| Wylie | e-texts produced with BDRC’s OCR application |
རྡོ་རྗེ་འཛིན་པ་དམ་པའི་བཀའ།། གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས།། བསྒྱུར་བའི་བསོད་ནམས་འཛིན་བཅས་རྣམས་ལ་བྱིན།། ཀྱི།། རྒྱ་གར་སྐད་དུ། བྷཱུ་ཏ་ཊཱ་མ་ར་མ་ཧཱ་ཏནྟྲ་རཱ་ཛ་རཱ་མ། ་བོད་སྐད། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།། དཔལ་རྡོ་རྗེ་སེངའི་ལ་ཕྱག་འཚལོ།། དེ་ནས་འདིར་ནི་བཤད་བྱ་བའཐུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ།། འབྱུང་བ་འབྱུང ་ཀུན་སྒྲུབ་པའི།། ཆོ་ག་རབ་ཏུ་རྒྱས་པའོ།། རྡོ་རྗེ་འཆང་ཆེན་པོ་འ་ཇིག་རྟེན་གསུམ་གྱི་བདག་པོས་འདི་སྐད་ཅེས་གསུང་སོ།། ཆུ་འགྲམ་དང་། དུར་ཁྲོད་དང་། ཤིང་གཅིག་པ་དང ་གནས་པའི་ཁང་པ་དང་། དཔལ་རྡོ་རྗེ་འཆང་གི་ཁྱིམ་དང་། རིགས་ཀྱི་གནས་རྣམསུ་བསྒྲུབ་པར་བྱ་བ་སྐད་ཅིག་ཉིད་ཀྱིས་འགྲུབ་པར་འགྱུ་རོ།། གལ་ཏེ་མ་འགྲུབ་ན་འབྱུང་པོ་དང་། འབྱུང་མོ ་རིགས་དང་རྒྱུད་དང་བཅས་པ་མ་ལུས་པ་ཕུང་བར་འགྱུརརོ།། དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཚོན་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། ཁྲོ་བོའི་བདག་པོ་ཆེན་པོ་བདུག་པ་དང་། མ་རུངས་པ་རྣམས་གསོད་པར་བྱེད་པ་བཤད་དུ་གསོལ།། དེ་ནས་དབང་ཕྱུག་ཆེན་པོ་ཡི་ལྷ་ཆེན་པོ་ལེགསོ་ལགསོ་ཞེས་བྱ་བ་བྱིན་ནས་ལྷ། ་བོ་ཐང་གསོད་པའི་སྔགས་ཀྱི་ཚིག་གསུངས་པ། ཨོཾ་བཛྲ་ཛྭ་ལི་ཧ་ན་ཧ་ན་སརྦ་བྷུ་ཏ་ན་ཧཱུཾ་ཕཊ།། དེ་རས་འདི་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་བ་སྤུའི་བུ་ག་རྣམས་ནས་རྡོ་རྗེ་འབར ་དུ་མ་བྱུང་བར་གྱུར་ཏེ། འབྱུང་པོ་ཐམས་ཅད་ཀྱི་ལུས་བསྐམས་ཤིང་། བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པ་ལྷ་ཐམས་ཅད་བསང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས ་པ་བད་ཀྱི་ངོ་མཚར་དང་བཅས་པས་འདི་སྐད་ཅེས་གསུང་སོ།། ལེགསོ་དང་ལྡན་རྡོ་རྗེ་འཆང་ཁྲོ་བའི་བདག་པོ་ཆེན་པོ་མ་འོངས་པའི་ཆེ་མ་འོངས་པའི་དུས་ན་འབྱུང་པོ་དང་། འབྱུང་པོ་ཚར་གཅོད ་པར་བྱང་བ་ནི་ལེག་སོ།། དེ་ནས་ཡང་སླར་རེའི་རྣམ་པར་ཤེས་པ་འགུགས་པའི་སྔགས་གསུངས་པ། ཨོཾ་བཛྲ་ཨཱ་ཡུཥེ་ས་ར་སཱ་རཱ་སྨིན།། དེ་ནས་གསུངས་པ་ཙམ་གྱིས་དཔལ ་རྡོ་རྗེ་འཆང་གི་ཤངས་ཀྱི་བུ་ག་ནས་རླུང་ཆེན་པོ་རོ་འཚོ་བར་བྱེད་བ་བྱུང་བར་གྱུར་ཏེ། དེ་བྱུང་བ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་རྣ་མས་ཀྱི་ལུས་ལ་ཞུག་སོ།། ཞུགས་པ་ཙམ་གྱིས ་འབྱུང་པོ་དང་འབྱུང་མོ་རྣམས་ལངས་ཏེ་ཆེར་འཇིགས་ཤིང་རབ་ཏུ་འངང་བར་གྱུར་པས་བཅོམ་ལྡན་འདས་བསྒྲུབ་ཏུ་གསོལ།། བདེ་བར་གཤེགས་པ་བསྒྲུབ་ཏུ་གསོལ། བཅྡོཾས་ཀྱི་བཀའ་བཞིན ་བགྱི་ཞེས་སྨྲས།། དེ་ནས་འབྱུང་བའི་བདག་པོ་གཞན་གྱིས་མི་ཐུབ་པ་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཝ ་བོའི་བདག་པོ་ཆེན་པོ་དཔལ་སྲིད་པ་གསུམ་ལས་རྣར་རྒྱལ་བ་བདེ་བར་གཤེགས་པ་བསྒྲུབ་ཏུ་གསོལ།། བཅོམ་ལྡན་འདས་ཡོངསུ་བསྐྱབ་ཏུ་གསོལ།། དེ་རས་བཅོམ་ལྡན་འདས་ཀྱིས་བཀའ ་སྲུལ་པ། འབྱུང་བའི་བདག་པོ་གླིང་བཞི་པ་ཐང་ཀྱི་མི་རྣམས་ལ་དངོས་གྲུབ་རྫོགས་པར་བྱིན་ཅིག་འཛམྦུ་གླིང་བའི་མི་རྣམས་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་པའི་རྫས ་རྣམས་སྒྲུབ་ཅིང་བདེ་བར་བྱིན་ཅིག། དབྱིག་དང་། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། པདྨ་རཱ་ག་དང་། མེ་དང་ཆུའི་ཤེལ་དང་། སྤོས་དང་། ལྷའི་ན་བཟའ་རྣམས་བྱིན་ཅིག། འདི་ཟློས་པའི་བྲས ་བུ་འགྲུབ་པར་གྱིས་ཤིག། ཁསྙེན་བཀུར་གྱིས་ཤིག། དེ་བཞིན་གཤེགས་པ་ཐང་ཟློས་པའི་རིན་པོ་ཆེའི་ཅོད་པན་དང་། གོས་དང་། དྲི་དང་། བདུག་པ་དང་། མེ་ཏོག་ལ་སོགས་པ་དང་། ཡོ་བྱད་དང་། རྫས་པ ་བགེགས་མེད་པར་བྱིན་ཅིག། རྒྱལ་བའི་འཇིགས་པ་དང་། དགྲའི་འཇིག་པ་དང་། སེང་གེའི་འཇིགས་པ་དང་། སུག་གི་འཇིགས་པ་ཐང་བ་ཟློག་ཅིག་ཀྱེ་ཀྱེ་གཞན་གྱིས་མི་ཐུབ་པ་འབྱུང་བའི ་དབང་ཕྱུག་ཆེན་པོ་མྱུར་དུ་མྱུར་དུ་ཉོན་ཅིག་ཉོན་ཅིག། ལེ་ལོ། ཅན་དང་། ཚུལ་ཁྲིམས་འཆལ་བ་དང་། སྡིག་པ་བྱེད་པ་དང་། བཛྲ་ན་སྨྲ་བ་རྣམས་ལ་ངེས་པར་དངོས་གྲུབ་བྱིན་ཅིག ་གལ་ཏེ་རིག་སྔགས་འཆང་ལ་དངོས་གྲུབ་མི་སྦྱིན་ན་ཀླུ་མོ་དང་། གནོད་སྦྱིན་མོ་དང་། ས་ལ་འཇོམས་མ་དང་། ལྷ་མ་ཡིན་མོ་དང་། མོ་འམ་ཅི་མི་དང་། ནམ་མཁའ་ལྡིང་མོ་དང་། ལྟོ་འཕྱེ་ཆེན་མོ ་དང་། ཤ་ཟ་མོ་དང་། འབྱུང་མོ་དང་། དྲི་ཟ་མོ་རྣམས་ཀྱི་སྤྱི་བོ་མི་ཕྱང་བའི་རྡོ་རྗེས་འགས་པར་བྱ་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྷུང་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་འདི་སྐད་དུ་ལགསོ་ལག་སོ།། ལག་ན་རྡོ་རྗེས་ལགས་པར་བཤ་།། མི་རྣམས་ལ་ཕན་པའི་ཕྱིར་བྱང་ཆུབ་སེདེའི་སེདེའ་ཆེན་པོ་བརྩོན་འགྲུས་དང་། སྟོབས་དང་། ཕ་རོལ་གནོན་པ། མི་ཕྱེད་པར ་གྲགས་པ། ལྷ་དད་ཀྱིས་ཕྱག་བྱས་པ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གྲུབ་པར་བྱེད་པ། ཆོས་ཀྱི་འཁོར་ལོ་ཐམས་ཅ ་བསྐོར་བར་བྱེད་པ་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པའི་སྒྲུབ་པའི་ཐབས་རྒྱ་ཆེན་པོ་ཆོ་ག་སྣ་ཚོགས་པ་ཕྱག་རྒྱ་དང་། སྔགས་ཀྱི་ཚིག་གིས་སྒྲུབ་པའི་ཐབས་ཁྲོ་བོའི་རྒྱལ་པོ་ཆེན ་བོ་བཅོམ་ལྡམ་ངས་ཁྲོ་བའི་རྒྱལ་པོ་བདག་པོ་ཤོད་ཅིག་ཅེས་གསུང་སོ།། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་རོ་འཚེ་བར་བྱེད་པའི་སྔགས་གསུངས་པ། ཨོཾ་ཀརྨྨ་ཀཪྵ་མི་ཏྲས་ཏྲི ་བ་ཡ་ཏིདྷཱ་ཡ། དེ་ནས་འདི་གསུངས་པ་ཙམ་གྱིས་ལྷ་ཐམས་ཅད་མྱོས་ཏེ། བརྒྱལ་ཞིང་དགྱེལ་ནས་ཆེར་འཇིགས་ཤིང་རབ་ཏུ་འབད་པར་གྱུར་ཏེ་གན་སོ།། དེ་ནས་ལྔ་ཆེན ་བོས་གསོལ་པ། བྱང་ཆུབ་སེའ་ཆེན་པོ་སློབ་ཤིག་སྐྱོབས་ཤ་ག། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུང་སོ།། མ་འཇིགས་ཤིག་མ་འཇིགས་ཤི ་ཀྱེ་འབྱུང་པོའི་བདག་པོ་ཁྱེད་རྣམས་གཞན་ལས་རྒྱལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་དུ་དབང་དུ་བསྡུ་ཞིང་འབྱུང་པོ་ཐད་ཆར་བཅད་པར་བྱའོ།། དེ་ནས་རིག་སྔགས་འཆང་གི་དབང་པོ་དང་ལྷའི ་བུད་མེད་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱབ་དུ་གསོལ།། དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོས་བསྒྲུབ་དུ་གསོལ།། དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང ་གིས་འདི་སྐད་ཅེས་གསུང་སོ།། ཀྱེ་བུད་མེད་རྣམས་གོ་བར་གྱིས་ཤིག། དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོ་ལ་སོགས་པའི་བསྙེན་བཀུར་བྱོས་ཤིག། དབྱིག་དང་། གསེར་དང་། མུ་ཏིག་དང ་རིན་པོ་ཆེ་དང་། བཻ་ཌཱུརྱ་དང་། པདྨ་གྲ་དང་། རྫས་ཐམས་ཅད་ཕུལ་ཅིག། དེ་ནས་ལྷའི་བུད་མེད་ལ་སོགས་པ་ལྔའི་བུ་མོ་དང་གནོད་སྦྱིན་མོ་ཐམས་ཅད་ཀྱིས་འ ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འགུམོ་འགུམོ།། དཔ་ལྡན་རྡོ་རྗེ་ཁྲོ་བོ་ཟློས་པ་རྣམས་ཀྱི་བྲན་མོ་བགྱིང་ངོ་།། གལ་ཏེ་ཁྲོ་བོ་བཟློས་པའི་བསྙེན་བཀུར་མ་བགྱོད་ན་རིགས་དང་རྒྱུད་དུ་བ ་པ་བརླག་པར་གྱུར་ཅིག། དམ་པའི་ཆོས་སྤངས་པར་གྱུར་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྨད་པར་གྱུར་ཅིག། བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོ་རྡོ་རྗེས་སྤྱི་བོ་ཁོས་ཤིག ་ལན་བརྒྱད་རྣམ་པར་བཤགས་ཤིང་ནས་མྱུར་བ་ཉིད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག། དེ་ནས་བྱང་ཆུབ་སེངའི་སེངའི་ཆེར་པོ་ཕྱག་ན་རྡོ་རྗེས་ལྷའི་ཕུང ་མེད་ཐམས་ཅད་དང་། ཀླུ་མོ་དང་། གནོད་སྦྱིན་མོ་རྣམས་ལ་ལེ་གསོ་ཞེས་བྱ་བ་བྱིར་ཏེ། ལྷའི་བུ་མོ་དང་། ཀླུ་མོ་དང་། གནོད་སྦྱིནམ་རྣམས་ལེག་སོ་ལག་སོ།། མ་འོངས་པོའི་ཆེམ ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ཟློས་པའི་མི་རྣམས་ཀྱི་བསྙེན་བཀུར་གྱིས་ཤིག། དེ་རས་འབྱུང་བའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་འཁོར་དང་བཅས་པ་ལངས ་ཏེ། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་མགོ་བོས་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཤྲཱི་མ་ཧཱ་བྷཱུ་ཏ་ཀུ་ལ་སུར་ང་རི་ཧཱུཾ། ཨོཾ་ཤྲཱི་བི་ཛ་ཡ་སུནྡ་རི་ཧྲཱིཿོཾ་ཤྲཱི་བི་མ་ལ ་སུནྡ་རི་ཨ། ཨོཾ་ཤཱི་ར་ཏི་སུནྡ་རི་དྷ། ཨོཾ་ཤྲཱི་མ་ཧོ་ཧ་ར་སུནྡ་རི་ཨི། ཨོཾ་ཤྲཱི་བྷུ་ཥེ་སུནྡ་རི་མཱཾ། ཨོཾ་ཤྲཱི་བ་ལ་སུནྡ་རི་མཱ། ཨོཾ་ཤྲཱི་ཙཀྵར་མ་དྷ་མ་སུནྡ་རི་ཏི། ཞེས་པ་འདི་རྣམས་ནི་འབྱུང་པོའི་རྒྱལ། ་མོ་ཚོན་མོ་སྟེ། དཔལ་གྱི་སྒྲ་ཡིས་རབ་ཏུ་གྲགས་པའོ།། དེ་ནས་དཔལ་གྱི་སྒྲུབ་པའི་ཐབས་བཀླགས་པ་ཙམ་གྱིས་དངོས་གྲུབ་སྟེར་བ་སྟེ། དཔལ་རྡོ་རྗེ་འཆང་གི་མཚན་བརྗོད་པ་ཙམ་གྱིས་འབྱུང ་པོ་དང་འབྱུང་མོ་ཐང་མངག་གཞུག་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་དམ་ཚིག་ལས་འདས་ན་འཕྲལ་དུ་འབྱུང་པོ་དང་འབྱུང་མོ་ཐམས་ཅད་རིགས་དང་རྒྱུད་དུ ་བཅས་ཏེ་ཕུང་བར་བྱའོ།། དེ་ནས་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པས་འདི་སྐད་ཅེས་གསོལ་ཏོ།། ལྷ་ཆེན་པོའི་དམ་ཚིག་ལ་གནས་ཤིང་འཇིག་རྟེན་པའི་སྔགས་དང་ཕྱག་རྒྱའི་ཆོ་ག་ཐད ་ཀྱི་དངོས་གྲུབ་སྤྲུལ་བར་བགྱིའོ།། དཔལ་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་ཐང་འགྲུབ་པར་འགྱུར་ཏེ། གལ་ཏེ་མ་གྲུབ་ན་རིགས་དང་རྒྱུད་དུ་བཅས་པ་བརླག་པར་གྱུར་ཅིག། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ཉམས་པརགྱུར་ཅིག། དེ་བཞིན་གཤེགས་པའི་ཁྲོ་བོ་རྡོ་རྗེ་སྤྱི་བོ་འགས་པར་གྱུར་ཅིག། མྱུར་བ་ཉིད་དུ་ཤི་སཱི་རྣམ་པ་ཐང་དུ ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག། དེ་ནས་ཡང་དག་བཤད་བྱ་བ།། སྒྲུབ་པ་པོ་ཡི་གནས་མཆོག་སྟེ།། ཆུ་བོའི་འགྲམ་དང་དུར་ཁྲོད་དང་།། ཕྱག་ན་རྡོ་རྗེའི་ཁྱིམ་དག་སྟེ།། དེར་ནི་འ ་པོ་འབྱུང་མོ་ཀུན།། འགྲུབ་འགྱུར་འདི་ལ་ཕ་ཚོམ་མེད།། འབྱུང་བའི་རྒྱལ་མོ་ཆེན་པོ་བརྒྱད་ཀྱི་སྒྲུབ་པའི་གནས།། དེ་ནས་ཕྱག་རྒྱ་བཤད་བྱ་བ།། འབྱུང་མོ་བརྒྱད་ཀྱི་སྒྲུབ་པ་སྟེ།། ལག་གཡོན་ཁུ ་ཚུར་དམ་བཅངས་ནས།། གུང་མོ་རབ་ཏུ་བརྒྱད་བྱས་པ།། སྤྱན་དྲང་མཆོད་པའི་ཕྱག་རྒྱ་སྟེ།། རིགས་ཀྱི་མཆོག་ནི་སྒྲུབ་བྱེང་པའོ།། ཁུ་ཚུར་ཕན་ཚུན་བཅངས་ནས་ནི།། མཛུབ་མོ་རབ་ཏུ་བརྐྱང ་བྱས་པ།། རང་གི་དམ་ཚིག་སྲུང་བ་ཡི།། འབྱུང་མོ་སྐད་ཅིག་དེ་ལ་སྒྲུབ། ལག་གཡོན་ཁུ་ཆུང་དམ་བཅངས་ནས།། མབ་ཆུང་རབ་ཏུ་བརྒྱད་བྱས་པ།། ཉེ་བར་བྱེད་པའི་བྱག། ་རྒྱ་སྟེ།། འབྱུང་པོ་ཐམས་ཅད་རྗེས་འབྲང་བའོ།། ལག་པ་གཡོན་པ་བརྐྱང་ནས་ནི།། མཛུབ་མོ་བསྐྱིལ་བ་བྱས་ན་སུ།། མཐེ་བོང་གཡས་ནི་མནར་བྱས་པ།། འབྱུང་ཀུན་དབང་དུ་བྱེད་པོའོ།། ལགཡོན ་ཁུ་ཚུར་བཅངས་པ་ལས།། སྲིན་ལག་རབ་ཏུ་བརྐྱང་བ་ནི།། འབྱུང་མོ་ཐམས་ཅད་འགུགས་པ་སྟེ།། བགེགས་ཀུན་བཟློག་པར་བྱེད་པའོ།། ལག་གཡོན་ཁུ་ཚུར་བཅས་ནས་ནི།། མཛུབ་མོ་རབ་ཏུ ་བརྐྱང་བྱས་པ། འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ།། གདུག་པ་ཐང་ཟ་བྱེད་པའོ།། ལག་པ་གཡོན་པས་ཁུ་ཚུར་བཅངས་ཏེ་མཿཆུང་བརྐྱང་བ་ནི་འབྱུང་མའི་དམ་ཚིག་གི་ཕྱག་རྒྱ ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ།། ལག་པག། ཉིས་གིའི་སོར་མོ་རྣམས་གཅིག་གི་སྟེང་དུ་གཅིག་བསྐྱོན་པ་བྱས་པ་ལ་ལག་པ་གཡས་པ་རྐེང་པ་གང ་བར་བཞག་ལ།། ལག་པ་གཡོན་པས་གཡས་མནན་པའི་སྙིང་དུ་གཞག་པ་ནི་མཆོག་གི་སྙིང་པོ་སྟེ་འབྱུང་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་འདི་དག་བཅིངས་པ་ཙམ་གྱིས་འབྱུང་མ ་རྣམས་མྱུར་དུ་འོང་སྟེ། གལ་ཏ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་གྱུར་ཅིག། དེ་ནས་དང་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ་གལ་ཏེ་འབྱུང་མོ་རྣམས་དམ་ཚིག་ལས་འདའ་བར་བྱེད་ན་ཁྲོ་བོ་འདི་དང་བཅས་པས་དགུག་པའི་ཕྱིར་བཟླས་ཏེ། ཨོཾ་ཀ་ཊུ་ཀ་ཊུ་སྭེ་ཧཱུཾ་ཧྲི་ཆེ་གེ་མོ་བྷཱུ་ཏི་ནི་ཧཱུཾ་ཕཊ། ཁྲོ་བོ་འདི་དང་བཅས་པས་ཝ། ་ཕྲག་བརྒྱད་བཟླས་ན་མྱུར་བར་འོང་བར་འགྱུརརོ།། གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་གས་པ་འམ། བསྐམས་ཏེ་འཆིའོ།། དེ་ནས་སྒྲུབ་པའི་བབས་ཀྱི་ཆོ་ག་བཤད་པ། ཆུ་བོའི་འགྲམ་དུ། ་སོང་སྟེ་ཅན་ངན་གྱི་དཀྱིལ་འཁོར་བྱས་རས་མེ་ཏོག་གཅལ་དུ་བཀྲམ་ཏེ། གུ་གུལ་གྱི་དོང་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ནས་འགྲུབ་པར་འགྱུར་རོ།། མཚན་མོ་ཡང་སྟོང་བཟླས་ན ་འོང་སྟེ། འོངས་ནས་འདོད་པ་སྦྱིན་པར་འགྱུར་ཏེ་ཆུང་མར་འགྱུར་རོ།། གསེར་སྲང་བརྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོ་བར་བྱེད།། ཉི་མ་རེ་རེ་འདི་ལྟར་བྱས་ན་ཟླ་བ་གཅིག་གི་བར་དུ་ངེས་པ ་འགྲུའོ།། ཆུ་བའི་གྲམ་དུ་སོང་སྷོ། ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཞོ་དང་འབྲས་ཆན་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ས་པར་འོང་ངོ་།། འོངས་ནས་ཅན་ངན་གྱི་ཆུའི ་མཆོད་ཡོར་བྱིན་ན་དགའ་བར་གྱུར་ཏེ། སྡུག་པ་ངས་ཅིག་ཟར་ཏེ། སྒྲུབ་པ་པོ་ཡིས་རྒྱལ་སྲིད་བླང་ཅིག་ཅེས་སྨྲའོ།། དེ་ནས་སུ་ལ་འཁོར་ཡང་ཡོངསུ་སྐྱོང་བར་བྱེ་།། གོས་དང་། ་རྒྱན་དང་། བཟའ་བ་ལ་སོགས་པ་འཐུན་པར་སྦྱིན་པར་བྱེ་།། དཔལ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ཀ་ར་བི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱིས་བདུག་པས་བདུགས་ལ་སྟོང་ཕྲག་བརྒྱད ་བཟླས་ན་འགྲུབ་པར་འགྱུར་ཏེ། མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་།། འོངས་པ་ལ་མེ་ཏོག་གི་བསྟན་སྦྱོར་ཞིང་ལོགས་པ་འོངས་ཞེས་བརྗོད་ར་ཆུང་མར་འགྱུར་ཏེ། ལྷའི་དངུལ་ཆུ ་དང་། བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དག་འང་འཇོམས་པར་བྱེད་ངོ་།། རྒྱབ་ཏུ་ཞོན་ན་མབོ་རི་སུ་ཡང་ཁྱེར་བར་བྱེའོ།། ལོ་སྟོང་ཕྲག་བཅུར་འཚོའོ།། ཆུ་བའི་འགྲམ་དུ་སོང་སྟེ། ་སྤོས་དཀར་པོས་དཀྱིལ་འཁོར་བྱས་ནས་མེ་ཏོག་དཀར་པོ་བྱིར་ཏེ། དུ་རུ་ཀས་བདུགས་ལ་སྟོང་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་པོ་ཡང་སྟོང་བཟླས ་ངེས་པར་འོང་ངོ་།། འོངས་པ་ལ་མེ་ཏོག་གི་ཆུའི་ཡོ་མ་ཆབ་བྱིན་ནས་བསྒོ་ན་སྲིང་མོར་འགྱུར་རོ།། དངུལ་ཆུ་དང་། བཅུད་ཀྱིས་ལན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དཔག་ཚད་སྟོང་དུ་སོང་ནས་བུ ་མང་བཟང་མོ་བླངས་ནས་སྟེར་བར་བྱེད་ཅིང་མཚན་མོ་སླར་ཁྱེརོ།། ལྷ་ཁང་སྟོང་པར་སོང་ནས་ཇི་ལྟར་གསུངས་པའི་གཏོར་མ་དང་མཆོད་པ་བྱས་ཏེ། སྙིང་ཕྲག་བརྒྱད་དུ་བཟླས་ར་འགྲུབ་པར ་འགྱུརོ།། མཚན་མོ་ཡང་གཏོར་མ་བྱིན་ནས་སྟོང་ཕྲ་ག་བརྒྱད་བཟླས་ན་ངེས་པར་འོང་ངོ་།། འོངས་པ་ལ་འདོད་པ་བྱས་ན་ཆུང་མར་འགྱུར་ཏེ། ཉི་མ་རེ་ར་དོང་རྩ་སྟོང་སྟོང་སྟེར་ཞིང ་ཏུ་ཞོམ་ན་རི་རབ་ལ་ཡང་ཁྱེར་བར་བྱེང་ངོ་།། གཞན་རྒྱལ་སྲིད་སྦྱིན་པར་བྱེད་ཅིང་རྒྱལ་པོའི་བུ་མོ་བཀུག་ནས་སྟེར་ཏེ།། ལོ་སྟོང་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགསུ་སྐུལ། ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་ཤིའི་བཟའ་བ་དང་། ཀ་ར་བི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་དུང་བས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུརརོ།། མཚན་མོ་ཡང་མཆོད་པ ་རྒྱས་པར་བྱས་ཏེ། མེ་རབ་ཏུ་སྦར་ནས་སྟོང་ཕྲག་བརྒྱད་བཟླས་ན་འཁོར་ལྔ་བརྒྱས་ཡོངསུ་བསྐོར་ནས་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་།། འོངས་པ་ལ་མི་སྨྲ་བར་གྱུར་པས་འདོད་པར་བྱ་སྟེ་ཆུ ་མར་འགྱུརརོ།། གལ་ཏེ་སྤོང་བར་བྱང་ན་འཆི་བར་འགྱུརརོ།། རྒྱབ་ཏུ་ཞོན་ན་ཉི་མ་རེ་རེ་མཔོ་རི་སུ་ཡང་ཁྱེར་བར་བྱེད་དོ།། གཞན་ཡང་རྒྱལ་སྲིད་སྟེར་ཞིང་སྟོང་ཕྲག་ལྔ་འཆོ་ལ་ཤི་ནས་ཀྱང་རྒྱལ་རིགསུ ་སྐྱེའོ།། ཆུ་བོའི་འགྲམ་དུ་སོང་སྟེ་གུ་གུལ་གྱིས་དཀྱིལ་འཁོར་བྱས་ནས། ཨ་ཀ་རུའི་བདུག་པ་སྦྱིར་ཞིང་ཇི་ལྟར་གསུངས་པའི་གཏོར་མ་བྱིནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར།། མཚན ་མི་ཡང་མཆོད་པ་རྒྱས་པར་བྱས་ཏེ་སྟོང་བཟླས་ན་རང་ཉིད་འོང་སྟེ་སྣང་བ་ཆེན་པོ་བྱས་ནས་ཅན་དར་གྱི་ཆུས་མཆོད་ཡོན་བྱིན་ན་དགའ་བར་འགྱུརོ།། སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱའོ། སྒྲུབ་པ ་བོས་མ་བགྱིས་ཤིག་ཅེས་སྨྲ་བར་བྱ་སྟེ། མ་བཞིན་དུ་ཡོངསུ་སྐྱོང་བར་བྱེའོ།། འཁོར་ལྔ་བརྒྱའི་འབྲས་ཆན་དང་། རྒྱན་དང་། གོས་རྣམས་ཉི་མ་རེ་རེ་སྟེར་ཞིང་ལོ་ཁྲི་འཆོལ། གང་གི་ཆ་འཆི ་ན་བྲམ་ཟེའི་རིགས་སྐྱེའོ།། ཆུ་བ་འདུས་པའི་འགྲམ་དུ་སོང་སྟེ་མཆོད་པ་རྒྱས་པ་བྱས་ནས་མར་མེ་རབ་ཏུ་སྦར་ཏེ་མཚར་ཐོག་ཐག་བཟླསོ།། དེ་ནས་ནམ་ཕྱེད་ཀྱི་དུསུ་འབྱུང་མོ་སྣང་བ་ཆེན ་པོ་བྱས་ནས་འོང་སྟེ། སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དེ།། དེ་ནས་རྒྱལ་སྲིད་བྱིན་ཅིག་ཅེས་སྨྲས་ན་ཉི་མརེ། ངོང་ཆེ་འབུམ་འབུམ་སྟེར།། ལོ་ཁྲི་འཚེ་ཞིང་གང་གི ་ཆའི་ཆིབ་མས་བདག་གི་རྒྱལ་པོ་བྱེའོ།། འབྱུང་མེའི་རྒྱལ་མོ་ཆེན་མོ་བརྒྱད་ཀྱི་བརྟག་པ་རྫོགས།། ། དེ་ནས་འབྱུང་མམམོ་དུར་ཁྲོད་དུ་འཇུག་པ་རྣམས་ལངས་ཏེ་དཔལ་རྡོ་རྗེ ་གི་ཞབས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཧཱུ~ཾ་ཧཱུཾ་ཧ། མཆོག་གི་སྙིང་པོའོ།། ཨོཾ་ཧཱུཾ་ཀནྟ་ཀནྟ་སརྦ་བྷཱུ་ཏ་ནཱ་མ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧ་ར་ཧ་ར་བ་མ་དྷ་བ་ན་དྷ། ཨ་ཀྲམ་ཨ ་ཀྲ་མ། བྷོ་བྷོ་མ་ཧཱ་ར~ཾ་དྲྀ་སྨ་ཤཱ་ན་བ་སི་ན་ཨཱ་གཙྪ་ཨཱ་གཙྪ་ཤཱི་གྷྲ~ཾ་དྷུ་\ུ0f7fཧཱུཾ་ཕཊ། འབྱུང་མོ་དུར་ཁྲོད་ར་གནས་པ་རྣམས་དགུག་པའི་སྔག་སོ།། ཨོཾ་བན་དྷ་བན་དྷ་དྷུ་ན་དྷཱ་ན། ཙ་ལ་ཙ་ལ། ཙ་ལ་ཡ་ཙཱལ ་ཡ། པྲེ་པཱ་ཤ། པྲེ་པཱ་ཤ་ཏུར་ཏུ་ར་ཧ་ན་ཧན། ཏིཥྛ་ཏིཥྛ། ས་མ་ཡ་མ་ནུ་པཱ་ལ་ཡ་བྷོ་སྨ་ཤཱ་ན་པྲ་བེ་ཤ་ནི་ཧཱུཾ་ཕཊ་པཊ་སྭཱ་ཧཱ།། འབྱུང་མོ་ཐ~ཾད་ཀྱི་དམ་ཚིག་གི་སྔགས ་ཨོཾ་ཙ་ལ་ཙ་ལ། དྷ་ཀ་རཱ་ཀ། མ་ཧཱ་བྷཱུ་ཥི་རི་སཱ་དྷ་ཀ་ན་པྲི་ཡ། ས་ར་ས་ར། བི་ས་ར་བི་ས་ར། ཀནྡ་ཀཊྚ། ཙཱ་ལ་ཡ་ཙཱ་ལ་ཡ། བྷཉྫ་བྷཉྫ། རངྒ་རངྒ། གྲཧྞ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ་ཧྲཱིཿསྭཱ་ཧཱ། མཆེ་བ་གཙིགས་མའི ་འོ།། ཨོཾ་གྷོ་རཱ་མུ་ཁི་སྨ་ཤཱ་ན་བ་སི་ན~ཾ་སྭཱ་ཧཱ་ཀ་ཨ་ནུ་ཀུ་ལེ། ཨ་པྲ་ཡི་ལ་སིདྡྷི་དྷ་པ་ཏི་ཀེ། ཨོཾ་ཨཽ་ཨོ་ཨོཾ་ན་མཿསྭཱ་ཧཱ། གདོང་དྲག་མའིའོ།། ཨི་ཛེ་རྫ་རི་མུ་ཁ~ཾ་ཙི་ར་ཙི་ར་ཙིནྟ་ཨཱ་བེ་ཤ། སརྦ་ཤཧཱུཾ ་བྷ་ཡེ་ཀ་རི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་མཱ་ར་ཡ་མཱ་ར་ཡ་མ་མ་ཨ་ཀཱ་ལ་མྲི་ཏྱཱ་ཀྵ་ཡེ་ཀ་རི། སརྦ་ནཱ་ག་བྷ་ཡེ། ཀ་རི། ཨནྨ་ཧཱ་སཾ་ནི་ས་བྷུ་ཥེ་ཤྭ་རེ། ཐ་ཐཱ་ཐཱ་ཐཱ། དྷ་དྲཱ་དྲཱ་ཪྴ། ་ཨོཾ་ཨཽ་ཨོཾ་ཨོཾ་སྭཱ་ཧཱ། རྒན་མོ་གདོང་གིའོ།། ཨ~ཾ། མ་ལ་ལོ་ཙ་ནིམ་ནུ་རུ་བ་ཙ་ལོ། སརྦ་དུཿཁ་ནི་ནཱ་ཤ་ནི། སཱ་དྷ་ཀ་པྲི་ཡེ་ཛ་ཡ་ཛ་ཡ། དཻ་བྷཱ་རཱ་བི་ཎི་ཧྲིཾཿགྲྀཧྞ་གྲཧྞ་ཛ་ཛ། ་ཧཱུཾ་ཧཱུཾ་ཕཊ་དཊ་ན་མཿསྭཱཧཱ། པདྨའི་མིག་ཅན་མིའིའོ།། ཨོཾ་བི་ཀང་དུ་མུ་ཁི་དཾཥྚ་ཀ་རཱ་ལོ་ཛྭ་ལི་ཏ་ལོ་ཙ་ནི། སརྦ་ཡཀྵ་བྷ་ཡེ་ཀ་རི། དྷ་པ་དྷ་པཱ་གརྦྷ་གཙྪ་བྷོ་བྷོ་སཱ་དྷ་ཀཱ་ནཱ་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། མི་སྡུག ་གདོང་མའི་འོ།། ཨོཾ་དྷུ་དྷཱ་རི་ཀནྟ་པི་ཤཱ་ཙ་ནི་ཀ་ཊུ་ཀ་ཊྱ། དྷུ་ན་དྷུ་ར་མ་ཧཱ་སཱུརྱ་པཱུ་ཛི་ཏི། ཙྪི་ན་ད་ཙྪི་ན་ང་མ་ཧཱ་ཀཪྵ་བི་ཤཱ་ཙ་ནི། བྷོ་བྷོ་སཱ་དྷུ་ཀི་ཀ་ངོ་མི་ཊི། ཧཱུཾ་ཧཱུཾ་ཕཊ་ཕཊ་སཱ་ཧཱཾ།། སྤྱོང་ངན་མྱིའིའོ།། ་ཨོཾ་ས་ར་ས་ར། ཀནྟ་ཀིནྟི~ཾ། ཛ་བྷ་ཡ་ཛ~ཾ་བྷ་ཡ། སཽམྦྷ་ཡ་སྟ~ཾམྦྷ་ཡཻ། མོ་ཧ་ཡ་མ་ཧ་ཡ། བིདྷུཿཀ་རཱ་ལི་ཨ་པྲ་ཧི་ཧྲ་ཏ་བ་ར~ཾ་སིང་དྷིང་ཡ་ཀེ་ཙིཿས་ཧཱུ་སྭཱ་ཧཱ།། གློག་ལླཱིར་འཇིགས་མིའོ།། ཨོཾ་སཽ་ནྱ་མུ་ནི། ་ཨཱ་ཀཪྵ་ཡ། སརྦ་བྷུ་ཏ་མ་ཛ་ཡ་ཛ་ཡ། བྷོ་བྷོ་མ་ཧཱ་སཱ་དྷ་ཀ་ནི་ཏིཥྛ་ཏིཥྛ་ས་མ་ཡ་མ་ནུ་པཱ་ལ་ཡ་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། བཞིན་མཛེས་མིའོ།། དུར་ཁྲོད་དུ་འཇུག་མཚན་མོ་བརྒྱད་ཀྱི་སྔགས་ཀྱི་ཚིག། ་དེ་ནས་འདིར་དུར་ཁྲད་དུ་འཇུག་མ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་རྣམ་པར་བཤད་པ། ཁུ་ཚུར་ཕན་ཚུན་བཅངས་ནས་མཛུབ་མོ་གཉིས་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ།། ་ཕྱག་རྒྱ་འདི་ཉིད་ཀྱིས་དགུག་པར་ཡང་བྱའོ།། དུར་ཁྲོད་དུ་འཇུག་པའི་ཤ་ཟ་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ། གཡོན་པའི་འཛུབ་མོ་བརྐྱང་བ་ནི་གདོང་དྲགྲ་མའི་ཕྱག་རྒྱའོ།། ཁུ་ཚུར ་སོ་སོར་བཅངས་ནས་མཐེའུ་ཆུང་གཉིས་མཁྱུང་ངེདེ་མཛུབ་མོ་གཉིས་བརྐྱང་ནས་ཁའི་ཕྱོགསུ་སྦྱར་བ་ནི་ཆེ་བ་གཙིགས་མིའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མ ་བརྐྱང་བ་ནི་རྒར་མོ་གདོང་གི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གུང་མོ་བཀུག་ཅིང་སྲིན་ལག་བརྐྱང་བ་ནི་པདྨའི། མིག་ཅན་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་སྲིན ་ལག་བཀུག་ནས་མཐའུ་ཆུང་བརྐྱང་བ་ནི་མི་སྡུག་གདོང་མའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ནས་མ་ཛུབ་མོ་བརྐྱང་བ་ནི་སྤྱོང་ངན་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི ་ལས་མཛུབ་མོ་བཀུག་ཅིང་གུང་མོ་བརྐྱང་བ་ནི་ཀློག་ལྟར་འཇིགས་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་བཞིན་མཛེས་མིའི་ཕྱག་རྒྱའོ།། དུར་ཁྲོད་དུ་འཇུག་མ ་འབྱུང་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་རས་འདིར་ནི་བཤང་བྱ་བ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ།། དུར་ཁྲོད་འཇུག་པའི་འབྱུང་ཆེནཔོ ་བརྒྱད་པོ་སྒྲུབའི་ཆོ་ག་སྟེ། དབུལ་པོ་རྣམས་ལ་པ་མངོན་དུ།། བྲ་མོའི་སྒྲུབ་ཐབས་དམ་པའོ།། དུར་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་བསྟན་པ་བྱས། ་བར་འགྱུརོ།། དེ་ན་སྒྲུབ་པ་བརྩམ་པར་བྱ་སྟེ། མཚན་མོ་དུར་ཁྲོད་དུ་སོང་ནས་སེ་ལྡེང་གི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བྱུགས་པས་སྦྱིན་སྲེག་བརྒྱ་བྱས་ན་དེ་ནས་འབྱུང་མོ་དུར ་གྲོང་དུ་འཇུག་མ་མྱུར་དུ་འོང་སྟེ། ངས་ཅི་བྱ་ཞེས་མངག་གཞུག་བྱེད་པར་འགྱུར།། ཞིང་བསྐྱང་བའི་ཞིང་གི་ལས་བྱེད་ཅིང་ཉི་མ་རེ་རི་དང་རྩེ་རེ་རེ་སྟེར།། མཚན་མོའི་ཞིང་གི་གསབ་ཏུ་སོང་སྟེ ་དང་ཤས་ཇི་ལྟར་གསུངས་པའི་གཏོར་མ་སྦྱིན་ཞིང་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟློས་ན་ལས་ཀྱི་ཤ་ཟ་མོ་ཇི་ལྟར་བསྟན་པའི་ལས་བདེ་བྱེད།། མཚན་མོ་དུར་ཁྲོད་དུ་སོང་སྟེ་སྟོང་ཕྲག ་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣ་མ་མྱུར་དུ་བཟང་མོའི་གཟུག། ས་ཀྱིས་འོང་སྟེ། མང་བཞུག་མར་འགྱུརརོ།། ཁྱིམ་གྱི་ལས་དང་བྱ་བ་དང་། ཤགས་དང་། དྲག་པའི་ལས་ལ་སོགས་བྱ ་མཚན་མོ་དུར་ཁྲོད་དུ་སོང་ན་སྟོང་ཕྲག་བརྒྱད་བཟླས་ནང་ན་ཟ་མོ་ཉན་རྣམ་འབྱུང་མོའི་འཁོར་ལྔ་བརྒྱས་ཡོངསུ་བསྐོར་ཏེ་མྱུར་དུའོང་།། འོངས་པ་ལ་ཝ་དང་ཤ་ལས་བྱས་པའི་གཏོས ་དམར་པོ་བྱིན་ན་དགའ་བར་འགྱུར་རོ།། བྲན་གྱི་ལས་བྱེད་ཅིང་རས་ཟུང་ཅིག་དང་། དོང་རྩེ་གཅིག་འབྲས་ཆན་དང་རྒྱན་ལ་སོགས་པ་སྒྲུབ་པ་པོ་དང་འགྲོ་བ་ལྔ་ལ་ཉི་མ་ར་རེར་སྟེ་རོ།། དཔག་ཚད ་བརྒྱ་ནས་ཀྱང་བུད་མེད་བཟང་མོ་བླངས་ན་སྟེར་རོ།། མདོར་ན་བྲན་དང་། བྲན་མོ་དང་འདྲ་བར་ཇི་སྲིད་འཚོའི་བར་དུ་ལས་བདེ་བྱེད།། འབྱུང་བ་འདུལ་བའི་རྒྱུད་ཆེན་པོ་ལས་ལས་ཀྱི་ཤ་ཟ་མོའི་ཆོས ་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་མོ་གཏུ་མོ་ཆེན་མོ་ཀ་ཏ་ཡ་ན་གཏུམ་མོ་ཆེན་མོ་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་དཔལ་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས ་ལ་ཕྱག་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོཾ་ཏྲུ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཀ་ཏ་ཡ་ན་ཞི་བ་མ་ཡིའོ།། ཨོཾ་བྷུ་ཛ་ལ་ཧཱུཾ་ཕཊ། ཀ་ཏ་ཡན་ཆེན་མོ་ཡོའོ།། ཨོཾ་ཨཽ་ཧྲི་ཧྲི་ཧཱུཾ་ཧཱུཾ་ཧེ་ཧེ་ཕཊ་ཕཊ་སྭཱཧཱ། ་དྲག་མོ་ཀ་ཏ་ཡ་ན་ཡིའོ།། ཨོཾ་རྀ་དྲྀ་བྷ་ཡེ་ཀ་རི་ཨརྠ་ཧ་ས་ནི་སཱ་དྷ་ཀི་པྲི་ཡེ་མ་ཧཱ་བི་ཙི་ཏ་རུ་པཾ་རཏཱ་ཀ་རི་སུ་བརྞ་ཧ་ཏ་ཡ་མ་ནི་ཀྲིནྟ་ནི། སརྦ་དུཿཁ་པྲ་ཤ་མ་ནི་ཨོཾ་ཨཾ་ཨཽ་ཨཽ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ་ཤྲཱི་གྷྲཾ་སིང་དྷི་པྲཱ་ཡཙྪ་ཧྲཱིཿཛྭ་སྭཱ་ཧཱ། འབྱུང་བའི་དབང་ཕྱུག་མ་ག་ཏུ་མོ་ཀ་ཏ་ཡ་ནའིའོ།། ཨོཾ་ཡེ་མ་མ་ཀྲིན་ནི་ཨ་ཀཱ་ལ་མྲྀ་དྷུ་བཱ་རི་ཎི་ཁངྒ་ཤུ་ལ་བསྟེ་ཤཱིགྷྲཾ་པྲ་སོདྡྷི་དྷཱ ་དྷ་ཀ་མཱ་ཛྙཱ་པ་ཡ་ཏི་ཧྲིཿསྭཱཧཱཾ། ཀ་ཏ་ཡ་ན་དྲགས་མའིའོ།། ཨོཾ་ཧ་མ་ཀུ་ཐཱ་ལི་དྷ་ཀ་དྷ་ཀ་ཛྭ་ལ་ཛྭ་ལ་དི་བྱ་ཀུ་ཏྤ་ལི་བྷུ་ཥི་ཏད་མ་ནི་བྷ་ག་བམ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཀ་ཏ་ཡི་ནན ་ཆ་ཅན་གྱིའོ།། ཨོཾ་བྷྲྀ་ཀུ་ཊི་མུ་ཁི་ཀ་ཧ་ཀ་ཧ། དྷ་བ་དྷ་ག། ཛྭ་ལ་ཛྭ་ལ། ཧུ་ཏ་ཨ་ས་ན་མུ་ཁི་ཨཱ་གཙྪ་ཨཱ་གཙྪ་བེ་ཏ་ཧོང་ཟ་བ་ནི། ཨཱ་བི་ཤ་ཨཱ་བི་ཤ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བྷ་ག་བན་ཨཱཛྙཱ་པ་ཡ ་ཏི་ཧྲཱིཿསྭཱཧཱ། ཀ་ཏ་ན་ཡ་ན་རྒྱལ་བའི་བཞིན་ཅན་མའི་འོ།། ཨོཾ་བྷི་ཀུ་མ་ཕ་ནི་ཀ་ཧ་ཀ་ཧ་ཛ་ཡ་ཛ་ཡ། སརྦ་ཨ་སུ་ར་པ་ཙ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཀ་ཏ་ཡེན་མཛེས་མའོ།། ཨོཾ་སུ་ར་ཏ་པྲི་ཡེ་དི་བྱེ་ལ ་ཙ་ནི་ཀཱ་མེ་ཤྭ་རི་ཛ་ག་ད་མོ་ཧ་ནི་སུ་བྷ་ག་ཀཱི་ཙ་ན་ཨ་ལོ་བྷུ་ཥ་ནི་ན་པུ་ར་ཤབྡེ། ཨཱ་བི་ཤ་བི་ཤ་བི་པུ་ར་པུ་ར། སཱངྒ་ཀ་བི་ཡ་ཧྲཱིཿསྭཱ་ཧཱ། ཀ་ད་ཡ་ར་ངེས་ན་མིའིའོ།། ཀ་ཏ་ཡ་མའི་འབྱུང་མོ་སྣ ་ཀྱི་རིག་སྔགས་བཀླག་པ་ཙམ་གྱིས་འགྲུབ་པའོ།། དེ་ནས་མཆོག་ཏུ་གསང་བའི་འབྱུང་པོ་ཆེན་པོའི་གདུལ་བའི་རྒྱུད་ཆེན་པོ་ལས་ཀ་ཏ་ཡ་ན་བརྒྱད་བའི་ཕྱག་རྒྱའི ་མཚན་ཉིད་འབྱུང་མོ་ཐང་སྒྲུབ་པར་བྱེང་པ་བཤད་པར་བྱ་སྟེ། སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ནས་མཛུབ་མོ་བརྐྱང་སྟེ་བཀུག་པ་ནི་ཀ་ཏ་ཡ་ན་ཞི་བ་མའི་ཕྱག་རྒྱའོ།། སོར་མེ་རྣམས ་ནང་དུ་བཀུག་ནས་མཛུབ་མོ་གཉིས་བསྐྱིལ་བ་ནི་ཀ་ཏ་ཡ་ན་ཆེན་མོའི་ཕྱག་རྒྱ་སྟེ་འབྱུང་མོ་མ་ལུས་པ་འགུགས་པའོ།། ཕྱག་རྒྱ་འདི་ཉིད་ལས་གུང་མོ་ཁར་གཏད་ནས་མབའུ་ཆུང ་གཉིས་བཀུག་པ་ནི་འབྱུང་མོ་ཐེང་གསོད་པ་སྟེ། རིགས་འདྲ། མས་པར་བྱེད་པ་སྒྲུབ་པ་པོ་ཆེན་པོ་དགའ་བའི་འབྱུང་དེའི་ང་ཅང་ཕྱུག་མིའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་བཅིངས་པ ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད།། ཁུ་ཚུར་གཉིས་པོ་སོ་སོ་ར་བཅངས་ནས།། མཛུབ་མོ་གཉིས་བརྐྱང་བ་ན་ཀ་ཏ་ཡ་ན་དྲག་ས་མའི་ཕྱག་རྒྱ་སྟེ་དྲི་དོང་སྤོས་དང་། དེ་བཞིན ་དུ་མེ་ཏོགས་མཆོད་ཅིང་ཉ་དང་ཤིའི་གཏོར་མ་ཡང་བྱིན་ན་འབྱུང་པོ་ཐ~ཾད་སྐད་ཅིག་དེ་ལ་བྲན་མོར་འགྱུར་རོ།། ཁུ་ཚུར་གཉིས་དམ་དུ་བཅིངས་ནས་མཛུབ་མོ་གཉིས་མཁྱུད་པ་ནི་འབྱུང ་མོའི་ཕྱག་རྒྱ་སྟེ། དེ་ཉིང་ཀ་ཏ་ཡ་ན་གཏུམ་མོ་མི་འགོབས་མིའི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི་འབྱུང་མ་བང་སྒྲུབ་ཅིང་འབྱུང་མོ་རྣམས་འགྱེལ་ཞིང་གསོང་པོའི་ཕྱག་རྒྱ་སྟེ།། ་རིགས་རྒྱུད་དུ་བཅས་པ་སྒྲུབ་པ་རྒྱལ་བའི་བཞིན་ཅན་མའི་ཕྱག་རྒྱ་སྟེ། འབྱུང་མོ་མ་ལུས་པ་དབང་དུ་བྱེད་པའོ།། ཁུ་ཚུར་སོར་བཅངས་ནས་མཐེའུ་ཆུང་གཉིས་མཁྱུད་དེ་མཛུབ། ་གཉིས་བརྐྱང་སྟེ་བཀུག་པ་ནི་འཇིག་རྟེན་གསུམ་འགུགས་པར་བྱེད་པའི་ཕྱག་རྒྱ་སྟེ། དྲག་པོ་དང་ཚངས་པ་དང་བརྒྱ་བྱིན་དུ་བཅས་པ་ཡང་འགུགས་ན། འབྱུང་མོ་ཕྲམ་ཚེགས ་རྣམས་ལྟ་ཅི་སྨོས་ཏེ་ང་ནི་ཀ་ཏ་ཡ་ན་མཛེས་མའི་ཕྱག་རྒྱའོ།། འབྱུང་མོ་ཆེན་མོ་ཀ་ཏ་ཡ་ན་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་མཆོག་ཏུ ་གསང་བ་གསང་ཆེན་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འབྱུང་མོ་ཀ་ཧ་ཡ་མ་རྣམས་ཀྱི་སྒྲུབ་པའི་ཐབས་རྣར་བཤད་པ། འབྱུང་མོ་ཀ་ཏ་ཡ་ན་རྣམས་ཀྱི་སྒྲུབ་པའི ་བབས་ནི་དུར་ཁྲོད་དུ་སོང་ནས་བརྒྱ་ཕྲག་བརྒྱད་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་ཐང་མྱུར་དུ་འོངས་ཏེ། འོངས་པ་ལ་ཐོད་པ་ཁྲིགས་ཡོངསུ་བཀང་སྟེ། མཆོད་ཡིན་བྱིན་ན ་དགའ་བར་འགྱུར་ཏེ། སྡུག་པ་ངེས་ཅི་བྱ་ཞེས་སྨྲ་སྟེ། སྒྲུབ་པ་པོས་མི་གྱིས་ཤིག་ཅེས་སྨྲས་ན་མ་དང་འདྲ་བར་ཡོངསུ་སྐྱོང་བར་བྱའོ།། རྒྱལ་སྲིད་སྟེར་ཞིང་བསམ་པ ་བདེ་ཡོངསུ་རྫོགས་པར་བྱེད་ལ།། སྒྲུབ་པ་པོ་རྣམས་ཀྱི་བ་ག་པོར་འགྱུརརོ།། ལོ་བརྒྱ་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགས་སྐྱེའོ།། དེ་ནས་རྡོ་རྗེ་འཆང་གི་ཁྱིམ་དུ་སོང ་སྡེ་སྟོང་ཕྲག་བརྒྱད་བཟླས་ན་ངེས་སྔོན་དུ་བསྟན་པ་བྱས་པར་འགྱུར་རོ།། མཚན་མོ་ཡང་དཔལ་རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་བཟླས་ན་བུང་མང་བཟང་མོའི་གཟུགས་ཀྱིས་འདུག ་ནས་མཆོག་སྟོ། མཚན་མོ་ལིང་ག་གཅིག་པར་སོང་སྟེ་སྟོང་ཕྲག་གཅིག་བཟླས་ན་ཉི་མ་ལ་གཅིག་ན་རྐང་གདུབ་ཀྱི་སྨྲ་བ་སོ།། ཉི་མ་གཉིས་ན་བུད་མེད་བཟང་མོ་མདུན་དུ ་འདུག་སྟེ། སེམས་སུན་མི་དབྱུང་ཞིང་སྨྲ་བར་ཡང་མི་བྱའོ།། ཉི་མ་གསུམ་པ་ལ་ཚིག་སྨྲ་བར་བྱེད་དེ།། ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེ་སྨྲ་སྟེ། སྒྲུབ་པ་པོས་ཀྱེ་ལྷམ ་ཆེན་མོ་བསྙེན་བཀུར་གྱིས་ཤིག་ཅེས་སྨྲས་ན་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་མར་འགྱུར་རོ།། རྒྱབ་ཏུ་ཞོན་ན་རི་རབ་དབང་རྒྱ་མཚོ་ལ་སོགས་པར་ཁྱེའོ།། གཞན་ཡང་ངལ་སོ་བའི་ཁྱིམ་དུ ་སོང་སྟེ། འདུག་ན་རྫས་བླངས་ཏེ། སྦྱར་བར་བྱེད་དོ།། འཛེམྦུའི་གླིང་གི་ཁོངསུ་གཏོགས་པ་ན་གཟུགས་མཆོག་དང་ལྡན་པའི་བུ་མོ་བླངས་ནས་སྡེ་རོ།། དེ་ནས་འདོད་པར་བྱས་ན་ལོ་ལྔ་བརྒྱ ་མཚོ་ཞིང་ཤི་བ་ན་རྒྱལ་ཕྲན་གྱི་རིགསུ་སྐྱེའོ།། མཚམ་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་འ་བྱུང་མོ་བུད་མེད་བཟང་མོའི་གཟུགས་ཅན་དུ་འཁོར་དང ་བཅས་ནས་འོང་སྟེ། འོངས་པ་ལ་འབེད་པར་མི་བྱ་ཞིང་སུན་དབྱུང་བར་མི་བྱ་སྟེ། མི་སྨྲ་བར་གྱུར་པས་ཆགས་པ་སྨྲ་དན་ཉི་མ་རེར་རྟག་ཏུ་གནས་པར་འགྱུརརོ།། དེང་ཚེ་ལྔ་དང ་རས་ཕྲུགས་ཅིག་སྟེ་རོ།། མཚན་མོ་བསྐྱེད་མོས་ཚལ་དུ་སོང་སྟེ་བརྒྱད་སྟོང་བཟླས་ནི་ཉི་མ་གསུམ་ན་རྐང་གདུབ་ཀྱི་སྒྲ་ཐོས།། ཉི་མ་བཞིན་འབྱུང་མོ་འོང་བ་མཐོའོ།། ཉི་མ་ལྔན་མདུན་ན་འདུག།། ་ཉི་མ་དྲུག་ན་དོང་ཚེ་ལྔ་སྟེརརོ།། ཉི་མ་བདུན་ན་ཡང་འོང་སྟེ་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ནས་ཆུང་མར་འགྱུར་རོ།། དེ་བཞིན་དུ་ཉི་མ་བརྒྱད་པ་ལ་སྔགསུ་མཏྤལ་བྱས་ལ ་གུ་གུལ་གྱི་བདུག་པ་བྱིན་ཏེ།། སྟོང་ཕྲག་བརྒྱད་བཟླས་ན་འབྱུང་མོའི་བུ་མོའི་གཟུགས་ཀྱིས་ཁྱིམ་དང་བཅས་ནས་འོངས་ཏེ་འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུརརོ།། ལྷའི་མུ་ཏིག ་གི་ཤཱུལ་མལ་དུ་བོར་ནས་ཐོ་རངས་ཀྱིས་འགྲོ་སྟེ། ངས་ཀྱང་མུ་ཏིག་གི་ངོ་ཤལ་བླང་བར་བྱའོ།། བླངས་པ་ཙམ་གྱིས་དོང་ཆེ་ཉི་ཤུ་རྩ་ལྔ་དང་རས་ཟུང་ཅིག་སྟེ་རོ།། དགྲ་ཐང་འཇོམས་པར་བྱེད ་ཅིང་ཆེ་ལོ་སྟོང་ཐུབ་པར་འགྱུར་ཏེ། ཤི་ནས་རྒྱལ་རིག་སུ་སྐྱེའོ།། ལྷ་ཁང་སྟོང་པར་སོང་ནས་མཚན་མོ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་རང་ཉིད་སྣང་བ་ཆེན་པོ་བྱས་ནས་འཚ ་བརྒྱད་བརྒྱས་ཡོངསུ་བསྐོར་ཏི་ངེས་པར་འོ་།། འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱི་ན་དགའ་བར་འགྱུར་ཏེ། ཆུང་མར་འགྱུར་ལ། དངུལ་ཆུ་དང་། བཅུད་ཀྱིས་ལན་དང་། རྫས་ཀྱིས་གྲུབ་པ ་སྟེར་རོ།། འཁོར་བརྒྱད་བརྒྱགས་དང་། རྒྱམ་དང་བཟའ་བ་ལ་སོགས་པ་སྟེར།། ལོ་ལྔ་སྟོང་འཆི་ཞིང་། ཁང་གི་ཚེ་འཚོ་བ་མ་རྒྱལ་རིག་སུ་སྐྱེའོ།། མཚན་མོ་རྒྱལ་པོའི་ཁབ་ཏུ་སོང་སྟེ།། སྟོང་ཕྲག ་བརྒྱད་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུ་རོ།། ནུབ་སྔར་ཀར་བི་རིའི་ཤིང་གིས་མེ་རབ་ཏུ་སྦར་ཏེ། མ་ལ་ཏི་དེའི་མེ་ཏོག་འོ་མར་གྱིས་བྱུགས་ཏེ་བརྒྱད་བརྒྱ་བསྲེགས་ས ་འབྱུང་མོའི་རྒྱལ་མི་འཁོར་ལྔ་བརྒྱའི་རྐང་གདུབ་ཀྱི་སྒྲ་ཆེན་པོས་མྱུར་དུའོང་།། འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་མ་ཨ་དང་སྲིང་མོ་དང་ཆུང་མར་འགྱུ་རོ།། གལ་ཏེ་མར་གྱུར ་ན་སེམས་སུན་འབྱུང་བར་མི་བྱ་སྟེ། ལྷས་འདོང་པའི་བཟའ་བ་སྟེར་ཞིང་གསེར་སྲང་འབུམ་སྔོར།། གལ་ཏེ་སྲིང་མོར་གྱུར་ར་ནི་རྒྱལ་སྲིང་སྟེར་ཞིང་དཔག་ཆང་སྟོང་ནས་ཀྱང་བུད་མེད་བླངས ་ནས་སྟེར་རོ།། གལ་ཏེ་ཆུང་མར་གྱུར་མ་རི་བུད་མེད་མཛེས་མ་ལྟ་བུས་ལུས་ཀྱི་ལོང་སྤྲོང་སྟེར་ཞིང་རེ་བ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་དོ།། ལོ་ཁྲི་འཚོ་ཞིང་གང་གི་ཚེ་འཆི་བ་མ་རྒྱལ ་རིགསུ་སྐྱེ་བར་བྱེད་དོ།། དེ་ནས་ཟླ་བ་ཉ་བ་ལ་ཁྲི་བཟླས་པ་བྱས་ནས་མཚར་མོ་ལྷ་ཁང་དུ་སེང་སྟེ།། མཆོད་པ་རྒྱས་པར་བྱས་ནས་མཚན་ཐོག་ཁྲག་བཟླས་ན་ཐོ་རངས ་ངེས་པར་འོང་ངོ་།། འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཞིང་མངག་གཞུག་པར་འགྱུ་རོ།། ཉི་མ་རེ་རེ་དོང་རྩེ་ལྔ་ལྔ་སྟེར་ཞིང་ལྔའི་འདོད་པའི་བཟའ་བ་སྟེར་རོ།། ལོ་ལྔ་བརྒྱ ་འཚོ་བར་འགྱུརརོ།། འདི་ནི་ཀ་ཏ་ཡར་བརྒྱུད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། ། དེ་ནས་རྣམ་པར་བཤད་པར་བྱ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་གྱི།། བྲན་པོ་དང་ནི་བྲན་མོ་དག། སྒྲུབ་པར་བྱང་བ ་ཆོ་གའོ། ཨི་རཱི་ཧུར་ཧུ་མ་ཧཱ་ཙ་ཏྲུཀ་ནནྡ་རི་དྷི་ནན་ཧི་ཏ་ས་ར་ཧཱ་ས།། ཨོཾ་ཧྲཧྲ་ཧྲ་ཧྲཧྲ། གྲྀཧྞ་གྲྀཧྞ། མཱཾ་ས་སིདྡྷིམྨེ་པྲ་ཡ་ནྱ་སྭཱ་ཧཱ། སྐྱེས་རག་པའི་ཤ་བཙོང་བའི་སྔགས་ཏེ།། མཚམ ་དུར་ཁྲོད་དུ་སོང་ནས་བརྒྱ་རྩ་བརྒྱད་བཟླས་ན། ཤ་ཐ་བཙོང་བི་ལས་འགྲུབ་པར་འགྱུརརོ།། མཚར་མོ་དུར་ཁྲོད་དུ་སོང་ནས་ཤ་སྲང་བརྒྱད་ཁྱེར་ནས་ཕྱོགས་བཞིར་རྔམ་པར ་བལྟས་ཏེ། ཀྱེ་ཀྱེ་དུར་ཁྲོད་དུ་སོང་ནས་པའི་འབྱུང་མོ་རྣམས་ཤ་ཉོ་འམ་ཞེས་བོས་ནས་བྲམ་ཟེའི་གཟུགས་ཀྱི་མདུན་དུ་འདུག་སྟེ། ཀྱེ་སྐྱེས་བུ་ཆེན་པོ་ཆེ་བཞེད་ཅེས་སྨྲ་ན། སྒྲུབ་པ་པོ་ཡིས ་གསེར་འདོད་དོ་ཞེས་སྨྲ་སྟེ། གསེར་སྲང་བརྒྱ་སྟེར་བར་བྱེད།། དེ་ནས་ཤ་སྦྱིན་ཏེ། གལ་ཏེ་མི་འདོད་ན་མིག་དང་སྤྱི་བོ་འགས་པ་འམ་འཚོ་བར་འགྱུར་རོ།། དེ་ནས་དབང་ཕྱུག་ཆེན་པོ་ལྔ་ཆེན་པ ་རིག་འཛིན་བྱེད་པ་དུ་མ་ས་ཡོངསུ་བསྐོར་ཏེ།། ལྷའི་བུ་མོ་དུ་མ་དང་། གནོད་སྦྱིན་དང་། ཀླ་དང་། མི་འམ་ཅི་དང་། ལྟོ་འཕྱོ་ཆེན་པོ་ཁྲི་བརྒྱད་སྟོང་དུ་མ་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན ་པ་དེར་དཔལ་རྡོ་རྗེ་འཆང་ཁྲོ་བའི་བདག་པོ་ཆེན་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ་སེདེའས།། ་ཆེན་པོ་རྣམས་ལ་མི་ཕྱེད་པར་བསྟན་པ། ཁམས་གསུམ་པའི་རྒྱལ་པོ་ཆེན་པོ་འབྱུང་པོ་དང་། ཀླུ་དང་། གནོད་སྦྱིན་དང་། རིག་འཛིན་རྣམས་འཇིག་པར་བྱེད་པ། བགེགས་ཐམས་ཅད་འཇོམས་པ། ་སྡུག་བསྔལ་བ་དང་། ཉོན་མོངས་པ་ཐམས་ཅད་སེལ་བ། གདོན་ཐམས་ཅད་དང་། རོ་ལངས་དང་། ལུས་སྲུལ་པོ་རྣམས་གསོད་པ། དཀྱིལ་འཁོར་གསང་ཆེན་ཐ~ཾད་འགྲུབ་པར་བྱང་བ་བཤད་དུ་གསོལ།། དེ ་ནས་འཁོར་གྱི་དཀྱིལ་འཁོར་དེར་གནས་པའི་བྱང་ཆུབ་སེ་དེར་སེང་འ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་འབྱུང་པོའི་དབང་ཕྱུག་ལྷ་ཆེན་པོ་ལ་ལག་སོ་ཞེས་བྱ་བ་བྱིན་ཏེ། ལེགསོ་ལག ་ལྷ་ཆེན་པོ་མ་འོངས་པོའི་དུས་ན་འཛམྦུའི་གླིང་གི་མི་རྣམས་ལ་ཕན་པའི་དོན་དུ་འབྱུང་པོ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། མི་འམ་ཅི་རྣམས་བྲན་མོར་སྒྲུབ་པའི་ཐབས ་ཁྲོ་བའི་བདག་པོ་ཆེན་པོས་གསུངས་ཤིག། དེ་ནས་འདིར་ནི་བ་ཤང་བྱ་བ།། དཀྱིལ་འཁོར་ཆེན་པོས་དམ་པ་སྟེ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་དག་ནི་བཞིས་བརྒྱན་ཅིང་།། ཆ་རྣམས ་བཅུ་དྲུག་དག་དང་ལྡན།། རྡོ་རྗེ་རབས་མཛེས་བྱ་བ།། དབུས་དགོང་བྱ་དྲག་པོ་སྟེ།། འབར་བའི་ཕྲེང་བ་ཡང་དག་འཁྲུག། ཁྲོ་བོ་ཆེན་པོ་ཕྱག་བཞི་པ།། མག་སླར་སྦྱངས་པའི་འོད་འདྲ་ཞིང་།། ཕྱག་ཡས ་ཀྱིས་ནི་རྡོ་རྗེ་གསོར།། གཡོན་པའི་ཕྱག་གིས་བསྡིགས་མཛུབ་མཛད།། ཞལ་གྱི་མཆེ་བ་གཙིགས་པ་སྟེ།། སྦྲུལ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། ཐོང་པའི་ཕྲེང་བའི་ཅོད་པན་ཅན།། འཇིག་རྟེན ་གསུམ་ཡང་འཇིགས་བྱེད་ཅིང་།། སྒྲ་ཆེར་དྲག་ཏུ་བཞད་མཛད་ལ།། འཇིག་རྟེན་གསུམ་པོའི་བདག་པོ་སྟེ།། གཡོར་བརྐྱང་བ་ཡིས་ལེགས་པར་བཞུགས། ་མ་བྱེ་བའི་གཟི་ལྡནར་ལ།། གཞན་གྱིས་མི་ཐུབ་ཞབས་ཀྱིས་མན།། ཕྱག་རྒྱ་བཅིང་བས་བཞུགས་པ་སྟེ།། སྲིན་ལག་གཉིས་རི་འཁྱུད་ནས།། མཛུབ་མོ་གཉིས་ནི་བཀུག་བྱས་ཏེ།། མཐ ་ཆུང་དང་ནི་གུང་མོ་དག། མཐེ་བོ་ཡིས་མི་མམར་བྱས་པ།། དཔ་ལྔར་འདི་འདྲིའི་རྒྱ་འཛིན་ཅིང་།། འཇིག་རྟེན་གསུམ་གྱི་འབྱོར་འགྲུབ་པའོ།། ཁྲོ་བོའི་མདུན་དུ་ཨུ་མ་ཡི།། བདག་པོ་ཡང་དག་བྲི་བ ་བྱ།། ལྷོ་རུ་ཁྱབ་འཇུག་བྲི་བར་བྱ། རུབ་ཏུ་ཆངས་ལྔ་འི་།། བྱང་དུ་བདག་པོ་སྨིན་དྲུག། དབང་ལྡན་དུ་ནི་ཚིགས་པ་དག་པོ།། འོད་ཟེར་སྲོང་གིས་མཛེས་པ་ནི།། མ་ཡི་གྲཝར་ནི་དྲཱཿ ་བྱ།། སྒྲ་གཅན་བདེན་བྲལ་གྲཝ་རུ་བཱི། དགའ་བའང་དང་ཕྱུག་རླུང་གི་གྲཝར།། གསེར་གྱི་ཁ་ངག་ལྟ་བུའི་ལུས།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ཅུང་ཟད་དགོད་ཅིང ་བ་ཡིས།། བཅོམ་ལྡན་འདས་ལ་བལྟ་བ་ཡི།། མཆོད་པའི་ལྷ་མོ་གནས་པ་རྣམས།། དཀྱིལ་འཁོར་ཕྱི་རོལ་བྲི་བྱསྟེ།། ཁྲོ་ཟ་མ་ནི་གཡོན་ལོགསུ།། ལྷ་མོ་ཨུ་མ་བྲི་བར་བྱ་ཁྲོ་བོ་ཡི་ནི་མདུན་ཉིང ་དལ་གྱི་ལྷམ་ཕྲ་བར་བྱ།། ལག་པ་མ་ཏོག་ཐོགས་པའོ།། རྣ་ཙ་མཚ་གལས་ལོགས།། རྒྱུད་ཀུན་གྱིས་ནི་བརྒྱ་བྱས་ཤིང་།། ལག་པ་ན་ནི་སྤོས་ཐོགས་པའི།། ཐིག་ལེ་མཆོག་ནི་ལེགས་པ་ཛྲ ་ཡི་ནི་རྒྱབ་ཀྱི་ཆར།། ལྷ་ཡི་རྣ་ཆས་རྒྱན་པ་ཡི།། ལག་ན་མར་མེ་ཐོགས་པར་ནི།། ཟླ་བའི་ལྷ་མ་བྲི་བར་བྱ།། ལྷ་ཡི་རླམས་རྒྱན་པ་ཡི།། ལགར་ལྷ་ཡི་དྲི་བོགས་པ།། རིན་ཆེན་རྒྱན་གྱིས་བརྒྱན་པ་ཡི། ལྷམ ་མེ་ཡཾ་གྲཱ་རུ་བྷི།། ཀླུ་དང་སྙན་ངགས་མང་སྨྲ་བའི།། ཚིག་དབང་ལྷ་མོ་སྲིན་པོར་བྲི།། གནོད་སྦྱིན་ཀུན་གྱི་དབང་ཕྱུག་མ།། སྡུག་བསྔལ་མཛེས་མ་ཞེས་གྲགས་པ།། ལག་ན་རིན་ཆེན་ཕྲང་ཐོགས་པ། རླུང ་གི་གྲཝར་ནི་དྲི་བར་བྱ།། འབྱུང་པོ་ཀུན་གྱི་དབང་ཕྱུག་རྒྱས།། མི་དབྱུང་ཞེས་བྱའི་འབྱུང་མོ་ནི།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་རུ།། དབང་ལྡན་གྲཝ་རུ་བྲི་བར་བྱ།། བཞིན་བཟང་མིག་གི་དཀྱུས་རིང་ཞིང ་གཟུགས་དང་ལད་ཆོས་རྒྱན་པ་ལ།། མདོག་ནོ་གསེར་དང་འདྲ་བ་སྟེ།། སྐྲ་ནི་མཐོན་མཐོང་འཁྱིལ་པ་ལ།། ཡན་ལག་ཀུན་མཛེས་ལྷ་མོ་ནི།། སྒྲུབ་པའི་རིགས་ལ་དགའ་རྣམ་སོ།། བརྒྱ་བྱིན་ཤར ་དུ་བྱི་བྱ་སྟེ།། མེ་ནི་མ་རུ་ལེགས་པར་བྲི།། ལྷོར་ནི་གཤིན་རྗེའི་རྒྱལ་པོ་སྟེ།། སྲིན་པོའི་བདག་པོ་བདྲེན་བྲལ་དུ་ནུབ་ཏུ་ཆུ་ཡི་རྒྱལ་པོའོ།། རླུང་དུ་རླུང་གི་ལྷ་ཉིང་།། བྱང་དུ་ལུས་ངན་རྒྱལ་པོ་བདག ་དབང་ལྡརན་ཟླ་བ་བྲི་བྱ་སྟེ།། རང་རང་གནསུ་དགོད་པར་བྱ།། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཤད་པ་བྱ་སྟེ། རྡོ་རྗེ་སློབ་དཔོན་བདག་ཉིད་གཙུག་ཏོར་སྔོན་པོ་བཅིངས་ཏེ། ་རས་སྔོན་པོ་ཟུང་ཅིག་བགོས་ནས་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དོ།། སན་ཀུན་ལ་ཕན་དོན་དུ།། མྱུར་དུ་དངོས་གྲུང་སྦྱིན་མཛད་པ།། གྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ།། ལྷ་ཉིང་དམ་ཚིག་ལ ་བཞུགས་ཤིག། དེ་ནས་དཔལ་ཁྲོ་བོ་ཆེན་པོ་ལྷ་ཉིང་དམ་ཚིག་ལ་བཞུགས་ཤིག་ཅེས་བརྗོད།། དེའི་འོག་ཏུ་དཔལ་ཁྲོ་བ་ཆེན་པོའི་ཕྱག་རྒྱ་བཅིངས་ཏེ་གཞུག་ཅིང་འདི་སྐད་ཅེས་བརྗོད་དོ།། ཧཱ་བཛྲ ་ཕག་འདི་སྐད་བརྗོད་པ་ཙམ་གྱིས་བདག་ཉིད་ཁྲོ་བ་འཇུག་དེ་ནས་སློབ་མ་གཞུག་པར་བྱ་སྟེ།། རས་སྔོན་པོས་གདོང་གཡོགས་ནས་ཁྲོ་བའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། རྡོ་རྗེའི་ཆུ་ཁར་སྦྱིད་པར་བྱ ་ཏིཥྛ་ཏིཥྛ་སིདྡྷི་ཧཱུཾ་ཧཱུཾ་འདིས་སྦྱོར་བར་བྱའོ།། ཨོཾ་པྲ་བ་ཤ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུ་ཨ། འདི་དང་ཁྲོ་བོ་དབབ་པའི་ཕྱག་རྒྱས་དབབ་པར་བྱ་སྟེ།། ཡི་གེ་ཧཱུཾ་གིས་རི་རབ་ཀྱི་སྟེང་ན་འདུག ་བ་ཡང་འབེབས་ཤིང་འདས་པ་དང་། མ་འོངས་པ་དང་། ང་ལྟར་བྱུང་བ་ཡང་སྨྲ་བར་བྱེད།། ནས་མེ་ཏོག་དོར་བར་བྱས་ནས་དེའི་འོག་ཏུ་གདོང་གཡོགས་བགྲོལ་ཏེ་ལྷའི་རིགས་བསྟན་ཅིང་མངས ་དབང་བསྐུར་ཏེ་མཆོད་པར་བྱ་ཞིང་། ཕྱག་རྒྱ་དང་སྔགས་ཀྱིས་བརླབ་པར་བྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་ལེའུ་རྫོག་སོ།། །། དེ་ནས་འདིར་འབྱུང ་བོ་འདུལ་བའི་རྒྱུད་ཆེན་པོ་ལས་ཆོ་ག་རྒྱས་པར་བ་ཤད་པ། དང་པོར་རེ་ཤིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་ངག་གི་དབུ་སུ་ཡི་གེ་ཧཱུཾ་འབར་བའི་ཕྲེང་བ་འཁྲུགས ་བ་བསམས་ཏེ། སྔགས་འདི་བཟླས་པར་བྱའོ། ཨོཾ་སིདྡྷི་བཛྲ་ཧཱུཾ། དེནས་སྡིག་པ་ཐང་འཇོམས་པའི་སྔགས། བཟླས་ཏེ། སཱིང་ཁར་ཟླ་བའི་དཀྱིལ་འཁོར་བསམས་ཏེ་ཇི ་སྟེང་དུ་ཡི་གེ་ར་དམར་པོ་ཐིག་ལེ་དང་བཅས་པའི་འབར་བའི་འཕྲེང་བ་འཁྲུགས་པར་བསམས་ནས་སྡིག་པ་ཐ~ཾང་འཇོམས་པའི་སྔགས་འདི་བཟླས།། ཨོཾ་ཧ་ན་བི་དྷཱ་ན་ས་ཡ་བི་དྷྭན་ས་ཡ་ནཱ ་ཤ་ཡ་སཱ་བཾ་ཧཱུཾ་ཕཊ། འདིའི་རྗེས་ཐོགས་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། མདུན་དུ་མེ་ཏོག་ཀུན་ད་དང་། ཤེལ་ལྟ་བུར་བལྟས་ནས་དེའི་དབུ་སུ་ཡི་བེ་ཧཱུཾ་དང་། པདྨ་འདབ་མ་བརྒྱད་པ་རྣར་བས། ་ཏེ་དེའི་དབུ་སུ་ཡཾ་གེ་ཧཱུཾ་འབར་བའི་ཕྲེང་བ་ཀུན་ནས་འཁྲུགས་པ་རྣམ་པར་བསམས་ལ། ཁྲོ་བོ་དབབ་པའི་སྔགས་འདིས་དབབ་པར་བྱའོ།། ཨོཾ་ཀྲྀ་དྷ་ཨཱ་བ་ཤ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཨ། དེ་ནས་ཁྲོ་བོ་དབབ་བཱི། ་ཕྱག་རྒྱ་བཅིངས་ཏེ། སྔགས་འདི་བཟླས་པར་བྱའོ།། ཨོཾ་བཛྲ་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པཱ་ཏ་ཡ་བཱ་ད་ཡ་ཧཱུཾ། དེ་རས་རང་ལྷའི་སྐུར་བས་མོ།། དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི་རྒྱལ་པོའི་ཕྱག ་རྒྱས་ཡན་ལག་དྲུག་ཏུ་དགོང་པར་བ་སྟེ། ཨོཾ་ཧ་ར་བཛྲ་ཧཱུཾ། སྤྱི་བོར་རོ།། ཨོཾ་དྷ་ར་བཛྲ་ཧཱུཾ་སྤྱི་གཙུག་ཏུའོ།། ཨོཾ་དཱིཔྟ་བཛྲ་ཧཱུཾ། མིག་ཏུའོ།། ཨོཾ་བཛྲ་རོ་ཥ་ར་ཧཱུཾ། སྙིང་ཁར་རོ།། ཨོཾ་བཛྲ་དྲི་བྷ་བཛྲེ་ཧཱུཾ ་པོ་ཆེའོ།། ཨོཾ་ཧ་མངས་པ་ཙ། ཀྲོ་དྷ་བཛྲ་སརྦ་དུ་བྱཱ་ར། མཱ་རཾ་ཡོཾ་ཧཱུཾ་ཕཊ། མཚོན་ཆའོ།། ཁྲོ་བོའི་རྒྱལ་པོ་འདི་ངག་ཡན་ལག་དྲུག་ལ་དགོད་པར་གསུངས།། དེ་ནས་དཀྱིལ་འཁོར་གྱི་ལྷའི་སྙིང་པོས ་སྤྱན་དྲང་སྟེ། སེར་མོ་པར་ཆུང་ངངུ་བཀུག་རས་མ་རྔུབ་མོ་གཉིས་རྩེ་མོ་བཀུག་པའི་ཕྱག་རྒྱ་འདི་ལ་སྔགས་སྤྱ་བར་བྱའོ།། ཨོཾ་བཛྲ་དྷ་ར་མཧཱ་ཀྲོ་དྷ་ས་མ་ཡ་མ་རཱུ་པཱ་ལ་ཡ་ཤཱ ་གྷྲྀ། ཨ་གཙྪ་ཧྲཱིཿཛཿཧཱུཾ་ཕཊ་སྭཱ་ཧཱ། འདིས་ལྷ་ཐང་སྤྱན་དྲང་བར་བྱའོ།། ཨོཾ་སརྦ་ད་བ་ཏ་པྲ་སིད་དྷ་ཧཱུཾ་ཨ་ཨོཾ་རཱ་ཤ་ཡ་དུའམ་ང་བ་ཙ་དུ་ཥྱན། བྷསྨི་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྟང་སྭཱས ་ཀྱིའོ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་པདྨེ། བམ་དྷ་བན་དྷ། བ་ཤ་དྷ་ཤ~ཾ་ཧཱུཾ་ཕཊ། ཕྱོགས་བཅིང་བའོ།། ཨོཾ་བྷུདྷཱུ་བ་སྭཱ་ཧཱ་ལྷ་ཆེན་པོའི་འོ།། ཨོཾ་ཨཱ་ཤཱི་བཛྲ་ཧ་མ་ཡེ་སྭཱ་ཧཱ། ཁྱབ་འཇུག་གོའོ།། ཨོཾ་རབ་ཀུ ་དྷེ་དྷ་རཱ་ཡ་སྭཱ་ཧཱ། སྐྱེ་དགུའི་བདག་པོའོ།། ཨོཾ་ཧྲཱིཿཀྲོ་ཙ་ཤཀྵཱ་དྷཱ་ར་ཎི་ཕཊྚ་ཕཊ། གཞོན་རུའི་སྔགསོ།། ཨོཾ་གྲུ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཚོགས་བདག་གིའོ།། ཨོཾ་ཤྲཱི་ཙ་ཡ་ཨ་ཏྲ་ཀི་ཎེ་སྭཱ་ཧཱ། ཉི་མའོ། ་ཨོཾ་ནརྷ་ཤྭ་རཱ་ཡ་ནཱ་ད་ནཱཿཧྲཱིཿསྭཱ་ཧཱ། དགའ་བའི་དབང་ཕྱུག་གིའོ།། ཨོཾ་ཙནྡྲ་ཤཀྲ་བ་རཀྲ་མ་ཡེ་ཧཱུཾ་ཕཊ། སྒྲ་གཅན་གྱིའོ།། ཨོཾ་ས་ར་ས་ཏྱེ་གཱ་ཏཱ་ཡ་སརྦ་སྭཱ་ཧཱ། དབྱངས་ཅན་མོའོ།། ཨོཾ་ནཱ ་ཙན་མ། རྩོམ་མ་མོའིའོ།། ཨོཾ་ཙསྟཱ་ཡ་ཤྲཱི་སཱཧཱ། སྟེང་གི་ཟླ་བའིའོ།། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་སྙིང་པོ་བཤད་པ། ཨོཾ་ན་མཿལྷ་མོ་ཨུ་མའི་འོ།། ཨོཾ་ཤཱམ ་དཔལ་གྱི་ལྷ་མོའིའོ།། ཨོཾ་ན་མ། ཐིག་ལེ་མཆོག་མའི་འོ།། ཨོཾ་ཤྲཱི་ན་མཱཿཟླ་བ་མའི་འོ།། ཨོཾ་ཡཀྵ་ཤཱ་རི་ཀཱ་སྭཱ་ཧཱ། སྡུག་གུ་མཛེས་པའི་འོ།། ཨོཾ་ཨཱ་བྷཱུ་ཏི་ནི་ཧྲཱིཿམི་འབྱུང་མིའིའོ།། དེ་ནས་འབྱུང་མ ་སྒོ་སྐྱོང་མ་བརྒྱད་ཀྱིའོ།། ཨོཾ་ཨ་ཤྲཱི་བཾ་མེ་སྭཱ། འབྱུང་པོ་བརྒྱད་ཀྱི་སྙིང་པོ་སྟེ་སྔ་མ་བཞི་མོ།། འབྱུང་བ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དངོས་གྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི ་ལེའུ་རྫོགསོ།། ། དེ་ནས་འབྱུང་བ་ཉ་དུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱའི་མཚན་ཉིད་ཆོ་ག་རྒྱས་པར་བཤད་པ། སོར་མོ་ཕན་ཚུན་བསྣོལ་ནས ་མཛུབ་མོ་གཉིས་བཀབ་པ་ལྟར་བརྐྱང་བ་བྱས་པ། ནི་སྡིག་པ་འཇོམས་པའི་ཕྱག་རྒྱའོ།། ཁུ་ཚུར་ཕན་ཚུན་བཅངས་ནས་མཛུབ་མོ་གཉིས་མཁྱུད་པ་ནི་ཁྲོ་བོ་དབབ་པའི་ཕྱག ་སྟེ། འཇིག་རྟེན་གསུམ་སྐད་ཅིག་གིས་འབེབས་པའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་ཡན་ལག་དྲུག་གིས་ཕྱག་རྒྱ་བཤད་པ། ཁུ་ཚུར་ཕན་ཚུན་བཅངས་ཏེ། གུང་མོའི་སོར་མོ་བརྐྱང་བ་ནི་སྤྱི་བོའི་བྱ ་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གུང་མོ་ནང་དུ་བཅུག་ནས་འཛུབ་མོ་ཁབ་ལྟར་བྱས་མ་ནི་སྤྱི་གཙུག་ཕྱག་རྒྱའོ།། ཕྱག་རྒྱ་ཞིང་ལས་མཛུབ་མོའི་རྩར་མཐེ་བོང་བཞག་སྟེ།། མཐེ་བོང་གཡས་པ་མིག ་ག་ཡས་པར་བཞག་སྟེ། མཐེ་བོང་གཡོན་པ་མིག་གཡོན་པར་བཞག་པོ་ནི་མིག་ཕྱོག་རྒྱའོ།། ཁུ་ཚུར་སོར་བཅངས་ཏེ།། མཐེའུ་ཆུང་གཉིས་མཁྱུད་ལ་མཛུབ་མོ་གཉིས་བརྐྱང་བ་ནི་སྙིང ་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བསྒྲིལ་བ་བྱས་པ་ནི་གོ་ཆའི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི་མཚོམཆའི་ཕྱག་རྒྱའོ།། སྙིང་པོ་མཉམ་པར་བྱས་ནས་མཐེ་བོང་གཉིས ་མཛུབ་མོ་ལ་བཅངས་པ་ནི་ཡོན་ཆབ་ཀྱི་ཕྱག་རྒྱའོ།། ཁུ་ཚུར་སོར་བཙོངས་པ་ལ་མཐེ་བོང་བརྐྱང་བ་ནི་སྟང་སྟབས་ཀྱི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་བ་དང་པར་བཅངས་ཏེ།། མཛུབ་མོ ་གཡོན་པ་བརྐྱང་ནས་དཔུང་པ་གཡས་པའི་རྩ་བར་བཞགོ།། གཡས་པས་མཐེ་བོང་མཐའུ་ཆུང་གི་སོར་མོ་མནན་ཏེ། སོར་མོ་ལྷག་མ་བརྐྱང་ནས་ཕྱོགས་བཅུར་བསྐོར་བ་ནི་བཅིང་བའི་ཕྱག ་རྒྱའོ།། དེ་ནས་ལྷ་ཆེན་པོའི་ཕྱག་རྒྱ་བཤད་པ། ཐལ་མོ་མཉམ་པར་སྦྱར་ཏེ། མཐེའུ་ཆུང་དང་སྲིན་ལག་བཀུག་པ་ནི་དྲག་པོའི་ཕྱག་རྒྱའོ།། ཐལ་མོ་མཉམ་པར་སྦྱར་ནས་མཛུབ་མོ་གོཉིས ་མཁྱུད་དེ་བཀུག་པ་ནི་སྲེད་མེད་ཀྱི་བུའི་དུ་གི། ཕྱག་རྒྱའོ།། སོར་མོ་ཕན་ཚུན་བསྣོལ་ནས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི།། སྐྱེ་དགུའི་བདག་པོའི་སྤྱི་བླུགས་ཀྱི་ཕྱག་རྒྱས ་ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ།། གུང་མོ་སོར་བརྐྱང་བ་ནི།། ཁྲུང་ཁྲུང་འཇོམས་པའི་མདུང་གི་ཕྱག་རྒྱའོ།། གུང་མོ་སོར་མོའི་ཚོགས་བཀུག་པ་ནི་ཚོགས་ཀྱི་བདག་པའི ་དགྲ་སྟའི་ཕྱག་རྒྱའོ།། ཐལ་མོ་མཉམ་པར་བྱས་ནས་བཀྲིས་ཀྱི་ལག་པར་བྱས་ཏེ། གཡོན་པའི་མཐེའུ་ཆུང་གིས་སྙིང་པོ་བྱས་ནས་གཡོན་པའི་མཐེ་བོའི་རྩེ་མོར་བཞག་ཅིང་གཡས་པའི ་མཐེ་བོང་དེའི་སྟེང་དུ་བཞག་པ་ནི་ཉི་མའི་ཤིང་རྟའི་ཕྱག་རྒྱའོ།། ལག་པ་གཡས་པ་བརྐྱང་ནས་སམ་མཛུབ་མོ་དང་སྲིན་ལག་བཀུག་པ་ནི་སྒྲ་གཅན་གྱི་ཕྱག་རྒྱའོ།། ལག་པ་གཡས་པ་ག ་གྱི་ཚུལ་གྱིས་གཡོན་པའི་སྟེང་དུ་བཞག་ཅིང་ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། མཛུབ་མོ་དང་གུང་མོ་བརྐྱང་ནས་མཐེ་བོང་གིས་མཐེའུ་ཆུང་དང་། སྲིན་ལག་གི། ་སེན་མོ་མནར་བ་ནི་དགར་བའི་དབང་ཕྱུག་གི་ཕྱག་རྒྱའོ།། ཁུ་ཚུར་སོར་ཐ་དད་པར་བཅངས་ཏེ་མཐའུ་ཆུང་མཁྱུད་པ་ནི་ལྷ་མོ་དཀའ་བཟློག་མའི་ཕྱག་རྒྱའོ།། ལག་པ་གཉིས་ཀ་གདངས་ཀ་ལཱ ་བསྟན་ཏེ། སྤྱི་བོར་བཞག་པ་ནི་དཔལ་ལྷ་མོའི་ཕྱག་རྒྱའི་མཚན་ཉིད་།། ཐལ་མོ་སྦྱར་ནས་ན་མཁའ་ལ་བསྐྱོད་པོ་ནི་ཟླ་བའི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་བཅངས་ལ་མཐེའུ་ཆུང་དང་མཛུབ་མ ་མཁྱུད་པ་ནི་ལྷོ་མོ་ཟླ་བ་མའི་ཕྱག་རྒྱའོ།། དེ་ནས་རིན་ཆེན་རྒྱན་ཅན་མིའི་ཕྱག་རྒྱ་བཤད་པ།། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་གཉིས་བརྐྱང་ནས་རིན་པོ་ཆེའི་རྣམ་པས་དཔྲལ་གྱི ་ཕྱོགསུ་ཕྲེང་བ་བཅིངས་ཏེ་བཞག་པ་ནི་རིམ་ཆེན། རྒྱན་ཅན་མའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་རཏྣ་ཤྲཱི་སྭཱ་ཧཱ། དེ་ནས་དབྱངས་ཅན་མའི་ཕྱག་རྒྱ་བཤད་པ། སོར་མོ་ཕམ་ཆུམ་མ ་དེར་མཛུབ་མོ་གཉིས་བརྐྱང་ནས་ཁར་བཞག་པའོ།། ཐིག་ལེ་མཆོག་མའི་ཕྱག་རྒྱ་བཤང་བ། སོར་མོ་ཕན་ཚུན་དུ་པདྨ་འཁོར་བའི་སྦྱོར་བས་བསྐོར་ཏེ་སྤྱི་བོར་བཞག་པ་ནི་ཐིག་ལེ་མཆོག་མིའི་ཕྱཝ། ་རྒྱའོ།། དེ་ནས་རྩོམ་པ་མོའི་ཕྱག་རྒྱ་བཤད་པ།། ལག་པ་སོར་སོར་མོ་གཅིག་ལ་གཅིག་བསྐོར་བའི་སྦྱོར་བས་སྙིང་ཁར་བཞག་པ་ནི་རྩོམ་པ་མོའི་ཕྱག་རྒྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག ་རྒྱས་པར་བཤད་པ། ཨོཾ་ཤ་ཀྲཱ་ཡ་སྭཱ་ཧཱ། ཤར་དུ་བརྒྱ་བྱིན།། ཨོཾ་ཨགྣ་ཡེ་སྭཱ་ཧཱ། མེར་མེ་ལྷའི་ལྷའོ།། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། གཤིན་རྗེའི་ཕྱོགསུ་གཤིན་རྗེའོ།། ཨོཾ་རཱ་ཀཱ་ས་ཨ་དྷི་པ་ཏ་ཡེ། ཛེ་ཡཿ ་ཡ་སྭཱ་ཧཱ། བདེར་བྲལ་དུ་སྲིན་པོའི་བདག་པོའོ།། ཨོཾ་བ་རུ་ཎ་ནཱ་ག་ཨ་དྷི་པ་ཏ་ཡ་སྭཱ་ཧཱ། ནུབ་ཏུ་ཆུ་ལྷའོ།། ཨོཾ་བཱ་ཡ་བ་ཙ་ལ་ཙ་ལ་སྭཱ་ཧཱ། རླུང་དུ་རླུང་གི་ལྷའོ།། ཨོཾ་ཀུ་བེ་རཱ་ཡ། ཡཀྵ་ཨ་དྷི་པ་ཏ་ཡེ་སྭཱ ་བྱང་དུ་ལུས་ངན་པའི་འོ།། ཨོཾ་ཙནྡྲ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགསུ་ཟླ་བའོ།། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགསུ་དབང་ལྡན་ཉིད་ངོ་།། དེ་རས་གནོད་སྦྱིན་མོ་ཐ~ཾད་ཀྱི་དབང་ཕྱུག་མ་སྡུག་གུ ་མཛེས་མའི་ཕྱག་རྒྱ་བཤད་པ།། ཁུ་ཚུར་སོ་སོར་བཅངས་ཏེ་མབེའུ་ཆུང་རབ་ཏུ་བརྐྱང་བའོ།། དེ་ནས་འབྱུང་མོའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ། མཐེའུ་ཆུང་གཉིས་མཁྱུད་ནས ་བསྡིགས་མཛུབ་བྱས་ཏེ་འཛིན་པ་ནི་འབྱུང་པོའི་དབང་ཕྱུག་འབྱུང་མོ་ཐང་ཀྱི་རྒྱལ་མོའི་ཕྱག་རྒྱའོ།། དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ།། ཁུ་ཚུར་སོར་བཅངས་ཏེ་མཛུབ ་མོ་གཉིས་མཁྱུད་པར་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའོ།། དེ་ནས་བྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤང་བ། ནི་ལག་པ་གཡས་པའི་ཐལ་མོ་མཉམ་པར་བྱས་ཏེ་མཐ ་བོས་མཐེའུ་ཆུང་གི་སོར་མོ་མནན་ནས་སོར་མོ་ལྷག་མ་བཀྲམ་པ་ནི་བརྒྱ་བྱིན་གྱི་རྡོ་རྗེའི་ཕྱག་རྒྱའོ།། ལག་པ་བ་ཡོན་པའི་ཐ་ལ་མོ་མཉམ་པར་བྱས་ཏེ་ཅུང་ཟད་བསྐྱོང་པ་རི་མིའི་ཕྱག་རྒྱའོ།། ་ལག་པ་གཡས་པར་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱང་བ་ནི་གཤིན་རྗེའི་དབྱུག་ཏོའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་སྲིན་པོའི་བ ་བཻའི་རལ་གྲིའི་ཕྱག་རྒྱའོ།། ལག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ་མཛུ་མ་བརྐྱང་ནས་བསྣོལ་བ་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ།། ལག་པ་གཡོན་པའི་ཁུ་ཆུར་བཅངས་ལ་འཛུབ་མ ་དང་གུང་མོ་བརྐྱང་བ་ནི་རླུང་ལྷའི་བ་དན་གྱི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཐེ་བོང་བརྐྱང་བ་ནི་རྣམ་པོས་ཀྱི་གླང་པོ་ཆེའི་ཕྱག་རྒྱའོ།། ལག་པ ་གཡོན་པ་ཁུ་ཚུར་བཅངས་ཏེ་མཐེའུ་ཆུང་གིས་སོར་མོ་མནན་ནས་སོར་མོ་ལྷག་མ་བརྐྱང་བ་ནི་དབང་ལྡན་གྱི་ཏྲི་ཤུ་ལའི་ཕྱག་རྒྱའོ།། དེ་ནས་རྫོགས་པར་བྱེད་པོའི་ཕྱག་རྒྱ་བཤད་པ། ་ཐལ་མོ་སྦྱར་བ་ནི་རྫོགས་པར་བྱེད་བའི་ཕྱག་རྒྱའོ།། སྔགས་བཤད་པ། ཨོཾ་སིདྡྷི་བཛྲ། ཨ་སུ་རཱ་ཡ་ཨ་སུ་རཱ་ཡ་ཧཱུཾ། རྫོགས་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་དངོས་གྲུབ ་དགུག་པོའི་སྔགས་དང་ཕྱག་རྒྱ་བ་ཤང་པ། ཁུ་ཚུར་སོར་བཅངས་ནས་མཐེའུ་ཆུང་གཉིས་མཁྱུད་དེ་མཛུབ་གཉིས་པ་རྐྱང་ནས་བསྐྱིལ་བ་ནི་དངོས་གྲུབ་དགུག་པའི་ཕྱག ་རྒྱའོ།། སྔགས་ནི། ཨོཾ་བཛྲ་རོ་ཥ་ཏ་མ་ཧཱ་ཀྲོ་དྷ་སིདྡྷ་ཨཱ་ཀཪྵ་ཡ་ཧཱ་ཛ། དངོས་གྲུབ་དགུགས་པའི་སྔག་སོ།། རྒྱལ་པོ་ཆེན་པོའི། དངོས་གྲུབ་མོ།། ཁྲོ་བོའི་བསྟན་པའི་དངོས་གྲུབ་སྟེ། ་ལྷ་རྣམས་ཀུན་གྱི་དངོས་གྲུབ་མཆོག། བདག་ལ་མྱུར་དུ་སྒྲུབ་ཏུ་གསོལ།། རྡོ་རྗེ་གསོར་ཞིང་སྔགས་དེ་དང་འདི་བརྗོད་པར་བྱའོ།། དེ་ནས་འབྱུང་མོའི་གདོང་གྱི་ཕྱག་རྒྱ་བཤད་པ། ལག་པ་གཡོན ་བའི་ཐལ་མོ་མཉམ་པར་བྱས་ནས་མཐེ་བོ་སྦྲེང་སཱི་ལག་པ་གཡས་པའི་ཁུ་ཚུར་གྱིས་ལག་པ་གཡོན་པའི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་བཅིངས་ཏེ་གཡས་པའི་མཐེ་བོང་སྒྲེང་བ་ནི ་རྡོ་རྗེ་འཆང་གི་འབྱུང་པོ་གདན་གྱི་ཕྱག་རྒྱའོ།། ཨོཾ་ཛ་ཡ་ཛ་ཡ་མ་ཧཱ་ཀྲོ་དྷ་ཨ་དྷི་པ་ཏི་ཀྲོ་དྷ་རཱ་ཛ་ཨི་མེ་བྷུ་ཏ་ཨཱ་ས་ནེ། དཪྴ་མ་རཱརྠ་སྭཱ་ཧཱ། གངན་གྱི་སྔག་སོ།། དེ་ནས་ལྔའི་གདར་གྱི་ཕྱག་རྒྱ ་པ། ངལ་མོ་སྦྱར་བ་བྱས་ཏེ་སོར་མོ་བད་བཀྲམ་པ་ནི་པདྨའི་ཕྱག་རྒྱར་བརྗོད་པ་སྟེ། འདི་ནི་ཕྱག་རྒྱའོ།། སྔགས་ནི། ཨོཾ་པདྨོ་བྷ་ག་བ་ནི་ཥན་ཎ་སརྦེ་བ་ཧཱ་སྭཱ་ཧཱ། ལྔ་ཐམས་ཅད་ཀྱི་གངར་གྱི་བ ་ཕྱག་རྒྱ་དང་སྔག་སོ།། པདྨའི་ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡོན་པ་བསྐུལ་བས་ལྷ་ཐང་སྤྱན་དྲང་བ་དང་། གཤེགསུ་གསོལ་བའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་ས་ར་ས་ར། བི་ས་ར་བི་ས་ར ་གཙུགཙྪ་སརྦ་དེ་བ་ཏཱ་ནཱ། ཤྲཱི་བཛྲ་དྷ་ར་ས་པ་ཨཱཛྙཱ་པ་ཡ་ཧི་སྭཱ་ཧཱ། གཤེགསུ་གསོལ་བའི་སྔགས།། ཁྲོ་ཆེར་ཐང་གྲུབ་མཛད་པ། དངོས་གྲུབ་བདེ་བར་སྦྱིན་མཛད་པ།། མཐུ་ཆེན་བླ་ན་མེད་པ་ནི།། ་བདག་ལ་སྩལ་ཏེ་གཤེགསུ་གསོལ།། བསྟོད་པ་འདིསསྟོད་པར་བྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དངོས་གྲུབ་ཀྱི་ཆོ་ག་དཀྱིལ་འཁོར་གྱི་སྒྲུབ ་བརྫོགས།། དེ་ནས་ཁྲོ་བའི་བདག་པ་ཆེན་བ་ཕྱག་ནིརྡོ་རྗེས་འདི་སྐད་ཅེས་གསུངས། དཀྱིལ་འཁོར་ཆེན་འ་འདི་མཐོང་བཙམ་གྱིས་ཁམས་གསུམ ་རྒྱལ་སྲིད་འཐོབ་ཅིང་འདིའི་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུརརོ།། གལ་ཏེ་མ་གྲུབ་ན་ཡང་གླིང་བཞི་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུརརོ།། དཔལ ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་འབྱུང་བ་བདེ་བྲན་དུ་འགྱུརརོ།། གལ་ཏེ་སྔགས་པ་ཁྲོས་མ་ཁྲོས་པ་ཙམ་གྱིས་འཇིག་རྟེན་པོའི་ལྷ་ཐང་དུམ་བུ་བརྒྱར་ཞིག་པར་འགྱུརརོ།། ཀླུ ་གནོད་སྦྱིན་ཐམས་ཅད་མཐོང་བ་ཙམ་གྱིས་གསོད་ཅིང་འཇིག་རྟེན་པོའི་ལྷ་བང་ཧཱུཾ་གི་སྒྲ་ཙམ་གྱིས་འབྲོས་པར་བྱེད་དོ།། དེ་ནས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་སྔོན་དུ་བསྙེན ་པ་བྱ་བ་ནཤད་པ། བདག་ཉིད་སྲུང་བའི་སྔགས་འབུམ་བཟླས་ན་མྱུར་དུ་འགྲུབ་པར་བྱེད་པའོ།། དེ་རས་དཔལ་རྡོ་རྗེ་འཆང་སྒྲུབ་པར་འདོད་མ། ཟླ་བ་གཅིག་ཏུ་ངུས ་གསུམ་དུ་སྟོང་ཕྲག་རེ་བཟླས་ནས་དེ་ནས་ཟླ་བ་འལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ནས་ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ་མཚན་པོག་ཐག་བཟླས།། ང་རས་ཐོ་རངས་ས་གཡོ་བ་དང་། ཕྱག་རྒྱ ་འབར་བར་འགྱུར་ཏེ། འབར་བ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་ཞིང་། རྒ་བ་དཔའཆི་བ་མེད་ལ་ལྔའི་གཟུགསུ་འགྱུ་རོ།། དེ་ནས་ལྷ་མོ་སྒྲུབ་པར་འདོད་ན། ལྷ་མོ་དཀའ་ཟློག ་བ་གཡོན་པས་མནན་ནས་ཁྲི་བཟླས་ན་ལྷ་མོ་རང་ཞིང་། འོང་ཞིང་། དངོས་གྲུབ་ཀྱི་རྫས་དང་དངུལ་ཆུངདང་། བཅུད་ཀྱིས་ལྟེ་ན་གྱི་གྲུབ་པ་སྟེར་ཞིང་ཆུང་མར་འགྱུར་རོ།། གལ་ཏམ ་གྲུབ་ན་དུག་དང་ལན་ཚྭས་བྱུགས་ཏེ། རྐང་པ་གཡས་པས་མནན་རས་ཁྲོ་བོའི་སྔགས་འདི་བཟླས་པར་བྱ་སྟེ། ཨོཾ་ཧ་ནཿར་བཛྲ་པཱ་ར་ཡ་ཆེ་ག་པོ་ཧཱུཾ་ཕཊ། ཁྲོ་བོ་འདི་དང ་བཅས་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན། བཟླས་པ་ཙམ་གྱིས་སྤྱི་བོ་འགས་པ་འམ་བསྐམས་ནས་འཆའོ།། དེ་བཞིན་དུ་ཁྲོ་བོའི་སྔགས་ཀྱིས་བསད་པ་བདེ་ལ་སྦྱར་བར་བའོ།། དེ་ནས ་དཔལ་ལྷ་མོ་སྒྲུབ་པར་འདོད་དེ། དང་ལྷ་མོ་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན། དཔལ་ལྷ་མོ་འོང་སྟེ་མེ་ཏོག་གི་སྟར་བྱིན་ཞིང་ལེགས་པར་འོངསོ་ཞེས་བརྗོད་ལ་ཆུང་མ་གྱིས་ཤི ་ཅེས་བསྒོ་ནས་ཇི་ལྟར་འདོད་པ་ལྟར་སྤྱད་ན་རྒྱལ་སྲིད་སྟེར་བར་བྱེད།། དེ་ནས་འཇིགས་བྱེད་མ་རྐང་པ་གཡོན་པས་མརན་ཏེ་ཁྲི་བཟླས་ན། འཇིགས་བྱེད་མ་རང་གི་གཟུགས་ཀྱིས་འོང་སྟེ། ་བྲན་མོའི་ལས་རྣམས་བྱུང་ངོ་།། ཙ་མུན་ཏི་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན་ཙ་མུན་ཏི་རང་གི་གཟུགས་ཀྱིས་འོང་སྟེ། ཙ་མུན་ཏི་བྲན་མོར་འགྱུར་རོ།། དེ་བཞིན་དུ་མ་མོའི་བསྒྲུབ་པ་ཐམས ་ཅད་ལ་མ་རན་ཏེ་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུརརོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་དང་པོ་རྫོགས།། ་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལོ།། དེ་ནས་ཤིན་ཏུ་འདའ་བར་དཀའ་བ་མཆོག་ཏུ་དྲག་པོ་ཆེན་པོའི་སྒྲུབ་པའི་ཐབས་ཤིན་ཏུ་དྲག་པོ་ལས་ཐང་སྒྲུབ་པར་བྱེད་པ་གསུངས་པ། ལི་ཀ ་གཅིག་པ་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱང་བཟླས་ནཉི་མ་བདུན་ར་ལྷ་ཆེན་པོ་དེ་མྱུར་དུའོང་།། གལ་ཏེ་མ་འོངས་ར་དེའི་མ་ལ་མཆིའོ།། སྲད་མེད་ཀྱི་བུ་མནན ་མ་བདུན་ན་སྟོང་ཕྲག་བདུན་བཟླས་ན་ཉི་མ་བདུན་པ་ལ་ངེས་པར་འོངོ་།། གལ་ཏེ་མ་འོངས་ན་སྤྱི་བོ་འགས་པ་འམ། བསྐམ་ས་པར་འགྱུར་རོ།། ངེས་པར་སྲེད་མེད་ཀྱི་བུ་འཁོར ་དང་བཅས་པ་མངག་གཞུག་པར་འགྱུརརོ།། ཚངས་པ་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུནར་མྱུར་བར་འོང་སྟེ། གལ་ཏེ་མ་འོངས་ན་བསྐམས་ཏེ་མཆིའོ།། མངག་གཞུག་པར ་འགྱུར་རོ།། བརྒྱ་བྱིན་རྐང་པ་གཡོན་པས་མནན་ཏེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ནི་ཉི་མ་བདུན་རེ་ངེས་པར་འོང་སྟེ་གལ་ཏེ་མི་འོངས་ར་ངེས་པར་འཆི་བར་འགྱུརརོ།། འདིས་བརྒྱ་བྱིན ་མདོག་གཞུག་པར་འགྱུར་ཞིང་པང་ན་གནས་པ་བླངས་ཏེ་སྟེར་བར་བྱེད་དོ།། གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་དུམ་བུ་བརྒྱད་འཇིག་ལ། རང་གི་རིགས་རྒྱུད་རྣམས་བརླག་པར་ལྦུ། ་གཞོན་ནུ་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་མྱུར་དུའོང་སྟེ།། གཞོན་དུ་མངག་གཞུག་པར་འགྱུར།། གཞོན་ནུའི་གདོན་ཐང་བྲན་དུ་འགྱུར་ཞིང་། ཆེ་ག་མ ་འཚོ་བར་གྱིས་ཤིག། ཆེ་གེ་མོ་སོང་ཅིག་ཅེས་སྨྲས་རང་དག་ཐང་བྱེང་ངོ་།། ཚོགས་ཀྱི་བདག་པོ་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་རི་མྱུར་དུ་འོང་སྟེ། གལ་ཏེ་མ་འོངས་ད་རིགས ་རྒྱུད་བརླག་ཅིང་འཆི་བར་འགྱུར་རོ།། ལོག་འདྲན་ཐམས་ཅད་མངག་གཞུག་པར་འགྱུ་རོ།། ཉི་མ་རྐང་པ་གཡོན་པས་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ་རྒྱལ་སྲིད་སྟེར ་ག་ལཱ་མ་འོངས་ན་འཆི་བ་འམ། རང་གི་རྒྱུད་བརླག་པ། འགྱུརརོ།། ཟླ་བ་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་ཞིང་མངག་གཞུག་པར་འགྱུར་ལ་གསེར་སྲང་བརྒྱ་སྟེརོ།། ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆ་བར་འགྱུར།། རང་གི་རིགས་དང་། རྒྱུད་ལུང་བར་ཡང་འགྱུར།། 2ནི་ཟླ་བ་འཁོར་དུ་བསྒྲུབ་པར་བཤད་པའོ།། འཇིགས ་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཡང་མཚན་མོ་མཆོང་པོ་ཆེན་པོ་བྱས་ཏྭེ་ཤ་ཆེན་པོས་མཆོད་པ་བྱས་ནས་ཤ་ཆེན་པོའི་གཏོར་མ་བྱས་ཏེ། ཤ་ཚོན ་བོ་ཉིད་ཀྱི་ཏིལ་གྱིས་མར་མེ་རབ་ཏུ་སྦར་ཏེ། ནམ་ཕྱེད་ན་སྒྲ་ཆེནའི་བྱུང་སྟེ་དྲག་ཏུ་དགོད་ཅིང་བསྡད་ན། ཀྱེ་སྒྲོས་བུ་ཆེན་པོ་འདི་བཟའ་ཡིས་སླད་ཅིག་ཅེས་ཟེར་རོ།། དེས་སྐྲག་པར་མི་བྱ་སྟེ། གལ ་ཏེ་སྐྲག་པར་གྱུར་ན་ཡི་གེ་ཧཱུཾ་བཟླས་ན་བདེ་བར་གནས་པར་འགྱུར།། འཇིགས་བྱེད་འཁོར་དང་བཅས་པ་བྲན་དུ་འགྱུར།། ཁམས་གསུམ་པའི་རྒྱལ་སྲིད་སྟེར་ཞིང་ཡི་གེ་ཧཱུཾ་བཟླས་པ་ཙམ ་གྱིས་འཇིག་རྟེན་པའི་ལྷ་ཟད་འཛེམ་སོ།། གར་གྱི་དབང་ཕྱུག་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་བརྒྱད་སྟོང་བཟླས་ན་སྐད་ཅིག་ང་ལ་འོང་ཞིང་མངག་གཞུག་པར་འགྱུ་རོ།། གལ་ཏེ་མ་འོངས ་ན་སྐམ་པ་འམ་འཆི་བར་འགྱུ་རོ།། ནག་པོ་ཆེན་པོ་རྐང་པ་གཡོན་པས་མནརན་ཏེ། སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་།། གལ་ཏེ་མ་འོངས་ན་སྐད ་ཅིག་ང་ཉིད་ལ་འཆི་ཞིང་རང་གི་རིགས་རྒྱུད་ཕུང་བར་འགྱུར་རོ།། ལྷ་ནག་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་མདག་གཞུག་པར་འགྱུརརོ།། གདོང་བཞི་པ་ཕྱུག་པོའི་ཁང་པར་སོང་སྟེ། ་རང་པ་གཡོན་པས་མནན་རས་ཁྲི་ཕྲག་བཟླས་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་།། གལ། མ་འོངས་ན་རིགས་དང་བརྒྱུད་བརླག་པར་འགྱུརརོ།། རྣམ་པ ་ཐད་ཀྱིས་གཡོག་འཁོར་དུ་འགྱུར་ལ། རྒྱབ་ཏུ་ཞོན་ནས་མབོ་རི་སུ་ཡང་ཁྱེའོ།། པང་པ་ན་གནས་པ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལན་བཟང་པོ་སྟེར། ་བཅོམ་ལྡན་འདས་དཔལ་རྡོ་རྗེའི་འཆང་གིས་དེ་སྐད་ཅེས་གསུང་སོ།། འབྱུང་པོ་འལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མངག་གཞུག་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོགསོ།། ་དེ་ནས་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ།། འཇིག་རྟེན་གསུམ་གྱིས་ཕྱ་བ་བྱས་པའི་བྲན་མོ་སྒྲུབ་པའི་ཐབས་ཁྲོ་བོ་ཉིད་ཀྱིས་མི་རྣམས་ལ་ཕན་པའི་དོན་དུ་གསུངས་པ ་དངོས་གྲུབ་ཀྱི་མཆོག་རྒྱས་པར་བཤད་པར་བྱ་སྟེ། ལ་ལོ་ཅན་དང་། སྡིག་པ་བྱེད་པ་དང་། བརྫུན་དུ་སྨྲ་བས་ཀྱང་འགྲུབ་པར་བྱེད་དོ།། ཚུལ་ཁྲིམས་དང་ལྡན་པ་དང་། ཟང་ཟིང་སྤངས ་བ་དང་། ཚངས་པར་སྤྱོད་པ་ལ་རྟག་ཏུ་གནས་པ་དང་། རྟག་ཏུ་ཁྲོ་བའི་བཟླས་པ་ལ་གནས་པས་འབྱུང་མོ་དང་། ཀླུ་མོ་དང་། གནོད་སྦྱིན་མོ་སྒྲུབ་པར་འདོད་ན ་སྔགས་ཀྱི་ཚོགས་ཀྱིས་དགུག་པ་ལ་སྦྱར་བར་བྱའོ།། ལྷ་མོ་ཨུམ་སྒྲུབ་པར་བྱེད་པ་རྣམས་ལ་ཕན་པའི་དོན་དུ་བསྙེན་བཀུར་མར་བཤད་པའོ།། དང་པོར་བསྒྲུབ་པར་བྱི་ཞིང་དེའི་འོག་ཏུ་དངོས་གྲུབ་ཀྱི ་མཆོག་བཟང་པོ་རིག་འཛིན་དང་། ཕྱོགས་ཀྱི་བདག་པོ་དང་། ནོར་གྱི་ཆ་དང་། གཏེར་ཆེན་པོ་དང་། ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པ་དང་། གནོད་སྦྱིན་མོའི་སྒྲུབ་པ་དང་། ཤ་ཟ ་མོ་དང་། ས་ལ་འཇོམས་མ་ལ་སོགས་པ་གསུ་ངས་པ་རྣམས་འགྲུབ་སྟེ། སངས་རྒྱས་ཉིད་ཀྱང་འགྲུབ་ན། ཐ་མལ་པ་འབྱུང་མོ་བྲན་དུ་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོ་ས་ཏེ། དེའི་མོད ་འགྲུབ་པར་འགྱུརརོ།། འབྱུང་པོ་འདུལ་བྱེད་ཀྱི་རྒྱུ་ད་ཆེན་པོ་ལ་ནི་སྒྲུབ་པ་པོ་རྟག་ཏུ་ཁྲོ་བོའི་ཟློས་པ་ལ་གནས་ན་སློབ་དཔོན་ལ་སྨོད་པ་དང་། ལྔ་ཐམས་ཅད་སྨོད་པ་དང་། དམ ་པའི་ཚེ་སྤོང་བ་དང་། ཐམས་ཅད་དུ་དམ་ཚིག་ཉམས་པ་དང་། མེད་པ་དང་། སྔགས་དང་རྒྱུད་སྤངས་པས་ཀྱང་གལ་ཏེ་འདོད་ན་ངེས་པར་དེའི་མོད་ལ་མྱུར་དུ་འགྲུབ་པར་འགྱུར་བར་ཁྲོ་བོ་ཉིད ་ཀྱིས་གསུང་སོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོས་འདི་སྐད་ཅེས་གསུང་སོ།། དེ་ནས་འདིར་མཆོག་ཏུ་གསང་བ་ཆེན་པོ་འབྱུང་བ་འདུལ་བའི་རྒྱུད་ཀྱི་རྒྱལ་པོའི་སྒྲུབ ་བའི་ཐབས་གསུངས་པ། དང་པོ་རེ་ཤིག་བཀླགས་པ་ཙམ་གྱིས་འགྲུབ་པར་བྱེད་པ་བྲན་པོ་དང་། བྲན་མོ་ཐང་སྒྲུབ་པར་བྱེད་པ། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་མྱུར་དུ ་འགྲུབ་པར་བྱེད་པ། དོན་ཡོད་ཅིང་འགེགས་འཇོམས་ལ་གྲུབ་པར་བྱེང་པའི་སྔགས་ཀྱི་ཚིག་རྣམ་སོ།། ཨོཾ་ཧཱི་ཧཱུཾ་ཀ་ཊུ་ཀ་ཊ། ཆེ་གེ་མོ་ཧཱུཾ་ཧཱུཾ་ཧཱུཾ་ཛ། ཁྲོ་བོ་འདི་དང་བཅས་པས་བརྒྱད་བརྒྱ ་བཟླས་པ་ཙམ་གྱིས་མྱུར་དུ་འོང་སྟེ། ཐང་བན་དང་བྲན་མོར་འགྱུར་རོ།། གོགལ་ཏ་མ་འོངས་ན་སྤྱི་བོ་འགས་ཤིང་བསྐམས་ཏེ་འཚ་ལ། རིགས་དང་རང་གི་རིགས་བརྒྱད་བརླག་པར་འགྱུར་རོ།། ལྕུ ་མོའི་གཟུགས་བ་ལང་གི་གིའུ་ཝང་གིས་དྲིས་ཏེ། རྐང་པ་གཡོན་པས་མནན་རས་སྟོང་ཕྲག་བརྒྱད་བཟླས་ན་སྐད་ཅིག་དེ་ལ་ཀྱེ་མཀྱེ་མ་ཞེས་ཟེར་ཞིང་འོང་སྟེ། འགུམ་མོ་འགུམོ། ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་ཟེརའོ།། སྒྲུབ་པ་པོས་ཀྱེ་འབྱུང་མོ་བདག་གི་ཁོལ་མོ་གྱིས་ཤིག་ཅེས་སྨྲས་ན་དེ་ཁོལ་མོའི་ལས་བདེ་བྱེ་།། གྲོ་བའི་ཤུན་པ་ལ་བ་ལང་གི་གེའུ་ཝང་གིས ་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་ནདོའི་མདོ་ལ་འོང་ངོ་།། གལ་ཏེ་དེའི་མང་ལ་མ་ལོས་ན་ཉུངས་ཀར་གྱིས་ཁ་ལ ་བསྣུན་ཅིང་སྒྲ་ཆེན་པོས་བསྒྲལ་ན་འབྱུང་མོ་དེ་རིམས་དྲག་པོས་འཆིའོ།། ཕྱིར་གསོ་བ་ནི་མར་དང་སྦྲང་རྩི་ཁར་བཅུག་ན་སླར་འཚོའོ།། འབྱུང་མོ་འདྲིས་བྲམ་མོའི་ལས་བྱེད་ཅིང་སྨྲ ་པ་པོ་བདག་ཉིད་དང་གསུམ་ལཾ་གོས་དང་རྒྱན་དང་། གཟའ་བ་ཉི་མ་རེ་རེ་སྭ་རོ།། གཙུག་ལག་ཁང་གི་སྒོར་སོང་སྟེ་སྟོང་ཕྲག་བརྒྱས་བཟླས་ན་འདས་པ་གླང་མའི་བློ་གྲོས་ཞེས་བྱ་བའི ་མོ་འོང་སྟེ། འོངས་པ་ལ་གཏོར་མ་བྱིནར་སྔགས་པ་ངས་ཅི་བྱ་ཞེས་སྨྲའོ།། མ་གྱིས་ཤིག་ཅེས་བསྒོ་ན། མ་དང་འདྲ་བར་ཡོངསུ་སྐྱོང་ཞིང་བདག་ཉིད་དང་ལྔ་ལ་གོས་དང་། རྒྱན་དང་། ་བཟའ་བ་ལ་སོགས་པ་སྟེ་རོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བྲན་མོ་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོག་སོ།། །། དེ་ནས་མཆོག ་ཏུ་གསང་བ་ཤིན་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤང་པར་བྱ་སྟེ། དབུལ་པོ་རྣམས་ལ་ཕན་པའི་དོན་དུ ་དངོས་གྲུབ་ཀྱི་སྒྲུབ་པའི་ཐབས་ཁྲོ་བོ་ཉིད་ཀྱིས་གསུངས་པའོ།། དེ་ལ་འབྱུང་མོ་རྣམས་ཀྱི་མིང་བཤད་པ། རྒྱན་ཅན་མ་དང་། རྣ་ཅན་མ་དང་། དོ་ཤལ་ཅན་མ་དང་། སེང་གེ་མ་དང་། རྒོད ་བྱེད་མ་དང་། གར་བྱེང་མ་དང་། དགའ་བ་མ་དང་། དོང་བའི་དབང་ཕྱུག་མ་དང་། ལྷ་མོས་རྣམ་སོ།། འབྱུང་མོ་བརྒྱད་པོ་རྣམས་ཆུང་མར་དོན་དུ་གཉེར་རམ། མར་གཉེར་རམ། ཡང ་ན་སྲིན་པོར་གཉེར་ན། སྒྲུབ་པ་པོ་ཤིང་གཅིག་པར་སོང་སྟེ། མཚན་མོ་དང་ཉིན་མོ་དུས་གསུམ་དུ་སྟོང་ཕྲ་ག་བརྒྱད་བཟླས་ནས་བཟླས་པའི་མཐར་མཆོད་པ་ཆེན་པོ ་བྱས་ནས་གུ་གུལ་གྱིས་གདུགུས་པ་བྱིན་ཏེ་བཟླས་ན་ངེས་ནས་ནམ་ཕྱེད་ཀྱི་དུས་སུ་རྒྱན་ཅན་མ་ངེས་པར་འོངོ་།། འོངས་པ་ལ་ཙན་དན་གྱི་ཆུའི་ཡོན་ཆབ་བྱོན་ན་དགའ་བར་འགྱུར།། མ་དང ་སྲིང་མོ་དང་ཆུང་མར་འགྱུར་ཏེ། གང་མངོན་པར་འདོད་པ་དེ་སྨྲ་བར་བྱའོ།། གལ་ཏེ་མར་གྱུར་ན་ནི་འཁོར་བརྒྱད་བརྒྱའི་གོས་དང་། རྒྱན་དང་བཟའ་བ་ལ་སོགས་སྟེ་རོ།། གལ་ཏེ་ཆུང་མར ་གྱུར་ན་ནི་དོང་ཆེ་སྟོང་སྟེ་སྟེར་ཞིང་། དངུལ་ཆུ་དང་བཅུད་ཀྱི་ལེན་སྟོར་རོ།། གལ་ཏེ་སྲིང་མོར་གྱུར་ན་ནི་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད ་ཀྱིས་ལེན་སྟེར་ལ། ལྷའི་གཏེར་སྟེར་རོ།། མཚན་མོར་དུར་ཁྲོད་དུ་སོང་སྟེ་ཁྲི་བཟླས་པའི་མཐར་རྣ་ཆ་དང་། ངོ་ཤལ་ཅན་གྱི་འབྱུང་མོ་ངེས་པར་འོང་ངོ་།། འོངས་པ་ལ་ཁྲག་གི་མཆོད་ཡོ། ་བྱིན་ན་དགའ་བར་འགྱུརརོ།། མ་གྱིས་ཤིག་ཅེས་བསྒོ་ན་མ་དང་འདྲ་བར་ཡོངསུ་སྐྱོང་བར་བྱེད།། མཚན་མོ་ལྷ་ཁང་སྟོང་པར་སོང་སྟེ་ཁྲི་བཟླས་ན་འབྱུང་མོ་དོ་ཤལ་ཅན་མྱུར་དུ་འོང་།། ་འོངས་པ་ལ་ཆགས་པ་སྤྱད་ན་ཆུང་མར་འགྱུརརོ།། འགྲོ་བ་བཅུ་གཉིས་ཡོངསུ་སྤྱོང་པར་བྱེད་ཅིང་དོང་ཚེ་ཉི་ཤུ་རྩ་ལྔ་དང་རས་ཟུང་ཅིག་སྟེའོ།། དེ་ནས་སེངྒེ་མའི་སྒྲུབ་བབས་བཤད་པ ་མཚན་མོ་ལིང་ག་གཙིགས་པར་སོང་སྟེ་ཁྲི་བཟླས་ན་རང་ཉིད་འོངས་ཤིང་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྣ་ཞིང་། སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་སྒོན་ལྔའི ་དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་ད་རྩེ་བརྒྱན་དང་རས་ཟུང་གཅིག་སྟེ་རོ།། དེ་ནས་རྒོད་བྱེད་མའི་སྒྲཿཐབས་བཤད་པ། ཕྱག་ན་རྡོ་རྗེའི་ཁང་པར་སོང་སྟེ་ཕྱག་ན ་རྡོ་རྗེ་དང་ཉེ་བར་མདབ་མ་ལ་དྲིས་ལ། ཀར་བི་རའི་མེ་ཏོག་བྱིན་ཏེ། ནམ་ཕྱེད་ཀྱི་བར་དུ་བཟླས་ན། རང་ཉིད་རྡོ་རྗེ་འཆང་གི་ཁྱིམ་དུ་རིམ་པར་འོང་ངོ་།། འོངས་པ་ལ་ཙནྡ་ཆུའི་མཆོད་ཡོན ་བྱིན་ན། ཀྱེ་སྒྲུབ་པ་པོས་བཀའ་ཅི་སྩོལ་ཞེས་སྨྲའོ།། སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བརྗོད་ན་རྟག་ཏུ་རྗེ་སུ་འབྲང་ཞིང་རས་དང་། རྒྱན་དང་། བཟའ་བ་ལ ་སོགས་པ་སྟེར་རོ།། དེ་མ་ལུས་པ་ཟད་པར་བྱས་ཏེ། གལ་ཏེ་ཅུང་ཟད་བཞག་ན་ཕྱིས་འབྱུང་བར་མི་འགྱུརརོ།། མཚན་མོ་གཞལ་ཡས་ཁང་བསྐྲད་པར་བྱེད་དོ།། དེ་ནས་གར་བྱེད་མའི། ་སྒྲུབ་པའི་ཐབས་བཤད་པ། ཆུབ་འདུས་པའི་འགྲམ་དུ་སོང་སྟེ། བརྒྱད་སྟོང་བཟླས་ནས་ཉི་མ་བདུན་ན་མཆོད་པ་ཆེན་པོ་བྱས་ལ་ཉི་མ་ཤར་བ་ཙམ་གྱིས་བཟླས་པ ་རྫོགས་པར་བྱ་སྟེ། ཙནྡྲ་གྱི་བདག་པ་བྱིན་ནས་ཡང་བཟླས་ན་ནམ་ཕྱེད་ཀྱི་དུས་ན་ངེས་པར་འོང་ངོ་།། འོངས་པ་ལ་འདོད་པས་ལོང་སྤྲད་ན་ཆུང་མར་འགྱུརརོ།། ལྷའི་གསེར་སྲང་བརྒྱ་མལ ་དུ་དོར་ནས་ཐོ་རངས་ཀྱི་འགྲོའོ།། དེ་བཞིན་དུ་ཉི་མ་རེ་རེར་རྟག་ཏུ་གནས་པར་འགྱུ་རོ།། དེ་ཡང་མ་ལུས་པར་ཟད་པར་བྱས་ཏེ། གལ་ཏེ་ཆུང་ཟད་ལུས་ན་ཕྱིན་ཆད་འབྱུང་བར་མི་འགྱུར།། དེ ་ནས་བྲན་མོ་ཆེན་མོ་སྒྲུབས་པའི་ཐབས་རྒྱ་ཆོ་ག་རྒྱས་པ་དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ། བཟླས་པ་ཙམ་གྱིས་རྟག་ཏུ་འགྲུབ་ཅིང་སྦྱིན་སྲེག་གི་ལས་མི་དགོས་ལ། སྡོན ་དུ་བསྙེན་པ་བྱས་པས་ཕྱག་ན་རྡོ་རྗེས་ཇི་ལྟར་གསུངས་པ་ལྟར་སྐད་ཅིག་དེ་ལ་འགྲུབ་པའི་དགའ་བྱེད་མིའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་རང་གི་ཁྱིམ་སྒོར་བཅཝ ་ན་ཉི་མ་གསུམ་ན་ངེས་པར་འོ་།། བྲན་མོའི་ལས་བྱེད་ཅིང་ས་བོན་བདེ་དང་། ཞེང་གི་ལས་དང་། ཁྱིམ་གྱི་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ།། དེ་ནས་འདོད་པའི་དབང་ཕྱུག་མིའི་སྒྲུབ ་པའི་ཐབས་བཤད་པ། ཤིའི་ཟས་ཁྱེར་ཏེ། མ་མོའི་གནསུ་སོང་ནས་མཚན་མོ་ཉ་དང་ཤེས་བྱ་བ་བྱས་ཏེ་ལན་སྟོང་བཟླས་ནི་ཉི་མ་བདུན་ན་ངེས་པར་འོང་།། འོངས་པ་ལ་ཁྲག་གི ་མཆོད་ཡོན་བྱིན་ན། བདག་པོ་བཀའ་ཅི་སུལ་ཞེས་སྨྲ་བར་བྱེད་དོ།། སྒྲུབ་པ་པོས་ལྷ་མོ་ཆུང་མར་གྱུར་ཅིག་ཅེས་སྨྲས་ན་ཆུང་མར་འགྱུར་ཞིང་། རེ་བ་བདེ་སྐོང་ལེ་རྒྱལ་སྲིད་སྟེར་བར ་བྱུང་ངོ་།། དེ་ནས་ལྷ་མོའི་སྒྲུབས་པའི་ཐབས་བཤད་པ། མཚན་མོ་ལྷ་མོའི་ཁང་པར་སོང་སྟེ་སྟན་བཤམས་པ། ཙམ་ངན་དཀར་པོ་དང་། སྣ་མའི་མེ་ཏོག་གི་མཆོད་ཅིང་གུ་གུལ་གྱི་བ ་པ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་ངེས་པར་འོང་ངོ་།། འོངས་པ་ལ་མཁྱུད་པ་དང་། འོ་བྱས་པ་དང་། ཇི་ལྟར་དགའ་བ་འདོད་པ་བྱས་ན་ལྷ་མོ་གསེར་གྱི་མདོག་ཅན ་གཞོན་ནུ་མ་རྒྱན་ཐཾད་ཀྱིས་བརྒྱན་པ་ཆུང་མར་འགྱུརརོ།། དོང་ཆེ་བརྒྱད་དང་། རས་ཟུང་གཅིག་དང་། གནས་རྣམས་དང་། བཟའ་བ་བཟང་པོ་རྣམས་འཁོར་དང་བཅས་པ་ལ་སྟེ་རོ།། འ ་ཉིད་ཀྱིས་རྣམ་ཐོས་སྲས་ཀྱི་ཁང་པར་འདུག་ན། གསང་བའི་མཐའ་དང་། བཟླས་པའི་མཐའ་ལ་ཤིན་ཏུ་མྱུརབར་རྫས་བླངས་ནས་སྟེར་བར་བྱེད་དོ།། བཅོམ་ལྡན་འདས ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངསོ།། བྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་བརྒྱད་ཀྱི་སྒྲན་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། ། དཔལ ་འཆང་ལ་ཕྱག་འཚལོ།། དེ་ནས་ཤིན་ཏུ་འདའ་བར་དཀའ་བའི་སྒྲུབ་པའི་ཐ་བས་ལྷ་ཆེན་པོ་ཐམས་ཅད་གསོད་པར་བྱེད་པའི་སྔགས་ཀྱི་ཆོ་ག་གསུངས་པ། ཨོཾ་ཧ་ན་ཧ་ན། སརྦ་མཱར ་ས་བཛྲ་ཛྭ་ལེ་ཧཱུཾ་ཕཊ།། དེ་ནས་འདི་བཤད་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་རྣོན་པོ་འབར་བའི་ཕྲེང་བ་འཁྲུགས་པས་གང་བར་གྱུར་ཏོ།། ཧཱུཾ་ཧ ་ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྔ་བདེ་དང་། རིག་འཛིན་དུ་མ་དང་། ཀླུ་དང་། གནང་སྦྱིན་དང་། ་འབྱུང་པོ་དང་། ཡི་དགས་དང་། ལྷའི་བུ་མོ་དང་། ཤ་ཟ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ན་མཁའ་ལྡིང་རྣམས་དུམ་བུ་བརྒྱར་བྱས་ཏེ། དགུ ་པར་འགྱུརརོ།། དེ་ནས་བྱང་ཆུབ་སེངའི་སེདེའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེདེའི་དཔག་ཏུ་མེད་པ་ཡང་འཁོར་དེར་འདུས་པ་རྣམས་ངོ་མཚར་དུ་གྱུར་ཏེ། ་འདི་སྐད་ཅེས་སྨྲས།། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཆ། མ་འོངས་པའི་དུས་ན། བདུག་པ་དང་། ལྷ་ཐམས་ཅད་ཚར་གཅོད་པ་ནི་ལེགསོ་ལག་སོ།། དེ་ནས་ལྷའི་བུ ་རྣམས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་དེ་དཔལ་རྡོ་རྗེ་འཆང་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རང་གི་སྙིང་པོ་ཕུལ་བ། ཨོཾ་ཤྲཱི་ཟླ་བའི་ལྷ་མའིའོ།། ཨོཾ་ཤྲཱི་ཐོག་ལེ ་མཆོག་མིའོ།། ཨོཾ་ཤྲཱི་གསེར་གྱི་ཕྲེང་བ་མིའོ།། ཨོཾ་ཤཱི་འཁྱིལ་བའི་ཕྲེང་བ་མིའོ།། ཨོཾ་ཧཱུཾ་རིན་ཆེན་ཕྲེང་བ་མིའོ།། ཨོཾ་ས་རྩོམ་པ་མོའིའོ།། ཨོཾ་སྲུང་བྲང་ན་གནས་པ་རིའོ།། ཨོཾ ་དཔལ་རྒྱན་མོའོ།། དེ་ནས་ལྷའི་བུ་མ་བརྒྱད་ཀྱིས་དངོས་གྲུབ་ཀྱི་སྒྲུབ་པ་ཐཾད་ཀྱི་ཆོ་ག་བཤད་པ། རིའི་རྩེ་མོ་ལ་སོང་སྟེ་འབུམ་བཟླས་ན་འགྲུབ་པར་འགྱུརརོ།། དེ་ནས་ཟླ་བ་ཉ་བ་ཅི་ལྟར་འབྱོར་པའི་མ ་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་ཐོག་ཐག་བཟླས་ན་ཐོ་རངས་ལྷ་མོ་རང་ཉིད་འོང་།། འོངས་པ་ལ་ཙནྡ་གྱི་ཆུའི་མཆོད་ཡིན་བྱིན་ན་དགའ་ཚིག་སྨྲ་བར་བྱེད།། སྒྲུབ་པ་པོས་བད། ་གོ་ཆུང་མ་གྱིས་ཤིག་ཅེ་སྨྲས་ན་དངོས་གྲུབ་ཀྱི་རྫས་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་ལ་སོགས་པ་སྟེརོ།། དེ་བཅུད་ཀྱིས་ལེན་གྱིས་ནི་ལོ་སྟོང་འཚོའོ།། དེ་ནས་ཐིག་ལེ་མཆོག་མའི་སྒྲུབ། ་ཐབས་བཤད་པ། ཙནྡ་དང་། འོ་མའི་ཟས་ཀྱིས་ཁྲི་བཟླས་ནས་ཉི་མ་བདུན་ན་མཆོད་པ་རྒྱས་པར་བྱ་སྟེ། ཡར་གྱི་ངོའི་ཆས་བརྒྱད་ལ་རིའི་རྩེ་མོར་སོང་ལ་མཚན་འོག་ཐག་བཟླས་ནའོ ་རངས་ངེས་པར་འོང་སྟེ། ཅུང་ཟད་རྒོད་པས་ཆགས་པ་བྱས་ནས།། མདུན་དུ་སྡོང་ངོ་།། མཁྱུད་པ་དང་འོ་བྱས་ཤིང་དགའ་བས་ཆགས་པར་བྱས་ནས་འདི་ལྟར་འགྲུབ་པར་འགྱུར་ཏེ། གང་འད ་བ་དེ་སྟེར་ཞིང་། རྒྱབ་ཏུ་ཞེ་ནས་མཐོ་རསུ་ཡང་འཁྱེར་བར་བྱེའོ།། གཞན་ཡང་རྒྱལ་སྲིད་སྟེར་བར་བྱེའོ།། དེ་ནས་གསེར་གྱི་ཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ཆུ་བོ་འདུས་པའི་འགྲམ ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱ་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། གུ་གུལ་གྱི་བདུག་པ་བྱོན་ནས་མཚན་ཐོག་ཐག་བཟླས་ན་དེའི་ཐ་རངས ་ངེས་པར་འོང་ས། འདོད་པ་བང་སྦྱིན་པར་བྱེད།། དེ་ནས་འཁྱིལ་བའི་ཕྲེང་བ་མོའི་སྒྲུབ་པའི་བབས་ཀྱི་ཚིག་རྒྱས་པར་བཤད་པ། ཆེས་གྲངས་མི་དགོས་ཤིང་རྒྱུ་སྐར་ཡུང ་དགོས་ལ།། སྨྱུང་བ་ཡང་མི་དགོས་པར་འགྲུབ་པར་བྱེད་པ་སྟེ།། རིའི་རྩེ་མོར་སོང་སྟེ་ཁྲི་བཟླས་ན། དེ་ནས་ཕྱེད་ན་ངེས་པར་འོང་།། ཆུང་མར་གྱུར་ལ་དོང་ཆེ་སྟོང་སྦར་ཞིང་། དངུལ་ཆུ་དང་། བཅུད་ཀྱིས ་ལེན་དང་། གྲུབ་པའི་རྫས་སྟེརོ།། དེ་ནས་རིན་ཆེན་ཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ། ཟླ་བ་གཅིག་ཏུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཟླ་བ་དེའི་ཐ་མ་ལ ་ཟླ་བ་ཉིའི་བར་དུ་བཟླས་ན་ནམ་བྱེད་ན་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་།། འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན། ལྷ་མོ་ལེགས་པར་འོངས་སམ་ཞེ་སྨྲས་ན་བདག་པོ་བདགས ་ཅི་བྱ་ཞེས་ཟེར་སྟེ། སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན། ཆུང་མའི་ལས་བྱེད་ཅིང་ལྷ་མོས་འདོད་པ་སྦྱིན་པར་བྱེད་དོ།། ལོ་སྟོང་འཚོ་བར་བྱེའོ།། ་ནས་རྩོམ་པ་མོའི་སྒྲུབ་པའི་ཐབས་བཤད་པ། ཚི་ས་གཅིག་ལ་བརྩམས་ཏེ་མཆོད་པ་བྱས་ནས་ཙནྡ་གྱི་ཆུས་དཀྱིལ་འཁོར་བྱས་ཏེ། གུ་གུལ་གྱི་བདུག་པ་སྦྱིན་ཞིང་དུས་གསུམ ་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཤིང་། ཟླ་བ་ཉ་བ་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་ནས་འོང་བར་འོང་།། གལ་ཏེ་མྱུར་དུ་མ་འོངས་ན་འཆི་བར་འགྱུར།། འོངས ་ན་ཆུང་མར་འགྱུར་ལ། དངུལ་ཆུ་དང་བཅུང་རྒྱས་ལན་སྟེར་ཞིང་ཅི་ལྟར་འདོད་པས་ཆགས་པར་བྱེད་ལ་ལོ་ཁྲི་འཚོའོ།། གང་གི་ཚེ་འིཆ་བ་ན་རྒྱལ་རིག་སུ་སྨྲའོ།། དེ་ནས་བྲང་ནགས ་བའི་སྒྲུབ་པའི་ཐབས་བཤད་པ་མཚན་མོའི་ལྷའི་ཁང་པར་སོང་སྟེ། ཙནྡ་གྱི་བདུག་པ་སྦྱིན་ཞིང་ཁྲི་ཁྲིབ་ཟླས་ནས་ཟླ་བ་དེ་འདས་པ་དང་། ཇི་ལྟར་འབྱོར་པའི་མཆོད་པ ་ནས་མཚན་ཐོག་ཐག་བཟླས་ན་པོ་རངས་མྱུར་དུའོང་།། འོངས་པ་ལ་མེ་ཏོག་སྟན་སྦྱིན་ཞིང་ལེགས་པོར་འོངསོ་ཞེས་བརྗོད་ན་སྒྲུབ་པ་པོ་བཀའ་ཅི་སུལ་ཞེས་ཟེར།། སྒྲུབ་པ་པོས་ཆུང་རྩ ་གྱིས་ཤོག་ཅེས་སྨྲས་ནས་དངུལ་ཆུ་དང་། བཅུད་ཀྱིས་ལན་དང་། དངོས་གྲུབ་ཀྱི་རྫས་སྟེར་རོ།། གཞན་གྱི་བུད་མེད་ལ་མངོན་པར་བགྲོད་པ་སྤང་བར་བྱ་སྟེ། ལོ་སྟོང་ཕྲག་ལྔ་འཚལ།། ་མཚན་མོ་གཅིག་གཙང་སྦྲ་བྱས་ཏེ། ཁྲོ་བའི་མདབ་མ་ལ་གུར་གུར་གྱིས་དཔལ་གྱིས་རྒྱན་ཅན་བྲིས་ཏ་ཙནྡ་གྱི་བདུག་པ་སྲེག་ཅིང་བཟླས་ལ་ཟླ་བ་དོའི་ཐ་མ་ལ་མཆོད་པ་རྒྱ་ཆེ ་བྱས་ཏེ། རེ་ཤིག་བཟླས་ན་ནམ་བྱེད་ན་ངེས་པར་འོང་།། འོངས་པ་ལ་མྱུར་དུ་ཆགས་པར་བྱས་ན་དགའ་བར་འགྱུར་ཏེ། དབྱིག་དང་། གསེར་དང་མུ་ཏིག་ལ་སོགས་པ་སྟེརོ།། ཉི་མ་རེ་རེ་ཟས ་བཟང་པོ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར་བྱེདའོ།། བཅོམ་ལྡན་འདས་ཀྱིས་གསུང་སོ།། ལྷའི་བུ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བ་བའི ་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུང་སོ།། གལ་ཏེ་ལྷའི་བུ་མོ་རྣམས་མ་གྲུབ་ན་དེའི་ཚེ་འགྲོ་བ་འདི་དང་བཅས་ཏེ་བཟླས་པར་བྱའོ།། ཨོཾ་ཧྲཱིཿཱ་ཀཌྜྷྱ་ཨ་ཀནྡྷ། ཆེ་གེ་མོ་ཧཱུཾ་ཛཿ ་ཁྲོ་བོ་འདི་དང་བཅས་ཏེ་བཟླས་པ་ཙམ་གྱིས་སྤྱི་བོ་འགས་ཤིང་དུམ་བུ་བརྒྱད་ངུ་འཇིག། སྔགས་འདིས་བ་ཅིང་བར་བྱའོ།། ཨོཾ་བན་དྷ་བན་དྷ་ཧ་ན་ཧ་ནཽ། ཆེ་གེ་མོ་ཧཱུ~ཾ་ཕཊ ་སྔགས་འདིས་དབང་དུ་བྱའོ།། ཨོཾ་ཙལ་ལོ། ཆེ་གེ་མོ་ས་མ་ཡ་ན་ཡེ་ཧཱུཾ་ཕཊ། ལྷ་མོ་ཐང་སྒྲུབ་པའོ།། ནས་འདིར་ནི་མི་རྣམས་ལ་ཕན་པའི་དོན་དུ་ལྷ་མོ་བརྒྱད་ཀྱི ་ཕྱག་རྒྱ་རབ་ཏུ་བཤད་པར་བྱ་སྟེ། དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ། དཀོན་མཚ་གསུམ་ལ་གནས་པར་བྱེད་པ། སྔགས་བཟླས་པ་བདེ་བར་གྲུབ་པའི་ཕྱག་རྒྱ་ཁྲོ་བོ་ཉིད་ཀྱིས ་པ། རྒྱུད་རྣམས་ཀྱིས་ནང་ནས་མཆོག་ཏུ་གྱུར་པ་འབྱུང་པོ་འདུལ་བྱེད་ཀྱིས་གསུངས་པ་འདི་ཉིད་ལ་མྱུར་དུ་བདེ་བ་སྦྱིན་པའི་ལྷ་མོ་རྣམས་གྲུབ་པར་བྱེད་པ་བཟླས་པ་ཙམ་གྱིས ་འཐུང་མ་རྣམས་མ་དང་། སྲིང་མོ་དང་། དེ་བཞིན་དུ་ཆུང་མ་དང་བྲན་མ་སྒྲུབ་པར་བྱེད་པ་ཁྲ་བ་ཟློས་པ་རྣམས་འཇིག་རྟེན་འདིའི་བདེ་བ་སྦྱིན་བསྙེན་བཀུར་མར་སྒྲུབ་པའི་ཐབ་སོ།། ཁུ་ཚུར་སོ ་བཅངས་ཏེ། ལག་པ་གཉིས་ཀ་པདྨ་འཁོར་བའི་ཚུལ་དུ་བྱས། གུང་མོའི་སོར་མོ་ཁབ་ལྟར་བྱས་པ་བརྐྱང་བ་ནི་ལྷ་མོ་བརྒྱད་པའི་ཕྱོའོ་བད་བཐང་སྒྲུབ ་བར་བྱེད་པའོ།། ལག་པ་གཉིས་ཀ་སོར་མོ་གཅིག་གི་སྟེང་དུ་གཅིག་བསྐྱོན་པའི་སྦྱོར་བས་བཟུང་བ་ནི་ལྷའི་བུ་མོ་བད་དབང་དུ་བྱེད་པའི་ཕྱག་རྒྱ་སྟེ་ཉེ་བར་བྱུད་ཅིང་མངོན་དུ་ཕྱོགས ་པར་བྱེད་ལ། ཐང་དུ་འདོད་པ་སྒྲུབ་པར་བྱེད་པའི་ཕྱག་རྒྱའོ།། ལག་པ་གཉིས་ཀ་པདྨ་འཁོར་བའི་སྦྱོར་བས་བཟུང་བ་ནི་ལྷའི་བུ་མོ་ཐིང་རྨོངས་པར་བྱེད་པའི་ཕྱག་རྒྱ་སྟེ། བཅིངས་པ་ཙམ་གྱི ་སྐད་ཅིག་དེ་ཉིད་ལ་བྲན་མོར་འགྱུ་རོ།། ཨོཾ་སརྦ་ཨ་བ་ས་ར་ས་ར། ཨོཾ་ཨཱ་གཙྪ་ཧཱུཾ་ཛཿཛཿསྔགས་འདིས་ལྷའི་བུ་མོ་བདེ་བོད་པར་བྱེད།། ཨོཾ་སརྦ་སིདྡྷི་བྷོ་ག་ཤྭ་རི་སཱཧཱ། ! ་བར་བྱེད་པའི་སྔགས།། ཨོཾ་ཀཱ་མ་པྲི་ཡེ་སྭཱཧཱ། མངོན་དུ་བྱེད་པའི་སྔགས།། ཨོཾ་འཾ་ཧཱུཾ་ཧཱུཾ་ཧཱུཾ་ཛཿརྨ་ལྷའི་མོ་ཐམས་ཅད་རྨོངས་པར་བྱེད་པའི་སྔགས།། འཐུང་བ ་བའི་རྒྱུད་ཆེན་པོ་ལས་ལྷའི་བུ་མོ་རྣམས་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའའོ།། །། དེ་ནས་གནོད་སྤྱིར་མོ་ཐམས་ཅད་ལངས་ཏེ། དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་ཕྱག ་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨཱ་གཻ་ཙྪ་སུ་ར་སུ་ན་ད་རི་སྭཱ་ཧཱ། སྡུག་གུ་མཛེས་མིའོ།། ཨོཾ་མ་ནི་ཧ་རི་ན་མ་སྭཱ་ཧཱ།། ཡིད་འཕྲོག་མའིའོ།། ཨོཾ་ཀ་ན་ཀ་མེ་ཐུ་ན་པྲི་ཡཻ་སྭཱ་ཧཱ། གས ་ལྡན་མའི་འོ།། ཨོཾ་ཨཱ་གཙྪ་ཀཱ་མེ་ཤྭ་རི་སྭཱ་ཧཱ། འདོད་པའི་དབང་ཕྱུག་མིའོ།། ཨོཾ་ར་ཏི་པྲྀ་ཡེ་སྭཱ་ཧཱ། རྒན་མོའོ།། ཨོཾ་པདྨའི་ནཱི་ཡེ་སྭཱ་ཧཱ། པདྨ་མའིའོ།། ཨོཾ་ནརྟི་མ་ཧཱ་ཏི་ནི་སུ་རཱ་པ་མ་ཏི། ་། སྭཱ་ཧཱ། གར་བྱེད་མིའོ།། ཨོཾ་ཨ་ནུ་རཱ་གི་ནི་མཾ་ཐུ་ནི་སྭཱ་ཧཱ། རྗེསུ་ཆགས་མའི་འོ།། དེ་ནས་གནོད་སྦྱིན་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ།། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་ཆུ ་གུལ་གྱི་བདུག་པ་སྦྱིན་ཞིང་དུས་གསུམ་དུ་སྟོང་ཕྲག་ར་བཟླས་ན་ཟླ་བ་གཅིག་གི་ནང་དུ་ངེས་པར་འོང་།། འོངས་པ་ལ་ཙན་དར་གྱི་ཆུས་མཚད་ཡོན་བྱིན་ན་མ་དང་། སྲིང་མོ་དང་། ཆུང་མའི་ཝ ་བྱེད།། གལ་ཏེ་མར་གྱུར་ན་སེམསུ་དབྱུག་པར་མི་བྱ་སྟེ། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་། ཉི་མ་རེ་རེ་དོང་ཆ་སྟོང་སྟེ་རོ།། གལ་ཏེ་སྲིང་མོར་གྱུར་ན་ནི་གྲུབ་པའི་རྫས་དང་། དངུལ་ཆུ་རང ་བཅུད་ཀྱིས་ལེན་སྟེར་ཞིང་། ལྷའི་བུ་མོ་བཟང་པོ་བླངས་ནས་སྟེར་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲ་བར་བྱེད།། གལ་ཏེ་ཆུང་མར་གྱུར་ན། བསམ་པ་འང ་པར་བྱེད་ཅིང་ནོར་གྱི་བདག་པོ་ཆེན་པོ་བྱེད།། དེ་ན་ས་ཡིད་འཕྲོག་མའི་སྒྲུབ་པའི་ཐབས་བཤད་པ། ཆུ་བོའི་འགྲམ་དུ་སོང་སྟེ། ཙན་དན་གྱིས་མཎྜལ་ཉེ་བར་བྱུགས་ཏེ། མཆོད་པ ་ཤིན་ཏུ་ཆེན་པོ་བྱས་ན་ཨ་ཀ་རུའི་བདུག་པ་སྦྱིན་ཞིང་ཉི་མ་བདུན་དུ་ཁྲི་བཟླས་ནས་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། ནམ་ཕྱེད་ཀྱི་བར་དུ་བཟླས་ན་དེ་ནི་ངེས་པར་འོང་ངོ་།། ། ་གལ་ཏེ་མ་འོངས་ན་འཆི་བར་འགྱུ་རོ།། བཀའ་སྩོལ་ཅིག་ཅེས་སྨྲ་བར་བྱེད་ཅིང་དེས་བདག་གི་བྲན་མོ་གྱིས་ཤོག་ཅེས་བསྒོ་ན་འཁོར་བརྒྱད་བརྒྱའི་ཞལ་ལྔ་བྱེད་ཅིང་དོང་ཚེང་རྒྱུཉིམ ་རལ་སྟེར་སྟེ། དེས་ཀྱང་མ་ལུས་པར་ཟད་པར་བྱའོ།། གལ་ཏེ་ཅུང་ཟད་འཛེག་ན་ཕྱིན་ཆད་འབྱུང་བར་མི་འགྱུརརོ།། དེ་ནས་གསེར་ལྡན་མའི་སྒྲུབ་པའི་བབས་བཤད་པ།། བ་རུའི་རའི་ཤིང ་གནས་པར་སོང་སྟེ། ཉ་དང་ཤས་སྒྲུབ་ཅིང་། ཆང་ཡང་བྱིན་ནས་བདག་ཉིད་ཀྱང་བཏུང་ཞིང་། སྦགས་པར་གནས་པར་བཟླས་པར་བྱ་སྟེ་སྟོང་ཕྲག་རེ་རེ་བཟླས།། ་བཞིན་དུ་ཉི་མ་བདུན་པའི་མཚན་མོ་བསྒྲུབ་པར་བྱ་སྟེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཽཟླས་ན་ནམ་བྱེད་ན་རྒྱན་བད་ཀྱིས་བརྒྱན་ཏེ་འཁོར་བརྒྱད་ངརྒྱས་བསྐོར་ནས་རང་ཉིད་འོངོ་།། འོངས་པ ་ལ་ཆགས་པ་བྱས་ན་ཆུང་མར་འགྱུརརོ།། འཁོར་བཅུ་གཉིས་གོས་དང་། རྒྱན་དང་། བཟའ་བ་བཟང་པོ་རྣམས་ཉིན་ཅིག་བཞིན་དུ་སྟེར་ཞིང་དོང་ཆ་བརྒྱད་སྟེར་རོ།། དེ་ནས་འདོད་པའི་དབ ་ཕྱུག་མའི་སྒྲུབ་པའི་ཕབས་བཤད་པ། གྲོ་གའི་མང་བ་མ་ལ་བ་ལང་གི་ཝང་གི་གཟུགས་བརྙན་བྲིས་ཏེ་གཅིག་པུ་སྟན་ལ་འདགུ་ལ་སྟོང་ཕྲག་རེ་རེ་བཟླསོ།། དེ་ནས་ཟླ་བའི ་བ་མ་མཆོད་པ་རྒྱས་པར་བྱས་ཏེ། མར་གྱི། མར་མེ་ལ་རབ་ཏུ་སྦར་ནས་མི་སྨྲ་བར་གྱུར་པས་བཟླས་ན་མཿན་མོ་དེའི་བྱེད་ན་ངེས་པར་འོང་།། འོངས་པ་ལ་ཆགས་པས ་ལོ་སྤྱོད་ན་ཆུང་མར་འགྱུརརོ།། ལྷའི་རྒྱན་མལ་དུ་དོར་ཏེ་ཕོ་རངས་ཀྱིས་འགྲོ་བར་འགྱུར།། གཞན་གྱི་ཆུང་མ་ལ་མི་བགྲོད་པར་ཡང་བྱ་སྟེ། གལ་ཏེ་འགྲོང་ན་རྣར་འཇོམས་པར་བྱེད།། ང ་རྒན་མོ་སྒྲུབ་ཐབས་བཤད་པ། གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་མ། ལག་ན་ཨུད་པ་ལ་ཐོགས་པ། གཞོན་ནུ་མ་རས་ལ་རི་མོ་བྲིས་ཏེ་སྣའི་མེ་ཏོག་གིས་མཆོད་ཅིང ་གུ་གུལ་གྱི་བདུག་པ་བྱིན་ལ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཏེ། ཟླ་བ་ཐ་མ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱིས་མར་མེ་རབ་ཏུ་སྦར་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས ་། ནནམ་ཕྱེད་ན་ངེས་པར་འོང་ངོ་།། འོངས་པ་ལ་དགའ་བས་ཆགས་པ་བྱས་ན་ཆུང་མར་འགྱུརརོ།། སྒྲུབ་པ་པོ་འཁོར་དང་བཅས་པ་ཡོངསུ་སྐྱོང་བར་བྱེད་ཅིང་། ལྷས་འདོད་པར་བྱ་བའི་ཟས་དང་། ་དལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་ངོང་ཚེ་ཉི་ཤུ་རྩ་ལྔ་སྟེར་བར་བྱེད་།། དེ་ནས་པདྨ་མའི་སྒྲུབ་ཐབས་བཤད་པ། རང་གི་ཁྱིམ་དུ་མགོའི་གར་སུ་ཙན་དར་གྱི་དཀྱིལ་འཁོར་བྱས་ཏེ་གུ ་གུལ་གྱི་བདུག་པ་སྦྱོར་ཞིང་ཟླ་བ་ཕྱེད་དུ་བཟླས་པ་བྱའོ།། དེ་ནས་ཟླ་བ་ཉ་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ་ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་རམ་བྱེད་ན་ངེས་པར་འོང་།། འོངས་པ ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། ལྒ་མོས་འདོད་པ་སྟེར་ཞིང་དངུལ་ཆུང་བཅུད་ཀྱིས་ལེན་སྟེར་བར་བྱ་།། དེ་ནས་གར་བྱང་མའི་སྒྲུབ་བབས་བཤད་པ། ཨ ་ཀའི་ཤིང་གི་རྩར་ཡོང་སྟེ་བསྒྲུབ་པར་བྱའོ།། ཤིའི་བཟའ་བ་དང་། སྤོས་དང་། དྲི་དང་། མེ་ཏོག་སྦྱིན་ཞིང་སྟོང་ཕྲ། ག་བརྒྱད་བཟླས་ན་ཟླ་བ་གཅིག་གིས་ནང་དུ་ངེས་པར ་འོང་།། མདོར་བསྡུས་ན་འོངས་ནི་མ་དང་སྲིང་མོ་དང་། ཆུང་མར་འགྱུར་རོ།། གལ་ཏེ་ཆུང་མར་གྱུར་ན་བཟའ་བ་དང་རས་ཟུང་རེ་དང་། དངུལ་ཆུ་དང་། བཅུད་ཀྱིས་ལན་སྟེར་ཞིང་དོང་ཆེ་བརྒྱད་སྔར ་བར་བྱེད་དོ།། གལ་ཏེ་མར་གྱུར་ན་བཟའ་བ་བཟང་པོ་དང་རས་ཟུང་སྟེར་ཞིང་ཞིང་གསེར་སྲང་བརྒྱུ་སྟེ་རོ།། གལ་ཏེ་སྲིང་མོར་གྱུར་ན་དཔག་ཚད་སྟོང་ནས་བུད་མང་བཟང་མོ་བླངས་ནས ་ར་ཞིང་གོས་དང་། རྒྱན་དང་། བཟའ་བ་བཟང་པོ་སྟེ་རོ།། དངུལ་ཆུ་དང་བཅུད་ཀྱིས་ལེན་ཡང་སྟེར་བར་བྱེད་།། དེ་ནས་སྲིང་མོ་སྒྲུབ་པའི་ཐབས་བཤད་པ། གུར་གུམ་གྱིས་གྲོ་གིའམད ་མ་ལ་གནོད་སྦྱིན་མོའི་གཟུགས་བྲིས་ཏེ་དེ་ནས་ཚེས་གཅིག་ནས་བརྩམས་ནས་སྤོས་དང་། མེ་ཏོག་དང་། མར་མེ་སྦྱིན་ཞིང་དུས་གསུམ་དུ་བཟླས་པ་བྱས་ནས ་ཟླ་བ་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ་མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་པོ། འོངས་པ་ལ་འདོད་པས་ལོང་སྤྱད་མ་ཆུང ་མར་འགྱུརརོ།། ལྷའི་དོང་ཚེ་སྟོང་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལན་སྟེར་ཞིང་ལོ་སྟོང་འཚོའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གནོད་སྦྱིན་མའི་སྒྲུབ་པའི ་ཐབས་ཀྱི་ཆོ་ག་རྒྱས་པའི་ལའུའོ།། །། དེ་ནས་གསང་དབ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངསོ།། གལ་ཏེ་ངམ་ཚིག་ལ་མི་གནས་ན་ཁྲོ་བོ་འདི ་དང་བཅས་ཏེ་དགུག་པའི་ཕྱིར་བཟླས་པར་བྱའོ།། ཨོཾ་དྷཱཿ། ཊུཀྐ་ཊུ་ཆེ་གེ་མོ་ཡཀྵི་ཏི་ཧྲཱིཿཛཿཛཿཁྲོ་བོ་འདི་དང་བཅས་སྔགས་སྟོང་བཟླས་ན་མྱུར་དུ་འོང་ངོ་།། གལ ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་དེ་མ་ང་ལ་འཚོ་སྟེ། དམྱལ་བ་ཆེན་པོ་བརྒྱད་དུ་ལྷུང་ངོ་།། དེ་ནས་ཁྲོ་བའི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཁུ་ཚུར་སོར་བཅངས ་མཐེའུ་ཆུང་གཉིས་མཁྱུད་ནས་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་པ་འདི་ནི་ཁྲོ་བོའི་མི་ཕྱེད་པའི་ལྕགས་ཀྱུའི་ཕྱག་རྒྱའོ།། ཕྱག་རྒྱ་འདིས་འཇིག་རྟེན་གསུམ་ཡང་འགུགས་པར ་བྱེད་དོ།། དེ་ནས་གནོད་སྦྱིན་མོའི་ཕྱག་རྒྱ་བཤད་པ། གུང་མོའི་སོར་མོ་གཉིས་མི་མཉམ་པར་བྱས་ཏེ་སྲིན་ལག་རྣམ་པར་བརྐྱང་ཞིང་མཛུབ་མོ་གཉིས་སྦྱར་བར་བྱས་ནས། མཐའུ ་ཆུང་གཉིས་སྙིང་པོར་བྱས་པ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་རྩ་བའི་ཕྱག་རྒྱ་དམ་པ་སྟེ། འདི་བཅངས་པ་ཙམ་གྱིས་གནོད་སྦྱིན་མོ་ཐམས་ཅད་འོང་ངོ་།། ཕྱག་རྒྱ་འདི་ཉིད་ལ་མ ་བོང་གཡས་པས་བོད་པར་བྱའོ།། ཨོཾ་ཧྲཱིཿཱ་གཙྪ་ཨཱ་གཙྪ། སརྦ་ཡཀྵ་ཎི་སྭཱ་ཧཱ། བོད་པའི་སྔགསོ།། ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡོན་པས་སྔར་བཏོང་བར་བྱའོ།། ཨོཾ་ཡཀྵ ་ཨཱ་གཙྪ་གཙྪ་ཨཱ། ཆེ་གེ་མོ་ཡཀྵི་ནི། ཤཱི་གྷྲཾ་པུ་ན་རཱ་ག་ན་མ་ཡ་སྭཱ་ཧཱ། ཁུ་ཚུར་སོ་སོར་བཅངས་ཏེ་གུང་མོའི་སོར་མོ་རབ་ཏུ་རྐྱང་བ་ནི་གནོད་སྦྱིན་མོ་ཐམས་ཅད་མངོན་དུ་ཕྱོགས ་པར་བྱེད་པའི་ཕྱག་རྒྱའོ།། ཨོཾ་མ་ཧཱ་ཡཀྵི་བྷཱི་མེ་ཐུ་ན་པྲི་ཡཾ་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་བཅངས་ལ་མཐེའུ་ཆུང་བརྐྱང་སྟེ། བཀུག་པ་ནི་གནོད་སྦྱིན་མ་ཐམས་ཅད་ཉེ་བར་བྱེད་པའི་བྱབ ་རྒྱའོ།། ཨོཾ་ཀཱ་མ་བྷོ་གེ་ཤྭ་རི་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་བསྣོལ། ཏེ་ལག་པ།། གཉིས་མཛུབ་མོ་གཅིག་གི་སྟེང་དུ་ཅིག་བསྐྱོན་པ་འ་སྦྱོར་བ་བཞག་པ་ནི་གནོད་སྦྱིན་མོ་ཐམས ་ཅད་ཀྱ་དམ་ཚིག་གི་ཕྱག་རྒྱའོ།། ཀཱ་སྨོད་པའོ།། ཁུ་ཚུར་ཕན་ཚུན་བཅངས་ཏེ་མཛུབ་མོ་དང་། གུང་མོ་བརྐྱང་བཻ་རི་གནོད་སྦྱིན་མོ་ཐམས་ཅད་ཀྱི་བདུག་པ་དང་། མེ་ཏོག་དང་། དྲི་དང་། མ ་མེའི་ཕྱག་རྒྱའོ།། ཨོཾ་སརྦ་མནོ་ཧ་ར་པྲོ་ཡེ་སྭཱ་ཧཱ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། གནོད་སྦྱིན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས ་ཀླུའི་རྒྱལ་མོ་རྣམས་ལངས་ཏེ་འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གིས་ཞབས་ལ་སྤྱི་བོས་མངོན་པར་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨ། ཨོཾ་པུ། ཨ་མ། ་མུ་ཁི་ཕུ། ཤྲཱི་པུ་དཱ་སུ་ཁ་མུ་ཁི་པུ། ཨི་པུ་པདྨ་མ་ཎི་པུ། ཨ་ཕུ་མ་ཧཱ་པད་མ་ཎི་རུ། དྷི་པུ་ཀརྐོ་ཊ་མུ་ཁི་པྲ། ས་པུ་ཤང་ཁི་ནི་པུ། ཛུ་པུ་ཛ་ལ་མུ་ཁ~ཾ་ཕུ ་ཕུ་དུ་མ་མུ་ཁི་ཕུ། ཀླུ་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཀླུའི་ཁང་པར་སོང་སྟེ་འབུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུརརོ།། ཀླུ་མོ་རྣམས་དགའ་བར ་འགྱུར་ཞིང་ཀླུ་མོ་ཐམས་ཅད་ཚིག་པར་འགྱུར།། ཡར་དེའི་ཚེས་བགུལ་ཀླུའི་ཁང་པར་ཆུ་འབོགས་ཏེ། བདུག་པ་དང་། དྲི་དང་། མེ་ཏོག་དང་། འོ་མ་རྣམས་ཀྱིས་ཇི་ལྟར་བརྗོད་པའི་མཆོད ་པ་བྱས་ཏེ། དེ་ནས་ཀླུ་མོ་བརྒྱད་སྟོང་ཕྲག་རེར་བཟླས་མ་མྱུར་དུ་ཀླུ་མོའི་བུ་མོ་རྣམས་རང་གི་ཁྱིམ་ནས་འོང་ངོ་།། འོངས་པ་ལ་ལེགས་པར་འོངསོ།། ཞེས་བརྗོད་ཅིང་། བདག་གི ་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེར་དོང་ཚེ་བརྒྱད་དུ་རྒྱང་སོ་སོར་སྟེར་བར་བྱེད་དོ།། ཆེ་གེ་མོ་འཚོ་བར་ཤོག་ཤིག། ཆེ་གེ་མོ་སོང་ཅག་ཅེས་བྱ་བ་ལ་སོགས་པ ་ཐམས་ཅད་གྲུབ་པར་བྱེང་ངོ་།། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་འོ་མའི་བཟའ་བས་སྟོང་ཕྲག་བརྒྱད་བཟླས་མ། བཟླས་པའི་མཐར་ཀླུའི་བུ་མོ་བཟང་མོ་འོངསོ།། འོངས་པ་ལ་སྤྱི་བོར་མ ་ཏོག་སྦྱོར་ཞིང་ཆུང་མར་གྱིས་ཤིག་ཅེས་བསྒོ་བར་བྱའོ།། ལྷའི་བཟའ་བ་བཟང་པོ་དང་། དོང་ཚེ་ལྔ་ལྔ་ལི་མ་རེ་རེ་སྟེར་བར་བྱུང་ངོ་།། ཀླུའི་གནས་མཚན་མོ་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་བརྠ ་པའི་མཐར་སྐད་ཅིག་དེ་ཉིད་ལ་ཀླུ་མོ་སྤྱི་བོའི་ནང་ཆེན་པོ་དང་། ཚ་བར་གྱུར་པས་འོང་ཞིང་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། ཆུང་མར་གྱུར་ཅིག་ཅེས་སྨྲས་ན། བདག་ཉིད་དང་ལྔ་ལ ་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་ཞིང་ངོང་ཚེ་ལྔ་ལྔ་སྟེར།། མཚན་མོ་པདྨའི་ཚལ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ནཀླུའི་བུ་མོ་རྣམས་མྱུར་དུའོང་།། འོངས་པ་ལ་ཆགས་པ་བྱས ་ནཆུང་མར་འགྱུརརོ།། དོང་ཆེ་བརྒྱད་བརྒྱད་སྟར་ཏེ་ངེས་ཀྱང་མ་ལུས་པར་ཟང་བར་བྱའོ།། གལ་ཏེ་ཅུང་ཟད་འཇོག་ན་ཕྱིན་ཆད་འབྱུང་བར་མི་འགྱུརརོ།། མཚན་མོའི་ཆུ་བོ་འདུས་པའི་འགྲམ་དུས ་སྡེ། སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐའ་ལ་ཀླུའི་བུ་མོ་ངེས་པར་འ་།། འོངས་པ་ལ་གསེར་གྱི་པདྨའི་གདན་བྱིན་ཏེ་ལེགས་པར་འོངསོ་ཞེས་བརྗོད་ཅིང་བདག་གི་ཆུང་མ་གྱིས ་ཤིག་ཅེས་སྒོ་ན། ཉི་མ་རེ་རེ་གསེར་དང་སྲང་རེ་རེ་སྦྱོར་བར་བྱ་དོ།། མཚན་མོ་རྒྱ་མཚོ་ཆེན་པོར་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེ་ནམ་བཟླས་པའི་མཐའ་ལ་ཀླུའི་བུ་མོ་འང ་།། འོངས་པ་ལ་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒྲ་མདོང་ཆེ་གིཅིག་དང་རས་ཟུང་ཅིག་སྟེར་བར་བྱེད་དོ།། ཀླུའི་ཁ་དཔར་སོང་སྟེ།། ལྟེ་བ་ནུབ་ཙམ་དུ་ཆུར་ཞུག ་ཏེ་སྟོང་ཕྲག་བརྒྱད་བཟླས་ན་དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་འོང་ངོ་།། འོངས་པ་ལ་སྤྱི་བོར་མེ་ཏོག་བྱིན་ཏེ་ལེགས་པར་འོང་སོ་ཞེས་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྡུ ་ན་དོང་ཆ་བརྒྱད་དང་ལྷའི་ཟས་བཟང་པོ་སྟེར་བར་བྱེད་དོ།། མཚན་མོ་ཀླུའི་ཁང་པར་སོང་སྟེ་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རང་རྒྱན་ཐམས་ཅད་ཀྱིས་རྒྱན་ཏེ་ཀླུའི་བུ་མོ་སྐད་ཅིག་དེ ་ལ་འོང་ངོ་།། འོངས་པ་ལ་མེ་ཏོག་དང་ཙན་དར་གྱི་མཆོད་ཡོན་བྱོར་ཏེ་ལེག་སོ།། ཞེས་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྒོ་ན། ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། གྲུབ་པའི ་རྫས་སྟེར་ཞིང་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་ལ། རྒྱལ་སྲིད་སྟེར་བར་བྱའོ།། མཚན་མོ་ཀླུའི་གནསུ་སོང་སྟེ་ཁྲི་བཟླས་ན་ཀླུའི་བུ་མོ་ངེས་པར ་འོང་ངོ་།། གླུ་འོངས་པ་ལ་མྱུར་དུ་ཆགས་པར་བྱས་ནས་ཆུང་མ་གྱིས་ཤིག་བསྒོ་ན། ཉི་མ་རེ་རེ་དོང་ཆེ་བརྒྱད་དང་། ལྷའི་བཟའ་བ་བཟང་བ་དང་གོས་རྣམས་སྟེར་བར་བྱེད་ངོ་།། མཚན་མོ ་ཀླུའི་ཁང་པར་སོང་ལ་སྟོང་ཕྲག་བརྒྱད་བཟླས་ན། དེ་ནས་བཟླས་པའི་ཐ་མ་ཀླུའི་བུ་མོ་རིངས་པར་འོང་ངོ་།། འོངས་པ་ལ་ཀླུའི་མེ་ཏོག་སྤྱི་བོར་བྱིན་ན་ཆུང་མར་འགྱུར་ཞིང་། ལྷའི་རས ་དང་། རྒྱན་དང་བཟའ་བ་ལ་སོགས་པ་སྟེར་རོ།། དེ་ནས་ཀླུ་མོའི་དམ་ཚིག་གི་སྔགས་བཤད་པ། ཨོཾ་ཕུ། ཨཱ་གཙྪ་ནཱ་ག་ན་ཕྲེཾ། བོང་པའི་སྔག་སོ།། ཨེ་ཨོཾ་ཕུ། སྤོས ་དང་མེ་ཏོག་གི་སྔག་སོ།། ཨོཾ་ཕུ། ཨ་ཕུ། དྲི་དང་མཆོད་ན་གྱི་སྔག་སོ།། ཨ་ཕུ། ཨེ་ཕུ། ཧེ་ཕུ། བཾ་ཕུ། ཀླུ་མོ་བམས་ཅད་ཀྱི་དམ་ཚིག་གི་སྔགསོ།། ཕུ་ཨཱ་བཙྪ ་ཨཱ་གཙྪ། ཤཱི་གྷྲ་ཕུ་ནཱ་ཡ་སྭཱཧཱ།། སླར་བཏང་བའི་སྔག་སོ།། དེ་ནས་ཀླུ་མོ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ།། ཐལ་མ་མཉམ་པར་བྱས་ཏེ། སོར་མ་རྣམས་མགོ་བའི ་ཚུལ་དུ་སྦྱར་ལ་འཛུབ་མོ་ཁ་བསྒྱུར་བས་མཐེ་བོའི་སོར་མོ་བརྐྱང་བ་ནི་ཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ།། ལས་ཐམས་ཅད་བྱེད་ཅིང་གྲུབ་པའོ།། དགུག་པའི་ཕྱག ་རྒྱ་དང་། སླར་བཏང་བ་དང་། མཆོད་པའི་ཕྱག་རྒྱ་ནི་ཁུ་ཚུར་སོ་སོར་བཅངས་ཏེ། མཐེའུ་ཆུང་གི་སེན་མོ་མཐེ་བོས་མནན་ནས་སོར་མོ་ལྷག་མ་བརྒྱང་བ་ནི་ཀླུ་མོ་ཐམས་ཅད་ཀྱི་ཕྱག ་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ལས།། ཀླུ་མོ་རྣམས་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་རས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཁྲོ ་ཞིང་གསོར་ཏོ།། ཁྲོ་བོ་འདི་དང་བཅས་ནས་གསུངས་པ། ཨོཾ་བྷ་ར་ཎ་བཛྲེ་ཧཱུཾ་ཆེ་གེ་མོ་ནཱ་གི་ནི་ཨཱ་ཀཪྵ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ང་ནས་འདི་བཤད་པ་ཙམ་གྱིས་ཀླུ་ཐམས་ཅད་བརྒྱལ ་ཞིང་འགྱེལ་ཏེ། སྤྱི་བའི་ནང་ཆེན་པོས་ཤིའོ།། གལ་ཏེ་དམ་ཚིག་ལས་འདས་ན་ཁྲོ་བོ་འདི་དང་བཅས་ཏེ་བཟླས་པས་མྱུར་དུ་འཆི་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་འགྱུར ་ཞེས་དཔལ་རྡོ་རྗེ་འཆང་གིས་གསུང་སོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀླུ་མོ་རྣམས་སྒྲུབ་པར་བྱེད་བའིཆོ་ག་རྒྱས་པའི་ལའགྲོ།། དངས ་འཁོར་གྱི་དཀྱིལ་འཁོར་དེར་མི་འམ་ཙོ་མོ་དྲུག་ལངས་ཏེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྲིརྦ་ས་བཏུད་རས་རང་གི་སྙིང་པོ་ཕུལ་བ། ཨ ་མ་ནོ་ཧ་རི་སྭཱ་ཧཱ། ཨོཾ་སུ་བྷ་ག་སྭཱ་ཧཱ། ཨོཾ་བི་ཤཱི་ལ་མ་ཏྲི་སྭཱ་ཧཱ། ཨོཾ་སུ་ར་བྷི་པྲི་ཡེ་སྭཱ་ཧཱ། ཨོཾ་ཨ་ཤ་མུ་ཁི་སྭཱ་ཧཱ། ཨོཾ་བི་ཊ་ཀི་ར་མུ་ཁི་སྭཱ་ཧཱ།། ད་རས་མི་འམ་ཅི་མོ་དྲུག་གི་སྒྲུབ་པ ་བབས་ཀྱི་ཚིག་རྒྱས་པར་བཤད་པ། རིའི་རྩེ་མོ་ལ་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་མི་འམ་ཅི་མ་བཟླས་པ་རྫོགས་པ་དང་། མཚང་བ་ཤིན་ཏུ་ཆེར་པོ་བྱས་ཏེ། བ་ལང་གོ་ཤ ་དང་། གུ་གུལ་དང་ལྡན་པོའི་བདུག་པས་བདུག་ཅིང་ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་མ། ནམ་ཕྱེང་ན་ངེས་པར་འོང་སྟེ། ང་ལ་འཇིགས་པར་མ་བྱས་ན་ཀྱ་སྒྲུབ་པ་པོ་བཀའ་ཙ་སྩལ། ་ཅེས་སྨྲ་བར་བྱེང་ངོ་།། སྒྲུབ་པོས་ཀྱང་། ཀྱེ་བཟང་མོ་བདག་གི་ཆུང་མ་གྱིས་ཤིག་ཅེས་སྨྲས་ནས་རྒྱབ་ཏུ་ཞོན་ར་ལྷའི་འཇིག་རྟེར་དུ་འཁྱེར་བར་བྱེད་ཅིང་བཟ ་བ་བཟང་པོ་སྟེར་བར་བྱེད་དོ།། དེ་ནས་སྒྲུབ་པའི་ཐབས་ཕྱི་མ་བཤད་པ། རིའི་དྲུང་མ་གཙུག་ལག་ཁང་དུ་ཁྲི་བཟླས་ན་བཟླས་པའི་མཐའ་ལ་རང་ཉིད་འོང་ཞིང་། ལྷ་མོའི་ལག་པ ་འཇམ་པོས་རྐང་པ་ལ་ཉུག་པར་བྱེད་ཅིང་། མྱུར་དུ་ཆགས་པ་བྱས་ན་ཆུང་མར་འགྱུར་ཞིང་། དོང་ཚེ་བརྒྱད་དང་། གོས་ཟུང་ཅིག་སྟེར་བར་བྱེད།། ཆུ་བོའི་འགྲམ་དུ་སོང་ནས་ཁྲི་བཟླས ་ནས་ཡང་མཚན་ཐོག་ཐག་འདས་ནས་ནརངས་ངེས་པར་འོང་ངོ་།། འོངས་རས་ཆུང་མར་འགྱུར་ཞིང་འི་མ་རེ་རེ་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་ངོ་།། མཚར་མོ་ཆུ་བའི ་འདུས་པའི་འགྲམ་དུ་སྟོང་ཕྲག་བརྒྱད་བཟླས་ན། བཟླས་པའི་མཁའ་ལ་ངེས་པར་འོང་ཞིང་ལྟ་བར་བྱེད་དོ།། ཉི་མ་གཉིས་པ་ལ་མདུན་དུ་འཇུག་ཅིང་གཏམ་སྨྲ་བར ་བྱེད་ངོ་།། ཉི་མ་གསུམ་པ་ལ་ཆགས་པ་སྤྲད་ན་ངེས་པར་འགྲུབ་ཅིང་ཆུང་མའི་ལས་ཐམས་ཅད་བྱེད་ལ་དོང་ཚེ་བརྒྱད་དང་རས་ཕྲུགས་ཅིག་སྟེར་བར་བྱེད་དོ།། ཉིན་གཅིག་བཞིན ་དུ་རིའི་རྩེ་མོ་དང་ཤ་ཟེ་ཞིང་ཁྲི་ཁྲི་བཟླས་ནོ། ལྷ་མོའི་གཟུགས་ཀྱིས་མྱུར་དུ་འོངས་ཤིང་མདུན་དུ་སྡོད་དོ།། མཁྱུད་ཅིང་འོ་བྱས་ཏེ། མི་སྨྲ་བས་ཆགས་པ་བྱས་ན་ཆུང་མར་འགྱུར ་ཏེ། དོང་ཚེ་བརྒྱད་སྟོང་སྟེར་ཞིང་ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་བར་བྱེད་དོ།། འབྱུང་པོ་འདུལ་དེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མི་འམ་ཅིའི་བུ་མོ་སྒྲུབ་པའི་ཐབས་ཀྱིས ་ཆོ་ག་རྒྱས་པའི་ལེའུ།། ། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྱོད་ཚན་ཅིག། འཇིག་རྟེན ་གསུམ་གྱི་བདག་པོ་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ་མངག་གཞུག་མ་ལུས་པ་སྒྲུབ་པར་བྱེད་པ། མ་རུངས་པ་རྣམས་དང་། ལྷ་རྣམས་ལ་བསྟན་པར་བྱའོ།། དེ་ནས ་དབང་ཕྱུག་ཆེན་པོ་ལྷ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མི་བྱེད་པ་བསྟན་པ་འཇིག་རྟེན་གསུམ་གྱི་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ་སྒྲུབ་པའི་བབས ་ཀྱི་ཆོ་ག་རྒྱས་པའི་ལེའུ་དང་།། ། ཕྱག་རྒྱ་དང་། སྔགས་ཀྱི་རིམ་པར་ཕྱེ་བ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ན་གནས་པ་རྣམས་ཀྱིས ་ལྷ་ཆེན་པོ་ལ་ལེགས་ཞེས་བྱ་བ་བྱིན་ཏེ། ཤིན་ཏུ་གདུལ་དཀའ་བ་རྣམས་འདུལ་བར་བྱེད་པའི་གས་ལ་བ་བཏབ་པ་ནི་ལེག་སོ་ལག་སོ།། དེ་ནས་རྡོ་རྗེ་འཆང་ཁྲོ་འི ་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངསོ།། ཁྲོ་དེའི་དཀྱིལ་འཁོར་དམ་པ་ནི།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཆ་རྣམས་བཅུ་དྲུག་དག་དང་ལྡན།། ་རྗེ་རབས་མཛེས་པའོ།། དེ་ཡི་དབུ་སུ་དྲག་པོ་ཆེ།། རྡོ་རྗེ་ཁྲོ་བོའི་དགོད་བྱ་བ།། འབར་བའི་ཕྲེང་བ་འཁྲུགས་ཅིང་གསལ།། བསྐལ་པ་བ་མའི་མེ་འོད་འདྲ།། ལྷ་ཆེན་མིག་སྨན་སྤྱར་འདྲ་ཞིང་། ་ཐོང་པའི་ཕྲེང་བས་རྒྱན་དུ་བྱས།། དྲག་ཤུལ་བཞད་ཅིང་ཆེ་འཇིགས་པ།། འཇིག་རྟེན་གསུམ་པོ་འཇིགས་མཛད་པའོ།། བཅོམ་ལྡན་འདས་ཀྱི་གཡས་ལོག་སུ་ལྔ་ཆེན་པོ་ནི་བྲི་བྱ་ས། ་བཞོ་མུ་ཏིག་ལྟར་དཀར་ཞིང་།། དེ་བཞིམ་དཀར་པོ་དུང་འདྲ་ཞིང་།། མིག་གསུམ་པ་ལ་ལག་བཞི་པ།། ཞི་ཞིང་ལག་པ་གཡོན་པ་ན།། མདུང་རྩི་གསུམ་པ་ཐོག ་པའོ།། གཡོན་པའི་ཕྱོགས་ཀྱི་ཆར་ནི།། སྲེད་མེད་བུ་ནི་བྲི་བྱ་སྟེ།། གཡས་པ་ན་ནི་རྔ་ཡབ་དང་།། གཡོན་ན་འཁོར་ལོ་གསལ་ཤིང་ངོ་།། རྒྱབ་ཏུ་བརྒྱ་བྱིན་རྒྱལ་པོ་སྟེ།། དེ་བཞིན་སྨི ་དྲུག་མདུན་དུའོ།། ཚངས་པ་ལག་ན་གདུགས་འཛིན་པ།། ཁབ་མ་ཏོག་ཀུན་ད་དང་།། ཟླ་འདྲ་བརྒྱ་བྱིན་མདུར་བྲི་སྟེ།། རང་གི་སྟན་ལ་འཁོད་པར་རོ།། ཡང་ན་སྔགས་པས་མུ་ཏིག་དང་། ་བ་ཡི་ཞོ་འདྲ་དཀར་པོ་ནི།། རྔ་ཡབ་ཐོགས་པར་སྨིན་དྲུག་བྲི།། ཚངས་པ་ཁ་དོག་དམར་པོ་བྲི།། རྒྱ་བྱིན་ཁ་དོག་སེར་པོ་གྲི།། རྒྱུན་ཀུན་གྱིས་ནི་རྣམ་སྤྲས་ཤིང་།། ་ཡབ་ཐོགས་པར་ཁྱབ་འཇུག་བྲི།། དེ་བཞིན་ཁྱུ་མཆོག་ལ་ཞོན་པར།། ལྷ་ཆེན་པོ་ནི་བྲོ་བྱ་སྟེ།། ཀུན་བགེང་ལག་མལཁོར་ལོ་ཅན།། ང་པ་ལ་ཞོར་བྲི་བར་བྱ།། ་བརྒྱ་བྱིར་གླང་ཆེ་ནི་ཞོན་པ་སྟེ། སྨིན་དྲུག་རྨེ་བྱ་ཞོན་པའོ།། ཕྱི་རོལ་དང་ནི་གྲཝ་རྣམས།། འབྱུང་མོ་བརྒྱད་ནི་བྲི་བར་བྱ།། པདྨ་ཅན་དང་བང་ཆེན་དང་།། རྣམ་འབྱུང་མ་དང་ལྷ་འཇོམས ་མ།། འཕྲོག་མ་མཆོག་དང་རིན་པོ་ཆེ།། རྒྱན་མ་འགྲོ་བ་སྐྱོང་མ་རྣམས།། དཔལ་གྱི་སྒྲ་ཡིས་རབ་གྲགས་པའི།། འབྱུང་མོ་ཆེན་མོ་བརྒྱད་པོ་སྟེ།། པདྨ་ཅན་དང་པད་ཆེན་མ།། པདྨ་དཀར ་བོ་ལྟ་བུར་བྲི། རྣམ་འབྱུང་མ་དང་ལྷ་འཇོམས་མ།། ཁ་དོག་དམར་པོར་བྲི་བར་བྱ།། འབྱུང་མོ་བཞི་རྣམས་མཚུངས་པར་ནི།། གསེར་གྱི་མདོག་ཏུ་བྲི་བར་བྱ།། རྫུ་འཕྲུལ་ཆེ་ལྡན་འགྲུས ་མོ་བརྒྱད།། ཇི་ལྟར་བསྟན་བཞིན་དེ་ལེགས་བྲི།། དེ་ནས་འདིས་དཀྱིལ་འཁོར་གྱི་ཆོ་ག་བཤད་པ།། རྡོ་རྗེ་སློབ་དཔོན་བདག་ཉིད་མེ་ཏོག་སྔོན་པོའི་ཕྲེང་བས་རྒྱན་ཅིང་གཙུག ་སྔོན་པོ་བཅིངས་ནས། རས་སྔོན་པོ་ཟུང་ཅིག་བགོས་ཏེ། སྔོན་བཞིན་དུ་ཁྲོ་བའི་སྙིང་པོ་འདི་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ།། མྱུར་དུ་དངོས་གྲུབ་སྦྱིན་མཛད ་པ།། གྲུབ་པའི་རྡོ་རྗེ་ཁྲོ་དོ་སྟེ།། ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག། ཨོཾ་ཧཱུཾ་བཛྲ་ཕཊ་ས། འདི་བརྗོད་པ་ཙམ་གྱིས་ལྷ་ཐམས་ཅད་གྲུབ་པར་བྱེད་དོ།། དེ་ནས་འདིར་རྡོ་རྗེ་གསར་བ ་བཤད་པ། འདི་ལྟར་ཡི་གེ་ཧཱུཾ་ཟློས་ཤིང་ཕྱག་ན་རྡོ་རྗེས་གསུངས་པ་ལྟར། ལྷ་ཐམས་ཅད་གཞོམ་ཞིང་ལྕིའི་བུ་མོ་ཐམས་ཅད་དང་། གནོད་སྦྱིན་མོ་དང་ཀླུ་ལ ་དང། འབྱུང་མོ་རྫུ་འཕྲུལ་ཆེན་མོ་ཅན་རྣམས་སྐད་ཅིག། དེ་ཉིད་ལ་གཞོམ་པར་བྱ་སྟེ། རྡོ་རྗེ་གསོར་བའི་སྦྱོར་བ་དང་ལྡན་པས། ཨོཾ་བཛྲ་དཱིཔྟ་མོ་ཧཱ་ཀྲོ་དྷ་ཧ་ན་ད་ཧཱ ་པ་ཙ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་དག། བརྒྱ་རྩ་བརྒྱད་བཟླས་ཏེ། སྐད་ཅིག་ངོ་ཉིད་ལ་ལྷ་ཐམས་ཅད་གསོད་ཅིང་འཁྲུག་པར་བྱེད་དོ།། ཧཱུཾ་ཧཱུཾ་ཕཊ་ཕཊ། སྦྱོར་བ་འངས་ཀྱང་ངེས་པར་སངས ་རྒྱས་རྣམས་ཀྱང་ཞིག་པར་བྱེད་དོ།། དེ་རས་སློབ་མ་ལ་བཞུགས་པར་བྱ་སྟེ། ཁྲོ་བའི་ཕྱག་ན་རྒྱ་གོ་ཆ་བྱས་ལ་སྔགས་འདིས་དབབ་པར་བྱའོ།། ཨོཾ་བི་ཤྱ་ཀྲོ་དྷ་ཧཱུཾ་ཧཱུཾ་ཨ་ཛྭལ། ་མ་ལ་ཨ་ཀུ་ལ། བྷི་ཥ་བྷི་ཥ་ན་བཛྲ་ཨ། འདིས་བརྗོད་པ་ཙམ་གྱི་ཕྱི་རོལ་གྱི་དབབ་པ་དང་། དགུག་པ་དང་། ལྷུང་བར་བྱ་བ་རྣམས་ནུས་པར་འགྱུ་རོ།། དེ་ནས་འབྱུང་པོ་འདུལ་བའི ་རྒྱུད་ཆེན་པོ་ལས་ཁྲོ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་བ། ཨོཾ་བྷུ་ཤྲཱི་སིང་ཧཱ་དྷ་ཛ་དྷ་རོ་ཧྲི། ཁྲོ་བོའི་མདུན་དུ།། ཨོཾ་ཧཱུཾ་བྷཱུཾ། མ་ཧཱ་པདྨ ་ཏི་དྷ་ནུར་བན་དྷ་རི་ཧཱུཾ། བརྒྱ་བ་ཏུའོ།། ཨོཾ་ཧཱུཾ་བེ་ཧཱུཾ་ཏི། ཨོཾ་ཀུ་ཤོ་དྷ་རི་ནི་ཧཱུཾ་ཛ། ལྷོ་རུའོ།། ཧཱུཾ་བྷུ་སུ་ར་ཧ་རི་ནི་ཙིཎ་དྷ་ནི་དྷེ་ཛྭ་ར་ནི་སྲུངས་གཡོན་དུའོ།། ཨོཾ་ཤྲཱི་བ་ར་ཧ་རི་ནི་བུ་ས~ཾ་པ་ཧ་རེ་ཧཱུཾ་མ། ་ཏོག་དབང་ལྡན་གྱི་གྲྀ་ར། ཨོཾ་ཤྲཱི་རང་ནེ་ཤཱ་རི་དུ་བྱ་ཧ་སྟེ་ཧཱུཾ།། སྤོས་མོའི་གྲཝ་རའོ།། ཨོཾ་ཤྲཱི་བྷུ་ཤྲི་ནི་གན་དྷ་ཧ་སྡེ་ཧཱུཾ། དྲི་བདེན་བྲལ་དུའོ།། ཨོཾ་ཤཱི་ཛ་གང་པ་ལི་རི་ཨ་ཏེ་པ་པ་ཏེ་ཧཱུཾ། མར་མ ་རླུང་ངུའོ།། དེ་ནས་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པར་བཤད་པ། ཁུ་ཚུར་ཕན་ཚུར་བཅངས་ཏེ། འཛུབ་མོ་གིས་བརྐྱང་བ་ནི་སེང་གེའི་རྒྱལ་མཚན་མའི ་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོ་བརྐྱང་བ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག། རྒྱའོ།། ཕྱག་རྒྱ་འདི་ཉིད་རྐྱོང་པའི་ཕྱོགས ་བཞག་པ་ནི་གཞུ་དང་། མདའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། འཛུབ་མོ་བརྐྱང་བ་ནས་དཀྱིལ་བ་ནི་ལྕགས་ཀྱུའི་ཕྱག་རྒྱའོ།། ཐལ་མོ་མཉམ་པར་བྱས་ཏེ། འཇུ ་མོ་གཉིས་བཀུག་པ་ནི་མེ་ཏོགཽ་གི་ཕྱག་རྒྱའོ།། སོར་མོ་རྣམས་ཕན་ཚུན་ངུ་འཁྱུད་དེ། འཛུབ་མོ་གཉིས་བརྐྱང་བ་ནི་སྤོས་ཀྱི་ཕྱག་རྒྱའོ།། ལག་པ་སོར་སོར་བརྐྱང་བ་སྟེ། དཔུང་བའི་རྩ ་བ་གཉིསུ་བཞག་པ་ན་དྲིའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། གུང་མོའི་སོར་མོ་རབ་ཏུ་བརྐྱང་བ་ནི་མར་མེའི་ཕྱག་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ། ་ཆེན་པོ་ལས། ཁྲོ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་པོ་བརྒྱད་ཀྱི་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་ཧྲིཛ། གཞན་གྱི་མི ་ཐུང་པའི་འོ།། ཨོཾ་ཧཱུཾ་ཛྲ། རྒྱལ་བའི་འོ།། ཨོཾ་ཧྲིཿ། རྫོགས་བྱེད་ཀྱིའོ།། ཨོཾ་ཧཱུཾ་\ུ0f7f། དུར་ཁྲོད་ཀྱི་བདག་པོའིའོ།། ཨོཾ་རུ་ཛ། རིག་སྔགས་ཀྱི་དབང་ཕྱུག་གིའོ།། ཨོཾ་ཨཾ་ཛ། བངག་གཞུག ་མཆོག་གིའོ།། འབྱུང་པོ་གཞན་གྱིས་མི་ཐུབ་པའི་བསྒྲུབ་པའི་ཐབས་བཤད་པ།། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ།། སྔོན་དུ་བསྙེར་བ་བྱས་པར་འགྱུར་རོ།། དེ་ནས་ཟླ་བ་ཉ་ལ་མཆོད་པརྒྱ ་ཆེན་པོ་བྱས་ཏེ། ཅི་ལྟར་གསུངས་པའི་འབྲས་ཅན་དཀར་པོ་དང་། སྦྲང་རྩི་དང་། ཞོ་དང་། བུམ་མ་དང་། འོ་མ་དང་། ཤ་རྣམས་ཀྱི་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་རས། ་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་།། གལ་ཏེ་ངེས་པར་མ་འོངས་ན་སྐད་ཅིག་དེ་ལ་མཆིའོ།། འོངས་ན་སྒོ་བ་ངོར་མེད་པར་མི་བྱའོ།། སྒྲུབ་པ་པོས ་མངག་བཞུག་གྱིས་ཤིག་ཅེས་བསྒོ་ར་ངེ་བར་ཆད་མངག་བཞུག་གིས་ལས་བྱེད་ལ་རིག་པ་འཛིན་པའི་རྒྱལ་སྲིད་གཏེར་བར་བྱེད་ཅིང་དག་ཐམས་ཅད་ཆར་བཅོད་པར་བྱེད་དོ།། ཟླ་བའི ་ལྷ་མོ་བླངས་ནས་སྟེར་ཞིང་རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ་ཡང་བྱེད་ཅིང་བསྐལ་པ་བདུན་མཚོའོ།། དེ་ནས་རྒྱལ་བའི་སྒྲུབ་པའི་བབས་བཤད་པ། མཚན་མོ་སྦྱིན་བྱེད་མོའི་མདུན་དུ ་སོང་སྟེ།། ཉི་མ་རེ་ར་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། གཏོར་མ་སྦྱིན་ཞིང་གུ་གུལ་གྱི་བདུག་པ་བྱིན་ནས་བཟླས་ན། བཟླས་པའི་མཐ ་ལ་ངེས་པར་འོང་སྟེ། ཀྱེ་སྒྲུབ་པ་པོས་བཀའ་ཅི་སྩོལ་ཞེས་སྨྲས་པར་བྱེད་དོ།། སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ནས་རྒྱབ་ཏུ་ཞོན་ན ་གླིང་བཞི་པ་རྣམས་ཡང་ཁྱེར་བར་བྱེད་ཅིང་། གཞན་ཡིང་རྒྱལ་སྲིང་སྟེར་ལ་ལོ་ལྔ་སྟོང་འཚོའོ།། དེ་ནས་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཕོ་བྲང་དུ་སོང་སྟེ། ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། འབྲས་ཆན་དཀར་པོ་དང་། ཞོས་ཇི་ལྟར་གསུངས་པ་ལྟར་བྱིན་ནས། ཇི་སྲིད་ནམ་ཕྱེད། ་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རང་ཉིད་འོང་ངོ་།། འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། རྒྱལ་སྲི་ད་སྟེར་བར་བྱེད་ངོ་།། བསམ་པ་ཐམས་ཅད་ཡོས ་སུ་རྫོགས་པར་བྱེད་ཅིང་ལོ་སྟོང་འཚོའོ།། ཇི་སྲིད་འཚོབ་དེ་སྲིད་དུས་ག་གཞུག་གི་ལས་བྱེད་དོ།། ཆེ་གེ་མོ་འཚོ་བར་གྱི་ས་ཤིག་ཆེ་གེ་མོ་སོང་ཅིག་ཅེས་སྨྲས་དང ་ངག་ཐམས་ཅད་དོ།། ཀུན་ཏུ་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤང་པ། སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཁྲི་བཟླས་ན་སྔོན་དུ་བསྙེད་པར་བྱས་པར་འགྱུརརོ།། དེ་ནས ་ཟླ་བ་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རིངས་པར་འོངས་ནས་མདུན་དུ་སྡོད་དོ།། ཀྱེ་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། སྒྲུབ ་བ་བོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་གི་ལས་ཐམས་ཅད་བྱེད་དོ།། གནོད་སྦྱིན་གྱི་བུ་མོ་བཟང་མོ་བླངས་ནས་སྟེར་ཞིང་གཏེར་ཐམས་ཅད་སྩོ། ་ལ། ལྷས་འདོད་པའི་བཟའ་བ་སྟེར་རོ།། ཉི་མ་གཅིག་བཞིན་དུ་རས་དམར་པོ་ཟུང་རེ་སྟེར་ཞིང་དོང་ཆ་ལྔ་སྟེར་ལ་ལོ་ལྔ་བརྒྱ་འཚོའོ།། དེ་ནས་དུར་ཁྲོད་ཀྱི་བདག་པོའི་སྒྲུབ་པའི་ཐབས་ཀྱི ་ཆོ་ག་རྒྱས་པར་བཤད་པ། མཚན་མོ་དུར་ཁྲོད་དུ་སོང་སྟེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་འབྱུང་པོ་ལ་ཤ་དང་ཉ་དང་ཏིལ་དང་། ཛ་མ་བཱ་ཏི་དང་། མང་གསུ ་ཟན་གྱིས་དྲིལ་བའི་རིལ་བུ་དང་། རྟ་ཤ་ཁམ་ཚང་དུ་བཏུབས་པ་བསྲེགས་ནས་མར་ལ་བསྔོས་ལ་འཛམ་བུ་ཏི་ཀ་དང་། འབྲས་ཆན་དང་། ཞོ་དང་། བུ་རམ་དང་། འོ་ཐུག་དང་། སྲན་ཚོ ་སྣུམ་འཁུར་རྣམས་ཀྱིས་ཇི་ལྟར་གསུངས་པ་བྱིན་ནས་གུ་གུལ་གྱི་བདུག་པ་ཡང་བྱིན་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཛྲས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་བྱེང་ངོ་།། འཇིག ་བར་མ་བྱས་ན་རང་གི་འཁོར་གྱི་ཚོགས་ཀྱིས་ཡོངསུ་བསྐོར་ཏེ་འོང་ངོ་།། འོངས་པ་ལ་གཏོར་མ་བྱིན་ན་དགའ་བར་འ། གྱུར་ཏེ། འབྱུང་པོའི་མངག་གཞུག་བྱེད་དོ།། ་ཉི་མ་རེ་རེ་དོང་ཚེ་བརྒྱད་བརྒྱད་སྟེར་ཞིང་དགྲ་ཐམས་ཅད་འཇོམས་ཏེ་ལོ་ལྔ་སྟོང་འཚོའོ།། དེ་ནས་རིགས་ཀྱི་དབང་ཕྱུག་གི་བསྒྲུབ་པའི་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ་སྤོས ་དམར་པོ་དང་། མེ་ཏོག་དམར་པོ་དང་། གུ་གུལ་གྱི་བདུག་པ་སྦྱིན་ཞིང་ཁྲི་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར།། མཚན་མོ་ནག་པོའི་ཚེས་བཅུ་བཞི་ལེ་ཉ་དང་། ཤ་དང་། ཏིལ་དང་། ་འཛམ་བུ་ཏི་དང་། འབྲས་ཆན་དམར་པོས་ཇི་ལྟ་བར་སྒྲུབ་ཅིང་། དུ་རུ་ཀ་དང་། མེ་ཏོག་སྦྱིན་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་སྣང་བ་ཆེན་པོ་དང་། འཇིགས་པར་བྱེད་པའི ་གཟུགས་ཀྱིས་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན་སྡུག་པ་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན། ཉིམ ་རདུས་གསུམ་དུ་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་དོ།། ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་བར་བྱེད་ཅིང་ལོ་ལྔ་སྟོང་འི་ཚེའོ།། དེ་ནས་འབྱུང་པོ་དབང་ཕྱུག་གི་སྒྲུབ་པའི་ཐབས ་བཤད་པ། མཚན་མོ་ལིང་ག་གཅིག་པར་སོང་སྟེ། གཅིག་པུ་ནུབ་གསུམ་དུ་འབྲས་ཆན་དམར་པོ་དང་། ཉ་དང་ཤས་གཏོར་མ་སྦྱིན་ཞི་བར་སྐྱེས་ཀྱི་ཤ་དང་། གུ་གུལ་དང་། སྤྲང། ་རྩི་དང་ལྡན་པའི་བདུག་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་དང་པོ་ལ་རྨི་ལམ་དུ་མཐོང་བར་བྱེད་དོ།། ཉི་མ་གཉིས་པ་ལོ་རང་ཉིད་མཐོང་བར་བྱེད་དོ།། ཉི་མ ་གསུམ་པ་ལ་རིངས་པར་འོང་ཞིང་མདུན་ངུ་འདུག་ནས་འདི་སྐད་སྨྲ་བར་བྱེད་དོ།། བཀའ་ཅི་སྩོལ། དེ་ནས་སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བརྗོད་པར་བྱའོ།། ་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་།། རང་ཉིད་སོང་ནས་མི་ཟད་པའི་གཏེར་སྟོར་ཞིང་འདས་པ་དང་། མ་འོངས་པ་དང་། ང་ལྟར་བྱུང་བ་རྣམས་སྨྲ་བར་བྱེད།། གོས་དང་། རྒྱན་དང་། བཟའ ་བ་བཟང་པོ་རྣམས་སྟེར་བར་བྱེད་ཅིང་ལོ་ཉིས་སྟོང་འཚོ་བར་བྱེད།། དེ་ནས་ཕོ་ཉ་མཆོག་གི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཁང་པར་སོང་སྟེ་དག་པོའི་ཚེས་བཅུ་བཞི་ལ ་ཁྲི་བཟླས་ནས་ཉི་མོ་བདུན་པ་ལ་སྒྲུབ་པ་བརྩམ་པར་བྱ་སྟེ། ཙན་དན་གྱི་དཀྱིལ་འཁོར་སྒྲུབ་པར་བྱས་ནས་གུ་གུལ་གྱི་བདུག་པ་སྤྲིན་ཞིང་མེ་ཏོག་དཀར་པོ་དང་། འབྲས་ཆན ་དཀར་པོ་དང་། མར་དང་འོ་ཕུག་སྦྱོར་ཞིང་ཀུ་ཤིའི་ཁྲི་ལ་འདུག་སྟེ། མར་གྱི་མེ་རབ་ཏུ་སྦར་ནས་མཚན་མོ་ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་མངག་གཞུག་མཆོག་རང་ཉིད ་འོང་སྟེ། འོངས་པ་ལ་ཙན་ངན་གྱི་མཆོད་ཡོན་བྱིན་ན། ཀྱེ་སྒྲུབ་པ་པོ་བདག་གིས་ཅི་བྱ་ཞེས་སྨྲ་བར་བྱའོ།། དེ་རས་སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བསྒོ ་ན། དེ་ཕན་ཆད་མངག་གཞུག་པར་འགྱུར་ཞིང་། ལྷས་མངོན་པར་འདོད་པའི་བཟའ་བ་སྟེ་རོ།། དངུལ་ཆུ་དང་། བཅུད་ཀྱིས་ལན་སྟེར་ཞིང་གཏེར་སྙིད་པར་བྱེད་ལ་རྒྱབ་ཏུ ་ཞོན་ན་མཐོ་རིསུ་ཡང་ཁྱེར་བར་བྱང་གཞན་ཡང་རྒྱལ་སྲིད་སྟེར་བར་བྱེད་དོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མངག་གཞུག་སྒྲུབ་པའི ་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་ཡང་དག་པར་བཤད་པ་ནི་དངོས་གྲུབ་སྣ་ཚོག་ས་སྒྲུབ་པར་བྱེད་པ་སློང་དཔོན་རྣམས་ལ་ཕན་པའི་དོན་དུ ་ཇི་ལྟར་གསུངས་པ་མངག་བཞུག་པའི་བབས་ཏེ། བསྟན་པར་བྱ་བ་མ་ཡིན་པའི་ལེ་ལོ་ཅན་དང་། སྡིག་པ་བྱེད་པ་དང་། བརྫུན་ཏུ་སྨྲ་བ་དང་། ཚུལ་འཆོས་ཅན་དང་། དབུལྔ་པོ་ད ་ནད་ཀྱིས་གདུངས་པ་དང་། ཆེ་ཐུངས་པ་དང་། སེམས་མི་བརྟན་པོའི་མི་རྣམས་ཀྱང་སྤང་བར་མི་བྱ་སྟེ། གལ་ཏེ་ལོང་སྤྱོང་དང་། ནོར་དང་། བྲགས་པ་འདོང་ར་ཡང་སྐད་ཅིག་གིས ་ཕུར་སུམ་ཚོགས་པར་སྟེར་རོ།། སྔགས་འདིས་དངུལ་ཆུ་དང་། བཅུད་ཀྱིས་ལེན་པའི་དངོས་གྲུབ་དང་། ལྷའི་རྒྱལ་སྲིད་ཀྱི་དངོས་གྲུབ་ཀྱང་གྲུབ་པར་བྱེད་ན། མི་རྣམས་ཀྱི་རྒྱལ་སྲིང ་གྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅིང་དགོས་ཏེ། དེ་བཞིན་དུ་འདི་ལྷའི་བུ་མོ་ཐམས་ཅད་སྐད་ཅིག་ཙམ་གྱིས་གྲུབ་པར་བྱེད་དོ།། གསང་སྔགས་འདིན ་བཀླག་པས་གྲུབ་པར་བྱེད་ཅིང་ཤིན་ཏུ་བརྩོན་འགྲུས་དམན་པ་རྣམས་ལ་ཡང་ཇི་ལྟར་བང་བ་ལྟར་མྱུར་དུ་གྲུབ་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་བདེ་བར་རབ་ཏུ་སྦྱིན་པ ་ཡི་གེ་བཞི་པ་ཆེར་གསང་བ། དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ། བཀླག་པ་ཙམ་གྱིས་མངོན་པར་གྲུབ་པར་བྱེང་པ་སྟེ། འདི་ལ་ཐེ་ཚོམ་མི་བྱེའོ།། འབྱུང་པོ་འདུལ་བའི་རྒྱུད ་ཆེན་པོ་ལས་དངོས་གྲུབ་ཀྱི་སྒྲུབ་པའི་ཚིག་རྒྱས་པའི་ལོའུའོ།། །། དེ་ནས་འབྱུང་པོ་འདུལ་བ་རྒྱུད་ཆེན་པོ་ལས། འབྱུང་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན ་ཉིད་བཤད་པ། སོར་པོ་རྣམས་ཕན་ཚུན་མ་དང། གུང་མོ་བཀྱང་ནས་ཁབ་ལྟར་བཟུང་བ་ནི་འབྱུང་བ་ནཱ་ན་པོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། ཕྱག་རྒྱའང ་ཉིད་གུང་མོ་བཀུག་ཅིང་མཛུབ་བརྐྱང་ནས་བཀུག་པ་ནི་རྒྱལ་བའི་ཕྱག་རྒྱའོ།། ཕྱག་རྒྱའང་ཉིད་ལས་མཛུབ་མོ་གཡོན་པ་བསྐྱིལ་ཞིང་མཐའུ་ཆུང་བརྐྱང་སྟེ་སོ་སོར་བཟུང་བ་ནི ་བྱེད་ཀྱི་ཕྱག་རྒྱའོ།། སོར་མོ་ཕར་ཚུན་མཁྱུད་དེ་བཟུང་བ་ནི་ཀུན་ཏུ་རྫོགས་པར་བྱེད་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལ་མཐེའུ་ཆུང་དང་། མཐེ་བོང་ནང་དུ་བཀུག་སྟེ་བཟུང་བ་ནི་བུ ་ཁྲོད་ཀྱི་བདག་པའི་ཕྱག་རྒྱའོ།། མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་བཟུང་བ་ནི་རིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱའོ།། ཐལ་མོ་ཁ་སྦྱར་ཏེ་མཛུབ་མོ་གཉིས་བཀུག་པ་ནི་པོ་ཉ་མ ་གི་ཕྱག་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འབྱུང་པོའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་རྫོགས།། ། དེ་ནས་གསང་བའི་བདག་པོ་ཕྱག་ན ་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་ལ་ཕན་པའི་དོན་དུ་བསྙེན་བཀུར་མའི་སྒྲུབ་པའི་ཐབས་དཔལ་ཆེན་པོ་ཞེས་བྱ་བའི་འབྱུང ་མོ་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་པར་བྱ་སྟེ། འབྱུང་མོ་རྣམས་ཀྱིས་ནི་ཡིད་ལ་དགའ་བ་སྐྱེད་ཅིང་ཕན་ཚུན་ཚིམ་པར་བྱེད་པའོ།། དེ་ནས་འབྱུང་པོ་འདུལ་བའི་རྒྱང་ཆེན་པོ་ལས ་འབྱུང་མོ་དཔལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། དཔལ་ཁྲོ་བོའི་བདག་པོ་བཅོམ་ལྡན་འདས་ཀྱི་མདུན་དུ་འབུམ་བཟླས་ན་སྔོན་དུ་བསྟན་པ་བྱས ་པར་འགྱུརརོ།། དེ་ནས་ཟླ་བ་ཉ་ལ་ཇི་ལྟར་འགྱུར་བའི་མཆོད་པ་བྱས་ཏེ། གུ་གུལ་གྱི་བདུག་པ་སྦྱིན་ཞིང་མ། ཚན་ཐོག་གི་བཟླས།། དེ་ནས་པོ་རངས་ངེས་པར་འ་།། ་འོངས་པ་ལ་ཅན་ངན་གྱི་མཆོད་ཡོན་སྦྱིན་ཞིང་ལོགས་པར་འོངས་ཞེས་བརྗོད་ན། ཀྱེ་སྒྲུབ་པ་པོ་ཙ་བཀའ་སྩལ་ཅེས་སྨྲའོ།། སྒྲུབ་པ་པོས་བདག་ཉིད་ཀྱི་ཆུང་མ་གྱིས་ཤིག་ཅེས ་བརྗོ་ན་ལྷའི་དངུལ་ཆུ་དང་། བཅུད་ཀྱིས་ལེན་པ་སྟེར་ཞིང་དངོས་གྲུབ་ཀྱི་རྫས་དང་། གཏེར་དང་། རྒྱལ་སྲིད་རྣམས་སྟེར་བར་བྱེད་དོ།། ཞི་བའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པ་དང ་བའོ།། དེ་རས་གཞན་ཡང་ནན་ཏུར་གྱིས་སྒྲུབ་པའི་འབས་བཤད་པ། གྲོ་གའི་མངབ་མ་ལ་འབྱུང་མོ་དཔལ་ཆེན་མོ་བྲིས་ཏེ། མཚན་མོ་གཅར་བུ་གྱུར་པས་དཔལ་རྡོ་རྗེ་འཆང་གི། ་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་མྱུར་དུ་འོང་ངོ་།། འོངས་པ་ལ་ཆགས་པ་བྱ་ན་དགའ་བར་འགྱུརརོ།། འཇིག་རྟེན་གསུམ་གྱི་རྒྱལ་སྲོད་ཀྱང་སྦྱར་བ ་བྱང་ངོ་།། བརྒྱ་བྱིན་ཀྱང་སྟེར་རོ།། རྒྱབ་ཏུ་ཞོན་ན་མཐོ་རིསུ་ཡང་འི་ཁྱེར་ཞིང་ལོ་ཁྲི་འཚོའོ།། གལ་ཏེ་མ་གྲུབ་ན་མོག་དང་སྤྱི་བོ་འགས་ཤིང་སྐམ་ལ། སྐད་ཅིག་དེ་ཉིད་ལ་འཆིའོ།། ་ཞེས་ཁྲོ་བོ་ཉིད་ཀྱིས་གསུང་སོ།། གུར་གུམ་གྱིས་མིང་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱ་ཧཱུཾ་ཕཊ་ཕཊ་ལན་བདུན་བརྗོད་ན་བརྗོད་པར་གྱུར་པས་ངེས་པ ་སྐད་ཅིག་གིས་འཆི་བར་བྱེད་དོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའོ།། གུ་གུལ་གྱི་བདུག་པ་སྦྱིན་ཞིང་གཏོར་མ་བཤམ ་ཏེརས་དཀར་པོ་བཀའ་ལ་སྔགས་འདི་ལན་གསུམ་བརྗོད་ང།། དེ་བ་སེ་བྷུ་ཏ་མ་ཧི་ཏ། པྲ་ཎི་པ་ཏ་ཡ། བི་བཛྲ་ཡེང་པྲི་བག་བྲི་བག་མ་ཧཱ་བྷཱུ་ཏཾ། ས་སྥུ་ར་མ། ཥཏྲ་བཙྪ ་སྨྲ་ཤཱ་ནི་ང་བ་ཨ་ལ་ཡེ་ཥུ་ན་དཱཾ་ཏ་ཏ། ཙ་ཏུཿཥུ་ཐ། ཨ་ཀ་ལྀ་གཾ་ཝ། དེ་བ་ཨ་ཡ་ཏ་ནཾ་ཝ། ཤཱི་གྷྲ་གཙྪནྟུ། བྷཱུ་ཏཱ་ནཱ་མ་མ་ས་མ་ཡ། པྲ་ཏི་བཱ་ལ་རུ་ཡ། ཡི་ངི་ས་ཨི་གཙྪ་ཏི་ཏཀྵ་ཎ། ་མུཪྵ་ནི། སུ་ལ་ཡེད། བྷཱུ་ཏཱ་ནཱ་ར་ར་ཝ་ན་ར་ཀ་པ་ཏེང་། ཡ་བ་ཡ་ཐ། སྭ་སྥ་ན་གཙྪནྟུ། ཡ་ཐ་སུ་ཁཾ་སྭཱ་ཧཱ། རྡོ་རྗེ་སླེབ་དཔོན་གྱིས་ས་རྣམས་ཉེ་བར་བསྡུ་བར་བྱའོ།། འཐུང་པོ་འདུལ་བའི ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རིམ་པར་ཕྱེ་བ་གཉིས་པ་རྫོགས་ཏེ། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རྣམས་རྫོག་སོ།། ་རྒྱ་གར་གྱི་མཁན་པོ་བུང་དྷ་ཨཱ་ཀར་བརྨ་དང་། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @།། རྒྱ་གར་སྐད་དུ། ཨཱརྱ་ནཱིལ ་