང་། སྟོན་པ་དང་། འདོགས་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། འཆད་པ་འདི་ནི་མཁས་པ་ཞེས་བྱའོ།། དེ་ལ་ཇི་ལྟར ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ཅེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་བདག་ཉིད་ཀྱི་ཀུན་ནས་སློང་བས་ཀུན་ནས་བསླང་བ་སྟེ། དེས་ཆོས་ཐམས་ཅད་དྲན་པ་ཆེ་བར ་གཞག་པས། ཀུན་ནས་བསླང་བར་རིག་ནས། བདག་ལ་མངོན་པར་ཞེན་པ་མེད་དོ།། དེ་ལ་བདག་མངོན་པར་ཞེན་པ་མེད་པས། ཆོས་གཞན་རྣམས་སློང་བར་མི་བྱེད་དོ།། ཆོས ་གང་ཡང་མི་ཤེས་ཤིང་མ་སྤངས་པས་ན། དེ་ལ་མངོན་པར་ཞེན་པར་མི་ནུས་སོ།། དེ་ལ་མངོན་པར་ཞེན་པ་མེད་པས་ན། ཆོས་རྣམ་པར་གཞག་པར་ཡང་བྱེད་ལ། ཆོས་གང་ལ ་ཡང་མངོན་པར་ཞེན་པར་མི་འགྱུར་རོ།། ལྷའི་བུ་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།། ཆོས་ཐམས་ཅད་ན་མཁའ་དང་འདྲ་བར་ཤེས་ཞེ་ན། ལྷའི་བུ་ཁམས ་གསུམ་པ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ་ཡང་གཟུགས་མེད་པ། བསྟན་ཏུ་མེད་པ། ཐོགས་པ་མེད་པ། རྣམ་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང ་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ཀྱང་མི་རྙེད་དོ།། སེམས་གང་གིས་སེམས་ཡོངས་སུ་བཙལ་བའི་སེམས་དེ་ཡང་མི་རྙེང་ངོ་།། དེ་སེམས་མི་དམིགས་པས། ཆོས ་ཐམས་ཅད་མི་དམིགས་སོ།། ཆོས་ཐམས་ཅ་ད་མི་དམིགས་པས། ཆོས་གང་ཡང་མཚན་མ་འམ། རྗེ་སུ་ཡ་ང་དག་པར་མི་མཐོང་སྟེ། ཆོས་ཐམས་ཅད་ལ་ཆགས ་པར་མི་འགྱུརརོ།། ཆོས་ཐམས་ཅད་ཡོངསུ་མ་གྲུབ་པའི་ཕྱིར་ན་མཁའ་དང་འདྲ་བར་ཤེསོ།། ལྷའི་བུ་དཔེར་ན། ན་མཁའ་མ་སྐྱེས་ཤིང་ཡོངསུ་མ་གྲུབ་པ་དེ་བཞིན་དུ ་དེས་ཆོས་ཐམས་ཅད་ཤེས་སོ།། ཇི་ལྟར་ན་མཁའ་ཞེས་བྱ་བ་དེ་ཡང་དབེན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མིང་ཙམ་དུ་ཟད་དེ། དེ་དག་ཀྱང་དབེན་པའོ།། ཇི་ལྟར་བྱང་ཆུབ ་སེམས་དཔའི་ཆོས་ཉིད་དང་འཐུན་པར་སྦྱོར་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་སོ་སོ་ཡང་དག་པར་བསླབས་ན་ཆོས་འདི་དག་ཐམས་ཅད ་གཅིག་གིས་གཅིག་མི་ཤེས་ཤིང་། མི་མཐོང་སྟེ། མིག་གིས་ཀྱང་རྣ་བ་མི་ཤེས་ཤིང་མི་མཐོང་ལ། རྣ་བས་ཀྱང་མིག་མི་ཤེས་ཤིང་མི་མཐོང་ངོ་།། སྣས་ཀྱང་ལྕེ་མི་ཤེས་ཤིང ་མི་མཐོང་ལ། ལྕེས་ཀྱང་སྔ་མི་ཤེས་ཤིང་མི་མཐོང་ངོ་།། ལུས་ཀྱིས་ཀྱང་ཡིད་མི་ཤེས་ཤིང་མི་མཐོང་ལ། ཡིད་ཀྱིས་ཀྱང་ལུས་མི་ཤེས་ཤིང་མི་མཐོང་ངོ་།། ཆོས་འདི་དག ་ཐམས་ཅད་ནི་བེམས་པོ་སྤྱོད་པ་མེད་ག་བྱེད་པ་མེད་པའོ།། དེས་དེ་ཆོས་ཀྱི་དབྱིངས་དང་འདྲ་བར་ཤེས་ཏེ། དེ་ལྟ་བུའི་ཤེས་རབ་དང་ལྡན་པ་དེ་ནི་ཡུལ་དྲག་ལས་ཆོས་གང་སྣང་བར་གྱུར་པ ་མང་འདི་སྙམ་དུ་སེམས་ཏེ། འདི་ལ་ནི་གང་ཕྱི་རོལ་རིག་པར་བྱེད་པའི་ནང་གི་ཆོས་གང་ཡང་མེད་དོ།། འདི་ལ་ནི་གང་ནང་རིག་པར་བྱེད་པའི་ཕྱི་རོལ་གྱི་ཆོས་གང་ཡང་མདོ་སྔ་མོ།། དེས་པ ་མམས་ཤིང་དེ་ལར་མཐོང་བས་ཆེས་གང་གི་ཡང་། བའམ། གནས་པ་འང་དག་པར་མི་མཐོང་།། ལྔའི་དྲུག། ངལ་སྐྱེ་བ་ཡང་མེད་། འགག་པ་ཡང་མང་། གནས ་པ་ཡང་མེད་པ་དེ་ནི། ཆོས་ཀྱི་དབྱིངས་སོ།། ལྷའི་བུ་གེ་ཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་གནས་པ་སྟེ། གཏན་དུ་མི་སྐྱེ་བར ་གནས་པའི་ཕྱིར་རོ་སྙ་མོ།། དེ་དེ་ལྟར་ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་ལྡན་པས་ན། ཆོས་ཉིད་ལ་མ་གཏོགས་པའི་ཆོས་གང་ཡང་མི་མཐོང ་བ་ལ་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན།། མངོན་པར་ཤེས་པ་ཆེན ་པོ་དང་ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་དུ་སོན་པ་ཡིན་ནོ།། ལྷའི་བུ་དེ་ལ་མངོན་པར་ཤེས་པ་གང་ཞེ་ན། ལྷའི་བུ་མངོན་པར་ཤེས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པ་གང་ཡིན་པའོ།། ལྷའི་བུ་ཡེ་ཤེས་བྱ་བ་ནི། ཆོས་ཐམས་ཅད་ལ་གཉིས་སུ་མི་འབྱེད་པ་གང་ཡིན་པའོ།། ལྷའི་བུ་གཉིསུ་མེད་པ་ཞེས་བྱ་བ་ནི་གང་ལ་མིག ་དང་། གཟུགས་འདོགས་པར་མི་བྱེད། རྣ་བ་དང་། སྒྲ་འདོགས་པར་མི་བྱེད། སྣ་དང་དྲི་འདོགས་པར་མི་བྱེད། ལྕེ་དང་རོ་འདོགས་པར་མི་བྱེད། ལུས་དང་རེག་བྱ་འདོགས་པར་མི་བྱེད ་ཡིད་དང་ཆོས་འདོགས་པར་མི་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་མངོན་པར་ཤེས་པ་ལྔ་འཐོབ་པར་འགྱུར་ཏེ། དེ་ཡང་བསམ་པ་ཇི་ལྟ་བ་བཞིན་དུ ་སྨོན་ལམ་ཡོངས་སུ་རྫོགས་ནས་ཐོབ་པར་འགྱུར་རོ།། ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། ལྷའི་མིག་གིས་ཕྱོགས་བཅུར་སངས་རྒྱས ་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་ག་མཐོང་ངོ་།། སངས་རྒྱས་ཀྱི་ཞིང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ ་གང་དག་བཞུགས་པ་དེ་དག་ཀྱང་མཐོང་ངོ་།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ལྷའི་རྣ་བའི་ཁམས་ཀྱིས་ཐམས་ཅད་ཐོསོ།། སངྱས ་ཀྱི་ཞིང་དེ་དག་ནི་སེམས་ཅན་རྣམས་ཀྱི་བསམ་པ་དང་། སྤྱོད་པ་ཐ་མ་དང་། འབྲིང་དང་། རབ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེསོ།། སངས་རྒྱས་ཀྱི་ཞིང་དེ་དག་ཐམས ་ཅད་དུ་ཡང་སྐད་ཅིག་དེ་ལ་འགྲོའོ།། དེ་བདག་ཉིད་ཀྱིས་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པ་ལས་ཀྱང་བརྩམས་ནས་ཆོས་སྟོན་པར་བྱེད། ལྷའི་བུ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པ་ཡིན་ཏེ། ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཐབས་ཤེས་པ་ལ་མཁས་ཤིང་གསལ་བ་ནི།། མངོན་ཤེས་ཆེན་པོ་ཡོངསུ་རྫོགས་པར་བྱེད།། རྟག་ཏུ་ཆོས་ཀུན་ནམ ་མཁའ་ལྟ་བུར་ཤེས།། དོ་ནི་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། ཆོས་རྣམས་ཐམས་ཅད་ཇི་བཞིན་ཤེས་པ་ཡི། མཁས་པ་མངོན་པར་ཞེན་པར་མི་བྱེད་དེ།། རྟག་ཏུ་ཆོས ་ཀུན་ན་མཁའ་ལྟ་བུ་དང་།། རྟག་ཏུ་སྟོང་པའི་བ་ངག་མེད་ཤེས་པ་ཡིན།། ཆོས་དང་ཆོས་ཀྱི་དབྱིངས་ལ་འ་ཐུན་པར་སྦྱོར།། ཆོས་ཀྱི་དབྱིངས་ལ་མ་གཏོགས་མཐོང ་བ་མེད།། གང་གིས་དེ་མཐོང་དེ་ཡང་ལྷག་པར་མཐོང་།། དེ་ལྟར་མངོན་པར་བརྩོན་པས་མངོན་ཤེས་འཐོབ།། སྔོན་གྱི་ཆོས་རྣམས་ཇི་ལྟར་སྟོང་པ་བཞིན།། མ་འོངས་པ་རྣམས་དེ ་བཞིན་སྟོང་པ་དང་།། དེས་ནི་ད་ལྟར་བྱུང་བའང་དེ་བཞིན་མཐོང་།། དེ་དག་སྔན་ཆད་ཇི་བཞིན་བརྗོད་པ་ཡིན།། ཆོས་རྣམས་ཐམས་ཅད་རྟག་ཏུ་དུས་གསུམ་སྟོང་།། མཁས་པ་མི་རྟོག། ་རྣམ་པར་རྟོག་མི་བྱེད།། མི་རྟོག་རྣམ་པར་རྟོག་པར་མི་བྱེད་ན།། ཇི་བཞིན་མཐོང་བ་ལ་ནི་འཇིགས་པ་མེད།། དེ་ཉིད་ཤེས་ལྡན་མཁས་ལ་གསལ་བ་སྟེ།། ཆོས་ཀྱང་སྟོན་ལ ་ཆོས་ཀྱི་འདུ་ཤེས་མང་།། རློམ་སེམས་མེད་པ་ལ་ནི་རྟེན་པའང་མེད། རྟེན་པ་མེད་པ་ལ་ནི་གཡོ་བའང་མེད།། ཆོས་འདི་ཐམས་ཅད་བདག་ལས་བྱུང་བ་སྟེ།། དེ་ནི་བདག་མེད་རང་བཞིན་བདག ་མེད་དེ། ཆོས་འདི་ཐམས་ཅད་བདག་མེད་རྟོགས་ནས་ཀྱང་།། མཁས་པ་ཆོས་གཞན་ཀུན་ནས་སློང་མི་བྱེད།། མ་སྐྱེད་གང་ཡིན་དེ་ནི་འབྱུང་མི་འགྱུར།། དེ་ནི་དེ་ལ་མངོན་པར་ཞན་པ ་མེད། རྣམ་པར་བཞག་པས་ཆོས་ཀུན་སྟོན་པར་བྱེད།། ཆོས་རྣམས་སྟོན་ཀྱང་བདག་ལ་སེམས་པ་མེད།། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འགྱུར།། སེམས་དེ་ཉིད ་ཀྱང་རྟག་ཏུ་བསྟན་དུ་མེད།། གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ།། མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ།། དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན།། སེམས ་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད།། སེམ་ས་དེ་སེམས་གང་གིས་ནི་ཚོལ་བྱེད་པ།། སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད།། དེ་ནི་ཆོས་རྣམས་ཀུན་གྱིས་མི ་གོས་ཏེ། དེ་ཡི་མཚན་མ་འདོད་ཆགས་འཇུག་པ་མེད།། དེ་ནི་ཆོས་ཀུན་མ་གྲུབ་ཤེས་ནས་ཀྱང་།། དེ་ཡིས་རྟག་ཏུ་ན་མཁའ་ལྟ་བུར་ཤེས།། ཇི་ལྟར་ན་མཁའ་སྐྱེས་པར་མ ་གྱུར་པ།། དེ་བཞིན་དེ་ཡིས་ཆོས་རྣམས་ཐམས་ཅད་ཤེས།། སྙིང་པོ་མང་པོའི་ན་མཁའ་མིང་གིས་བྱས།། ཆོས་རྣམས་སྟོང་པ་མིང་གིས་རྣམ་པར་བརྗོད།། རྣམས་ཀྱང་རྣ་བས་མིག ་ནི་མཐོང་བ་མེད།། རྣ་བ་ཡིས་ནི་ནམ་ཡང་མིག་མ་མཐོང་།། སྣས་ཀྱང་ལྕེ་མིན་ལྕེས་ཀྱང་སྣ་མ་ཡིན།། དེ་དག་གཅིག་ལ་གཅིག་ནི་མཐོང་བ་མེད།། ལུས་ཀྱིས་ནམས་ཀྱང ་།། ཡིད་ནི་མཐོང་མི་འགྱུར།། ཡིད་ཀྱིས་ནམས་ཀྱང་ལུས་ནི་མཐོང་བ་མེད།། འདི་དག་ཕན་ཚུན་འདོགས་པར་མི་བྱེད་དེ།། དེ་ཕྱིར་འདི་དག་རྟག་ཏུ་དབེན་པ་ཡིན།། སྤྱོད་མད ་བྱེད་པ་མེད་ལ་བེམས་པོ་སྟེ།། ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཚུངས་ཞིང་མཉམ།། ནང་ཡང་ཕྱི་རོལ་དག་གིས་མི་ཤེས་ལ།། ཕྱི་རོལ་དག་ཀྱང་ནང་གིས་མི་ཤེསོ།། དེ་ཕྱིར་ཆོས ་རྣམས་འདི་དག་རབ་ཤེས་པ།། རྟག་ཏུ་དེ་ཡིས་ཤེས་པ་མཐའ་ཡང་ཡས།། ཕྱོགས་བཅུར་སངས་རྒྱས་བྱེ་བ་ཉན་ཐོས་བཅས།། མཐོང་དུ་ཟིན་ཀྱང་རྟོག་པར་མི་བྱེད།། ཤེས་རབ ་མཐའ་ཡས་ཚུལ་ཁྲིམས་རབ་དག་པ།། དེ་དག་ཆོས་རྣམས་སྟོན་པ་གང་ཡིན་པ།། ལེགས་པར་ག་སུངས་པ་དེ་དག་ཐམས་ཅད་ཐོས།། བཟུང་ནས་ཀྱང་ནི་ཡང ་ངག་འཛིན་པར་བྱེད།། དེས་ནི་སེམས་ཅན་ཀུན་གྱི་སེམས་ཀྱང་ཤེས།། རྫུ་འཕྲུལ་གྱིས་ནི་ཞིང་རྣམས་ཕྱེ་བར་འགྲོ།། བསྐལ་པ་བྱེ་བ་བས་ཀྱི་མི་ཁྱབ་པ།། གང་གཱའི་བྱེ་སྙེད་སྔོན་གྱི་གནས་ཀྱང་དྲན།། ་དེ་ཕྱིར་མངོན་ཤེས་ལྔ་པོ་འདི་བསྒོམས་ན།། བདེ་གཤེགས་ཡེ་ཤེས་དང་ཡང་ཉེ་བར་འགྱུར།། མཁས་དེ་རྟག་ཏུ་སངས་རྒྱས་བྱེ་བས་གནས།། བྱང་ཆུབ་མ་ཐོབ་པར་ཡང་དོན་བྱེད ་འགྱུར།། གང་ཞིག་འདི་འདྲའི་ཆོས་བསྟན་ཐོས་ནས་ཀྱང་།། དགའ་བ་རྒྱ་ཆེན་གཙོ་བོ་སྐྱེད་འགྱུར་བ།། དེ་ལ་བདུད་ཀྱི་ཚུགས་པར་མི་འགྱུར་ཏེ།། མྱུར་དུ་བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ ་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་པར་རིག་པར་བྱའོ།། བཞི་གང་ཞེ་ན། ལྷའི ་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བབས་ལ་མཁས་པ་ཡིན་ཏེ། དེཇི་ལྟ་ཇི་ལྟར་བདག་ཉིད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱིས་གནོད་པར་གྱུར ་པ་མཐོང་བ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར།། བརྩོན་འགྲུས་རྩོམ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱང་། བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་ལ ་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་སོ།། དེ་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཡང ་རྗེསུ་ཡི་རང་བར་བྱེད་ལ། སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་དེ། དགེ་བའི་རྩ་བ་དེ་ཡང ་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་འདོར་ཞིང་ཡོང་སུ་གཏོང་བར་བྱེད་དེ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་མི་སྔོ་བའི་སེམས་སྐྱེད་པ་ཅི་ཡང ་མེད་ལ། སེམས་ལ་མ་གཏོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་མ་མཐོང་ངོ་།། བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ། སེམས་ཀྱི་མཚན་ཉིད་ཀྱང་དེ་ཡང་ཡིན་པར ་ཤེས་ནས་འདྲི་བར་བྱེད་དོ།། སེམས་དང་བྱང་ཆུབ་ལ་ཡང་མངོན་པར་ཞེན་པ་མེད་ལ། ཐབས་ཤེས་པས་དགེ་བའི་རྩ་བ་ཡང་རྣམ་པར་འཕེལ་བར་བྱེད་དོ།། དེས་ཆོས་ཀྱི་དབྱིངས་ཀྱང ་རྣམ་པར་དག་པར་མི་མཐོང་ལ། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་རྫོགས་པས་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་ཡང་ཆོག་མི་ཤེས་སོ།། སེམས་ཀྱི་ལས་དང་། ་། དགེ་བའི་སེམས་ལ་ཡང་མཆོག་ཏུ་འཛིན་པ་ཡང་མེད་དོ།། དེ་སྦྱིན་པ་ཡང་སྦྱིན་པར་བྱེད་ལ། དེ་ལ་ཡང་རྣམ་པར་མི་རྟོག་གོ།། ཚུལ་ཁྲིམས་ཀྱང་སྲུང་ལ། དེ་ལ་མདོག་ཏུ ་འཛིན་པ་ཡང་མེད་དོ།། བཟོད་པ་ཡང་སྒོམ་ལ། དེ་ལ་ཡང་མི་གནས་སོ།། བརྩོན་འགྲུས་ཀྱང་རྩོམ་ལ། དེ་ཡང་དབེན་པར་ཤེས་སོ།། བསམ་གཏན་ལ་སྙོམས་པར་འཇུག་ལ་དེ་ལ ་ཡང་མི་རྟེན་ཏོ།། ཤེས་རབ་ལ་ཡང་སྤྱོད་ལ། དེ་ལ་ཡང་ཀུན་ཏུ་མི་སྤྱོད་དོ།། སེམས་ཅན་རྣམས་ཀྱང་ཡོངསུ་སྨིན་པར་བྱེད་ལ། དེ་ཡང་མི་དམིགས་པར་སྤྱོད་དོ།། ཞིང་ཡང་ཡོངསུ ་དག་པར་བྱེད་ལ། ཕན་གདགས་པའི་ཚུལ་གྱིས་བྱེང།། ཡེ་ཤེས་ཀྱང་ཡོངས་སུ་ཚོལ་ལ། དེ་ལ་ཡོངས་སུ་ཚོལ་པོ་མེད་པའི་ཚུལ་གྱིས་བྱེའོ།། ཆོས་ཀྱང་སྟོན་ལ་དེ་ཡང ་བརྗོད་དུ་མེང་པའི་ཚུལ་གྱིས་བྱེད་དེ། ལྷའི་བུ་དེ་ལྟར་སྟེ་དཔའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ། བའི་རྩ་བཇི་ཙམ་དུ་ཆུང་བ་ཡང་ཚད་མེད་པར་བྱའོ།། ་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བ་ཡང་ཚད་མེད་པར་བྱེད་ཅེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་སྐྱེད་པར་བྱེད་དེ། གང་ལ་མུ་ཐུག་པ་ཡོད་པ་དེ་ལྟ་བུའི་ཆོས་ནི་གང་ཡང་མེདོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས ་ཐམས་ཅད་ནི་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡིན་ལ། སྟོང་པ་གང་ཡིན་པ་དེ་ནི་ཚད་མེད་པའི་ཕྱིར།། ཚད་མེད་པར་བྱས་པའི་སེམས་ཀྱི་ཆོས་ཀྱི་ཕྱིར། སྦྱིན ་བཇི་ཙམ་དུ་ཆུང་བ་ཡང་ཐབས་ལ་མཁས་པས་ཚད་མེད་པར་བྱེ་།། དེ་ཅིའི་ཕྱིར་ཞེ་ན། གང་དུ་བྱང་ཆུབ་ཀྱི་སེམས་དེ་ཡོངསུ་བསྔོ་བའི་བྱང་ཆུབ་དེ་ཚད་མེད་པའི་ཕྱིརོ།། དེ་ཚད་མེད་པའི་སྤྱོད་པས ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཚད་མེད་པའི་ཆོས་ཉིད་རྟོགས་པར་འགྱུརརོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན ་སེམས་ཅན་གྱི་སྤྱོད་པ་ལ་འཇུག་ཏེ། དེ་ཐབས་ལ་མཁས་པས་ཆོས་ཇི་ལྟ་བུ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་ལྟའི་མོས་པས་གནས་ཏེ། སྦྱིན་པ་འམ། རབ་ཏུ་སྦྱིན་པའམ ་ཆོས་བསྟན་པས་གནསོ།། ལྷའི་བུ་གཞན་ཡང་སྦྱིན་པ་སྤྱིར་བའི་སྒོ་ནས་དེའི་རང་བཞིན་དུ་གནས་ཏེ། ཚུལ་ཁྲིམས་ཀྱི་རང་བཞིན་དུ་མ་ཡིན། བཟོད་པའི་རང་བཞིན་དུ་མ་ཡིན། བརྩོན ་འགྲུས་ཀྱི་རང་བཞིན་དུ་མ་ཡིན།། བསམ་གཏན་གྱིར་ང་བཞིན་དུ་མ་ཡིན། ཤེས་རབ་ཀྱི་རང་བཞིན་དུ་མ་ཡིན་མོད་ཀྱི། འོན་ཀྱང་སྦྱིན་པ་ཡང་སྦྱིན་པར་བྱེད། ཚུལ ་ཁྲིམས་ཀྱང་སྲུང་ལ། ངས་ཀྱང་རློམ་སེམསུ་མི་བྱེད་དོ།། ཚུལ་ཁྲིམས་དང་ཡང་ལྡན་ཞིང་། བཟོད་པ་ཡང་པུར་སུམ་ཚོགས་ལ། གཞན་དག་གིས་བྱས་པ་དང་། མ་བྱས་པ་རྣམས་ཀྱང ་བརྗོད་དོ།། དཀར་པོའི་སྤྱོད་པ་ཐམས་ཅད་ལ་ཡང་བརྩོན་འགྲུས་རྩོམ་ལ། བསམ་གཏན་ལ་ཡང་བསམ་གཏན་བྱེད་ཅིང་། ཤེས་རབ་ཀྱིས་ལྷག་པར་མཐོང་བ་ལ་ཡང་མཁས། ་ལྔའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཤེས་པ་ལ་མཁས་པ་ནི། ཉན་ཐོས་སེམས་དང་ལྷན་ཅིག་འཁོང་ན་ཡང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེའི་སྙིང་པོ ་།། གང་ཡིན་པ་དེས་ཀྱང་ཞི་བར་འཚོ་བར་བྱེད་དོ།། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་འཁོད་ན་ཡང་། དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེ་སྣང ་གང་ཡིན་པ་དེས་ཀྱང་ཉེ་བར་འཚོ་བར་བྱེད་དེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་ནོ།། དེ་ནས ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། བདག་ཉིད་དང་ནི་གཞན་དག་གི། གཉི་གའི་སྡུག་བསྔལ་རབ་ཤེས་ནས།། བདག་གིས་སྡུག་བསྔལ་ཞི ་བྱེད་ཅིང་གཞན་གྱི་སྡུག་བསྔལ་ཀུན་ཞི་བྱེད།། སེམ་ས་ཅན་ཐམས་ཅད་བྱང་ཆུབ་སེམས།། སེམས་དེ་ལ་ནི་འངོགས་པར་བྱེད།། སེམས་ལ་ཆོས་རྣམས་ཐམས ་ཅད་ཀྱང་། དོན་གཅིག་ཏུ་ནི་འདོགས་པར་བྱེད།། སེམས་ཅན་ཀུན་གྱི་བསོད་ནམས་གང་།། དུས་གསུམ་གྱིས་ནི་བ་སྔས་རྣམས་དང་།། སངས་རྒྱས་ཀུན་གྱི་བསོད་ནམས ་གང་། དེ་དག་ཀུར་གྱི་རྗེས་ཡི་རང་།། དགེ་བ་དེ་དག་ཐམས་ཅད་ཀྱང་།། སེམས་ཅན་ཀུན་ལ་སྦྱིན་པར་བྱེད།། སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར།། ལྷག་པའི་བསམ་པས་འཇུག་པར་བྱེད།། ་སེམས་ནི་སྐྱེས་པ་ཐམས་ཅད་ཀྱང་།། བྱང་ཆུབ་ཏུ་ནི་ཡོངས་སུ་སྔོ།། ཆོས་གཉིས་མི་གཏོགས་སེམས་གཞན་ནམ།། བྱང་ཆུབ་ཀྱང་ནི་མཐོང་བ་མེད།། དེ་ནི་སེམས་དང་བྱང ་ཆུབ་ཀྱང་།། རྣམ་པ་གཉིས་མི་མཐོང་སྟེ།། བྱང་ཆུབ་དེ་ཡི་མཚན་ཉིད་གང་།། སེམས་ཀྱང་དེ་ཡི་མཚན་ཉིད་ཡིན།། མཉམ་པ་ཉིད་ཀྱིས་ཆོས་རྣམས་མཉམ།། དེ་ནི་གནས ་གནས་པ་ཡོད་མེད་ནི།། མཛངས་པ་ཐབས་ལ་མཁས་པ་ནི།། དཀར་པོའི་ཆོས་ཀྱིས་རྒྱས་པར་འགྱུར།། ། དབྱིངས་དེ་ལ་ནི་འཕེལ་བ་མེད།། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ།། སངས་རྒྱས ་ཆོས་རྣམས་ཚལ་བ་ལ།། རྟག་ཏུ་ཆོག་པར་འཛིན་པ་མེད།། བདག་ནི་དཀར་པོས་རྒྱས་སོ་སྙམ།། དེ་ནི་སེམས་ཀྱིས་བསམ་མི་བྱེད།། དེ་ནི་གང་དུ་བསྔོ་བ་ཡིས།། བྱང་ཆུབ་དེ་ཡང ་མཆོག་མི་འཛིན།། སྦྱིན་པ་མི་རྟོག་སྦྱིན་པར་བྱེད།། རློམ་སེམས་མེད་པར་ཚུལ་ཁྲིམས་སྲང་།། རྟག་ཏུ་བཟོད་པ་སྒོམ་བྱེད་ལ།། སེམས་ཅན་ལའང་གནས་པ་མེད།། སེམས་དང ་ལུས་ནི་དབེན་པ་ཡིས།། རྟག་ཏུ་བརྩོན་འགྲུས་རྩོམ་པར་བྱེད།། རྟེན་མེད་བསམ་གཏན་ཕུན་སུམ་ཚོགས།། ཤེས་རབ་ཀྱིས་ནི་ཕ་རོལ་སོན།། སེམས་ཅན་རྣམས་ཀྱང་སྨིན་བྱེད་ལ ་དེའི་དམིགས་པས་གནས་པ་མེད།། ཞིང་ཡང་ཡོངས་སྦྱོར་བྱེད་ལ།། ལྷགས་པར་འཛིན་པའང་ཡོད་མ་ཡིན།། དེ་ནི་སངས་རྒྱས་ཡེ་ཤེས་ཚོལ། ཡི་གེ་རྣམས་ལའང ་ཆགས་པ་མེད་།། དེ་ལྟར་སྤྱོད་པ་དེ་ལ་ནི།། བྱང་ཆུབ་རྙེད་པར་དཀའ་བ་མེད།། ཚད་མེད་བསམ་གྱིས་མི་ཁྱབ་པའི།། སྟོང་པ་ཉིད་དང་མཚན་མེད་དང་།། སྨོན་པ་མེད་ལ་མོས་ན་ནི ་དེ་ལ་ཚད་ཀྱང་མེད་པར་འགྱུར།། མོས་པ་ཇི་བཞིན་གཟུང་ཕྱིར་སེམས་ལ།། སྦྱིན་པ་སྤྱོད་ཀྱང་དེ་བཞིན་གནས་པ་མེད།། ། སྦྱིན་པའང་སྦྱིན་བྱེད་ཡང་ན་ལེན་པར་བྱེད།། དེ་དང་འཐུན་པར ་ཆེས་ཀྱང་སྤྱོད་པར་བྱེད།། སྦྱིན་པ་བྱས་ཀྱང་དེ་ལ་ཆག་པ་མེད།། ཚུལ་ཁྲིམས་མཆོག་མིན་བཟོད་ལ་ཆགས་པ་མང་།། བརྩོན་འགྲུས་མཆོག་མིན་བསམ་གཏན་ཆགས་པ་མེད།། ་།། ཤེས་རབ་ཡེ་ཤེས་ལ་ནི་སེར་སྣ་མང་།། སྦྱིན་པ་སྦྱིན་ཡང་དེ་ནི་ཚུལ་ཁྲིམས་སྤྱོད་།། བཟོད་པ་སྒོམ་ཡང་རྟག་ཏུ་བརྩོན་འགྲུས་ལྡན།། བསམ་གཏན་གྱིས་ནི་རྟག་ཏུ་གནས ་པ་མེད། སྦྱིན་བྱེད་དེ་ནི་ཤེས་པས་ངེས་པར་འབྱུང་།། རང་སངས་རྒྱས་དང་ཉན་ཐོས་དེ་དག་དང་།། རྟག་ཏུ་གནས་ཀྱང་བྱང་ཆུབ་སེམས་དཔའ་ནི།། རྟག་ཏུ་སྙིང་པོ་ཅི་ཡོད་འཚོ་བྱེད་ཀྱང ་འཇིགས་མེང་དེ་དག་ལ་ནི་འདོད་པ་མེང་།། ཆོས་འདི་དག་གིས་གནས་པ་རྫོགས་པ་ཡི།། བྱང་ཆུབ་སེམས་དཔའ་སླད་དུ་མེད་པ་རྣམས།། ཐབས་ཀྱི་ཤེས་པ་བསམ་གྱི་མི་ཁྱབ་ཏེ།། ། ་དེ་དག་སྦྱིན་པ་ཆུང་ངུ་མཐའ་ཡས་འགྱུར།། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ནི།། ཆོས་ཐམས་ཅད་ཚུལ་གཅིག་པ་དང་།། རོ་གཅིག་པ་དང་འཇུག་པ་གཅིག་པ་དང ་བསྟན་པ་གཅིག་པར་རབ་ཏུ་ཤེསོ།། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་མ་འདྲ་ས་པའི་ཤེས་པ་ལ་མཁས་པ་དང་།། ཆོས་ཐམས ་ཅད་སྟོང་པའི་རྗེསུ་འགྲོ་བ་དང་།། ཆོས་གང་ལ་ཡང་སྒྲོ་འད་གས་པར་མི་བྱེད་དོ།། བདག་ཏུ་སྒྲོ་འདོགས་པའམ། གཞན་དུ་སྒྲོ་འདོགས་པར་མི་བྱེད་པ་དང་། དབེན་པའི་ཚུལ་གྱིས ་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག ་པ་དང་། བསྟན་པ་གཅིག་གོར་རབ་ཏུ་ཤེས་སོ།། དེས་དེ་ལྟར་ཤེས་པས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་རྣམ་པ་གཉིསུ་མི་འཇུག་སྟེ། ཁ་ན ་མ་ཐོབ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རྣམ་པ་གཉིས་སུ ་མི་འཇུག་གོ།། དེས་ནི་ཆོས་གང་ལ་ཡང་མཆོག་གམ། ཐ་མར་ཡང་དག་པར་མི་མཐོང་ངོ་།། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་ཐ་དད་པར་ཡང་དག ་པར་མི་མཐོང་སྟེ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་དགྲ་བཅོམ་པའི་ཆོས་རྣམས་ཀྱི་རང་བཞིན་རོ།། དཔེར་ཡང་མེད་ལ། བསྟན་དུ་ཡང་མེད་།། ཚུལ ་གཅིག་པ་ཡང་ཤེས་ཏེ། འདི་ལྟ་སྟེ། དབེན་པའི་ཚུལ་ལོ།། ། ཆོས་ཐམས་ཅད་ཀྱིས་རབ་ཏུ་དབྱེ་བ་ཡང་སྟོན་ལ། ཆོས་ཀྱི་དབྱིངས་ཆད་པར་ཡང་ཡང་དག་པར་མི་མཐོང་།། ་བཟོད་པ་གཅིག་པ་དང་། ཡང་ལྡན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་བཟོད་པའོ།། སྟོང་པ་ཉིད་དང་བཟོད་པ་ཡང་རྣམ་པ་གཉིས་མི་འབྱེད་དོ།། འཇུག་པ་གཅིག ་གིས་ཆོས་ཐམས་ཅད་ལ་འཇུག་སྟེ། འདི་ལྟ་སྟེ། མི་སྐྱེ་བའི་འཇུག་པས་སོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ ་ཡིན་ཏེ། དེ་འདི་སྙམ་དུ་བདག་ཉེ་བར་གྱུར་ཏམ། འོན་ཏེ་ཉེ་བར་མ་གྱུར་ཅིག་གུ་སྙམ་དུ་ཡང་མི་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། ངས་ཚུལ་གཅིག་པ་ལས་སེམས་ཅན ་རྣམས་ཀྱང་གཞན་ལ། བྱང་ཆུབ་ཀྱང་གཞན་པར་ཡང་དག་པར་མི་མཐོང་བའི་ཕྱིརརོ།། གཉེན་ཡང་འདི་ལ་སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་རོ།། ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དོར་དེ་ཉིད་ཐུགས་སུ་ཆུང་ནས། ཡང་རྒྱས་པར་དཔྱད་དེ། དེའི་ཚེ་རིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཆོས་ཀྱི་དབྱིངས་མི་འབྱེད་པར ་མི་བྱེད་དེ་ཆོས་ཀྱི་དབྱིངས་ལ་ཡང་དག་དམིགས་པ་མེད།། ཆོས་དབྱིངས་ཇི་བཞིན་ཆོས་ཀུན་དེ་དང་འདྲ།། འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད།། ཆོས་ཀུན་སྟོང་པ ་ཉིད་ཀྱི་རྗེས་སུ་འགྲོ། ནང་དང་ཕྱི་རོལ་འདུས་བྱས་གང་ཡིན་པའི།། ཆོས་ཀུན་ཡ་མ་རླ་སྟེ་བྱེད་པ་མེད།། ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཡིན་པར་ཤེས།། ཆོས ་རྣམས་ལའང་སྒྲོ་ནི་འདོགས་མི་བྱེད།། བདག་གམ་གཞན་ལའང་རྟེན་པར་མི་བྱེད་དེ།། བདག་དང་བདག་གི་སྙམ་པ་གསལ་བྱས་པས།། དེ་ལ་ནམས་ཀྱང་ཐ་དད་དབྱེ་བ་མེད།། ་དབེན་པ་སྤྱོད་ཅིང་རབ་ཏུ་དབེན་ལ་གུས།། ཆོས་ཀུན་སྟོང་པ་ཉིད་དུ་ལྟ་བར་བྱེད།། དེ་ནི་ཆོས་རྣམས་ཀུན་ལ་ལྟ་བ་ན།། དབེན་པ་ལ་ཡང་རྟོག་པར་མི་བྱེད་དོ།། ་འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་བསྟན་ལ།། དེ་ནི་ཤས་ཆེར་གཉིས་མི་འཇུག་སྟེ།། ཁ་ན་མ་ཐོ་ཁ་ན་མ་ཐོ་མེང་ཟག་ཅེས་ཟག་མེད་ཆོས་ལ་དེ་མི་རློམ།། འདས ་བྱས་རྣམས་དང་འདུས་མ་བྱས་རྣམས་ལ།། གཉིས་སུ་མི་འབྱེང་རྟག་ཏུ་གཅིག་པ་ལྟ།། སོ་སོའི་སྐྱེ་བོ་འམ་དགྲ་བཅོམ་གང་ཡིན་པ།། པར་གདགས་འོས་གྱུར་པའི ་ཆོས་མ་མཐོང་།། སོ་སོའི་སྐྱེ་བོའི་རང་བཞིན་གང་བསྟན་པ།། དེ་དག་ཉིད་ནི་དགྲ་བཅོམ་ཆོས་རྣམས་ཡིན།། དཔྱིར་ཡང་མེད་ལ་སྨན་དུའང་ཅིའང་མེད་དབེན་པའི་སྒོ་ནས་ཚུལ ་གཅིག་ཁོང་དུ་ཆུད་།། དེ་ནི་ཆོས་ཀུན་རབ་དཔེ་ཤེས་མོད་ཀྱི།། ཆོས་ཀྱི་དབྱིངས་ལ་འབྱེད་པར་ཡོང་མི་བྱེད།། ཆོས་འདི་ཐམས་ཅད་སྟོང་པ་མ་གཏོགས་པར།། བཟོད་པའང་གཞན་ལ ་འདོད་པའང་གཞན་མ་ཡིན།། སྟོང་པ་ཉིད་ལ་རློམ་སོམ་ཉི་མེད།། འདི་དག་སྐྱེ་མེད་རང་བཞིན་འབྱུང་བ་མེད།། དེས་ནི་འཇུག་པ་གཅིག་པ་ཐམས་ཅད་ཤེས།། དེ་ལྟར་སྤྱོད ་དེ་ལ་བྱང་ཆུབ་སླ།། བྱང་ཆུབ་མཚུངས་མེད་ལ་ནི་ཉེ་བར་གྱུར།། བདག་དང་བྱང་ཆུབ་ལ་ཡང་སེམས་པ་མེད།། ཆོས་རྣམས་འདི་དག་ཐམས་ཅད་བདག་མི་དམིགས།། ངེས་ན ་དམིགསུ་མེད་པར་བྱང་ཆུབ་རྟོགས། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར ་གནས་པ་ཞེས་བྱའོ།། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེ་མས་ཏེ། ཚུལ་ཁྲིམས་ཤེས་བྱ་བ་འདི་གང་ཡིན་ས་མོ།། དེདེ ་ལྟར་ཚུལ་བཞིན་དུ་སོ་སོར་རྟོགས་པ་ན་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཡིན་པ ་དེ་ནི་ཚུལ་ཁྲིམས་ཤེས་བྱ་བ་ཡིནོ་སྔ་མོ།། དེ་འདི་སྙམ་དུ་སེམས་ཏེ། དེ་ལ་ལུས་ཀྱི་ལེགས་པར་སྤྱོད་པ་གང་ཞེ་ན། ལུས་ཀྱི་སྲོག་གཅོད་པ་འམ། མ་བྱིན་པར་ལེན་པའམ། འདོད་པ་ལ ་ལོག་པར་གཡེམ་པའི་ལས་མ་བྱས་པ་གང་ཡིན་པ་ང་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་ཡི་ནོ།། དེ་ལ་ངག་གི་ལེགས་པར་སྤྱོད་པ་གང་ཞེ་ན། ངག་གིས་བརྫུན་དུ་སྨྲ་བ་འམ། བྲ་མ་འམ།། ངག ་རྩུབ་པོ་འམ།། ཚིག་ཀྱལ་བའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ངག་གི་ལེགས་པར་སྤྱོད་པ་ཡིན་ནོ།། དེ་ལ་ཡིད་ཀྱི་ལེགས་པར་སྤྱོད་པ་གང་ཞེ་ན། ཡིད་ཀྱིས་བརྣབ་སེམས ་སམ་གནོད་སེམས་སམ། ལོག་པར་ལྟ་བའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ཡིད་ཀྱིས་ལེགས་པར་སྤྱོད་པ་ཡིནོ་སྙམོ།། དེ་དེ་ལྟར་ཚུལ་བཞིན་དོ་སོ་སོར་རྟོག་པ་ན། དེ་འདི་སྙམ་དུ་སེམས ་ཏེ། ལུས་སམ་ངག་གམ། ཡིད་ཀྱི་ལས་བྱས་པ་གང་ཡིན་པ་དེ་ནི། སྔོན་པོ་ཞེས་བྱ་བ་འམ། སེར་པོ་ཞེས་བྱ་བ་འམ། དམར་པོ་ཞེས་བྱ་བ་འམ། དཀར་པོ་ཞེས་བྱ་བ་འམ། བཙོད ་ཀ་འམ། ཤེལ་གྱི་ཁ་དོག་ལྟ་བུ་ཞེས་བྱ་བར་གདགས་པར་མི་ནུས་ལ། དེ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བ་འམ། རྣ་བས་རྣམ་པར་ཤེས་པར་བྱ་བ་འམ། སྣས་རྣམ་པར་ཤེས ་པར་བྱ་བ་འམ། ལྕེས་རྣམ་པར་ཤེས་པར་བྱ་བ་འམ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འམ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟར་དེ་ནི་མ་སྐྱེས་པ་དང་། མ་བསྐྱེད་པ་དང་། མ་བསྐྲུན་པ་དང་། མ་བཀག་པའི་ཕྱིར་རོ།། གང་མ་སྐྱེས་པ་དང་། མ་བསྐྱེད་པ་དང་། མ་བཽསྣུན་པ་དང་། མ་བཀག་པ་དེ་ནི་ཆོས ་གང་གིས་ཀྱང་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ།། སྙམ་མོ་དེ་འདི་སྙམ་དུ་སེམས་ཏེ། གང་འདུས་མ་བྱས་པ་དེ་ནི་ཚུལ་ཁྲིམས་ཡིན་ཏེ། དེ་ལ་ནི་གདགས་པ་ཅི་ཡང་མེདོ།། ་གང་གདགསུ་མེད་པ་དེ་ལ་ནི་བདག་གིས་ཀྱང་མངོན་པར་ཞེན་པར་བྱར་མེད་དོ་སྙམ་སྟེ།། དེ་དེ་ལྟར་སྤྱོད་པ་ན་ཚུལ་ཁྲིམས་དེ་ཡང་དག་པར་མི་མཐོང་ངོ་།། གང་དུ་ཚུལ་ཁྲིམས་དེ ་ཡོངས་སུ་བསྔོས་པ་དེ་ཡང་ཡང་དག་པར་མ་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ནི། འཇིགས་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའི་ཤེས་པ་དང་ལྡན་པ་ཡིན་ཏེ། ལྟ་བ་གང་གིས་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པ་ཞེས་སྤྲོས་པར་འགྱུར ་བའི་འཇིགས་ཚོགས་ལ་ལྟ་བ་སློང་བར་མི་བྱེད་དོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཟབ་མོའི་ཚུལ་ལ་ཞུགས་པ་ཡིན་ཏེ། དེ་ནི་ལུས་དང ་ངག་གིས་སྤྱོད་པ་དང་། སྤྱོད་ཡུལ་ཤེས་བཞིན་དུ་སྤྱོད་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ།། དེ་ཡང་བདག་ལ་དམིགས་པ་དང་། གཞན་ལ་དམིགས་པས་སྤྱོད་པར ་མི་བྱེད་དེ། དེས་ན་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།། ། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ ་ཁྲིམས་མ་ཞིག་པ་ཡིན་ནོ།། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་ཡིན་ཞེ་ན། ལྷའི་བུ ་བདག་ལ་དམིགས་པ་ནི་ཚུལ་ཁྲིམས་ལ་དམིགས་པར་འགྱུར་རོ།། ལྷའི་བུ་གང་བདག་མི་དམིགས་པ་དེ་ནི་ཚུལ་ཁྲིམས་མི་དམིགསོ།། གང་ཚུལ་ཁྲིམས་ལ་མི་དམིགས་པ ་དེ་ནི་ཚུལ་ཁྲིམས་ལ་ཉམས་པར་མི་བྱེད་ཅིང་། དེ་ནི་ཚུལ་ཁྲིམས་འཇིག་པར་མི་བྱེད་དོ།། ཅིའི་ཕྱིར་ཉམས་པར་མི་བྱེད།། འཇིགས་པར་མི་བྱེད་ཅེ་ན། དེ་ནི་གཞན་ལ་ཆོས་ཐང ་།། ཤེས་པ་ཡིན་ཏེ། གང་གཞན་ལས་འགྱུར་བ་དེ་ལ་ནི་བདག་ཀྱང་མེད། བདག་གི་བ་ཡང་མེད་དོ།། གང་ལ་བདག་མེད་པ་དེ་ལ་ནི་འཇིག་པར་འགྱུར་བ་ཅི་ཡང་མེད་དོ།། ལྷའི་བུ་འ ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་བག་ཡོད་པར་གནས་པ་ཞེས་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་རིགས་སུ ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལུས་ངག་ངག་དག་ཡིད་ཀྱང་དག་པ་གང་།། དེ་ནི་རྟག་ཏུ་དག་པར་སྤྱོད་པ་སྟེ།། རྟག་ཏུ་ལེགས་པར་བསྡམས་ཤིང་གནས་པ་དེ།། བྱང་ཆུབ་སེ ་དཔའ་ཚུལ་ཁྲིམས་ལྡན་ཞེས་བྱ།། ལས་ལམ་བཅུ་པོ་རབ་དགེ་འདི་དག་རྣམས།། བྱང་ཆུབ་སེམས་དཔའ་མཁས་པ་གང་སྲུང་ཞིང་།། ལུས་དང་ངག་དང་ཡིད་ཀྱིས་གང་བྱས་པ།། ་དེ་ནི་མཁས་རྣམས་ཚུལ་ཁྲིམས་ཡིན་ཞེས་བརྗོད།། མ་བྱས་མ་སྐྱེད་མ་སྐྱེས་གང་ཡིན་པ།། དེ་ལ་བསྔགས་པ་མེད་ཅིང་གནས་པའང་མང་།། གང་ལ་བསྔགས་པའང ་མེད་ཅིང་གནས་པའང་མེད།། དེ་ལ་ནམས་ཀྱང་གདགས་པ་རྙེད་མི་འགྱུར།། རྟག་ཏུ་ཚུལ་ཁྲིམས་མ་ཉམས་མ་ཞིག་གང་།། དེ་ནི་མིག་གོས་ཤེས་པར་མི་ནུས་ལ།། རྣ་བས་མི ་སྣ་དང་ལྕེས་མ་ཡིན།། ལུས་དང་ཡིད་ཀྱིས་རྣམ་པར་མི་ཤེས་སོ།། དབང་པོ་དྲུག་གིས་མི་ཤེས་གང་ཡིན་པ།། དེ་ལ་གནས་པར་བྱ་བར་མི་ནུས་ཏེ། དེ་ཉིད་ཚུལ་ཁྲིམས་ཡོངས་སུ ་དག་པར་མཐོང་།། ནམས་ཀྱང་ཚུལ་ཁྲིམས་དམིགས་ཏེ་གནས་པ་མེད།། དེ་ནི་ཚུལ་ཁྲིམས་ཙམ་དེས་རློམ་པ་མེད།། དེ་ནི་བདག་དུ་འདུ་ཤེས་ཁྲོཁྲིམས་མི་སྲུང་།། ཚུལ་ཁྲིམས ་སྲུངས་ཡང་ཚུལ་ཁྲིམས་འདུ་ཤེས་མེད།། དྲན་ལྡན་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། འཇིགས་ཚོགས་ལྟ་བ་རྣམ་པར་བསྩལ་བྱས་པ།། དེ་ལ་ལྟ་བར་བྱས་པ་འབྱུང་མི་འགྱུར།། ་གང་ལ་ལྷ་མེད་ལྟ་བའི་གནས་མེད་པ།། དེ་ནི་ཚུལ་ཁྲིམས་ཚུལ་ཁྲིམས་འཆལ་མི་རློམ།། ཟབ་མོའི་ཆོས་ཀྱི་ཚུལ་ལ་ཞུགས་པ་སྟེ།། དེ་ཡི་ཆོ་ག་བརྟགས་པ་མ་མཆིས་ལ།། ་ཤིན་ཏུ་ཤེས་བཞིན་ལྡན་ཞིང་ལེགས་པར་གསུངས།། ཚུལ་ཁྲིམས་སྒོ་ནས་གཞན་གྱིས་བརྙས་མི་འགྱུར།། བདག་དུ་དམིགས་པས་ཚུལ་ཁྲིམས་དམིགས་པར་འགྱུར།། ་གང་ལ་བདག་མེད་དེ་ལ་བདག་ཁྲིམས་མེད།། བདག་གམ་ཡང་ན་ཚུལ་ཁྲིམས་རློམ་པ་དེ།། མཐའ་ཞེས་བྱ་སྟེ་གཅི་ག་འཇིག་མ་ཡིན།། བདག་མེད་སྨྲ་བ་ཚུལ་ཁྲིམ ་རློམ་པ་མེད།། བདག་མེད་སྨྲ་བ་ཚུལ་ཁྲིམས་རྟེན་པ་མེད།། བདག་མེད་སྨྲ་ལ་ཚུལ་ཁྲིམས་རློམ་པ་མེད།། བ་ངག་མེད་སྨྲ་ལ་ཚུལ་ཁྲིམས་སེམས་པ་མེད།། ཚུལ ་ཁྲིམས་མ་ཉམས་ཚུལ་ཁྲིམས་མ་རྨོངས་པ།། བདག་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མི་སློང་།། གང་ལ་བདག་དང་ཚུལ་ཁྲིམས་འདུ་ཤེས་མེད།། དེ་འདྲ་འདི་ནི་ཟབ་པ་ཞེས་ཀྱང ་བརྗོད། གང་གིས་ཚུལ་ཁྲིམས་དེ་འདྲར་འཇིགས་མེད་པ།། དེ་ལ་ནམས་ཀྱང་འཆལ་པའི་ཁྲིམས་མི་འབྱུང་།། ཆོས་ཀུན་དམིགསུ་མེད་པ་གང་ཡིན་པ།། དེ་འདྲའི་ཚུལ་ཁྲིམས་འཕགས ་པ་རྣམས་ཀྱིས་བསྔགས།། བྱིས་པ་གང་དག་བདག་དུ་ལྟ་ལ་གནས།། ཚུལ་ཁྲིམས་སྲུང་ཞིང་བདག་ནི་ཁྲིམས་ལྡན་སྙམ།། ཚུལ་ཁྲིམས་བདེ་བ་མ་ལུས་ཟད་གྱུར་ནས།། དེ་དག་ངན ་།། འགྲོ་གསུམ་ལས་ཐར་མི་འགྱུར།། གང་དག་བདག་ཏུ་ལྟ་བ་མངའ་དག་བསྐུལ།། དེ་དག་འདིར་ནི་བདག་དང་བདག་གི་མེད།། བདག་དུ་ལྷ་མེང་གང་དེ་ཚུལ་ཁྲིམས་ལྡན།། དེ་ལ ་བྱི་ར་མག་པར་ལྷུང་འཇིགས་མེད་།། གང་ཞིག་དུལ་ཁྲིམས་རྣས་པ་འདི་འདྲ་ར་ཤེས།། དེལ་འཚལ་པའི་ཚུལ་ཁྲིམས་པལྟ་མ་ནུས།། བདག་དང་དེ་བཞིན་རྣམ་གསུམ་མི་མཛངས། ་ཚུལ་ཁྲིམས་ཚུལ་ཁྲིམས་འཚལ་ལྟ་ཅི་ཞིག་སྤོས།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྙེད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཇི་ཙམ་དུ་ཟབ་པ་ནི་ངོ་མཚར་ལ་གསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ད་ལྟར་མི་གནས་པ་དང་། ལེན་པ་མ་མཆིས་པས་ཆོས་ཇི་ལྟ་བ་བཞིན་དུ་གནས་ལ། རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་ཆད་པ་དང་། བདག་དུ་འདུ ་ཤེས་པ་དང་བྲལ་བ་དང་། བསྐལ་པ་གྲངས་མ་མཆིས་པར་ཡང་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ། ཉན་ཐོས་དང་། རང་སངས་རྒྱས ་ཀྱི་སར་ཡང་མི་ལྷུང་ན། བར་མ་དོར་རྣམ་པར་བྱང་བར་ཡང་མི་འགྱུར་བར་ངོ་མཚར་ཆེ་ལགསོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན ་ན་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འང ་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ ་མི་བྱེད་དོ།། བཞི་གང་ཞེ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་ཕྱིར་དམ་བཅས་པ་ལ་བརྟན་པས། སྙིང་པོ་ལ་གནས ་དང་། སེམས་ཅན་ཐམས་ཅད་ཡོངསུ་མི་གཏོང་བར་གནས་པའི་ཕྱིར་ཞུམ་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆང་པ་ལ་ཞུགས་པའི ་ཕྱིར། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར་ཐབས་ལ་མཁས་པ་སྟེ། ལྷའི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། བར་མ་ངོར་ཡང་དག་པའི་མཐའ་མངོན་སུམ་དུའང་མི་སྤྱོད ་ངོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མཁས་པ་རྟག་ཏུ་ཡི་དམ་བཅས་ལ་བརྟན།། སྔོན་ཆད་ཡི་དམ་བཅས་པ་སྤོང་མི ་བྱེད། དཔའ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར།། ཐེག་པ་གཞན་ལ་འདོད་པ་སྐྱེད་མི་བྱེད།། རྟག་ཏུ་བག་དང་ལྡན་ཞིང་བརྩོན་འགྲུས་རྩོམ།། ཞུམ་པ་མེད་པའི་སེམ ་ཀྱིས་རྟག་ཏུ་སྤྱོད།། དེ་ཡིས་སེམས་ཅན་གང་ཡང་བཏང་བ་མེད།། དེ་ཡི་སེམས་ནི་སེམས་ཅན་ཀུན་ལ་སྙོམས།། འཇིག་རྟེན་འདི་དག་ཀུན་ལ་སྙིང་རྗེ་བས།། སྡུག་བསྔལ ་།། བཟོད་ཅིང་སེམས་ཀྱང་ཞུམ་པ་མེད་།། ཅི་ནས་སངས་རྒྱས་གདུང་ནི་མི་འཆད་པ།། དེ་ཕྱིར་དཀོན་མཆོག་མང་པོ་འབྱུང་བར་བྱེད།། མཁས་རྣམས་ཐབས་ཤེས་པ་ལ་ལེགས ་ངར་བསླབས། ལེ་ལོ་མེད་པར་དགེ་བ་ཡོངས་སུ་སྔོ།། འཁོར་བའི་ཆུ་བོ་ལ་ནི་ཕན་ཕྱིར་བརྩེ།། བར་མ་དོར་ནི་ཟག་རྣམས་ཟད་མི་བྱེད།། བྱང་ཆུབ་སེམས་དཔའ་འཇིགས་མེང་གང ་ངག་གིས།། ཆོས་འདི་དག་ནི་ལེགས་པར་བསྡུས་པར་གྱུར།། དེ་དག་ཟབ་མོའི་ཆོས་རྣམས་སྤྱོད་པ་སྟེ།། ནམས་ཀྱང་ཡང་དག་མཐའ་ལ་རེག་མི་འགྱུར།། དེ་ནས་བཅོམ་ལྡན་འདྲ ་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩ་ལ་ཏོ།། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་པ་པའ་ཆེན་པོ་ནི། སོ་སོའི་སྐྱེ་བོའི་ཆོས་བསྟན་པའི་ཕྱིར ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་ཡང་ཡོངས་སུ་ཚེ་ལ་བར་མི་བྱེད་ལ། སོ་སོའི་སྐྱེ་བོའི་ཆོས་རྣམས་བསྐུལ་པར་ཡ་ང་མི་བྱེད།། སངས་རྒྱས་ཀྱི་ཆོས་ཀྱང་རྣམ་པར་དག་པར ་མི་མཐོང་སྟེ། སོ་སོའི་སྐྱེ་བོའི་ཆོས་མི་གཏོགས་པར་སངས་རྒྱས་ཀྱི་ཆོས་འཐོབ་པ་ཡོངསུ་མི་ཚོལོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང ་གཞན་ཞེས་དེ་ལྟ་མི་སྤྱོད་དོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཆུང་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་རྒྱ་ཆེ་ཞེས་དེ་ལྟར་མི་སྤྱོད།། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟག་པ་དང ་བཅས་པ་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་ཟག་པ་མེད་པའོ་ཞེས་དེ་ལྟར་མི་སྤྱོད་དོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དེ་རྣམས་དང ་སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ནི་ཤེས་པ་འམ། མཐོང་བ་འམ།། ཉེ་བར་བརྟགས་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྟོང་པ་ཡིན་ལ། ་སྟོང་པ་ཉིད་ལ་ནི་ཤེས་པ་འམ། མཐོང་བ་འམ། ཉེ་བར་རྟོག་པ་མེད་དེ། འདི་ལྟ་སྟེ། རང་བཞིན་གྱི་བེམས་པོ་ཡིན་པའི་ཕྱིརརོ་སྙམོ།། ལྷའི་བུ་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་དང ་ཆོས་ཀྱི་ངོ་བོ་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་པ་གང་ཡིན་པ་དེ་ལ་ནི་གཉིས་པོ་གང་གིས་སོ། སོའི་སྐྱེ་བོ་ཞེས་བྱ་བ་འམ། ཉན་ཐོས་ཞེས་བྱ་བ་འམ། ་རང་སངས་རྒྱས་ཞེས་བྱ་བ་འམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བར་གཉིསུ་དབྱེ་བའི་གཉིས་པོ་ཙ་ཡ་ང་མདོ།། ལྷའི་བུ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམ ་དཔའ་རྣམས་ལ་ནི། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་དེ་ལྟ་བུ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་རྣམས་ཀྱིས་ཆོས་སྨྲ་བར་བྱ་བ་གང་ཡིན་པ་དེ་ནི་སླར་མེད་པའོ།། ། ་སླར་མེད་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའོ།། བརྗོད་དུ་མེད་པ་གང་ཡིན་པ་དེ་ལ་ནི་ཡོད་པ་མེད་དོ།། གང་ལ་ཡོད་པ་མེད་པ་དེ་ལ་ནི་འབྱུང་བ་མེདོ།། གང་ལ་འབྱུང་བ་མེད་པ་དེ་ལ་ནི་དངོས ་པོའི་རྣམ་པར་རིག་པ་མེདོ།། ལྷའི་བུ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡང་ཡིན་ཏེ། གང་ན་ཆོས་ཐམས་ཅད་ནི་བགང་བ་དེ་ལས་གྲོལ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། ལྷ ་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་སྤྱོད་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ།། ཞེས་དེ་ལྟར་རིག་པར་བྱའོ།། གང་རྣམ་པར ་རྟོག་པ་ལ་སྤྱོད་པ་དེ་དག་ལ་ནི་གཉི་སུ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ཡོད་དོ།། དེ་དག་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་སྤྱོད་པའོ།། གང་དག་སངས་རྒྱས་ཀྱི་ཆོས་ཟག་པ་མེད ་པ་གང་དག་ཡིན་པ་དེ་དག་ཡིན་པ་དེ་དག་ལ་ཡང་རྟོག་ལ། དེ་དག་ལ་བརྟགས་ནས་ཀྱང་ཟག་པ་རྣམས་སློང་བར་བྱེད་པ་དེ་དག་གིས་ནི།། ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་འམ། ་རྣམ་པར་བྱང་བ་མེད་པར་མི་ཤེས་སོ།། ཆོས་ཐམས་ཅད་རང་བཞིན་ཤེས་པ་གང་ཡིན་པ་དེ་དག་ནི། ཆོས་གང་ལ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་སམ། རྣམ་པར ་བྱང་བའི་ཆོས་སུ་འཛིན་པ་ཡང་མེད་ན། ཀུན་ནས་ཉོན་མོང་ས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་དམིགས་པ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ།། ལྷའི་བུ་དེ་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ཡིན་ཏེ། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཆོས་གང་ཡང་མེད་པར་མཐོང་ལ། གང་གིས་མཐོང་བ་དེ་ཡང་ལྷག ་པར་མཐོང་བ་དང་། ཇི་ལྟར་མི་མཐོང་བ་དེ་ལྟ་བུར་མཐོང་སྟེ། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཚུགས་སོ།། དེ་སྐད་ཅེས་བཀའ ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འདི་ལྟ་བུའི་ཆོས་རྣམས་ལ ་ཡང་ཉེ་བར་རྟོག་ལ། སྐྱེ་བ་ཡང་རྩོམ་པར་བགྱིད་དོ།། སྐྱེ་བ་དང་། འགུམ་པ་དང་། གུམ་ནས་ཀྱང་སྐྱེ་བར་འགྱུར་བ་ནི་ངོ་མཚར་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི ་བུ་དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པ་ནི་འོང་བ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་། སྨྲ་བར་ཡང་བྱེད་ལ། དེ་ཡང་རྣམ་པར་མི་རྟོག་པ་དེ་བཞིན་དུ། ལྷའི་བུ་གང་གིས ་ཆོས་ཐམས་ཅིང་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི།། འགྲོ་བ་དང་། སྐྱེ་བ་ཐམས་ཅད་ཀྱང་སྟོན་ལ། དེ་ཡང་རྣམ་པར་མི་རྟོག་གོ། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་། འབྱུང་བ ་རློམ་སེམས་སུ་མེ་བྱེད་ལ། སྔོན་གྱི་བྱིན་གྱིས་བརླབས་ཀྱིས་སྐྱེ་བ་དྲན་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་། འབྱུང་བ་ཡང་རློམ་སེམ་སུ་མི་བྱེད་ཅེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ནི་ལྷ་མོ་སྒྱུ་འཕྲུལ་ལས་འཁྲུངས་ཏེ། སྐུ་བསྟན་པའི་ཡུམ་ལ་ཐུགས་བརྩེ་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དབར་གནས་པར ་ཞལ་གྱིས་བཞེས་ན། ཇི་ལྟར་དེ་བཞིན་གི་ཤིགས་པས་རློམ་སེམས་མི་མཇེད་ལགས།། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ལྷ་མོ་སྒྱུ་འཕྲུལ་ལས་མ་སྐྱེས་སོ།། ་གསོལ་པ། འོ་ན་དེ་བཞིན་གཤེགས་པ་གང་ལས་འཁྲུངས་ལགས། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ། ལྷ ་། བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེད་པའི་ཡུམ་ཡིན་ནོ་ཞེས་སྨྲ་བ་ནི། ཡང་དག་པར་སྨྲ་བ་ཡིན་རོ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་པའི་ཡུམ་ཡིན་ནོ།། ཞེས་སླ་བ་ནི། ཡང་དག་པར་སྨྲ་བ་ཡིནོ།། ་དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩེ་གཉིས ་རེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ནོ།། ལྷའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ ་ལ་ཡིན་གྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརླབས་པས། མངོན་པར་གྲུབ་པ་ཡི་ན་ནོ།། ལྷའི་བུ་དེ་བཞིན་གཤེགས་པའི་མི་འཇིག ་པ་བཞི་པོ་འདི་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ནོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། ་བཏང་སྙོམས་ཆེན་པོ་དང་། སྤྱི་གཙུག་ལྟར་མི་མཐོང་བ་དང་། གཤེགས་པ་དོན་ཡོད་པ་དང་། སངས་རྒྱས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སོ་སོ་ཡང ་དག་པར་རིག་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ལྷའི་བུ་མདོར་བསྡུ་ན། གང་དག་གིས་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི ་སངས་རྒྱས་ཆོས་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ཏེ། ལྷའི་བུ་དེ་ལྟར་ན། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གང་དག ་གིས། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་ལྟ་བུ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ཏེ། ལྷའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཅི་ནས་དེ་བཞིན་གཤེགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཀྱིས་ལྷ་མོ་སྒྱུ ་འཕྲུལ་ལས་མ་ཡིན་པ་དེ་ལྟར་རེག་པར་བྱའོ།། །། བམ་པོ་གཉིས་པ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་གལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་གིས་ཡང་སྐྱེད་མ་ལགས། བསྐྲུན་པ་མ་ལགས། འག་ག་པར་བགྱིད་པ་མ་ལགས་ན། བཅོམ་ལྡན་འདས ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་བསྐྲུན་པ་ལགས། བཀའ་སྩལ་པ། ལྷའི་བུ་ཆོས་གང་དག་གིས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཞེས ་བྱ་བའི་གྲངས་སུ་འགྲོ་བའི་ཆོས་དེ་དག་ནི་སྐྱེ་བ་ཡང་མེད། འཆིའི་ཕོ་བ་ཡང་མེད།། ། འབྱུང་བ་ཡང་མེདོ།། ལྷའི་བུ་གང་སྐྱེ་བ་ཡང་མེད། འཆི་འཕོ་ཡང་མེད། འབྱུང་བ་ཡང་མེད ་པ་དེ་ལྟ་བུའི་ཡེ་ཤེས་དེ་སྐྱེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་གང་སྐྱེ་བ་མེད་པ་དང་། འཆི་འཕོ་བ་མེད་པ་དང་། འབྱུང་བ་མེད་པའི ་།། དེ་བཞིན་གཤེགས་པ་སྐྱེས་སོ།། ལྷའི་བུ་གང་ལ་སྐྱེ་བ་ཡང་མེད།། འཆི་འཕོ་བ་ཡང་མེད། འབྱུང་བ་ཡང་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ལས་ཡང་དག་པར་ངེས་པར ་འབྱུང་བ་ཡོད་མོད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ལས་ནི་ངེས་པར་འབྱུང་བ་མེད་དོ།། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་མཆིས་ན། ངེས་པར་འབྱུང་བར་མཆིས ་པ་ལས་ན་ཅི་ཤེས་རབ་ལ་སེམས་པ་འམ། འཚལ་བ་མཆིས་སམ། བཀའ་སྩལ་པ། ལྔའི་བུ་ཤེས་རབ་ལ་ནི་སེམས་པ་འམ། ཤེས་པ་ཡང་མེད་དོ།། ལྷའི་བུ་གལ་ཏེ་ཤེས ་རབ་སེམས་པ་འམ། ཤེས་པ་ཞིག་ཡིན་པར་གྱུར་ན། ཤེས་རབ་ལས་རྟག་ཏུ་ངེས་པར་འབྱུང་བ་མེད་པར་འགྱུར་རོ།། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་ལ་སེམས་སམ། ཚོར་བ ་ཡོད་ན་དེ་ལ་ངེས་པར་འབྱུང་བ་ཅི་ཡང་མེད་པའི་ཕྱི་རོ།། ལྷའི་བུ་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ས་མས་པ་མེད་ཅིང་ཤེས་པ་མེད་པ་དེའི་ཕྱིར། ཤེས་རབ་རྟག ་རྟག་ཏུ་ངེས་པར་འབྱུང་བ་ཡིན་ནོ།། གསོལ་པ་བཅོམ་ལྡན་འདས་ངེས་པར་འབྱུང་བ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཀའ་སྩལ་པ། ལྷའི་བུ་སྤྲོས་པ་མེད་པའི ་ཚིག་བླ་དག་སོ།། གསོལ་པ། བཅོམ་ལྡན་འདས་སྤྲོས་པ་མ་མཆིས་པས་ཅི་ཞིག་ངེས་པར་འབྱུང་བར་བགྱིད་ལགས། བཀའ་སྩལ་པ། ལྷའི་བུ་གང་དག་སྤྲོས་པ་ལ་སྤྱོད་པ་དེ་དག ་ནི་ཁམས་གསུམ་དུ་སྐྱེ་བ་མི་འདོར་རོ།། གང་དག་སྤྲོས་པར་མི་བྱེད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བ་འདོར་བར་བྱེདདོ།། ལྷའི་བུ་དེ་ལྟ་བས་ན་གང་ཁྱོད་སྤྲོས་པ་རེད་པར་ངེས་པར་འབྱུང ་བས་ཅི་ཞིག་ངེས་པར་འབྱིན་ཅེས་ཟེར་བ་ནི། ཁམས་གསུམ་དུ་སྐྱེ་བ་ངེས་པར་འབྱིན་པར་བྱེད།། གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཁམས་གསུམ་ལས་ཡང་དག ་པར་འདའ་བར་བགྱི་བའི་སླད་དུ། ཉན་ཐོས་རྣམས་ལ་ཆོས་བསྟན་ལགས་སམ། བཀའ་སྩལ་པ། ལྷའི་བུ་ང་ནི་འདོད་པའི་ཁམས་ལས་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། ་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཀྱང་མ་དམིགས་སོ།། ལྷའི་བུ་ང་ནི་གཟུགས་ཀྱི་ཁམས་ལས་ཀྱང་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ་དེ་བཞིན་གཤེགས་པ ་གཟུགས་ཀྱི་ཁམས་ཀྱང་མ་དམིགས་སོ།། ལྔའི་བུ་ང་ནི་གཟུགས་མེད་པའི་ཁམས་ལས་ཀྱང་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིར་གཤེགས་པས་གཟུགས་མ ་པའི་ཁམས་ཀྱང་མ་དམིགས་སོ།། ལྷའི་བུ་ང་ནི་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ལ། དེ་བཞིན་གཤེགས་ངས་གང་ཡང་དག་པར་འདའ་བའི་ཆོས་དེ་ཡང་དག་པ་མ ་མཐོང་ངོ་།། ལྷའི་བུ་ངའི་ཉན་ཐོས་རྣམས་ནི་འདོད་པའི་ཁམས་ལ་དམིགས་ནས། འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེའོ།། ངའི་ཉན་ཐོས་རྣམས་ནི་གཟུགས་ཀྱི་ཁམས ་ལ་དམིགས་ནས། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདར་བར་མི་བྱེད།། ངའི་ཉན་ཐོས་རྣམས་ནི་གཟུགས་མེད་པའི་ཁམས་ལ་དམིགས་ནས། གཟུགས་མེད་པའི་ཁམས ་ལས་ཡང་དག་པར་འངར་བར་མི་བྱེད་དོ།། ལྷའི་བུ་གཞན་ཡང་ངའི་ཉན་ཐོས་རྣམས་ནི་ཁམས་གསུམ་པ་མི་དམིགས་པས་ཁམས་གསུམ་པ་ལ་རྟེན་ཏེ། ཆོས་རྣམས་སྟོང་པ ་།། ཉིད་དུ་དམིགས་པས། འདོད་པའི་ཁམས་སུ་སློར་ལམ་མི་འདེབས་སོ།། གཟུགས་ཀྱི་ཁམས་སུ་སྤོར་ལམ་མི་འདེབས་སོ།། གཟུགས་མེད་པའི་ཁམས་སྔོར་ལམ་མི་འདེབས་སོ།། ་ཁམས་གསུམ་པར་སྨོན་ལམ་མི་འདེབས་པས་ན། ཁམས་གསུམ་པར་མི་སྐྱེའོ།། མ་སྐྱེས་པ་དེ་དག་གི་འགྲོ་བའི་གངགསུ་མེ་།། ཀྱེ་ལྷའི་བུ་འོར་ཀྱང་འཕགས་པ་རྣམས་ནི་ཡང་དག་པར ་འདའ་བ་ཞེས་དེ་སྐད་རྗོད་པར་མཛད་དོ།། འོན་ཀྱང་དོན་དམ་པར་ན། འདི་ལ་སུ་ཡང་ཡང་དག་པར་འདའ་བ་ཡང་མེད་འོང་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་རི ་ཡང་དག་པར་འདའ་བ་མེད་པ་ལས་བལྟ་བར་བྱའོ།། ལྷའི་བུ་དཔེར་ན། ན་མཁའ་ནི་མ་སྐྱེས་པ། མ་བྱས་པ། མངོན་པར་མ་གྲུབ་པ།། འཕོ་བ་མེད་པ། འོང་བ་མེད་པ་སྟེ། ཆོས་ཐམས ་ཅད་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། གཏམ་འདི་བསྟན་པ་ན། ལྷའི་འཁོར་དེའི་ནང་ནས། ལྷའི་བུ་བདུན་ཁྲི་ཉིས་སྟོང་ཆ་ས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་།། དྲི་མ་དང ་བྲལ་བ་སྐྱེས་སོ།། སྔོན་དགེ་བའི་རྩ་བ་བསྐྱེད་པའི་ལྷའི་བུ་ཁྲི་དྲུག་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེསོ།། དགེ་བའི་རྩ་བ་ཡོངསུ་སྨིན་པའི་བྱང་ཆུབ ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས།། དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཀྱིས་མཐུས་སྔོན་མ་མཐོང་བའི་མེ་ཏོག་གི་སྣོད་བྱུང་བར་གྱུར་ཏེ། མེ་ཏོག་གི ་སྣོད་དེ་དག་ནས་དེ་བཞིན་གཤེགས་པ་ལ་གཏོར་ཏོ།། མེ་ཏོག་དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པའི་གནས་ཁོ་ར་ཁོར་ཡུག་ཏུ་ཁེབས་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ལ ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མེ་ཏོག་གཏོར་བ་གང་དག་ལགས་པ་འདི་དག་ནི་སྔོན་མ ་མཐོང་ལག་སོ།། དེ་ནས་ལྔའི་བུ་ཟླ་བས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲསོ།། ཀཽ་ཤི་ཀ་ད་ལྟར་གང་ལ་མེ་ཏོག་དག་གིས་གཏོར་བའི་དེ་བཞིན་གཤེགས་པ་འདི་ཡང ་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་སེམས་ཅན་གང་གི་དེ་བཞིན་གཤེགས་པ་མཐོང་བའི་སེམས་དེ་ནི་འགགས་ཤིང་མེད་པར་གྱུར་ཏེ། མཐོང་བར་མི་ནུས།། ཀོའུ་ཤི་ཀ་དེ་བས ་ན་གང་ཅི་མཐོང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྔོན་མ་མཐོང་བའོ།། གང་ཅི་ཐོས་ཀྱང་རུང་ཏེ། དེ་དག་ཐམས་ཅད་ནི་སྔོན་མ་ཐོས་པའོ།། སྨྲས་པ་ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ ་མཐོང་ངམ། སྨྲས་པ་ཀོའུ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཤེས་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་ག། ཤེགས་པ་མཐོང་ངོ་།། ཀོའུ་ཤི་ཀ་གལ་ཏེ་དེ་བཞིན ་གཤེགས་པ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་གཤེགས་པ་མཐོང་ན། ཀོའུ་ཤི་ཀ་དེ་བཞིན་གཤེགས ་བ་ནི་གཟུགས་ཤེས་བྱ་བ་འམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་མ་ཡིནོ།། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔའི་ཆོས་ཀྱི ་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ནི་མཐོང་བར་སླ་བ་མ་ཡིན་ནོ།། ཀོའུ་ཤི་ཀ་གཞན་ཡང་གང་ཁྱོད་འདི་སྐད་དུ། ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ་ཞེས་ཟེར ་།། བ་ནི་ཇི་ལྟར་དེ་བཞིན་གཤེགས་པས་བདག་གཟིགས་པ་དེ་བཞིན་དུ་བདག་གི་དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ། ལྷའི་བུ་ཁྱོད་དེ་བཞིན་གཤེགས་པས་ཇི་ལྟར་མཐོང ་སྦས་པ། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་མདུན་ན་བཞུགས་པ་འདི་ལ་ཞུས་ཤིགས།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ལྷའི་བུ་ཟླ་བ་ཇི་ལྟར་གཟིགས་ལགས། བཀའ་སྩལ་པ། ཀོའུ་ཤི་ཀ་གཟུགས་མི་མཐོང་ངོ་།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར ་མཐོང་ངོ་།། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ངལཱ། ར་བྱུང་བར་མི་མཐོང་ངོ་།། ལངས་པ་དང་། འདུག་པ་དང་། 2གྲོ་བ་དང་། འོང་བ་དང་། རྒྱབ་དང་། གློ་དང་། མདུན ་ཆོས་ལ་མ་གཏོགས་པར་མི་མཐོང་ངོ་།། སློབ་པར་མི་མཐོ་ངངོ་།། མི་སློབ་པར་མི་མཐོང་ངོ་།། མི་སློབ་པའི་ཆོས་དང་ལྔ་ན་པར་མི་མཐོང་ངོ་།། དགྲ་བཅོམ་པར་མི་མཐོང་ངོ་།། ་དགྲ་བཅོམ་པའི་ཆོས་དང་ལྡན་པར་མི་མཐོང་ངོ་།། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱིས་སར་མི་མཐོང་སྟེ། ཀོའུ་ཤི་ཀ། དེ་ལྟར་མཐོང་ངོ་།། ཀོའུ་ཤི་ཀ ་སུས་དེ་ལྟར་ཐོང་བ་དེས་ནི། ཡང་དག་པར་མཐོང་སྟེ། ལོག་པ་དེ་མཐོང་བ་མ་ཡིན་ནོ།། སུ་ཡང་དག་པར་མཐོང་བ་དེས་ནི་ཅི་ཡང་མི་མཐོང་ངོ་།། སུ་ཅི་ཡང་མི་མཐོང་བ་དེས་ནི་མཉམ ་པར་མཐོང་སྟེ། མི་མཉམ་པར་མི་མཐོང་ངོ་།། ཀེའུ་ཤི་ཀ། དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་པ་ཞེས་བྱའོ།། ཀོའུ་ཤི་། དེ་ལྟར་གཟིགས་པའི་དེ ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་འདྲེས་པར་ཡང་མི་མཛད་དོ།། ཀའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་ལྟར ་གཟིགས་པའི་དེ་བཞིན་གཤེགས་པས་ཅི་ཞིག་གཟིགས་པར་འགྱུར། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མིང་གཟིགས་པ་མ་ལགས། གཟུགས་གཟིགས་པ ་མ་ལགས་ཏེ། བཅོམ་ལྡན་འདས་འདི་ལ་ནི་ཆོས་འགའ་ཙམ་ཡང་གྲངས་སུ་བགྱིས་པ་མ་མཆི་སོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས་པ་དེ་བཞིན་དུ ་ལྷའི་བུ་ཟླ་བས་ཀྱང་དེ་ལྟར་མཐོང་ལགས་སམ། བཀའ་སྩལ་པ། ཀོའུ་ཤི་ཀ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་ནི ་ཆོས་ཀྱི་དབྱིངས་ཀྱི་ལུགས་ཀྱིས་ཆོས་འགའ་ཙམ་ཡང་གཟུང་བའི་ཕྱིར་ཆོས་གང་ཡང་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཅི་ལྷའི་བུ་ཟླ་བ་མི་སྐྱེ་བའི་ཆོས་ལ་བཟོད ་བ་ཐོབ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་ཀྱིས་ལྷའི་བུ་ཟླ་བ་འདི་ཉིད་ལ་དྲིས་ཤིག་དང་། འདི་ཉིད་ཁྱོད་ལ་ལན་ལྡོན་ནོ།། དེ་ནས་ལྷའི་དབང་པོ ་བརྒྱ་བྱིན་གྱིས་ལྔའི་བུ་ཟླ་བ་ལ་འདི་སྐད་སྨྲས་སོ།། ལྷའི་བུ་ཁྱོད་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སམ། སྨྲས་པ། ཀོའུ་ཤི་ཀ་མི་སྐྱེ་བ་སྐྱེ་འམ། སྨྲས་པ། ལྷའི་བུ་དེ་ནི་མ ་ལིར་ནོ།། སྨྲས་པ། ཀའུ་ཤཾ་ཀ་གལ་ཏེ་མོ་སྐྱེ་བ་སྐྱེ་བར་གྱུར་ན། མི་སྐྱོ་བའི་ཆོས་རྣམས་ལ་སུའི་འཟོང་པ་སྐྱེ་བར་འགྱུར། ཀོའུ་ཤ~ཾ་ཀ་མི་སྐྱེ་བ~ཾ་ཞེས་བྱ་བ་དོནི། ཆོས་ཀྱི་དབྱིངས་ཀྱི ་ཚིག་བླ་དགས།། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ལ་ནི་སྐྱེ་བ་འམ། འགག་པ་མི་དམིགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ལྔའི་བུ་འདིའི་བསྟན་པ་དེ་འདྲ་བ ་ལས་ན། ཀྱེ་མ་ལྔའི་བུ་འདི་ནི་བཟོད་པ་ཐོབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེའོ་སྙམ་མོ།། དེ་ནས་ལྷའི་བུ་ཟླ་བས། ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི ་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀོའུ་ཤི་ཀ་བཟོད་པ་ཐོབ་པ་གང་དག་ཡིན་པ་དེ་དག་ནི། སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་མ ་ཡིན་ནོ།། སྨྲས་པ། ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེས་ད་ཟེར། སྨྲས་པ། ཀོའུ་ཤི་ཀ་ཐོབ་ཅེས་བྱ་བ་དེ་ནི་དམིགས་པའི་ཚིག་བླ་དགས་ཡིན་ལ། དམིགས་པས་ནི་བྱང ་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ།། མི་སྐྱེ་བའི་བཟོད་པ་ཞེས་བྱ་བ་དེ་ནི་མི་སྐྱེ་བའི་ཚིགས་སོ།། མི་སྐྱེ་བ་གང་ཡིན་པ་དེ་ཉིད་ནི་བྱང་ཆུའོ།། སྨྲས་པ་ལྷའི་བུ་ཟླ་བ་བྱང་ཆུབ ་ཉིད་གང་ལས་བཙལ་བར་བྱ།། ། སྨྲས་པ། ཀཽ་ཤི་ཀ་བྱང་ཆུབ་ནི་བདག་གི་ངོ་བོ་ཉིད་ལས་བཙལ་བར་བྱའོ།། སྦས་པ། བདག་གི་ངོ་བོ་ཉིད་གང་ལས་བཙལ་བར་བྱ། སྨྲས་པ། ཆོས་གང ་མ་སྐྱེས་མི་སྐྱེ་སྐྱེ་བར་མི་འགྱུར་བ་དེ་ལས་བཙལ་བར་བྱའོ།། ཅི་ནས་ཀྱང་ཚོལ་བ་ན། གང་བཙལ་བ་དང་། གང་གིས་བཙལ་བ་དང་། གང་གི་བཙལ་བ་དེ་ལ་སློང་བར་མི་བྱེད་པ་དེ་ལྟར ་བཙལ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་དེ་ལྟར་ཟབ་མོའི་ཤེས་རབ་དང་ལྡན་པ་ངོ ་འཚར་ལགས་སོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བས་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས་ལགས། དེ་ནས་ལྷའི་བུ་ཟླ་བས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀོའུ་ཤི་ཀ། ་སྒྱུ་མ་མཁན་གྱིས་སྐྱེ་བ་འམ། བུད་མེད་སྤྲུལ་པ་གང་དག་ཡིན་པ་དེ་གང་ནས་ཤི་འཕོས་ཏེ་འདིར་འོངས།། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར། སྨྲས་པ། ལྷའི་བུ་སྒྱུ་མ་སྤྲུལ ་པ་ལ་ནི་འཕོ་འམ་སྐྱེ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སྨྲས་པ། ཀོའུ་ཤི་ཀ་ཁྱོད་འདི་སྐད་དུ་སྤྲུལ་པ་འདི་གང་ནས་ཤེ་འཕོས་ཏེ་འདིར་འོངས། ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ཟེར་བ་དེ་ཅི་མཁས་པ་རྣམས་ཀྱིས་སྨད་པར་མི་འགྱུར་རམ། སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ།། སྨྲས་པ། ཀོའུ་ཤི་ཀ། བདག་ནི་ཁྱོད ་ཀྱིས་དྲི་བ་དེ་ལ་འདི་སྙམ་བྱེད་དེ། གང་ཁྱོད་ཀྱིས་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས། འདི་ནས་ཤི་འ་བོས་ནས་གར་སྐྱེ་བར་འགྱུར་ཞེས་ཞུས་པ་ནི། སྒྱུ ་མ་ལྟ་བུའི་ཆོས་རྣམས་ལ་དེ་སྐད་འདྲི་བར་ཟད་སྙ་མོ།། རྐོ་རུ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུ་ལ་པ་སྤྲུལ་པར་མཛད་པ་གང་ཡིན་པ་དེ་འོངས་འམ། ་འཆི་འཕོ་འམ། སྐྱེ་བ་འམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། ཅི་བྱ་བ་གང་གི་ཕྱིར། སྤྲུལ་པ་བྱ་བ་དེ་བྱེད་དམ་སྨྲས་པ། ལྷ་འོ་བུ་བྱེད་དོ།། སྨྲས་པ། ཀོའུ་ཤི་ཀ་དེ་བཞིན ་དུ་གང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུར་རྟོག་པ་དོནི། འགྲོ་བ་དང་། འོང་བ་དང་། འཆི་འཕོ་དང་། སྐྱེ་བ་ཡང་སྟོན་ལ། དོན་ཅི་ལ་ཡང་རྣམ་པར་མི་རྟོག་སྟེ། ་།། བྱ་བ་དེ་ཡང་བྱེད་དོ།། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། གང་རྨི་ལམ་དུ་གཟུགས་མཐོང་བ་འམ། སྒྲ་ཐོས་པ་འམ། དྲི་སྡོམ་པ་འམ། རོ་མྱོང་བ་འམ། རེག་བྱ་རེག་པ་འམ། ཆོས ་རྣམ་པར་ཤེས་པ་དེ་དག་ཅི་དེ་ན་ཅི་ཡང་ཡོད་དམ། སྨྲས་པ། ལྷའི་བུ་དེ་ནི་མེད་དོ།། སྨྲས་པ། ཀོའུ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོགས་པ་དེ་ནི་མཐོང ་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་ཆོས་རྣམས་ལ་ཆགས་པར་མི་འགྱུར། རྗེསུ་ཆགས་པར་མི་འགྱུར། ཁོང་ཁྲོ་བར་མི་འགྱུར་རོ།། ་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཆོས་རྣམས་ཀྱང་གཞན་དག་ལ་རྗོད་པར་བྱེད་ལ། རྗོད་པ་དེ་ཡང་མངོན་པར་ཞེན་པ་མེད་དོ།། དེ་ནས་བཅོམ ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་སྟེ་བ་ཡང་མི་དམིགས་འཆི་བ་ཡང་མི་དམིགས་ལགས་ན་བཅོམ་ལྡན་འ ་འདིས་ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བར་རྟོགས་ཤིང་བགྱིད་པར་འགྱུར་ལགས།། གང་ལ་སྐྱེས་པ་ཡང་མ་མཆིས། འཆི་འཕོ་ཡང་མ་མཆིས་པ་དེ་ནི ་ཉན་ཐོས་ཀྱི་ས་ལགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ས་མ་ལག་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་བསྐལ་པ་སྟོང་ཕྲག་མང་པོར་འཁོར་བར་བགྱི་འཚལ ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀོའུ་ཤི་ཀ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས ་ལ་བཟོད་པ་སྐྱེས་པ་ནི་སུ་ཡང་རུང་ཏེ། དེ་ནི་སྐྱེ་བ་ལ་ཡང་རློམ་སེམས་མེད་ལ། འཆི་འཕོ་ལ་ཡང་རློམ་སེམས་མེད་དེ། དེ་ནི་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ ་ལོན་པ་ཇི་ལྟ་བ་དེ་བཞིན་དུ་གཟུང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་བདག་དུ་འདུ་ཤེས་དང་། གཞན་དུ་འདུ་ཤེས་མི་འཇུག་པའི་ཕྱིར།། ཀོའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས ་དཔའ་གང་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་དེ་ལྟར་སྐྱེ་བ་ལ་ཡང་རློམ་སེམས་མི་བྱེད། འཆི་འཕོ་ལ་ཡང་རློམ་སེམས་མི་བྱེད་པ་དང་། བདག་ཏུ་འང ་ཤེས་པར་ཡང་མི་བྱེད། གཞན་དུ་འདུ་ཤེས་པར་ཡ་ང་མི་བྱེད་ལ། སེམས་ཅན་གང་ཆོས་ཀྱི་ཚུལ་གྱི་བཟོད་པ་འདི་མི་ཤེས་པ་དེ་དག་ལ་བརྡའ་སྤྲད་པའི་ཕྱིར།། སྙིང་རྗེ ་ཆེན་པོས་ཆེད་དུ་བསྐལ་པ་བྱེ་བ་འབུམ་ཕྲག་གྲངས་མེ་དཔར་འཁོར་ཡང་སྐྱོ་བ་མེད་པ་ནི་མཆོག་ཏུ་དཀའ་བ་བྱེད་པ་ཡི་ནོ།། ཀོའུ་ཤི་ཀ་དཔེར་ན། མི་ལ་ལ་ཞིག་མེ་མངག་ག ་དོང་དུ་ལྷུང་ནས། ཚིག་ཅིང་འདུག་པ་དེ་ལ་མི་སྙིང་རྗེ་ཆེན་པོ་དང་ལྡན་པ་འགའ་ཞིག་གིས་ལུས་དང་སྲོག་ལ་ཡང་མ་བསྟས་ཏེ། འདོད་པའི་ཡོན་ལྔ་ལ་དགའ་ཞིང་འདུག་པ་ལས ་དགའ་ཞིང་རྩེ་བ་བོར་ནས། མེའི་ཕུང་པོ་དེའི་ནང་ནས་མི་དེ་ཕྱུང་སྟེ། བདག་ཉིད་ཚིག་པ་ནི་དང་དུ་བླངས་ན། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། མི་དེ་དཀའ་བ་བྱེད་པ་ཡིན་ནམ ་གསོལ་པ། བཅོམ་ལྡན་འདས་བཀའ་བ་བགྱིད་པ་ལགས། བཀའ་སྩལ་པ། ཀོ་རུ་ཤི་ཀ་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ལ། སྲིད་པ་ལེན ་པར་བྱེད་པ་ནི། དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། ཀོའུ་ཤི་ཀ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་ནི། ཅི་ནས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཟིལ་གྱིས་མནན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརོ།། ་ཀོའུ་ཤི་ཀ་ཁྱོད་འདི་སྐད་དུ་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ། འདིར་འོངས་ཤེས་ཟེར་བ་དེ་ངས་བཤད་ཀྱིས་ཉོན་ཅིག། ཀོའུ་ཤི་ཀ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགསུ་སངས ་རྒྱས་ཀྱི་ཞིང་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་གཉིས་འདས་པ་ན། འཇིག་རྟེར་གྱི་ཁམས་རིན་པོ་ཆེའི་ཕུང་པོས་བཀྲམ་པ་ཞེས་བྱ་བ་ཞིག་ཡོད་དོ།། འཇིག་རྟེན་གྱི་ཁམས་དེན་རིན ་པོ་ཆེ་དུ་མས་བརྒྱན་པའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་རྒྱས་པ་དག་དང་། འཆག་སའི་སྐྱེད་མོས་ཚལ་གྱི་ཁང་པ་བརྩེགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས ་སྤྲས་པའི་ཟམ་པ་དང་ལྡན་པ་དག་ཡོད་དོ།། ས་གཞི་ཆེན་པོ་དེ་ཡང་བཻ་ཌཱུརྱ་ལས་གྲུབ་པ་སྟེ། རིན་པོ་ཆེ་འབུམ་ཕྲག་མང་པོས་སྨྲས་སོ།། ཀོའུ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ ་ཕུང་པོ་བཀྲམ་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན ་ཏོ།། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་འབའ་ཞིག་གིས་ཡོངས་སུ་གང་ངོ་།། ཀོ་རུ་ཤི་ཀ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི ་རྒྱལ་པོ་དེའི་ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མ་ལ། བྱང་ཆུབ་སེམས་དཔའ་དེ་དག ་ཏ་ལ་བདུན་སྲིད་ཙམ་གྱི་ན་མཁའ་ལ་འཕགས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས ་ཅང་རིན་པོ་ཆེའི་པདྨ་འདབ་མ་འབུམ་ཡོད་པ་ཤ་སྟ་ག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་ནས། དེ་ལྟར་འཁོ་དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དག ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་བར་སྣང་ལས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འདོང་བར་བྱེད་དོ།། ཀོའུ་ཤི་ཀ་སངས ་རྒྱས་ཀྱི་ཞིང་དེར་བཟོད་པའི་བྱང་ཆུབ་སེམས་དཔའ་སུ་ཡང་མི་གནས་ཏེ། བཟོད་པ་ཐོབ་པའི་མོད་ལས་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་ངོ་།། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་དེ་བྱུང ་ནས། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཉིན་གཅིག་བཞིན་དུ་ཉིན་ལན་གསུམ། མཚན་ལན་གསུམ་དུ་ཆོས་བསྟན་པ་འབྱུང་སྟེ།། ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མོདོ་ལ་སངས་རྒྱས་ཀྱི་ཞིང་གཞན་དག་དུ་འདོང་ངོ་།། ཀོའུ་ཤི་ཀ་བྱང་ཆུབ་སེམས་དཔའ་ཇི་སྙེད ་།། བཟོད་པ་ཐོབ་ནས། སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་བ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག། སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང ་དེར་སྐྱེ་བར་འགྱུར་ཏེ། ཀོའུ་ཤི་ཀ་དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་མི་སྟོང་སོ།། ཀོའུ་ཤི་ཀ་འཇིག ་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད ་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཐང་ནས་ལྔའི་བུ་ཟླ་བ་འདི་མི་སྣང་བར་གྱུར་ཏེ། ང་ལ་ལྦ་བ་དང་། ཕྱག་འ་ཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཞུ་བ་དང་། དྲི་བར ་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བོ་མང་པོ་ལ་རྒྱ་ས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཞན་དག་གི་ཡང་ཆོས་ཀྱི་བཟོད་པ་འདི་ཡོངས་སུ་རྫོགས་པར་བྱ་བའི ་བྱིར། སུམ་ཅུ་རྩ་གསུམ་གྱི་གནས་འདིར་གནས་པར་གྱུར་ཏོ།། ཀོའུ་ཤི་ཀ་ལྷའི་བུ་ཟླ་བ་འདི་ནི་ང་ཡི་ཚེའི་མཐའ་གཏུགས་ཀྱི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་མ་དེ་བཞིན་ག ་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་ཚེ། ཕྱི་མའི་དུས་དམ་པའི་ཆོས་ནུབ་པའི་དུས་ལ་བབ་པ་ན། འདི་ནས་ཤི་འཕོས་ནས། འཛམ་བུའི་གླིང་དུ་མི་རྣམས་དང ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཟབ་མོ་ཟབ་པར་སྣང་བ་འདི་དག་ཡོངས་སུ་འཛིན་པ་ལ་བརྩོན་པར་འགྱུར་རོ།། སེམས་ཅན་འབུམ ་བྲག་མང་པོ་དག་ཀྱང་ཆོས་ཀྱི་བཟོད་པ་འདི་ལ་འདོད་པ་སྐྱེད་པར་འགྱུར་རོ།། དེ་ཕྱི་མའི་ཚེ། ཕྱི་མའི་དུས་ན་དམ་པའི་ཆོས་ནུབ་པ་ན། མིའི་འཇིག་རྟེན་ནས་ཤི་འཕོས་ནས། དགའ་ལྡན་གྱི་ལྷའི་རིས ་སྐྱེ་བར་འགྱུར་ཏེ། དགར་ལྡན་གྱི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་འདི་འཛིན་དུ ་འཇུག་པར་འགྱུར་རོ།། ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་པ་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཀྱང་སྐྱེད་དུ་འཇུག་པར་འགྱུར་རོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ནི། ལྷའི་བུ་འདི་འཛམ་བུའི་གླིང་དུ་གནས་ནས། ་ལོ་བཅུའི་བར་དུ་ཁྱིམ་པར་འདུག་ཅིང་དེ་བཞིན་གཤེགས་པ་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བ་ཀུར་བསྟི་བྱེད། བླ་མར་བྱེད་པར་འགྱུརརོ།། དེ་དེའི་འོག་ཏུ ་མི་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་ཏེ། རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་བྱམས་པའི་ཚེ་མཐས་གཏུགས་པའི་བར་དུ་ངམ ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུ་རོ།། བསྐལ ་པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མཉེས་པར་བྱེད་པར་འགྱུར་རོ།། མཉེས་པར་བྱས་ནས་ཀྱང་བཀུར་བསྟི ་།། བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཐངད་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུརརོ།། དེ་དེའི་འོག་ཏུ་བསྐལ་པ་གང་གཱའི་ཀླུང་བདུན་ནུའི་བྱེ་མ ་སྟེང་འདས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་བཅོམ་ལྡན་འདས ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན། ཅི་ཁྱོད་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་དང་། དང་བ་དང་། གུས་པ་སྐྱེ་འམ། དེ་སྐད་ཅེས་སྨྲས ་བ་དང་། ལྷའི་བུ་ཟླ་བས། ལྷའི་བུ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་དེ་བཞིན་གཤེགས་པ་ནི་འདུན་པའི་དབང་དུ་འགྲོ་བ་འམ། འཇིགས་པའི་དབང་དུ་འགྲོ ་བས་ལུང་སྟོན་པ་ཆུང་ཟད་ཀྱང་མེད་དེ། ལྷའི་བུ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་བསླབ་པ་སླབ་པར་ལུང་སྟོན་པར་ཟད་ན། གང ་གིས་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་འམ། དང་བ་འམ། གུས་པ་སྐྱེད་དུ་ཅི་ཞིག་ཡོད།། སྨྲས་པ། ལྷའི་བུ་དང་བ་གང་ལས་ཡོངས་སུ་བཙལ་བར་བྱ། སྨྲས་པ། ་དང་བ་སེམས་ལས་ཡོངས་སུ་བཙལ་བར་བྱའོ།། སྨྲས་པ། གང་སེམས་སུ་འདུ་ཤེས་པ་དེས་དང་བ་གང་ལས་བཙལ་བར་བྱ། སྨྲས་པ། གང་ལ་འཛིན་པའང་མེད་པ ་དེ་ལ་དང་བ་ཡོད་དོ།། སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་མཆོག་ཏུ་དང་བ་ཡོད་དམ། སྨྲས་པ། ལྷའི་བུ་དེ་ནི་དང་བ་ཡིན་ཏེ། གང་ལ་སྡང་བ་ཡང་མེད། རབ་ཏུ་སྡང་བ་ཡང་མེད ་དང་བ་ཡང་མེད་པ་དང་། གང་ལ་སོ་སོའི་སྐྱེ་བོའི་དང་བ་མེད་པ་དེ་ལ་ནི་དང་བ་ཡོད་དོ།། དེ་དེ་ལྟར་དང་བར་གྱུར་པས། དེ་ལ་རང་བཞིན་གྱིས་དང་བ་ཡང་མེད་ལ། དེ་ནི་དེ་ཕྱིན་ཆད ་ཀྱང་སྡང་བར་མི་འགྱུར་རོ།། ལྷའི་བུ་དེ་ལྟ་བས་ན་དང་བ་ཐོབ་པར་འདོད་པས་མྱུར་དུ་ཆོས་ལྔ་ལ་སྦྱོར་བར་བྱ་སྟེ། ཅི་ནས་སྦྱོར་བ་ཡང་མེད། འབྲལ་བ་ཡང་མེད་པ་དེ་ལྟར་སྦྱོར ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་སྦྱོར་བ་ཡང་མེད། འབྲལ་བ་ཡང་མེད་པའི་ཕྱིར་རོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས།། ལྷའི་བུ་ཟླ་བ་ལ་འདི་སྐད ་ཅེས་སྨྲས་སོ།། ལྷའི་བུ་བྱང་ཆུབ་སེམས་དཔའི་བསླ་བ་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བ་སླབ་པ་རྣམས་གང་ཡིན། སྨྲས་པ། ལྷའི་བུ ་གང་ལ་ལུས་ཀྱང་མེད། ལུས་ཀྱི་སྡོམ་པ་ཡང་མེད། ངག་ཀྱང་མེད། ངག་གི་སྡོམ་པ་ཡང་མེད། ཡིད་ཀྱང་མེད། ཡིད་ཀྱི་སྡོམ་པ་ཡང་མེད་པ་དེ་ནི། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སྡོམ་པའི་མཆོག་ཡོན་ནོ།། གང་ལ་ཡིད་ཀྱང་མེད། འཛིན་པ་ཡང་མེད། སོགས་པ་ཡང་མེད། འབྲི་བ་ཡང་མེད་པ་དེ་ནི། ལྔའི་བུ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བསླབ་པ་ཡིན་ནོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས། ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་བསླབ་པ་འདི་ལ་བསླབས་པས། དེ་བཞིན ་།། གཤེགས་པས་ལུང་བསྟན་ཏམ། ལྷའི་བུ་བདག་ནི་བསླབ་པ་འདི་ལ་བསླབས་པ། དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བསླབས་པ་འདི་ལ་ནི ་གང་གིས་ཤེས་པར་འགྱུར་བའི་བདག་གམ། བདག་གིས་ཞེས་བྱ་བ་འམ། བདག་སློབ་པོ་སྙམ་དུ་འཛིན་པ་མེད་དེ། ཡང་དག་པར་ཞུགས་པ་དེ་ནི་བདག་སློབ་བོ་སྙམ་དུ་དེ་ལྟར ་མི་སེམས་སོ།། སྨྲས་པ། ཇི་ཙམ་གྱིས་ན་ཡང་དག་པར་ཞུགས་པར་འགྱུར་སྨྲས་པ། གང་མཉམ་པ་ཉིད་ལ་སྨོན་པར་མི་བྱེད།། འབྲི་བར་ཡང་མི་བྱེད། ལེན་པར་ཡང་མི་བྱེད ་འདོར་བར་ཡང་མི་བྱེད་པ་དང་། གང་མཉམ་པ་ཉིད་ལ་ཆོས་འདི་དག་ནི་མཆོག་གོ།། ཆོས་འདི་དག་ནི་ངན་པའོ་ཞེས་གཉིསུ་མི་འབྱེད་ཅིང་ཆོས་འདི་ལ་ཡང་དག་པར་སོ ་སོར་ཤེས་ཏེ། དེ་ལྟར་ཞུགས་པ་གང་ཡིན་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས།། ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲསོ།། ལྷའི་བུ་ཁྱོད ་ཀྱིས་ཆོས་གང་དག་ཐོབ་པ་དང་། ཆོས་གང་དག་སྤང་བའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན། སྨྲས་པ། ལྷའི་བུ་བདག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤངས་པ་དང་། ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་གྱིས།། ལྷའི་བུ་བདག་ནི་ཆོས་འདི་དག་མ་སྤངས་མ་ཐོབ་པའི་ཕྱིར། དེ་བཞིན ་གཤེགས་པས་ལུང་བསྟན་ཏོ།། སྨྲས་པ། དེ་ལྟར་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལུང་བསྟན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སོ་སོ་སྐྱེ་བོ་རྣམས་ནི་སོ་སོའི་སྐྱེ ་བའི་ཆོས་རྣམས་མ་སྤངས་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཐོབ་པའི་ཕྱིརརོ།། སྨྲས་པ། ལྷའི་བུ་སོ་སོརའི་སྐྱེ་བོ་ཆོས་རྣམས་ཀྱི་ཅི་ཞིག་སྤྲོས་པར་བྱེད།། སྨྲས་པ། སྟོང་པ་ཉིད་དང་། ་ཆོས་ཉིད་སྤྲོས་པར་བྱེད་དོ།། སྨྲས་པ། སངས་རྒྱས་ཀྱི་ཆོས་དེ་དག་གིས་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སྤྲོས་པར་བྱེད།། སྨྲས་པ། སྟོང་པ ་ཉིད་དང་། ཆོས་ཉིད་སྤྲོས་པར་ནུས་སམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན།། སྨྲས་པ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སྤྲོས་པར་ནུས་སམ། སྨྲས་པ་དེ་ནི་མ་ཡིན་ནོ།། ་ལྷའི་བུ་བདག་གིས་ངོ་ལས་བསམ་ཏེ་སོ་སོའི་སྐྱེ་བོའི་ཆོས་རྣམས་མ་སྤངས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་བདག ་ལུང་བསྟན་ཏོ་ཞེས་སྨྲས་སོ།། སྨྲས་པ། ཅི་སྟོང་པ་ཉིད་ང་ང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་བྱང་ཆུབ་ཇི་ལྟར་ལུང་བསྟན་པ་དེ་བཞིན ་དུ་ཁྱོད་དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ལུང་བསྟན་ཏམ། སྨྲས་པ། བདག་ནི་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཇི་ལྟ་བ ་དེ་བཞིན་དུ་ལུང་བསྟན་ཏོ།། ལྷའི་བུ་ཆོས་འདི་དག་གིས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུང་བསྟན་པ་ཡང་དེ་བཞིན་ཏེ། གང་ལུང་བསྟན་ཟིན་པ་ཡང་དེ་བཞི་ནོ།། གང་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འམ། མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་མཆོག་གིས་འདི་སྐད་ཅེས ་།། གསམ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདིན་འན་མམ་ཤེས་རབ་དང་ལྡན་པ་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། ཞྭའི་ཐུ་བཟང་བཐོབ་པར ་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ཏེ། ལན་ཅི་དང་ཅི་འདེབས་པ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ཁོ་ནས་འདེབས་ལ། ཆོས་ཀྱི་དབྱིངས་ནི་བསྟན་པ་འམ ་ལན་གདབ་པ་འམ། བརྗོད་པར་ཡང་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་བརྗོད་དུ་མེད་ཅིང་བསྐྲད་དུ་མེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་སེམས ་ཅན་གྱི་ཁམས་ཀྱང་དེ་དང་འདྲའོ།། སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡུལ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ལྷའི་བུ་བྱང་ཆུབ ་སེམས་དཔའ་གང་དག་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་རྗེསུ་འགྲོ་བ་དེ་དག་ནི་གཞན་གྱི་དྲིང་མི་འཇོག་པ་ཞེས་བྱའོ།། གཏམ་འ་དེ་བརྗོད་པ་ན། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན ་བོ་ཁང་བཟངས་རྣམ་པར་རྒྱལ་བྱེད་ན་འདུག་སྟེ། འཁོར་ཆེན་པོ་ལ་ཆོས་སྟོན་ཅིང་འདུག་གོ།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་སྔར་ལས་ལངས་ཏེ། འཆག་པར་བྱེད་དོ།། ་དེ་རས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཛམ་བུའི་གླིང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས ་སྟོངས་སོ།། སེམས་ཅན་དགེ་བའི་བསམ་པ་ཅན་དག་ཀྱང་མང་ན་དེ་དག་ཀྱང་ཆོས་མ་ཐོས་པས་ཡོངས་སུ་ཉམས་པར་འགྱུར་རོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས ་དེ་ཉིད་ཀྱི་ཕྱིར། ལྷའི་མིག་གིས་འཛམ་བུའི་གླིང་འདིར་རྣམ་པར་བལྟས་ནས། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི ་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁང་པ་ན་བཤོས་གསོལ་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ན་བདག ་དང་འདྲ་བའི་དགེ་སློང་འགའ་ལྟ་ཡོད་དམ་སྙམ་པ་དང་། དེས་བདག་དང་འདྲ་བའི་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་གཡོན་ལོགས་ན་ཟན་ཟ་ཞིང་འདུག་པ་མཐོང་ནས། དེས་བདག་གིས ་ལུས་ལ་བརྟགས་སོ།། དེ་བརྟགས་ནས་དེ་ལ་ཆུང་ཟད་ཀྱང་ཐ་དད་པར་མ་མཐོང་སྟེ། བདག་ཉིད་ཀྱི་ཆུ་ཞེང་ཅི་འདྲ་བ་དོའི་ཆུ་ཞེང་ཡང་དེ་ཁོ་ན་འདྲ་ལ། ལྷག་ཆད་མེད་དེ། ཁ་དོག་དེ ་དང་རྟགས་དེ་དང་། དབྱིབས་ཐ་དད་པ་མེད་པ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འཇམ་བུའི་གླིང་དུ་གཤེགས་སམ་སྙམ་མོ།། ངེས་ཤིང ་ཡོངས་འདྲའི་དྲུང་དུ་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་ལྷའི་ཚོགས་ཀྱི་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་ལ། ཤཱ་རིའི་བུ་ཡང་གཡས་ལོགས་ན་འདུག་པ་དང་། མོའུ ་དགལ་གྱི་བུ་འདྲ་བའི་དགེ་སློང་ཡང་གཡོན་ལོགས་ན་འདུག་པ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་དེ་ན་འཁོད་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ ་འདི་ལྟར་ངོ་མཚར་ཆེ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར་ཆེའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྫུ་འཕྲུལ་ཆེའོ།། ཆེ་བར་ཡང་གྲགས་སོ།། མཐུ ་།། ཡང་ཆེ་སྟེ། འདི་ལྟར་འཛམ་བུའི་གླིང་ན་ཡང་ཆོས་སྟོན་པའི་རྒྱུན་མི་འཆང་ལ་སུམ་ཅུ་རྩ་གསུམ་གྱིས་གནས་ན་ཡང་། སུམ་ཅུ་རྩ་གསུམ་པའི་ལྔ་རྣམས་ལ་ཆོས་སྔོར་འོ་སྙམ་མོ། ་དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། འཛམ་བུའི་གླིང་དུ་རྣམ་པར་བལྟས་ན། དེས་དེ་བཞིན་གཤེགས་པ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིར ་གྱི་ཀུན་དགའ་བ་ན། འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ་།། དེ་ན་ཡང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་། ་འདྲ་རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་ཞིག་མཐོང་ངོ་།། ཤཱ་རིའི་བུ་དང་འོད་སྲུང་ཆེན་པོ་དང་། ཀ་ཏྱའི་བུ་ཆེན་པོ་དང་། གང་པོ་དང་། རབ་འབྱོར་དང་། ནམ་གྲུ་དང་། ་རྟ་བུལ་དང་། ཀ་པིན་དང་། ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་ཆུ་ཞེང་དེ་ཁོ་ན་བཞིན་དུ་མཐོང་ངོ་།། རྒྱལ་པོའི་ཁབ་ན་རྫ་ལྟ་བ་བཞིན་དུ་རྒྱལ་བྱེད་ཀྱི་ཚལ་ན་ཡང་དེ་དང ་འདྲའོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་གྱི་གནས་ན་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ ་གྱུར་ནས་འཛམ་བུ་གླིང་དུ་རྣམ་པར་བལྟས་ན། དེས་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་ཤིང་ནྱ་གྲོ་དའི་ཀུན་དགའ་ར་བ་ན་བཞུགས་པ་དང ་སེར་སྐྱའི་གྲོང་ཁྱེར་ཆེན་པོ་ན་བསོད་སྙོམས་ལ་གཤེགས་པ་མཐོང་སྟེ། དེར་ཡང་མོའུ་དགལ་གྱི་བུ་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང ་མཐོང་ངོ་། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བའི་གྲོང་ཁྱེར་ཆེན་པོ་ན། ལི་ཙ་བྱི་གཞོན་ནུ་དྲི་མ་མེད་པའི་ཟླ་བའི་ཁྱིམ་ན་བ་ཤོས་གསོལ་ཞིང་བཞུགས་པ་མཐོང་སྟེ། དེར་ཡང་བརྡ། ་ཁོ་ན་འདྲ་བའི་དགེ་སློང་ཁ་དོག་དེ་འདྲ་བ་དང་། རྟགས་དེ་འདྲ་བ་དང་། དབྱིབས་དེ་འདྲ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ ་ཆེན་པོས། དེ་བཞིན་གཤེགས་པ་ཝ་ར་ན་སེའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས། སླར་གཤེགས་པ་མཐོང་སྟེ། དེར་ཡང་བདག་དང་འདྲ་བའི་དགེ་སློང ་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ ་གྱི་བུ་ཆེན་པོས། འཛམ་བུའི་གླིང་འདིར་རྣམ་པར་བལྟས་ན། དེ་བཞིན་གཤེགས་པ་བཞུགས་པ་གང་ཡང་རུང་ཏེ། གཙུག་ལག་ཁང་ངམ། འཆག་ས་འམ། ཤིང ་དྲུང་ངམ། རྡོ་ལེབ་བམ། ས་ཕྱོགས་གང་ཡང་རུང་བའི་ས་ཕྱོགས་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་སྐོར་ཅིང་མདུན་གྱིས ་བལྟས་པ་སྤྱོད་ལམ་སྣ་ཚོགས་ཀྱིས་བཞུགས་པ་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་རྣམ་པར་བལྟས ་ན། དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ། བྱང་གི་སྒྲ་མི་སྙན་གྱི་གླིང་ན་བསོད་སྙོམས་ལ་གཤེགས་པ་དང་། བསོད་སྙོམས་བཞེས་ནས ་། བ་ཤོས་གསོལ་གྱི་བཞུགས་པ་མཐོང་ཏེ། ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། ང་མ་ཡིན་པའི་ལན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོ་དགཔ ་བུ་ཆེན་པོས། ཤར་གྱིས་ལུས་འཕགས་གླིང་དུ་རྣམ་པར་བལྟས་ར། དེས་དེར་ཡང་དེ་བཞིན་གཤེགས་པ་སྐྱེ་བོའི་ཚོགས་ཆེན་པོའི་དབུས་ན་ཆོས་སྟོན་ཅིང་བཞུགས་པ་མཐོང་སྟེ། དེ་ན་ཡང་བདག ་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་མཐོང་ངོ་།། དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ཡང་། དེ་བཞིན་གཤེགས་པས་བསམ་གཏན་ནང་དུ་ཡང་དག ་པར་འཇོག་ལ་ཞུགས་སྟེ། སྲོག་ཆགས་སྟོང་ཕྲག་དུ་མ་ཕྱག་འཚལ་ཞིང་འདུག་པ་དང་། ཉན་ཐོས་ཆེན་པོ་ཐམས་ཅད་མེའི་ཁམས་ཀྱི་ཏིང་འཛིན་ལ་སྙོམས་པར་ཞུགས་པ་དག ་ཀྱང་མཐོང་སྟེ། ངན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་ཞི་ག་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་བོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། ས་བླའི་ལྷ་རྣམས ་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་དེ་མ་ཡིན་པའི ་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་བར་སྣང་གི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་སྟེ། དེ་ན ་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་སུ་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ཚངས་པའི་འཇིག་རྟེན་གྱི་བར་དུ་རྣམ་པར་བལྟས་ན། ་ཚངས་པའི་འཇིག་རྟེན་ན་ཡང་དེ་བཞིན་གཤེགས་པ་ཚངས་པ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱི་བལྟས་ནས་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ ་སློང་ཁ་དོག་ཀྱང་དེ་དང་འདྲ།། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་འདྲ། ཆུ་ཞེང་ཡང་དེ་ཁོ་ན་འདྲ་བ་མཐོང་ངོ་།། མོའུ་དགལ་གྱི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱི་ཆོ་འཕྲུལ་གྱིས ་ཆོས་སྟོན་ཏེ། ཐམས་ཅད་ཀྱང་མོའུ་དགལ་གྱི་བུ་ཞེས་བྱ་བར་ཤེསོ།། ཤཱ་རིའི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་སྣང་བ་ཆེན་པོས་འཁོར་གྱི་མེ་ནན་སེང ་གེའི་སྒྲ་སྒྲོགས་ཏེ། དེ་དག་ཐམས་ཅད་ཤཱ་རིའི་བུ་ཞེས་གྲགས་ཏེ། དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་སྟོབས་བསྐྱེད་པས་ཆོས་སྟོན་ཏོ།། དེ་ནས་མོའུ་དགལ་གྱི་བུ་ཆེན ་པོ་དགའ་ཞིང་མགུ་ལ། སྤུ་ཟིང་ཞེས་བྱེད་ནས།། ངོ་མཚར་དུ་གྱུར་ཏེ་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར་ཏོ།། སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་མཆོག་ཏུ་ངོ་མཚར་ཏོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་མོའུ་དགལ་གྱི་བུ་ཆེན་པོ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་སངས་རྒྱས་རྣམས ་ལ་ཕྱག་འཚལོ་ཞེས་ཚིག་ཏུ་སྨྲ་ཞིང་། ཁང་བཟངས་རྣམ་པར་རྒྱལ་བྱེད་ནས།། ཤུགས་ཆེན་པོས་ཡན་ལག་ལྔས་ཕྱག་བྱས་སོ།། དེའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་འཇིག་རྟེན་ད་གྲགས་ཏེ ་སུམ་ཅུ་རྩ་གསུམ་གནས་ཐམས་ཅད་གཡོས་སོ།། དེ་ནས་ལྔའི་བུ་འབུམ་ཕྲག་དུ་མ་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་ག ་གིས་ཅ་ཅོའི་སྒྲ་ཆེན་པོ་དང་། ས་ཆེན་པོ་གཡོ་བ་འཇིག་རྟེན་དུ་བྱུང་ལགས།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ལྷའི་བུ་དག་དགེ་སློང་མོའུ་དགལ་གྱི་བུ་འདི་སངས་རྒྱས་ལ་གཅེས་པར་འཛིན་པའི་ཕྱིར། ས་ཆེན་པོའི་སྟེང་དུ་ཕྱག་བྱས་ཏེ་འདི་ནི་དེའི་མཐུ་ཡིན་ནོ།། གསོལ་པ། བཅོམ་ལྡན ་འདས་ཅིའི་སླད་དུ། དགེ་སློང་མོའུ་དགལ་གྱི་བུ་ཆེན་པོ་ས་ཆེན་པོའི་སྟེང་དུ་ཕྱག་འཚལ་ལགས། བཅོམ་ལྡན་འངས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དགེ་སློང ་མོའུ་དགལ་གྱི་བུ་ང་འོང་གི་དེ་ལ་དྲིས་ཤིག། དེ་ནས་གནས་བརྟན་མོ་རུ་དགལ་གྱི་བུ་ཆེན་པོ་ཁང་བཟངས་རྣམ་པར་རྒྱ་ལ་བྱེད་ནས་ལངས་ཏེ། ཤིན་ཏུ་མྱུར་བ་དང ་ཤིན་ཏུ་རངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། སོར་མོ་བཅུའི་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཚིགསུ་བཅད་པ་དག་གིས་བསྟོད་པ། མགོན་པོ་མཚུངས་མེད ་མི་ཡི་དབང་པོ་ཁྱད་པར་བསྲེས།། དྲི་མ་གསུམ་གྱི་ཐ་བ་སྤངས་པ་སེམས་དུལ་བ། མི་མཆོག་ལྷ་དང་མི་ཡི་མཆོད་པའི་གནས་གྱུར་པ། རྒྱལ་བའི་བློའི་སྤྱོད་པ་བསམ་གྱི་ཡོད ་མི་ཁྱབ། ཉི་མ་འབུམ་ཕྲག་མང་པོ་དག་ནི་ཤར་བ་ན།། སེམས་ཅན་ལོང་བ་ཀུན་གྱིས་མཐོང་བར་མི་འགྱུར་བ།། དེ་བཞིན་སྟོབས་བཅུ་མངར་བ་ཀུན་ཏུ་འོད་ཟེར་ལྡན།། ཉན་ཐོས་ཀུན་གྱིས ་ཤེས་པར་སླ་བར་མ་ལགས་སོ།། ཉན་ཐོས་འདི་དག་ཐམས་ཅད་དམུས་ལོང་འདྲ་བ་ཏེ།། སངས་རྒྱས་ཐེག་པ་ཞེས་ནི་འཛིན་པར་ཡོང་མི་བགྱིད།། དེ་བཞིན་གཤེགས་པ་ནི་དད་པས ་མཆིས་མོད་ཀྱི།། རྒྱལ་བ་དག་གིས་ཆོས་ཉིད་ཀྱང་ནི་ཡོད་མ་འཚལ།། རྒྱ་མཚོ་ཆེན་པོའི་དྲུང་ན་བ་རྗེས་ལྟ་བུ་དང་།། རི་རབ་རྒྱལ་པོ་དང་ནི་ཡུངས་འབྲུ་གཅིག་པུ་དང་།། ཉི་མའི་འོད་དང་སྲིན་བུ་མ ་བྱེར་འདྲ་བ་སྟེ།། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འདྲ།། ལྷུན་པོ་རྣམས་ཀྱང་ཡུངས་འབྲུ་དག་ལ་འདོད་མི་བགྱི་ད།། མཁའ་ལ་ཉི་མ་གནས་པ་མེ་ཁྱེར་འདོད་མི་བགྱིད ་རྒྱ་མཚོ་ཆེན་པོ་པརྗེས་ཆུ་ལ་འདོད་མི་བགྱིད།། བྱང་ཆུབ་སེ་མས་དཔའ་ཉན་ཐོས་རྣམས་ལ་འདོད་མི་བགྱིད།། དམུས་ལོང་མིག་དང་ལྷ་ཡི་མིག་ལྡན་ཅི་འདྲ་དང་།། ཕལ ་པའི་མི་དང་འཁོར་ལོས་སྒྱུར་བ་ཅི་འདྲ་དང་།། ཟླ་བའི་འོད་ཀྱིས་སྐར་མ་རྣམས་ནི་ཟིལ་གནོན་པ།། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འདྲ།། ལྷ་མོ་སྒྱུ་འཕྲུལ་ན ་ཐུགས་བརྩེའི་དོན་སླད་དུ།། ལྷུན་པོའི་རྩེ་མོ་འདིན་རྒྱལ་བ་བཞུགས་པ་ན།། སངས་རྒྱས་དང་ནི་དགེ་སློང་དག་འདུན་མོ་བཞུགས་པས།། བདག་ནི་འཛམ་བུའི་གླིང་འཛི་སྟེ ་སྲམ་ཡིད་ལ་བགྱིད།། བཅོམ་ལྡན་བདག་ནི་རྣམ་པར་རྒྱལ་བྱེད་ནང་ན་མཆིས།། ལྷའི་བུ་མོ་རྣམས་ལ་ཆོས་ནི་སྟོན་པ་ན།། བདག་ནི་ལྷའི་མིག་གིས་འཛམྦུའི་གླིང་དུ་བལྟས། ་།། གྲོང་ཁྱེར་དང་ནི་ཚོང་དུས་བརྒྱ་ཕྲག་རྟགས་པ་བགྱིས།། བརྟགས་པའི་ཚེ་ན་བདག་གིས་དེར་ནི་རྒྱལ་བ་མཐོང་།། རྒྱལ་པོའི་ཁབ་ན་མཐུ་ཆེན་གཟུགས་ཅན་སྲིང་པོའི་ཁང་།། གྲོང་རྡལ་མི ་དང་འཁོར་གྱིས་མདུན་གྱིས་བལྟས་པ་ན།། ཉན་ཐོས་རྣམས་དང་ཐབས་གཅིག་ཏུ་ནི་བཤོས་ཀྱང་གསོལ།། གཡོན་ལོགས་ན་ནི་བདག་གི་ཁ་དོག་འདྲ་བ་ཡི།། མོའུ་དགལ་གྱི་བུ་ནི་མཆིས ་པའང་བདག་གིས་མཐོང་།། གཡས་ལོགས་ན་ནི་ཤཱ་རིའི་བུ་མཆིས་གཞན་དག་ཀྱང་།། རྒྱལ་བ་ཡི་ནི་ཉན་ཐོས་ཐམས་ཅད་མཁོད་པ་མཐོང་།། ལྷུན་པོ་ཡི་ནི་སྟེང་དུ་རྒྱལ་བ ་གཤེགས་སྙམ་བགྱིད།། བདག་གིས་བརྟགས་ན་ལྷུན་པོའི་ཟོམ་ན་བཞུགས་པ་མཐོང་།། བདག་ཉིད་ཀྱང་ནི་རྒྱལ་པོའི་ཁབ་ན་མཆིས་པ་དང་།། ལྷུན་པོའི་རྩེ་མོ་དེ་ཉིད་ན་ཡང་མཆིས་པ ་མཐོང་།། གྲོང་ཁྱེར་མཉན་ཡོད་ན་ཡང་འཇིག་རྟེན་མགོན་པོ་ནི།། སྲོག་ཆགས་བྱེ་བ་མང་པོ་དག་ལ་ཆོས་སྟོན་མཐོང་། དེ་དག་ན་ཡང་བདག་དང་ཤཱ་རིའི་བུ་དང་ནི།། 2ན ་ཐོས་གཞན་རྣམས་གང་ལགས་དེ་དག་མཐོང་བར་གྱུར།། ཤཱཀྱ་དག་གི་ནང་དུ་བསོད་སྙོམས་གཤེགས་པ་མཐོང་།། ཡངས་པ་ནས་ནི་སླར་གཤེགས་པ་ཡང་མཐོང་བར་གྱུར།། ཝ་ར ་ན་སེར་ཡང་ནི་དེ་བཞིན་མཐོང་བར་གྱུར།། ཐམས་ཅད་དུ་ཡང་བདག་ཉིད་ཀྱི་ནི་ལུས་ཀྱང་མཐོང་།། བྱང་གི་སྒྲ་མི་སྙན་གྱི་གླིང་ན་དེ་བཞིན་དུ།། ཚོགས་དང་ལྡན་བསོད་སྙོམས་དག ་ལ་རྒྱུ་བ་མཐོང་།། མ་དྲོས་མཚོའི་ནང་དག་ན་ཡང་ཉན་ཐོས་བཅས།། བསོད་སྙོམས་ཞལ་ཟས་གསོལ་བ་བདག་གིས་མཐོང་བར་གྱུར།། དེ་བཞིན་ནུབ་ཀྱི་བན་ལང་སྤྱོད་ཀྱི་གླིང་དག་ན ་སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོའི་དོན་མཛད་མཐོང་།། ཐམས་ཅད་དུ་ནི་མོའུ་དགལ་གྱི་བུ་ཡང་རྫུ་འཕྲུལ་གྱི།། སྟོབས་ཀྱིས་འགྲོ་བ་རྣམས་ནི་འདུལ་བར་བགྱིད་པ་མཐོང་།། དེ་བཞིན་དུ ་ཡང་ཤར་གྱི་ལུས་འཕགས་གླིང་དག་ན།། མི་རྣམས་ལ་ནི་ཆོས་རྣམས་སྣ་ཚོགས་སྟོན་པ་མཐོང་།། དེ་ན་ཡང་ནི་བདག་དང་ཤཱ་རིའི་བུ་དག་དང་།། གཞན་ཡང་ཉན་ཐོས་གང་ལགས་དེ་དག ་བདག་གིས་མཐོང་།། དེ་བཞིན་ས་བླ་ངའི་ལྷ་ཡི་གནས་རྣམས་དང་།། བར་སྣང་དག་ན་སྟོན་ཅིང་བཞུགས་པ་མཐོང་།། ཆོས་ཀྱི་མངའ་བདག་དམ་པ་ཁྱོད་ནི་འཇིག་རྟེན་སྐྱོང་།། བཞི་པོ་དག ་ལ་ཆོས་རྣམས་སྟོན་ཅིང་བཞུགས་པ་མཐོང་།། དེ་བཞིན་དུ་ཡང་འཐབ་བྲལ་ལྷ་རྣམས་ནང་དུ་མཐོང་།། དེ་ནས་ཤཱཀྱ་སེངྒེ་དགའ་ལྡན་དག་དུ་མཐོང་།། རབ་འཕྲུལ་དག་དང ་གཞན་འཕྲུལ་དབང་བྱེད་དག་ན་ཡང་།། མགོན་པོ་ཉན་ཐོས་རྣ་མས་དང་བཅས་པ་བདག་གིས་མཐོང་།། ཚངས་པའི་འཇིག་རྟེན་དག་ན་ཚངས་པ་བྱེ་བ་ལ།། ཆོས་རྣམས་སྟོན་ཅིང ་བཞུགས་པ་བདག་གིས་མཐོང་བར་གྱུར།། ཐམས་ཅད་དུ་ཡང་བདག་གིས་མཐོང་བར་གྱུར།། ཐམས་ཅད་དུ་ཡང་བདག་གི་ལུས་དང་དེ་བཞིན་དུ།། གཞན་ཡང་རྒྱལ་བའི་ཉན་ཐོས་རྣམས་ནི་བདག ་གིས་མཐོང་། གཙུག་ལག་ཁང་དང་འཆགས་ཤིང་གི་གནས་རྣམས་དང་།། ཕུག་རྣམས་གང་ན་སྔན་ཆད་སངས་རྒྱས་བཞུགས་པ་ཞུ།། ཐམས་ཅད་དུ་ཡང་ཤཱཀྱ་སེང་གེ་ཅི་འདྲ་བ། དེ་འདྲ ་ཆོས་ཀྱི་རྒྱལ་པོ་བདག་གིས་མཐོང་བར་གྱུར།། དཔའ་བོ་ཁྱོད་ཀྱི་ཆོས་ཉིད་འདི་ནི་བདག་གིསུ།། མཐོང་ནས་བདག་ནི་ངོ་མཚར་རྨད་དུ་འཛིན་པར་གྱུར།། སངས་རྒྱས་འོད་མཛད་དེ ་། ངག་རྣམས་ཀྱི་རྫུ་འཕྲུལ་མཆོག། འདི་འདྲ་དེ་དག་ངོ་མཚར་རབ་ཏུ་ཆེ་བ་ལགས། རྣམ་འདྲེན་སུམ་ཅུ་གསུམ་ན་བཞུགས་པར་མབས་ཀྱིས། འཇམྦུའི་གླིང་ན་ཐམས་ཅད་དུ་ཡང ་སྣང་ཞིང་བཞུགས།། གྲོང་རྣམས་དང་ནི་ཡུལ་འཁོར་གྲོང་ཁྱེར་དག་ན་ཡང་། ཁ་དོག་འཐུན་པ་ཡིས་ནི་ཆོས་རྣམས་སྟོན་ཅིང་བཞུགས།། འཇིག་རྟེན་མགོན་པོ་ཁྱོད་ནི་ཇི་ལྟར་མཐོང་བ་བཞིན། ་དེ་སྙེད་ཀྱི་ནི་ཤཱ་རིའི་བུ་དང་གསུས་པོ་ཆེ།། ཀི་པ་ན་དང་ནམ་གྲུ་ཀད་ཏྱ་ནའི་བུ།། གང་པོ་དང་ནི་རབ་འབྱོར་འོད་སྲུང་མཐོང་བར་གྱུར།། ཐོས་པ་རྒྱ་མཚོ་ལྟ་བུའི་དགེ་སློང་ཀུན་དགའ་བོ། ་ཀུན་ཏུ་སངས་རྒྱས་རྣམས་ལ་ཞུབ་དག་གིས་མཐོང་།། ཐམ་ས་ཅད་དུ་ཡང་བདག་གི་ལུས་ནི་མདོག་དང་རྟགས།། མཚུང་ས་ཤིང་ལྷག་པ་མ་མཆིས་བདག་གིས་མཐོང་བར་གྱུར ་སངས་རྒྱས་བསམ་གྱིས་མི་ཁྱབ་རྣམས་ལ་ཕྱག་འཚལ་ཞེས།། བདག་གིས་ལྷུན་པོའི་ཟོམ་ལ་ཆེད་དུ་བརྗོད་པ་བ་རྗོད།། བདག་གི་སྤུ་ཡང་ཟིང་ཞེས་བགྱིད་དེ་གུས་པས ་གནས། ཡན་ལག་ལྔ་པོ་རྣམས་ཀྱིས་ཀྱང་ནི་ཕྱག་བགྱིས་ལགས།། སྒྲ་སྐད་ཆེན་པོ་དག་ཀྱང་ཡོངས་སུ་གྲགས་པར་གྱུར།། སྟོང་གསུམ་ས་གཞི་དག་ཀྱང་རབ་ཏུ་གཡོས་པར་གྱུར། ་ལྷུན་པོའི་ཙོ་མོ་འདི་ཡང་ཀུན་ཏུ་སྣང་བར་གྱུར།། རྒྱལ་བ་དེ་དག་མཐུ་ནི་མཐོང་གྱུར་ནས།། དེ་ལྟར་བདག་ནི་ཤིན་ཏུ་རིངས་པའི་ཚུལ་གྱིས་སུ།། མི་མཆོག་ག་ལ་བཞུགས་པ་དེར་ནི་བདག ་མཆིས་ཏེ། ཆོས་ཀྱི་རྣམ་པར་དབྱེ་ལ་མཁས་པ་ཁྱོད་ལ་ཞུ།། རྒྱལ་བ་དེ་བཞིན་གཤེགས་རྣམས་ཇི་ལྟར་རྣམ་པར་འཕྲུལ།། འཛམ་བུའི་གླིང་དང་ལྷའི་འཇིག་རྟེན་དག་དང་ནི།། ་ལྷོ་ཕྱོགས་དང་ནི་ཤར་ཕྱོགས་བྱང་གི་ཕྱོགས་རྣམས་དང་།། ཚངས་པའི་འཇིག་རྟེན་དང་ནི་བར་སྣང་གནས་བཞུགས་པ།། རྒྱལ་བ་རྣམས་ཀྱི་དེ་ཉིད་གང་ལགས་བདག་ལ་གསུངས།། སྟོན་པ་ཆེན ་བོ་རྫུ་འཕྲུལ་ཆེ་བ་འདི་མཐོང་བས།། དེང་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པར་གྱུར།། དེའི་འོག་ཏུ་སངས་རྒྱས་ཐེག་པ་འདི་དག་ལས།། བདག་ཉིད་དམན་པར་གྱུར་པ་དེང་དུ་མྱ་ངན ་བགྱིད། གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན།། བྱང་ཆུབ་ཏུ་ནི་ད་ལྟར་སེམས་ཀྱང་སྐྱེད་པ་ཞིག། བཅོམ་ལྡན་བདག་གི་ཟག་པ་ཟད་པས་བགྱིར་མ་མཆིས།། བདག་ནི ་སངས་རྒྱས་ཡེ་ཤེས་འདི་ཡི་སྣོད་མ་ལགས།། ཇི་ལྟར་རྒྱ་མ་ཚེ་རིན་ཆེན་དོན་དུ་སོང་སོང་ན།། ཀྱི་ཧུད་ནོར་བུ་རིན་ཆེན་པོར་ཏེ་མཆིང་བུ་བླངས། བྱང་ཆུབ་བོར་ནས་ཉན་ཐོས་གྱུར་པ་གང ་ལགས་པའི། སེམས་ཅན་རྣམས་ཀྱང་ད་ནི་དེ་འདྲར་མཁྱེན་པར་མཛོད།། སེམས་ཅན་དམན་པ་ངན་པའི་ལྟ་བ་ཅན་དག་ནི། རྒྱ་ཆེར་བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད་མི་འགྱུར། ་བརྩོན་འགྲུས་ལྡན་ཞིང་མཐུ་རྩལ་བརྟན་པ་གང་ལགས་པ།། དེ་དག་སངས་རྒྱས་ཡེ་ཤེས་ལ་ནི་འདུན་པ་སྐྱེད།། མགོན་པོ་བདག་ནི་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི།། ཡེ་ཤེས་མཆོག ་ཞུགས་གང་ལགས་པ་ལ་ཕྱག་ཀྱང་འཚལ།། ཤཱཀྱ་སེང་གེ་བཞིན་དུ་དེ་དག་རྣམ་པར་འཕྲུལ།། བདག་ནི་འདི་ལ་ཡིད་གཉིས་མི་འཚལ་དགོས་མ་མཆིས།། དེ་ནས་བཅོམ་ལྡན ་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།། མོའུ་དགལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་ཡུལ་ཇི་ལྟ་བ་བཞིན་དུ།། ཁྱོད་ཀྱིས་མཐོང་ཞིང་ལྟ་བར་ཟད་ཀྱིས ་། མོའི་དགལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་ནི།། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུ ་བས་ཀྱང་ཀུན་ཤེས་པ་འམ། རྣམ་པར་ཤེས་པར་མི་ནུས་ན། ཉན་ཐོས་ཕྱོགས་གཅིག་པ་ལ་སྤྱོད་ཅིང་། ཕྱོགས་གཅིག་གི་ཤེས་པ་དང་། ལྡན་པ་ཁྱོད་ཀྱིས་ལྷ་ག་ལ་ཤེས། མེའུ་དག་ལ་རྒྱ ་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཚེ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་གྱིས། དེ ་བར་དུ་འཁོར་མ་འོངས་པ་རྣམས་ནི་སྦས་ཤིག། འཁོར་འདུས་བ་རྣམས་ནི་འཁོང་དུ་ཆུད་ཤིག། བཅོམ་ལྡན་འདས་དེ་ལྟར་འཚལོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ ་མོའུ་དགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ཀྱི་ལྟར་མ་ཉན་ནས། ལུས་འབར་ཞིང་འོད་ཟེད་དག་འགྱེད་བཞིན་དུ།། དེའི་ཚེ་ཚངས་པའི་འཇིག་རྟེན་དུ་འདུག་ནས ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམསུ་སྐད་ཀྱིས་བསྒོ་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམསུ་ཡང་།། དེ་བཞིན་གཤེགས་པ་འབྱུང ་བ་ཤིན་ཏུ་དཀོན།། ཨུ་དུམ་ཝ་རའི་མེ་ཏོག་ཇི་ལྟ་བ། འདྲེན་པ་རྣམས་མཐོང་བ་ཡང་དེ་དང་འདྲ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ།། བསོད་ནམས་སྟོབས་དང་ལྡན་ཞིང ་བུ་སྟོང་དང་།། རིན་ཆེན་བདན་ལྡན་འདོད་པ་གང་ཡིན་པ།། དེ་ནི་སོང་ལ་སངས་རྒྱས་ཆོས་ཉོན་ཅིག། བརྒྱ་བྱིན་ཚངས་པར་འགྱུར་བར་སུ་འདོད་དང་།། འདིར་ནི་ལྷ་མིའི་བདེ་བ་གཞན ་དག་གིས། དགའ་ཞིང་རྩེ་ལ་རྟག་ཏུ་བདེ་ལྡན་འདོད།། དེ་ནི་ཆོས་ཀྱི་རྒྱལ་པོ་ལྟར་སོང་ཤིག། ཉོན་མོངས་ཀུན་རྣམས་ཞི་བ་མྱ་ངན་འདས།། བདུད་རྩི་རེག་དང་རྫུ་འཕྲུལ་སྟོབས་གནས་ནས། རྣམ ་པར་འཕྲུལ་བར་འདོད་པ་གང་ཡིན་པ།། དེ་ནི་སོང་ལ་རྒྱལ་བའི་ཆོས་ཉོན་ཅིག། རང་སངས་རྒྱས་སམ་ཉན་ཐོས་འགྱུར་བ་འམ།། ཡང་ན་སྟོབས་བཅས་དཔུང་བཅས་བདུད་བཏུལ་ནས ་སངས་རྒྱས་རྐང་གཉིས་མཆོག་འགྱུར་འདོད་པ་གང་།། དེ་ནི་ཆོས་ཀྱི་མངའ་བདག་ལྟར་སོང་ཤིག། དེ་ནས་གནས་བརྟན་མོའུ་དགལ་གྱི་བུས་བསྐུལ་བའི་ལྷ་བྱེ་བ་ཁྲག་ཁྲིག་འབུམ ་དྲག་དུ་མ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་མྱུར་དུ་མྱུར་བར་ཤིན་ཏུ་རིངས་པར་མེ་ཏོག་དང་། མེ་ཏོག་འཕྲེང་དང་། སྤོས་དང་། ཕྱེ་མ ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག ་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུས་རྫུ་འཕྲལ་དེ་བཏང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས། བཅོམ་ལྡན་འདས ་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།། མོའུ་དགལ་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག ་དང་། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་བཤད་དོ།། བཅོམ་ལྡན་འདས་དེ་ལྟར་འཚ ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་དགལ་གྱི་བུ་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ ་ཕྲག་བརྒྱ་དང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། སངས་རྒྱས་རྣམས་ཀྱི་སངས་རྒྱས ་ཀྱི་ཞིང་ཡིན་ནོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སམ་ས། གླིང་ཆེན་པོ་བཞི་པ་འདི་འབའ་ཤིག་ཏུ་ང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གླིང་གཞན་དུ་མ་ཡིན་ནོ།། ་སྙམ་དུ་སེམས་ན། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་ལྟ་བར་མི་བྱ་སྟེ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན ་བ་བཞིན་དུ་ང་ཆོས་སྟོན་ཏེ། ཁ་གཅིག་ཏུ་ནི་མངོན་པར་རྫོགས་པར་སངས་རྒྱས།། ཁ་ཅིག་ཏུ་ནི་ད་དུང་མའི་མངལ་ན་གནས།། ཁ་ཅིག་ཏུ་ནི་དགའ་ལྡན་གྱི་གནས་ན་འདུག། ཁ་ཅིག ་ཏུ་ནི་ཡོངས་སུ་མྱ་ངན་ལ་འདས་པར་ངས་ཡང་དག་པར་ཤེས་སོ།། །། བམ་པོ་གསུམ་པ་སྟེ་ཐ་མའོ།། མོའུ་དགལ་གྱི་བུ་ཆེན ་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ཤར་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི ་ཁམས་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་མེད་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་རྡུལ་བྲལ་བློ་གྲོས་ཤེས་བྱ་བ་ད་ལྟར་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་སེམས་ཅན་དེ་དག་ནི་འདོད་ཆགས་ཆུང་བ་དང་། ་ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། བྱད་བཟང་བ་དང་། ལེགས་པར་བཤད་ཀྱིས་བྱང་བར་བྱེད་པ་ཡིན་ནོ།། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་ནི་ཉུང་བ་སྟེ། ཕལ་ཆེར་ཉན ་ཐོས་ཀྱི་ཐེག་པ་པ་ཡིན་ནོ།། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་ངེས།། ཆོས་བསྟན་པ་རེ་རེ་ལ་ཉན་ཐོས་བྱེ་བ ་དྲག་དགུ་བཅུ་རྩ་དགུ་དགུ་འདུལ་བར་བྱེད་དེ། ད་ལྟར་འདི་རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང་། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་དང་། ཕྱིར་མི་འོང་བ་ཞེས་བྱ་བ་བསྟན ་པ་དེ་ལྟ་བུའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་རྣམ་པར་གཞག་པ་ནི་དེ་ན་མེད་ཀྱི། དེ་དག་ཐམས་ཅད་ནི་བསྟན་གཅིག་ལ་འདུག་པ་ཤ་སྟག་སྟེ། ཁ་ཅིག་ནི་མངོན་པར་ཤེས ་བ་མངོན་སུམ་དུ་བྱེད་ཅིང་། རྣམ་པར་ཐར་པ་བརྒྱད་རྗེས་སུ་འཐོབ་པ་དང་། ཡེ་ཤེས་ཆེན་པོ་ཐོབ་ནས། ཏ་ལ་བདུན་སྲིད་ཙམ་གྱི་ན་མཁའ་ལ་མངོན་པར་འཕགས་ནས། ར ་གི་མེའི་ཁམས་གྱིས་རང་གི་ལུས་མེས་སྲེག་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཐལ་བའི་བག་ཙམ་ཡང་མེད་དོ།། མོའུ་དགལ་གྱི་བུ་དེ་ལྟར་ན་དེ་བཞིན ་གཤེགས་པ་དེ་རྒྱུན་མི་འཆད་པར་ཆོས་སྟོན་ཅིང་། སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱེད་ལ། རྒྱུན་མི་འཆད་པར་ཉན་ཐོས་རྣམས་ཡོངས་སུ་མྱ་ངན་ལས ་ཟློ་བར་བྱེད་དོ།། དེ་ནི་སྦྱིན་པ་ཡང་མེང་། ལེན་པ་ཡང་མེད་དོ།། བཟའ་བ་དང་། བཏུང་བ་དང་། གོས་རྣམས་ཀྱང་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་སུམ་ཅུ ་རྩ་གསུམ་པའི་ལྷ་རྣམས་ཀྱི་དང་འདྲའོ།། དེ་ན་སེམས་ཅན་རྣམས་མངལ་ན་གནས་པ་མེད་དེ་རྫུས་ཏེ་སྐྱེའོ།། ས་གཞི་ཆེན་པོ་དེ་ཡང་གསེར་ལས་གྲུབ་པ་ཡིནོ།། མེའུ་དགལ་གྱི ་བུ་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་དེའི་འཛི་ག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཚེའི་ཚད་ནི་ལོ་ལྔ་པ་རྒྱ་ཐུབ་སྟེ། བར་མ་དོར་འཆི་བ་མེདདོ།། མོའུ་དགལ་གྱི་བུ་འདི ་ཇི་སྙམ་དུ་སེམས།། འཇིག་རྟེན་གྱི་ཁམས་དེ་ན་བ་ཞུགས་པའི་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་ཤེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ ་དགལ་གྱི་བུ་ཁྱོད་ཀྱི་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན། མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས ་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་འཇུག་པར་མི་ནུསོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། ལྷོ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱད་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན། ་གྱི་ཁམས་རིན་ཆེན་འབྱུང་ཞེས་བྱ་བ། རིན་པོ་ཆེ་སྣ་བཞི་འདི་ལྟ་སྟེ། གསེར་དང་། དངུལ་དང་། ཤེལ་དང་། རྡོའི་སྙིང་པོ་ལས་གྲུབ་པ་ཞིག་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཤས་ཆེར་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལས་བརྩམས ་ནས་ཆོས་སྟོན་ཏེ། དེ་ན་ནི་ཉན་ཐོས་ཀྱི་ཐེག་པ་དག་ཀྱང་ཉུང་ངོ་།། བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་ཀྱང་ཉུང་ངོ་།། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་ཡང ་ཡིན་པ་དེ་དག་འཇིག་རྟེན་གྱི་ཁམས་དེ་ནས་ཤི་འཕོ་ས་ནས།། འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་རྐྱེན་གཉིས་ཀྱིས ་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། མོའུ་ད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམ་ས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རིན་ཆེན་དུང ་པོ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན། མིང་དེ་སྐད་ཅེས་བྱ། ་བས་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི ་ནུསོ། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། ནུབ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཉི་ཁྲི་ཉིས་སྟོང་འདས་པ་ན ་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུད་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། རྡོའི་སྙིང་པོ་དང་། མུ་ཏིག་དཔར་པོ ་དང་། སྤུག་ལས་གྲུབ་པ་ཞིག་ཡོད་དེ། མོའུ་དགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་ནི་རིན་པོ་ཆེ་ལས་བྱས་པའི་འཆག་ས་དང་། རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་དག་དང་། རིན ་སྟེགས་བུས་བརྒྱན་པའི་རྫིང་དག་ཀྱང་ཡོད་དོ།། བཟའ་བ་དང་། བཏུང་བ་དང་། གོས་ཀྱང་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱོད་པ ་དང་། ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ཉེ་བར་སྤྱོད་པ་དང་། ལྀ་ངས་སྤྱོད་ཀྱང་དེ་དང་འདྲའོ།། དེ་ན་བུད་མེད་ཀྱི་མིང་ཡང་མ་གྲ ་གོ་དེ་ན་བུད་མེད་སྐྱེ་བ་ཡང་མེད་།། དེ་ན་སེམ་ས་ཅན་དེ་དག་འཁྲིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡང་མེདདོ།། སེམས་ཅན་དེ་དག་འདོད་པའི་རྟོག་པ་ཡང་མི་བྱེད།། གནོད ་སེམས་ཀྱི་རྟོག་པ་ཡང་མི་བྱེད། རྣམ་པར་འཚེ་བའི་རྟོག་པ་ཡང་མི་བྱེད་དོ།། དེ་ན་སུ་ཡང་མངལ་ན་གནས་པ་མེད་དོ།། སེམས་ཅན་དེ་དག་རྫུས་ཏེ་སྐྱེ་ཞིང་སྐྱིལ་མོ་བཀྲུང་བཅས ་བཞིན་དུ་འབྱུང་ངོ་།། མོའུ་དགལ་གྱི་བུ་རིན་ཆེན་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེ ་འབྱུང་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ཀྱི་རྡོ་རྗེའི་ཚིག་འཁོར་གསུམ་ཡོངསུ་ཆད་པའི་ཕ་རོལ་ཏུ་ཕྱིན་པ ་དྲུག་དང་ལྡན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ་།། དེ་ན་སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར ་བྱེད།། སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པའང་མང་དེ། བྱང་ཆུབ་སེམས་དཔའ་ཉེས་པའི ་དྲི་ང་བ་མེད་ཅིང་། འཁྲིག་པ་དང་བྲལ་བ་འབའ་ཤིག་གིས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་གང་ངོ་།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི ་བཞི་སྟོང་ཐུབ་བོ།། མི་དེ་དག་ནི་བར་མ་དོར་འཆི་འ་ཕོ་བ་ཡོད་དེ་སེམས་ཅན་སུ་ཡང་དེ་ནས་ཤི་འཕོས་ནས། སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། ་གཤིན་རྗེའི་འཇིག་རྟེན་ནམ། མི་ཁོམ་པ་རྣམས་སུ་སྐྱེ་བ་མེདོ།། བྱང་ཆུབ་སེམས་དཔའ་དེ་དག་ཕལ་ཆེར་དེ་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་གཞན ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་མངོན་སུམ་དུ་འགྱུར་རོ།། གླིང་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་འཁོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད ་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བློ་གྲོས་གཅིག་གོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་སངས་རྒྱས་ཀྱི་ཆོས་ལ་དགའ་བ་མ་གཏོགས་པར་གཞན ་། ལ་དགའ་བ་མི་སྐྱེད་དོ།། ལྔ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དག་ཀྱང་ལྒ་ཞེས་བྱ་བ་འམ། ཀླུ་ཞེས་བྱ་བ་འམ། དྲི་ཟ་ཞེས་བྱ་བ་འམ། མི་ཞེས་བྱ་བ་འམ། མི་ཞེས ་བྱ་བར་མིང་དུ་བཏགས་པ་ཙམ་ཡོད་པ་མ་གཏོགས་པར་ཐ་དད་དུ་དབྱེར་མེད་དོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་རིན་ཆེན་འབྱུང་འཇིག་རྟེན་གྱི་ཁམས་དེ་ན་ཆོས་སྟོན་པ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ་ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་འདི་སྐད་ཅེས་བྱ་བ་ས་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆོ་འདྲུལ་ཡིན་ཏེ།། ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཤེས་པར་སླ་བ་མ་ཡིན་ནོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་འདི་ཉིད་ན། བྱང་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཁྲི་དྲུག་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འཇིགས་མེད་ཅེས་བྱ། ་བ་རིན་པོ་ཆེ་སྣ་གཉིས་ཏེ། གསེར་དང་། དངུལ་ལས་གྲུབ་པ་ཞིག་ཡོད་དེ། དེ་ན་སེམས་ཅན་དམྱལ་བའི་འཇིགས་པ་ཡང་མེད། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ཡང་མེད ་གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་ཡང་མེད། མི་ཁོམ་པའི་འཇིགས་པ་ཡང་མེད། ངན་འགྲོའི་འདི་ལ་ཡང་མེད་དོ།། དེ་ན་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ ་ཉམས་པའམ། ཆོ་ག་ཉམས་པ་མེདོ།། དེ་ན་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་རྒྱུ་རྣམས་ཀྱི་མིང་དུ་གདགས་པ་ཡང་མེད་དོ།། མོའུ་དགལ་གྱི་བུ་འཇིག་རྟེན་གྱི་ཁམས་འཇིགས ་མེད་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་མེད་སྦྱིན་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི ་འདི་ལྟ་སྟེ། ཉན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཐེག་པ་གསུམ ་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་དེ་གང་གི་ཚེ།། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ ་བའི་ཕྱིར། བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་འདོད་པ་ན། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དེ་ལ་བདུད་བློ་གྲོས་པ་ཟང་པོ་ཞེས་བྱ་བ་ལ་སོགས་པ་བདུད་ཁྲག་ཁྲིག་དྲག ་བདུན་ཅུ་རྩ་གཉིས་འོང་བར་འགྱུར་རོ།། དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ད་དུང་ཐམས་ཅད་མཁྱེན་པ་དེས་བདུད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་ཀྱི ་ཤིང་སྤྲུལ་པར་བྱེད་དོ།། བྱང་ཆུབ་ཀྱི་ཤིང་ཇི་སྙེད་ཡོད་པ་དེ་སྐད་ཀྱི་བྱང་ཆུབ་སེམས་དཔའ་རང་རང་གི་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་སྤྲུལ་ཏེ། དེར་བདུད་དེ་དག་ང་མཚར ་དུ་གྱུར་ནས། ཡང་དག་པའི་བྱང་ཆུབ་སེམས་དཔའ་དེ་གང་ཡིན། བདག་ཅག་གིས་གང་གི་བར་ཆད་བྱ་སྙམ་མོ།། དེ་ནས་སྤྲུལ་དེའི་བྱང་ཆུབ་སེམས་དཔའ་དེ་དག་གིས ་།། བདུད་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་ཆོས་ཐམས་ཅད་ནི་སྨྲ་མ་ལྟ་བུ་ཡིན་ན།། འདི་ལ་ཇི་ལྟར་ཁྱེད་ཀྱིས་བར་ཆད་བྱ།། གཞན་ཡང་ཁྱེད་ཀུན་གྱིས ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའམ། གང་ཡང་དག་པར་འཛུད་པ་དེ་འདི་བསོད་ནམས་ཇི་སྙེད་འཕེལ་བར་འགྱུར་བར་ཤེས་སམ། ཁྱེད་ཀྱིས་ནི ་དེ་ཡང་མི་རྟོགས་སོ།། གལ་ཏེ་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་བར་ཆད་བྱེད་པའི་བསོད་ནམས་མ་ཡིན་པ་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་ན་ནི། བྱེད་པར་ཆད ་པའི་ཕྱིར། བརྟུལ་ཞུགས་པར་མ་བྱེད་ཅིག། དེ་ནས་བ་དུང་རྣམས་ཀྱིས་སྨྲས་པ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། གང ་གཞན་ལ་ཁོང་དུ་ཆུད་པར་བགྱིས་ཏེ། ཡང་དག་པར་འཛིན་དུ་འཇུག་པ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་བགྱིད།། སྨྲས་པ། གྲོགས་པོ་དག་གང་གིས་སངས ་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་ཡོངས་སུ་བཀང་སྟེ། སྦྱིན་པ་བྱིན་པ་བས། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་ནི་དེ ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུརརོ།། གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལ་བདེ་བའི་ཡོ་བྱད ་ཐམས་ཅད་ཀྱིས་བསྐལ་པ་འབུམ་གྱི་བར་དུ་བཀུར་བསྟི་བྱས་པ་བས། གང་གིས་གཞན་ལ་ཁོང་དུ་ཆུད་པར་བྱས་ཏེ། ཡང་དག་པར་འཛིན་དུ་བཅུག་ན། དེ་ནི་དེ་བསོད་ནམས་མང་དུ་བསྐྱེད་པར ་འགྱུར་རོ།། དེ་དག་གིས་སྨྲས་པ། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད་བགྱིས་ན། དེ་བསོད་ནམས་མ་ལགས་པ་ཇི་སྙེད་ཅིག་སྐྱེད་པར ་འགྱུར། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། སེམས་ཅན་དེ་དག་གི་མིག་ཕྱུང་ན། དེ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། དེ་དག་གིས་སྨྲས་པ ་མང་ངོ་།། སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས། བྱང་ཆུབ་སེམས་དཔའི་བར་ཆད་བྱས་པ་ནི། དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་དུ་སྐྱོང་བར ་འགྱུར་རོ།། དེ་ནས་བདུད་མང་པོ་དེ་དག་གདམས་དགའ་དེ་དག་བསྟན་པ་དང་། ཆོ་འཕྲུལ་འདི་ལྟ་བུ་མཐོང་ནས། ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་དུ་སེམས་སྐྱེད་དོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་ཡང་ལྷའི་མེ་ཏོག་དང་། མེ་ཏོག་འབྲིང་དང་། བྱུག་པ་རྣམས་ཀྱིས་མངོན་པར་གཏོར་ཏོ།། ་སིལ་སྨིན་བརྒྱ་སྟེང་དག་ཀྱང་ཀུན་ཏུ་དཀྲོལ་ཏོ།། ཚིག་འདི་སྐད་དུ་དང་དཔོམ་ཆེན་པོ་ཁྱོད་མྱུར་བར་མྱུར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པ ་སངས་རྒྱས་ནས། ངོའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་ལ་དགོད་དུ་གསོལ་ཞེས་ཀྱང་འཛེར་ཏོ།། དེར་ལྷ་གཞན་དག་གིས་ཀྱང་སྒྲ་ཕྱུང་སྟེ། ཀྱེ་མ་བདུད་འདི་དག་གིས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར། འདི་རྣམས་ནི་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རབ་ཏུ་དགྲོལ་ལོ།། ཀྱེ་མ་དེ་བཞིན་གཤེགས་པ་འདི་ནི་འཇིགས་པ ་། མེད་པར་སྦྱིན་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་འདིའི་མཚན་ནི་འཇིགས་མེད་སྦྱིན་འཇིགས་མེད་སྦྱིན་ཞེས་བྱའོ་ཞེས་འཛེར་ཏོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས ་འཇིག་རྟེན་གྱི་ཁམས་ངན་སེམས་ཅན་དེ་དག་ལ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི ་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ནི་མིང་འདི་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ ་ཡིན་ཏེ། དེ་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་འཇུག་པར་མི་ནུས་སོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་འདི་ཉིད་ནས། ་ཤར་དང་། ལྷོའི་ཕྱོགས་མཚམས་སུ་གླིང་ཆེན་པོ་བ་ཞི་བའི་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་བཞི་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་ཀུན་ནས་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བ་ཆོས་སྟོན ་ཏོ།། མོའུ་དགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡང་བཀྲ་ཞིང་བལྟ་ན་སྡུག་ལ།། མིག་མངས་རིས་སུ་འདུག་ཅིང་རིན་པོ་ཆེའི་དྲ་བས་ཁེབས་ལ་ཀ་ཙ་ལིན་དི ་ཀ་ལྟར་རེག་ན་བདེ་བའི་རྩ་སྔོན་པོ་ཁྲུན་དུ་སོར་བཞི་ཙམ་གྱིས་ཀུན་ཏུ་ཁྱབ་པར་འདུག། ས་ཆེན་པོ་དེ་ཡང་རྐང་པ་བཏེག་ན་ནི་པར་ཅེས་བྱེད་ལ། རྐང་པ་བཞག་ན་ནི་ནེམས་ཞེས ་བྱེད་དོ།། ས་ཆེན་པོ་དེ་ལག་མཐིལ་ལྟར་མཉམ་པར་འདུགོ། མོའུ་དགལ་གྱི་བུ་ཀུན་ནས་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན། གྲོང་ཁྱེར་ཆེན་པོ་བཟངས་མཆོག་ཅེས་བྱ་བ་འབྱོར ་ཅིང་རྒྱས་ལ། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་ཞིག་ཡོད་དེ། གྲོང་ཁྱེར་དེའི་ཤར་ཕྱོགས་ནས། ནུབ་ཕྱོགས་ཀྱི་ཆུར་ནི་དཔག ་ཚད་སུམ་ཅུ་རྩ་གཉིས་ཡོད་དོ།། ལྷོ་ཕྱོགས་ནས་བྱང་ངོགས་ཀྱི་ཞེང་དུ་ནི་དཔག་ཚད་བཅུ་གཉིས་ཡོད་དོ།། མོའུ་དགལ་གྱི་བུ་གྲོང་ཁྱེར་ཆེན་པོ་བཟངས་མཆོག་དེའི་ནང་ན་སེམས ་ཅན་ཆེས་མང་པོ་དག་གནས་ཀྱི། ཡུལ་ཨང་ག་དང་། མ~ཾ་གང་དང་། ཀུ་རུ་འདི་དག་ན་ནི་དེ་ལྟ་མ་ཡིན།། མོའུ་དགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས ་ཅན་ནི་གྲོང་ཁྱེར་ཆེན་པོ་བཟངས་མཆོག་ན་གནས་ཤིང་བཞུགས་ཏེ། དེའི་ཆོས་བསྟན་པ་གཅིག་གིས་སེམས་ཅན་ཁྲག་ཁྲིག་དྲག་སུམ་ཅུ་ནི་དགྲ་བཅོམ་པ་ཉིད་དུ་བཏུལ་ཏོ།། ་ཁྲག་ཁྲིག་ཕྲག་སུམ་ཅུ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བརྟུལ་ཏོ།། ཁྲག་ཁྲིག་ཕྲག་སུམ་ཅུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བརྟུལ་ཏོ།། ཁྲག་ཁྲིག་ཕྲག་སུམ་ཅུ་ནི་རྒྱུན་ཏུ ་ཞུགས་པའི་འབྲས་བུ་ལ་བཏུལ་ཏོ།། ཁྲག་ཁྲིག་དྲག་སུམ་ཅུ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱསོ།། དེའི་ཉིས་འགྱུར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་སྐྱེད་དོ།། གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱསོ།། མོའུ་དགལ་གྱི་བུ་གླིང་ཆེར་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེན ་སྡང་ཅི་འབྱུང་ཞེས་བྱ་བའི་ཤིང་ལྗོན་པ་ཅག་ཏུ་མདོག་དང་ལྡན་པ་དང་། རྟག་ཏུ་འབྲས་བུ་དང་ལྡན་པ་དག་ཡོད་།། མེ་ཏོག་དང་། འབྲས་བུ་དེ་དག་གི་དོན་དཔེར་ན། རོ་བརྒྱ ་འི་འབྲས་ཅན་དང་འདྲ་སྟེ། དེ་ལས་སྐྱེས་པ་འམ། བུད་མེད་དག་གིས་མེ་ཏོག་གཅིག་གམ། འབྲས་བུ་གཅིག་ཟོས་ན། དེ་ཉིན་མཚན་བདུན་གྱི་བར་དུ་ངེས་འཚོ་བར་འགྱུར་ཏེ། སྨྲབ ་དང་། མདོག་ཀྱང་ཉམས་པར་མི་འགྱུར་ལ། ལུས་གཟི་བྱིན་དང་། ཁ་དོག་དང་ལྡན་པར་ཡང་ཉམས་སུ་ཚོར་བར་འགྱུར་བ་དང་། ཟོ་དོག་ཡང་བར་འགྱུརརོ།། ཟོས་ནས་ཀྱང་བྱིས་དང་། ་བ་མེད་ལ། ངར་སྣབས་དང་། སྐབས་ཀྱང་མདོ།། འཇིག་ནན་གྱི་ཁམས་དེ་ན་ཞིང་རྨེད་པ་ཡང་མེད། ཚོང་བྱེད་པ་ཡ་ང་མེད། རྩིས་བྱེད་པ་ཡང་མེད། ལས་བྱ་བ་ཡང་མེད ་སེམས་ཅན་དེ་དག་ནི་མེ་ཏོག་དང་འབྲས་བུ་ཟའོ།། དེ་ན་ཕྱུ་ག་པོ་ཡང་མེད། དབུལ་པོ་ཡང་མེད་དེ། སེམས་ཅན་དེ་ངག་ལོངས་སྤྱོད་རཉ་མོ།། མོའུ་དགལ་གྱི་བུ་དེ་བཞིན ་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འབུམ་ཕྲག་དགུ་བཅུ་རྩ་དགུ་ཡོད་དོ།། དེ་བཞིན་གཤེགས་པ་ཡང་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བའི་བསྐྱེད་མོས་འཚལ་དེ་ན་བཞུགས ་བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཞུགས་ནས་གདུགས་ཚོད་ལ་བབ་པ་ན། ཤིང་ལྗོན་པ་རྣམས་དེར་འདུད་པར་འགྱུར་ཏེ། མེ་ཏོག་དང་། འབྲས་བུ་དེ་དག ་བཅོམ་ལྡན་འདས་དང་། དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འབྲུལ་བར་འགྱུར་ལ། བཤོས་གསོལ་ཟིན་པར་རིག་ནས། ཤིང་ལྗོན་པ་དེ་དག་ཕྱིར་རངས་ཏེ། སྔ་མ་ཁོ་བཞིན་དུ་འདུག། ་མོའུ་དགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེའི་ཡོན་ནི་དེ་དག་ཡིན་ཏེ། དེ་བས་ཀྱང་ལྷག་པར་ཡོད་དོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམ ་དེ་ན། སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་པར་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད ་འཇིག་རྟེན་གྱི་ཁམས་དེ་ན། མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བའི་མིང་གིས་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། ་དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། ལྷོ་དང་ནུབ ་གི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེ་ན་གྱི་ཁམས་བདུན་ཁྲི་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྣམ་པར་བྱེ་བའི་བློ་གྲོས ་བྱ་བ་ཞིག་ཡོད་དེ། དེ་ན་གླིང་གཅིག་ན་ཡང་རྒྱལ་པོ་བརྒྱད་ཁྲི་ཡོད་དོ།། གླིང་གཅིག་ན་ཡང་གྲོང་ཁྱེར་བརྒྱད་ཁྲི་དང་། ཚོང་དུས་བརྒྱད་ཁྲི་ཡོད་དོ།། གྲོང་ཁྱེར་དང་། གྲོང་རྡལ་དང ་ཡུལ་འཁོར་དང་། ཚོང་དུས་དེ་དག་ཐམས་ཅད་ན་ཡང་མི་བྱེ་བ་ཕྲག་འབུམ་དག་གིས་ཡོངས་སུ་གང་ངོ་།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་རང་རང་གི་རྒྱལ་སྲིད་ཀྱིས་ཆོག་པར་འཛིན ་ཏོཏེ། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པའི་རྒྱལ་པོ་སྟེ། ཆོས་མ་ཡིན་པ་སྤངས་པ་ཤ་སྟག་གོ།། རྒྱལ་པོ་དག་ཐམས་ཅད་ལ་ཡང་བཙུན་མོ་བུད་མེད་བརྒྱད་ཁྲི་བན ་བརྒྱང་གླིང་ག་སློང་ཡོང་། དུང་མེད་དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་བ་སྟག། རྒྱལ་པོ་རེ་རེལ་བུ་ལྔ་རྒྱ་ལྔ་བརྒྱ་ཡང་ང། རྒྱལ་པོ་རེ་རེ་ལ་ཡང་དུམ་བྲིབས་སྔ ་སྟོང་ཡོད་དེ། ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆད་པ་མེད་པ་དང་། མཚོན་མ་མེད་པར་རང་རང་གི་འོག་ཏུ་གཏོགས་པ་འདུལ་བར་བྱེང་།། ་མོའུ་དགལ་གྱི་བུ་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རབ་ཏུ་འགྱེད་པ་ཞེས ་བྱ་བ་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གླིང་ཆེན་པོ་བཞི་པའི ་འཇིག་རྟེན་གྱི་ཁམས་དེར་ཏ་ལ་བདུན་སྲིད་ཙམ་གྱི་ན་མཁའ་ལ་མངོན་པར་འཕགས་ནས། སྐྱིལ་མོ་ཀྲུང་བཿས་ཏེ། སྐྱིལ་མོ་ཀྲུང་གཅིག་གིས་གླིང་ཆེན་པོ་ང ་ངའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས། འོད་ཟེ་ར་དག་རབ་ཏུ་འགྱེད་པ་དང་། མེ་ཏོག་གི་ཆར་འབེབས་པ་དང་།། སིལ་སྙན་བརྒྱད་སྟོང་དག་དཀྲོལ་བཞིན་དུ། ས་ཆེན་པོ ་རྣམ་པ་དྲུག་དུ་རབ་ཏུ་བསྐྱོང་ནས། ཚངས་པའི་སྒྲ་སྐད་ལྟ་བུ་དགེ་བའི་རྩ་བ་འབུམ་དྲག་དུ་མས་ཡང་དག་པར་བསྒྲུབས་པའི་གསུང་གིས་ཆོས་ཀྱི་འཁོར་ལོ་བསྐུར་ཏེ། འདི་ལྟ་སྟེ། ་ཉོན་མོངས་པ་ཐམས་ཅང་ཟད་པར་བྱ་བའི་ཕྱིར། རྡུལ་མེད་པ་མྱ་ངན་ལས་འདས་པ་ཡང་དག་པར་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་ཆོས་སྟོན་ཏོ།། དེས་དེ ་ལྟར་དེ་ལྟར་ངོས་བསྟན་པས་གླིང་བཞི་པའི་རྒྱལ་པོ་བརྒྱད་ཁྲི་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་པ་དེ་དག་མ་གཏོགས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དགོ། རྒྱལ་པོ་དེ་དག་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་པས་ཀྱང་བླ་ན་མེད་པ་ཡང་དག་པ ་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དེ།། ཐམས་ཅད་ཀྱིས་ཚིག་འཐུན་པར་དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་གསོལ་བ་འདེབ་སོ།། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེག ་པས་དགེ་སློང་ཚུར་ཤོག་ཅེས་གསུངས་པས་རབ་ཏུ་བྱ་ངོ་།། དེ་ལྟར་ཐམས་ཅད་རབ་ཏུ་བྱུང་ནས།། སོ་སོའི་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་ཚོང་དུས་དང ་རྒྱལ་པོའི་ཕོ་བྲང་དག་ཏུ་གནས་པའི་ལོངས་སྤྱོད་ཀྱིས་ག་ནསོ།། མ་རྨོས་མ་བཏབ་པའི་འབྲས་ས་ལུ་ཡང་བྱུང་།། ལྔ་རྣམས་ཀྱང་དེ་དག་ལ་བསྙེན་བཀུར་བྱ་།། དེ་ནས་དེ ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་གཉིས་པ་ལ་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་།། བྱང་ཆུབ་སེམས་དཔའི་ཐག་པ་པ་རྣམས ་ནི་ཆོས་རྣམས་ལ་མེ་སྐྱེ་བ་དང་འཐུན་པའི་བཟོད་པ་ལ་འགོད་དོ།། ཆོས་བསྟན་པ་གསུམ་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་དོ།། བྱང་ཆུབ་སེམས ་དཔའི་ཐེག་པ་པ་རྣམས་མི་མངོན་པར་ཤེས་པ་ལྔ་འཐོབ་བོ།། ཆོས་ལྡན་པ་བཞི་བ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི་དགྲ་བཅོམ་པ་ཉིད་ལ་འགོང་ངོ་།། བྱང་ཆུབ་སེམས་དཔའི་ཐེག་པ ་།། པ་རྣམས་ནི་ཆོས་རྣམས་ལ་མི་སྐྱེ་བར་བཟོད་པ་ཐོབ་བོ།། རྒྱལ་པོའི་བཙུན་མོ་ངག་དང་། སྲས་དེ་དག་དང་། རྒྱལ་པོའི་བུ་མོ་དེ་དག་ནི་ལུས་དེ་ཉིད་ཀྱིས་བུད་མེད་ཀྱི་ལུས ་ལས་གྱུར་ཏེ། སྐྱེས་པའི་ལུས་ཐོབ་པར་གྱུར་ནས། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། མོའུ་དགལ ་གྱི་བུ་འང་ཇི་སྙམ་དུ་སེམས།། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ནུ། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། ་དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འདྲལ ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱ་ས་ཐམས་ཅད་ཀྱིས་འཇུག་པར་མི་ནུས།། རོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འ ་ཉིད་ན། ནུབ་དང་བྱང་གི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་ཁྲི་ལྔ་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ ་བ་ཞིག་ཡོད་དེ། ཙན་དན་སྦྲུལ་གྱི་སྙིང་པོ་འབའ་ཤིག་ཡོད་ལ། སྤྲོས་དེ་སྲང་ཅིག་ནི་འཛམ་བུའི་གླིང་འདིརའོ།། དེ་ན་ཤིང་ལྗོན་པ་སྤོས་ཀྱི་ངང་ཀུན་ནས་ལྡང་བ་ཞེས་བྱ་བ་དག་ཀྱང ་ཡོད་དེ། ཤིང་ཅིག་ལ་ཁོ་རོ་ཁོར་ཡུག་དུ་དཔག་ཚད་བཅུར་སྤོས་ཀྱི་ངང་ལྡང་།། དེ་ནས་ས་ཆེན་པོ་ལས་པདྨ་ཤིང་རྟའི་པང་ལོ་ཙམ་ལ་འདབ་མ་འབུམ་ཕྲག་དུ་མ་དང་། ཁ་དག ་འབུམ་དྲག་དུ་མ་དང་ལྡན་པ། འཇམ་ཞིང་ཀ་ཙ་ལིན་ད་ཀ་ལྟར་རེག་ན་བདེ་བ། འབང་དུ་ཁྲུ་བཅུ་པ་ཙམ་དག་སྐྱེད་དེ།། པད་མ་རེ་རེའི་དྲིས་ཀྱང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་དྲི་བསྲུང ་ཞིང་ཞིམ་པར་བྱེད་དོ།། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་ཙན་དན་གྱི་ཁང་པ་བརྩེགས་པ་དང་། ཙན་ངན་གྱི་འཆགས་པདྨ་དང་། མེ་ཏོག་གིས་གང་བར་འདུག་གོ།། ་འང་པ་བརྩེགས་པ་ཤ་སྟག་འབུམ་ཕྲག་དུ་མ་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་འདུག། དེ་ན་གྲོང་དང་གྲོང་ཁྱེར་གྱི་ཡོངས་སུ་འཛིན་པ་མེད་དེ། དཔེར་ན་གཞན་འཕྲུལ་དབང ་བྱེད་ཀྱི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཛ། ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཀྱང་དེ་དང་འདྲའོ།། མོའུ ་དགལ་གྱི་བུ་འཇིག་རྟེན་གྱི་ཁོམས་སྤོས་ལྡན་དེ་ནའི་དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་ཡོངས་སུ་སྤངས་པ། བྱང་ཆུབ་སེམས་དཔའི་གཏམ་འབའ་ཤིག་གསུང་།། གླང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྫུ་འཕྲུལ་ཐོབ་པ་ཤ་སྟག་གིས་ཡོངསུ་གང་ངོ་།། བྱང་ཆུབ་སེམས་དཔའི་འཁོར་དེ་ན། བྱང་ཆུབ་སེམས་དཔའ ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་འཇུག་པ་དང་ལྡན་པ། བཟོད་པ་གཉིས་པ་ཐོབ་པ། མངོན་པར་ཤེས་པ་རྣམས་ལ་མཁས ་།། པ་སྤོབས་པས་རྟོགས་པར་འོང་དུ་ནུ་དང་། སངས་རྒྱས་འབུམ་ཕྲག་དུ་མ་མང་པོ་ལ་བསྙེན་བཀུར་བྱས་པ་འདུག་སྟེ། མོ་དགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བམ ་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་དེ་བཞིན་གཤེགས་པ་དེས་བསྐུལ་ཏེ། སྐབས་ཕྱེ་ནས་ཆོས་སྟོན་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་སྟན་ལས་ལངས་ནས། ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ལ་ལན་གསུམ་བསྐོར་བ་བྱས་ནས། སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ། སྐྱིལ་མོ་ཀྲུང་གིས ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུར་ཁྱབ་པར་བྱས་ནས། སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་བཀྱེ་སྟེ། འཇིག་རྟེར་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ ་བར་བྱས་ནས། མེ་ཏོག་ཁ་དོག་སྣ་ཚོགས་འབུམ་དང་ལྡན་པ། ཤིང་རྟའི་པང་ལོ་ཙམ་དག་གིས་ས་ཆེན་པོ་དེ་དག་ལ་མི་འགྲེང་ཙམ་དུ་བཀྲམ་ཏེ། འཇིག་རྟེན་གྱི་ཁམས་ཐམ ་ཅད་དུ་ལྷ་དང་མིའི་སིལ་སྙན་དག་གི་སྒྲ་འབྱིན་ཏོ།། སིལ་སྙན་དེ་དག་ལས་ཀྱང་ཆོས་ཀྱི་ཕྱག་རྒྱའི་སྒྲ་བརྒྱད་བརྒྱ་འབྱུང་།། ཆོས་ཀྱི་ཕྱག་རྒྱ་རེ་རེ་ལ་ཡང་མདོ་བྱེ་བ་ཕྲག་བརྒྱད་ཅུ ་རྩ་བནི་བསྡུས་སོ།། མད་རེ་རེ་ལ་ཡང་ཚིགསུ་བཅས་པ་བདུན་ཁྲི་ཉིས་སྟོང་གིས་བརྗོད་དོ།། དེས་སྐྱིལ་མ་ཀྲུང་དེ་ལས་མ་ལངས་པར་སེམས་ཅན་བྱེབ་ཁྲག་ཁྲིག་འདྲེམ་དྲུགས། ་བཅུ་རྩ་དྲུག་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ། ཐམས་ཅད་ཀྱང་ཆོས་རྣམས་མི་སྐྱེ་བར་བཟོད་པ་ཟབ་པར་བྱས། མོའུ་དག་ལ་གྱི ་འཇིག་རྟེན་གྱི་ཁམས་དདེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་གང་ངོ་།། དེ་ན་སེམས་ཅན་གར་བ་འམ། ཟང་པོའམ། གྱོལ་པོའམ། འོན་པའམ། དངུལ་པོ་འམ ་མདོག་ངན་པ་འགའ་ཡང་མང་ང། སེམས་ཅན་དེ་དག་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ།། སེམས་ཅན་དེ་ངས ་ཆོས་ཀྱི་དགའ་བའི་དགའ་བ་མ་གཏོགས་པར་གཞན་ཅི་ལ་ཡང་དགའ་བ་མེད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ནི་བསམ་གཏན་གྱི་དགའ་བའི་ཟས་མ་ག ་བར་ཟས་གཞན་ཅི་ཡང་མེདོ།། དེ་ནི་མི་ཁོམ་པར་ལྟུང་ཞིང་སྐྱེ་བ་ཡང་མེད་དོ།། དེ་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པའི་འགྲོ་བ་མ་གཏོགས་པར་འགྲོ་བ་གན། ་དུ་འགྲོ་བ་མེད་དོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས།། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས། སེམས ་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོས་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས ་ཐམས་ཅད་ཀྱི་འཇུག་པར་མི་ནུསོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། བྱང་དང་ཤར་གྱི་ཕྱོགས་མཚམས་སུ་གླིང་ཆེན་པོ ་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱིས་འཇོམས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན ་སེམས་ཅན་འཁོད་པ་རྣམས་ནི་འདོད་ཆགས་ཀྱིས་ཆགས་པ་དང་། ཞེ་སྡང་གིས་སྡང་བ་དང་། གཏི་མུག་གིས་རྨོངས་པ་དང་། བརྐམ་པ་དང་། བརླང་བ་དང་། རྒོད་པ་དང་། མུ་ཆེར ་སྨྲ་བ་དང་། དབང་པོ་ཞན་པ་དང་། སར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ཆེ་བ་དང་། ལེ་ལོ་ཅན་དང་། སྙོམས་ལས་ཅན་དང་། བརྗེད་ངས་པ་དང་། ཤེས་བཞིན ་མེད་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་ལྟ་བ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུག་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མི་ཤེས་པ ་དང་། གུས་པ་མེད་པ་དང་། སེམས་འཁྲུལ་པ་ཤ་སྟག་གོ།། སེམས་ཅན་དེ་དག་ནི་ཁ་དོག་ངན་པ་དང་། ཆུང་བར་གྲག་ས་པ་དང་། བྱང་ངན་པ་དང་། དཀའ་བས་འཚོ་བ་དང་། གཅིག ་ལ་གཅིག་འདྲིང་པར་གནས་པ་ཤ་སྟག། དེ་ན་ཟླ་བ་དྲུག་ཏུ་ཆར་མི་འབབ་སྟེ། ལོ་ཏོག་ལེགས་པར་མི་སྨིན་ཏོ།། ས་ཆེན་པོ་དེ་ནི་རྩུབ་པ་དང་། མཁྲང་བ་དང་། ཚེར་མ་སྣ་ཚོགས་ཅན་དང་། གཡང་ས ་དང་། རི་བྲག་གིས་གང་ངོ་།། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་གི་ཆུ་ནི་འབྲུ་མར་གྱི་སྡིགས་མ་དང་དྲི་མ་དང་འདྲའོ།། སེམས་ཅན་དེ་དག་ནི་གོས་དང་། ཆོས་གོས་དང་། ་ལོངས་སྤྱོད་དག་གིས་དབུལ་བ་དང་། བཀྲེན་པ་དང་། གཞན་གྱི་ནོར་འཕྲོག་པ་ཤ་སྟག་གོ།། འཇིག་རྟེན་གྱི་ཁམས་དེ་ལ་རྒྱལ་པོ་སྡང་ཆགས་ཤེས་བྱ་བ་ཞིག་ཡོད་དོ།། སེམས་ཅན ་དེ་དག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དེ། སེམས་ཅན་དེ་དག་གི་ནོར་དང་། འབྲུ་འབྱུང་ངོ་ཅོག་རྒྱལ་པོའི་མཛོད་དུ་འདྲུབ་པར་བྱེད།། སེམས་ཅན་དེ་དག་ནི་ཆང་པ་དང་། བརྡེག་པ ་འབའ་ཤིག་གིས་གཟིར་བ་ཤ་སྟགོ། མོའུ་དགལ་གྱི་བུ་དེ་དག་ནི་འཇིག་རྟེན་གྱི་ཁམས་དེ་ན་ཚེ་དེའི་སྡུག་བསྔལ་ཡིནོ།། གང་འཆི་བ་དེ་དག་ཀྱང་ཤི་ནས་ཕལ་ཆེར་སེམས་ཅན་དམྱལ ་བ་རྣམས་དང་། དུད་འགྲོའི་སྐྱེ་གནས་རྣམས་དང་།། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། མོའུ་དགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན། དེ་བཞིན་གཤོག ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་བརྩེ་བ་དང་། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་དེ་ནི་ཆོ་འཕྲུལ་རྣམ ་པ་བཅོ་བརྒྱད་ཀྱིས་ཆོས་སྟོན་ཏོ།། དེས་ལོ་བདུན་བརྒྱའི་བར་དུ་ཆོས་བསྟན་ཀྱང་སེམས་ཅན་གཅིག་གིས་ཀྱང་ཆོ་ས་མངོན་པར་རྟོགས་པར་མ་གྱུར་ལ།། དེ་བཞིན་གཤེགས ་པ་དེ་ཡང་སྐྱོ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏོ།། མོའུ་དགལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་གནས་ཤིང་བཞུན ་ལ་སེམས་ཅན་དེ་དག་གིས་སྤྲོས་ཤིང་བརྒྱད་བཀག་སྟེ། སྨད་ཅིང་བཤུད་པར་བྱེད་ཀྱང་དེར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོས་དེ་དག་བཟོད་པར་མཛད་དོ།། ་མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་དེས་ལོ་བདུན་བརྒྱ་པས་ཀྱང་ལྷག་པས་སེམས་ཅན་ཁ་གཅིག་ཡོངསུ་སྨིན་པར་མཛད་ཆོས་བསྟན་པ་ལན་ཅིག་ལ་སེམས་ཅན་ཁྲག་ཁྲིག ་།། ཕྲག་བརྒྱད་ཅུ་རྩ་བཞིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ།། ཟག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་འི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ།། བྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བནས་ན་ལན ་ཅིག་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ།། ཁྲག་ཁྲིག་དྲག་བརྒྱད་ཅུ་རྩ་བཞིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བསྙེན་པར་རྫོགས ་སློབ་པ་དང་། མོ་སློབ་པ་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་ལུང་བསྟན་པས། ཉི་མ་གཅིག་གིས་ཡོངས་སུ་མྱ་ངན་ལས ་འདས་སོ།། དེ་བཞིན་གཤེགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལྔ་ལས་ཀྱི་སྒྲིབ་པས་དེར་སྐྱེས་ཏེ། སྡུག་བསྔལ་གྱི་ཚོར་བ་ཉམསུ་མྱོང་བ་དེ་དག་ཡོངསུ་སྨིན་པར ་མཛད་པའི་ཕྱིར་ད་དུང་ཡང་བཞུགས་སོ།། དེ་སྐད་ཅེས་པ་ཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ལས་ཀྱི་སྒྲིབ་པ་གང་གིས་ན། བྱང་ཆུབ་སེམས་དཔའ་རྣམས་རེ་ཤིག་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། མོའུ་དགལ་གྱི་བུ ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རེ་ཤིག་སྐྱེ་བ་ངན་པ་ལེན་པར་འགྱུར་རོ།། བཞི་གང་ཞེ་ན། མོའུ་དགལ་གྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་མིང ་གི་རླིང་པས་འཚོ་བར་བྱེད་ལ། བྱང་ཆུབ་སེམས་དཔའི་སློབ་པ་ལ་མི་སློབ་པ་དང་། མོའུ་དགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་སྤོང་བ་ཡང་བར་འདོར ་ཟློག་པར་མི་བྱེད་པ་དང་། མོའུ་དགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གཞན་དག་གི་རྨེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང་། མོའུ་དགལ་གྱི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་མ་སྲུངས་པ་དང་ལྡན་པ་སྟེ། མོའུ་དགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རེ ་ཤིག་འགྲོ་བ་ངན་པར་འགྲོ་བར་འགྱུརརོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྙིང་བརྩེ་བ་དང་། སྙིང་རྗེའི་སེམས ་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། རོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱས་སེམས ་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག ་པར་མི་ནུས་སོ།། མོའུ་དགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། དེ་ལ ་ནི་སྟོན་པས་མ་བསྟན་གྱི་བར་དུ། ཁྱེད་ཉན་ཐོས་རྣམས་ཀྱིས་འཇུག་པར་མི་ནུསོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། གླིང་ཆེན་པོ་བཞི་པའི ་འཇིག་རྟེན་གྱི་ཁམས་བྱེ་བ་དྲག་བརྒྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན ་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གང་ན།། ཚངས་པའི་གཟུགས་ཀྱི་ཆོས་སྟོན་ཏེ།། དེ་བཞིན་གཤེགས་པ་རབ་ཏུ་འབྱུང ་དང་། གོས་ངུར་སྨྲིག་མི་སྟོན་པ་ཡང་ཡོད་དོ།། དེ་བཞིན་དུ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ང་ཆོས་སྟོན་ཏོ།། དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ཆོས་སྟོན་ཏོ།། མོའུ་དགལ་གྱི་བུ ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན།། ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་ང་ཆོས་སྟོན་ཏོ།། སངས་རྒྱས་ཀྱི་ཞིང ་ཚད་མེད་པ་གཞན་དང་། གཞན་དག་ཏུ་ཡང་ང་ཆོས་སྟོན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མོའུ་དགལ་གྱི་བུ་དཔེར་ན། ཟླ་བའི ་དཀྱིལ་འཁོར་རམ། ཉི་མའི་དཀྱིལ་འཁོར་ནི་གཞལ་མེད་ཁ་ང་ནས་ཀྱང་མི་གཡོ་ལ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས ་ཅད་དུ་ཡང་དག་པར་སྣང་ངོ་།། མོའུ་དགལ་གྱི་བུ་དེ་བཞིན་དུ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རང་གི་སངས་རྒྱས་ཀྱི་ཞིང་ལས་ཀྱང་མ་གཡོས ་ལ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་དུ་ཡང་དག་པར་སྣང་སྟེ། སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་གྱུར་པ་རྣམས་ལ་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ ་མོའུ་དགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སུམ་ཅུ་རྩ་གསུམ་དག་ན་བཞུགས་པ་དང་། འཇ་མྦུའི་གླིང་དང་། ལྷའི་གནས་རྣམས་དང་། སྟོང་གསུམ་གྱི་སྟང ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་དང་། གཞན་དག་ན་ཆོས་སྟོན་ཅིང་བཞུགས་པ་ལ།། དེ་བཞིན་གཤེགས་པ་ཡང་དག་པ་གང་ལགས ་གང་ལ་ཡོན་ཕུལ་ན་མཐུ་ཆེ་བར་འགྱུར་བའི་དེ་བཞིན་གཤེགས་པའི་ཡང་དག་པ་ནི་འདི་ལགས་སོ་སྙམ་དུ། བདག་གིས་ཇི་ལྟར་འཚལ་བར་བགྱི།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་དགལ་གྱི་བུ་དེའི་ཕྱིར་ཁྱོད་ཉིད་ལ་ཕྱིར་དྲི་བར་བྱས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན ་ཐོབ་ཤིག། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་འམ། བུད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡིན། གསོལ་པ། བཅོམ་ལྡན ་འདས་དེ་ལ་ནི་ཡང་དག་པ་ཅི་ཡང་མ་མཆིས་སོ།། དེ་སླད་དུ་ཞེ་ན། སྒྱུ་མ་མཁན་གྱིས་གསང་སྔགས་དང་། རི་གསྔགས་ཀྱི་སྟོབས་ཀྱིས་བསྐྱེད་དེ། སྤྲུལ་པ་སྤྲུལ་པ ་བྱས་པས་ན། དེ་དག་ལ་ནི་ཁྱད་པར་མ་མཆིས་སོ།། བཀའ་སྩལ་པ། མོའུ་དགལ་གྱི་བུ་ཅི་གང་གི་ཕྱིར་སྤྲུལ་པ་དེའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་བགྱིང་ལགསོ། ་བཀའ་སྩལ་པ། མོའུ་དགལ་གྱི་བུ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ནི་ཁྱད་པར་རམ་ཐ་དད་དུ་དབྱེ་བ་མེདོ།། མོའུ་དགལ་གྱི་བུ་ཇི་ལྟར་སྒྱུ་མ་མཁན་གྱི་གསང་སྔགས ་དང་། རིག་སྔགས་ཀྱི་སྟོབས་ཀྱིས་སྤྲུལ་པ་མང་པོ་སྤྲུལ་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་དེ་བཞིན་དུ། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པའི་ཤེས་རབ་དང་། རིག ་།། བ་དང་། ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྟོན་པར་མཛད་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེང་བར་འདི་ལྟ་སྟེ། སངས་རྒྱས་ཀྱི་འདྲིན་ལས་ཀྱི་བྱ ་བ་བྱེད་དེ། དེ་ལ་ཡོན་དུལ་བ་གང་ཡིན་པ་དེ་དག་གིས་རྣམ་པར་སྨིན་པ་ཡང་མཉན་པར་འགྱུར་རོ།། མོའུ་དགལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆུང་ཟད་ཀྱང་ཐ་དད་དུ་དབྱར ་མེད་དོ།། མོའུ་དགལ་གྱི་བུ་དེ་ལྟ་བས་ན། ཡང་དག་པ་མ་ཡིན་པ་དང་། སྒྱུ་མ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ནི། ཆོས་ཀྱི་དབྱིངས་སུ་ཁྱད་པར་རམ་ཐ་དད་དུ་དབྱེར་མེདོ།། མོའུ་དག་ལ ་གྱི་བུ་དེ་བཞིན་གཤེགས་པ་ནི་བཞེད་ན། འཇིག་རྟེན་གྱི་ཁམ་ས་གཅིག་ཏུ་ཡང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ་དེའི་རང་བཞིན་དང་། ཆུ་ཞེང ་དང་ལྡན་པ་གང་གིས་ཀླུང་གི་བྱེ་མ་སྙེད་སྤྲུལ་པར་མཛད་དེ།། དེ་དག་ཀྱང་རྣམ་པ་དྲུག་ཅུ་དང་ལྡན་པའི་ངག་གི་ལས་ཀྱིས་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམ ་ཅད་ཀྱིས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅད་རྣམས་ལ་མོས་པ ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་སྐྱེད་པའི་ཕྱིར་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར ་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ།། དེ་བཞིན་ག ་པ་དེ་དག་ཐམས་ཅད་ནི། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་དག་ལ་ཆེས་ཁྱད་པར་འཕགས་པ་འམ། ཆེས་གཟུགས ་དང་ལྡན་པ་འམ། ཆེས་ཁ་དོག་དང་ལྡན་པ་འམ། ཡན། གསལ་བ། བཅོམ་ལྡན་འདས་དེ་ལ་མ། ཆེས་སྤོབས་པ་དང་ལྡན་པ་འམ། ཆེས་ཡེ་ཤེས་དང་ལྡན་པ་འམ། ཆེས་རྫུ་འཕྲུལ་དང་ལྡན ་འམ། ཆེས་ཆོས་སྟོན་པ་དང་ལྡན་པ་འམ། ཆེས་སེམས་ཅན་ཡོངས་སུ་དགྲོལ་བ་དང་ལྡན་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལ་ནི་ཐ་དད་བར་བསྟན་པར་མི་ནུས་ལགསོ།། ། ་བཀའ་སྩལ་པ། མོའུ་དགལ་གྱི་བུ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་ངོ་བོ་ཉིད་དེ། ཁྱད་པར་ཡང་མེད། ཐ་དད་དུ་དབྱེར་ཡང་མེད་པ་དེ་ལྟར་རིག་པར་བྱའོ།། ་མོའུ་དགལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡ་ང་ཐ་དད་པར་དབྱེ་བར་མི་འདོད་ན། སངས་རྒྱས ་བཅོམ་ལྡན་འདས་རྣམས་ལྟ་ཅི་སྨོས།། དེ་ཅིའི་ཕྱིར་ཞེ་ན། མོའུ་དགལ་གྱི་བུ་ཆོས་ཐམས་ཅད་ནི་རང་བཞིན་གྱི་སྟོང་པ། ཀུན་ཏུ་བརྟགས་པ་དང་། ཡོངསུ་བརྟགས་པ་ལས་བྱུང་བ་སྟེ། ་དེ་དག་ལ་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་བསྒྲུབ་མོད་ཀྱི། ཆོས་ཀྱི་དབྱིངས་ནི་སྐྱེ་བ་ཡང་མེད། འཇིགས་པ་ཡང་མེ་།། མོའུ་དགལ་གྱི་བུ་ཆོས་ཀྱི་དབྱིངས་དེ་ནི་དེ་བཞིན ་གཤེགས་པས་དེ་བཞིན་དུ་ཐུགསུ་ཆུད་དེ། དེ་ཐུགས་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ནས་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད ་། ཀྱི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེ་སོ།། མོའུ་དགལ་གྱི་བུ་འཛནྡྲའི་གླིང་ལྔ་འོག། ་གི་གླིང་ཆེན་པོ་བ་ནི་ངའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷ་འམ། མི་འམ། དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེསོ།། ་མོའུ་དགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁ་མས་ཀྱི་སེམས་ཅན་རྣམས་ལྟ་ཞག་གི། མོའུ་དགལ་གྱི་བུ་ནན་གྱིས་དཔེར་བྱས་ན། སྟོང་གསུམ་གྱི་སྟོང་ཆེན ་བོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། མོའུ་དགལ་གྱི་བུ་སེམས་ཅན་མིར་གྱུར ་པ་དེ་དག་ཐམས་ཅད་ཀྱི་མདུན་དུ། དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་པར་མཛད་ལ། ་དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མོའུ་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི། མོའུ་དགལ་གྱི ་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའིརི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟར་མ ་ཡིན་ནོ།། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་། ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས ་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟར་མ་ཡིན་ནོ།། མོའུ་དགལ་གྱི་བུ་ནན་གྱིས་དཔེར་བྱས་ན། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་བྱ ་མེད་དེར་མིའི་ལུས་ཐོབ་པར་གྱུར་ཀྱང་། མོའུ་དགལ་གྱི་བུ་སེམས་ཅན་དེ་དག་ཐམས་ཅད་ལ་ཡང་། དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ། དེ་བཞིན་གཤེག ་པ་དགེ་སློང་གི་དགེ་འདུན་དང་བཅས་པར་ཡང་དག་པར་སྟོན་ལ། སེམས་ཅན་དེ་དག་ཀྱང་གཅིག་གིས་ཅིག་མ་ཤེས།། མོའུ་དགལ་གྱི་བུ་ཕྱོགས་བཅུར་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇིག ་རྟེན་གྱི་ཁམས་དག་ནི། སེམས་ཅན་འཁོད་པ་རྣམས་ལྷན་ག་གི། མོའུ་དགལ་གྱི་བུ་དེ་བཞིན་གཤེགས་པ་ནི་གདན་འ་དེ་ལ་བཞུགས་བཞིན་དུ། སངས་རྒྱས་ཀྱི་སྤྱན་སྒྲིབ ་བ་མེད་པ་དང་། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་རྣམས་གཟིགས་ཏེ། དེ་དག་ནི་ངས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་ཉམས་པས། བསྐལ་པ་འབུམ་དུ་ཡང་། ་དཔེར་བླངས་པ་བགྲངས་པའི་ཚུལ་གྱིས་བསྟན་པར་སླ་བ་མ་ཡིན་ཏེ།། སངས་རྒྱས་ཀྱི་ཞིང་དེ་དག་ནི་དེ་ཙམ་དུ་དཔག་དུ་མེད།། ངས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པ་དང ་དེ་བཞིན་གཤེགས་པས་དཔེར་བླང་བ་བགྲངས་པ་དག་གིས་བསྟན་པ་གང་ཡིན་པ་དེ་ནི། སེམས་ཅན་ཐམས་ཅད་རང་སངས་རྒྱས་དང་འདྲ་བར་གྱུར་པས་ཀྱང་། ཤེས་པ་འམ ་།། གཞལ་བ་འམ། བརྟག་པར་སླ་བ་མ་ཡིན་ན། ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་འབའ་ཤིག་གིས་སངས་རྒྱས་ཀྱི་ཞིང་དེ་དག་བརྒྱ་དྲག་ཇི་སེད་ཡོད་པ ་དང་སྟོང་དྲག་ཇི་སྙེད་ཡོད་པ་དང་། འབུམ་ཕྲག་ཇི་སྙེད་ཡོད་པ་དང་། བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང་། གཏམས་དྲག་ཇི་སྙེད་ཡོད་པ་དང་། དཀྲིགས་དྲག་ཇེ་སྙེད་ཡོད་པ་དང ་མི་འཁྲུགས་དྲག་ཇི་སྙེད་ཡོད་པ་དང་། གྲངས་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། དཔག་ཏུ་མེད་པ་དྲག་ཇི་སྙེད་ཡོད་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་དྲག་ཇི་སྐད་ཡོད་པ་དང་། སྣ ་གསུམ་གྱི་རྡུལ་དྲ་རབ་རྡུལ་ཡོངས་སུ་གང་བ་ཇི་སྟེ་ད་ཡོད་པ་མཁྱེན་ཏོ།། མོའུ་དགལ་གྱི་བུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་། ཐོགས་པ་མེད་པས་སངས་རྒྱས ་ཀྱི་ཞིང་ཇི་སྙེད་མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ན། སེམས་ཅན་དུ་བསྡུ་བར་བསྡུས་ཤིང་སྨོས་པའི་སེམས་ཅན་གྱི་ཁམས་རྣམས་ནི་ཆེས་མང་གི། སའི་ཁམས་ནི་དེ ་ལྷ་མ་ཡིན་ཏོ།། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཐོབ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ ་བོ་རེ་རེ་ལ་ཡང་དེ་སྙེད་ཀྱི་འཁོར་ཡོད་པར་གྱུར་ཀྱང་། མོའུ་དགལ་གྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པས་སྤུ ་ཁུང་བུ་གཅིག་ན། རེ་རེའི་མདུན་དུ་དེ་བཞིན་གཤེགས་པས་དགེ་སློང་གི་དགེ་འདུན་དང་བབེ་ཅེས་པ་ཡང་དག་པར་སྟོན་ལ། གཅིག་གིས་ཅིག་ཀྱང་མི་ཤེས་ཏེ། རང་གི་དེ་བཞིན་གཤེགས ་པ་མཐོང་ངོ་།། དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དེ་བཞིན་གཤེགས་པའི་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ཀྱང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྣམ་པར ་འཕྲུལ་བའི་ཆོ་འཕྲུལ་གྱི་བརྒྱའི་ཆ་འམ། སྟོང་གི་ཆ་འམ། འབུམ་གྱི་ཆའམ། བྱེ་བ་ཕྲག་འབུམ་གྱི་ཆ་འམ། གྲངས་སམ། ཆ་འམ། བགྲང་བ་འམ། དཔེ་འམ། རྒྱུ་ཙམ་ཡང་ཡང་དག ་པར་བསྟན་པར་མི་འགྱུར་ཏེ། མོའུ་དགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཡེ་ཤེས་དཔག་ཏུ་མེད ་བ་དང་ལྡན།། མོའུ་དགལ་གྱི་བུ་འདི་ཇི་སྙམ་དུ་སེམས།། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་གང་གིས་འཁོར་ལོས་སྒྱུར་བའི་རྒྱལ ་སྲིད་དང་རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་མང་ངམ། གསོལ་པ་བཅོམ་ལྡན་འདས་མང་ལག་སོ།། བདེ་བར་གཤེགས་པ་དང་གི་ཏུ་མ་མཆིས།། ་བཀའ་སྩལ་པ། མོའུ་དགལ་གྱི་བུ་ཁྱོད་མོས་པར་བྱའོ།། ཁང་དུ་ཆུད་པར་བྱའོ།། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས ་མང་བའི་བསོད་ནམས་ཀྱི་ཕུང་པོས།། དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ཡོངསུ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེ ་པོས་འདི་སྐད་ཅེས་གསལ་ཏོ།། བཅོམ་ལྡན་འདས་བདག་གི་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་དང་། འདི་ལྟར་ཆེ་བར་གྲགས་པ་དང་། འདི་ལྟར་མཐུ་ཆེ་བ་ནི་བདག་གིས་རྙེང་པ་ལེགས ་།། རྙེང་ལག་སོ།། དེ་ལྟ་ལགས་ཀྱིས་ཀྱང་བདག་ནི་རྒྱུའི་རྗེསུ་འགྲོ་བའི་ཆོས་ཐམས་ཅད་ལ་ངོགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་གྱུར་ལགས་སོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས། ལན་ཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་རྙེང་པ ་ལེགས་པར་རྙེད་ལགས་ན། གང་དག་མོས་པར་བགྱིད་ལ་མོས་ཤིང་ཡིད་ཆེས་ནས་ཀྱང་། རྫུ་འཕྲུལ་དང་། ཡེ་ཤེས་འདི་ལྟ་བུ་ཡོངསུ་རྫོགས་པར་བགྱི་བའི་སླད་དུ།། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བགྱི་བའི་གནས་ལགསོ།། བཀའ་སྩལ་པ། ་མོའུ་དགལ་གྱི་བུ་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་བ་ཞིན་དུ། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི་རྙེད་པ ་ལེགས་པར་རྙེ་།། དེ་དག་ནི་ལོག་པར་ལྟུང་བའི་དོགས་པ་མེད་པར་ཤེས་པར་བྱའོ།། དེ་ནས་ལྷ་དེ་དག་དང་། ཀླུ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན ་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས། ཚིག་འཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚའོ།། ཕྱག་འཚལ ་སེམས་ཅན་གང་དག་གིས་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པའི་ཕྱིར་སེམས་བསྐྱེད་པ་འམ། སྐྱེད་པར་འགྱུར་བ་དེ་དག་ལ་ཡང་ཕྱག་འཚའོ།། ཇི་ལྟར་ད་ལྟར་ན་དེ་བཞིན་ག ་རྣམ་པར་འཕྲུལ་པ་དེ་བཞིན་དུ།། དེ་དག་ཀྱང་རྣམ་པར་འཕྲུལ་བར་འགྱུར་ཏེ། དེ་བས་ན་བདག་ཅག་གིས་འདི་ལ་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་མི་བྱའོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ ་བརྗོད་དོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟེ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་གུས ་པར་བྱ་བའི་ཕྱིར་སིལ་སྲན་འབུམ་སྒྲ་ཕྱུང་ངོ་།། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་ལ་མངོན་པར་གཏོར ་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་སེམས་བསྐྱེད་དེ། ་ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་ན། དེ་བཞིན་གཤེག། ས་པས་སྒྲོགས་པ་དེ་བཞིན་དུ་བདག་ཅག་ཀྱང་མ་འོངས་པའི་དུས་ན། ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བླ་ར ་མེད་པའི་སེང་གེའི་སྒྲ་སྒྲོགས་པར་གྱུར་ཅིག་ཅེས་སྨྲ་སོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་། ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། གློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད ་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང་། ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་རིགས ་།། ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱང་འཆང་ལ། གཞན་དག་ལ་ཡང་སྟོན་པ་དེ་ནི། དཀོར་མཆོག་གསུམ་རྒྱུན་མི་འཆང་བའི་ཕྱིར་ཞུགས ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྔའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། ཉན་ཐོས་ཀྱི་སེམས་སམ།། རང་སངས་རྒྱས་ཀྱི་སེམས་སྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་འབའ་ཤིག་ཏུ་སེམས་སྐྱེད་པར་འགྱུར་བའི་ཕྱིརརོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་རྒྱ་ཆེན་པོ་ལ་མོས་པ་དབང་པོ་རྣོན་པོ།། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས ་པ་རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་སྐྱེ་བར་འགྱུ་ར་གྱི་ཆུང་ངུ་ལ་མོས་པ་རྣམས་ནི་དེ་ལྟར་མ་ཡིན་ནོ།། ལྷའི་བུ་རྣམ་གྲངས་འདིས་ན། གང་དག་ཆོས་ཀྱི་རྣར ་གྲངས་འདི་འཆང་བ་དང་། ཀློག་པ་རྣམས་ནི་ཅི་ནས་དཀོན་མ་ཆོ་ག་གསུམ་གྱི་རྒྱུན་མི་བཅད་པའི་ཕྱིར་གནས་པ་ཡིན་པ་དེ་ལྟར་རིག་པར་བྱའོ།། ལྷའི་བུ་འདི་ཇི་སྙམ་དུ་སེམས། ་གང་དཀོན་མཆོག་གསུམ་རྒྱུན་མི་འཆད་པའི་ཕྱིར་གནས་པ་དེའི་བསྔགས་པའི་མཐའ་འམ། བསོད་ནམས་ཀྱི་མཐའ་སངས་རྒྱས་འབུམ་སྐུ་ཚེའི་ཚང་བསྐལ་པར་བཞུགས་ཀྱང་བསྟན ་བ་འམ། བཤད་པར་སྤྱོད་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགསོ།། བཀའ་སྩལ་པ། ལྷའི་བུ་རྣམ་གྲངས་འདིས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དང ་གཞན་དག་ལ་སྟོན་པ་དེ་བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པ་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད ་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་གྱི་ལེའུ་ཞེས་བྱ་བར་ཟུང་ཤིག། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་ཟླ་བ་དང་། ཟླ་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ ་ཆེན་པོ་དང་། ཚངས་པ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ལྷ་དང་།། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་སྟོང་ངོ་།། ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐག་པ་ཆེན་པོའི་མདོ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་།། ཞུ་ཆེན་གྱི་ལོ་ཚ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ།། ཨཱརྱ་མ་ཧཱ་ཤྲུ་ཏམ ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། ་