| Wylie | e-texts produced with BDRC’s OCR application |
མི་ཏྲ་དང་དཱ་ནཱ་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱི་ཆོས་བསྟན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ ་མཱ་ཏ་ནི་ཏ་ར་བི་ཤྭ་ཀརྨ་བྷ་བ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ ་དཔལ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་གྱིས་གནས་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས། ་པ་དང་། འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཀུ་རུ་ཀུལླེ་དང་། རི་ཁྲོད་མ་ཅན་ལ་སོགས་པ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་དཔག་ཏུ་མེད་པ་དག་གིས། ་ལྷ་རྫས་ཀྱི་མེ་ཏོག་པདྨ་དང་། ཀུ་མུ་ད་དང་། མནྡ་ར་བ་ལ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པས་དང་། དུང་དང་། པི་བང་དང་། རྔ་དང་། རྫ་རྔ་དང་། དགུ་པོ་རྒྱུད་མངས་ལ་སོགས་པ། ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང་། ལྷའི་གདུག་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་ཏེ། མཆོད་པ ་སྣ་ཚོགས་ཀྱིས་མཆོད་པའི་སྤྲིན་གྱིས་མཚོ་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་གྱི་སྡེ་རབ་ཏུ་འཇོམ་བ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་འཛིན་ལ་མཉམ་པར་གཞག་སྟེ། ་གཞག་མ་ཐག་ཏུ་ཡང་ས་ཆེན་པོ་གཡོས། དུད་ཀྱི་དཀྱིལ་འཁོར་ཡང་ཕམ་པར་བྱས་ཏེ་འོད་ཀྱི་སྣང་བ་ཆེན་པོ་ཡང་སྐྱེའོ།། དེ་ཡང་འདི་ལྟ་སྟེ། དཀར་པོ་དང་། དམར་པོ་དང་། ་སེར་པོ་དང་། ལྗང་ཀུ་དང་། མཐིང་ཀ་དང་། འདྲེས་པ་སྟེ། འོད་སྣ་ཚོགས་བཀྱེ་སྟེ་སྡུག་བསྔལ་དང་བཅས་པ་རྣམས་སྦྱངས་ཏེ། སངས་རྒྱས་ཐཾད་ཀྱིས་ཡུ་སྒྲོལ་མ་ཀུ་རུ་ཀུ་ལླེའི་གཙུག་ཏུ་ནུབ་པར། ་གྱུར་ཏོ།། ཙུ་ཏུ་ནུ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་བ་ཡང་འབབ་པར་གྱུར་ཏོ།། དེ་ནས་ལྷ་མོ་དེ་དཔེར་ན་སྨིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྕི་བུར་གྱུར་ཏོ།། དེའི་ཆེ་བསྟོང་པའི ་ཚོག་སུ་བཅས་པ་འདིས་བསྟོང་པ།། ཞིང་ཁམས་ཡོངསུ་དག་པ་ལ། རིན་ཆེན་མེ་ཏོག་མང་པོའི་ཆར་དུ་ཕབ།། དུས་གསུམ་སངས་རྒྱས་ཟད་བསྐྱེད་པའི་ཡུམ།། ཡུམ་གྱུར་སྒྲོལ་མ་ཁྱེད། ་ལ་ཕྱག་འཚལ་བསྟོད།། ཅེས་གསུང་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་བླ་རོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས ་ལ་གཙུགས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཟབ་པའི་ཕྱིར་ཅིའི་ཕྱིར་བསྐྱེད། གང་གིས་ན་ཡུམ་ཞེ་ན། བཅོམ་ལྡན་འདས་ཀྱིས ་གསུངས་པ། འཇམ་དཔལ་གདོན་མོད་ཀྱི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མ་སྐྱེས་པ། མ་འཕགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད་པ། འཕེལ་བ་མེད་པ། ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ།། འི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེའོ།། བྱང་ཆུབ་སེམས་པ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། བཅོམ་ལྡན་འདས ་དུས་གསུམ་གྱི་སངས་རྒྱས་ནི་མ་སྐྱེས། མ་འ་གགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད་པ། འཕེལ་བ་མེད་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ ་ཇི་ལྟར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དོན་དམ་པའོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངསོ།། ཡང་དག ་པའི་མཐའི་ཚིག་བླ་དག་སོ།། སྙིང་རྗེ་ཆེན་པོའོ།། ཀུན་རྫོབ་ངོ་བོ་འཁོར་བའི་ཚིག་བླ་དག་སོ།། དེ་ལས་འདས་པ་ནི་དུས་གསུམ་གྱི་སངས་རྒྱས་བསྐྱེད་པའི་ཡུ་མོ།། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས ་འདས་པའོ།། འཇམ་དཔལ་དེ་ལྟར་ན་ཡུམ་དུ་ཡིད་ལ་བྱའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་དེ་བས་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ།། ། ་གཟུངས་སྔགས་འདི་བརྗོད་པར་བྱའོ།། ནན་ཏན་དུ་བསྒྲུབ་པར་བྱའོ།། འདིའི་ཡོན་ཏན་ཤེས་པར་བྱའོ།། འདི་མཆོད་པར་བྱའོ།། ལུང་ནོད་པར་བྱའོ།། ཐེ་ཚོམ་མེད་པར་བྱའོ།། ལས་ལ་ནན་ཏན་དུ་བྱའོ།། ་འདིའི་སྔགས་པ་ཡིད་ལ་བྱའོ།། སོ་སོའི་སྒོ་ནས་བསྒྲུབ་པར་བྱའོ།། དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་བསྟན་ཏོ།། དེས་ནི་གླེང་བཞིའི་ལེའུ་བསྟན་པ་སྟེ་ལེའུ་དང་པོའོ།། ་དེ་རས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འདི་ཇི་ལྟར་བསྒོམ་པར་བྱ།། འདི་ལ་ཇི་ལྟར་ནན་ཏན་དུ་བགྱི་ཞེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་འདི་ལྟར་ཡིད་ལ་བྱའོ།། འཇམ་དཔལ་ཆོས་ཐམས་ཅད་ནི་མ་སྐྱེས་པའོ།། ཆོས་ཐམས་ཅད་ནི་མ་འགགས་པའོ།། ཆེས་ཐམས་ཅད་ནི་དྲི་མ་དང་བྲལ་བའོ།། ་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་ཤིང་རང་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱའོ།། འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ།། ཨོཾ་སྭ་བྷཱ་བ་བི་ཤུདྡྷ། སརྦ ་དྷརྨ་སྭ་བྷཱ་བ་བི་ཤུདྡྷོ་ཧཾ་ཞེས་བརྗོད་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པ་དག ་ལ་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ།། སྐྱེས་པ་དང་། རྒས་པ་དང་། ན་བ་དང་། འཆི་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱི ་འདུས་མ་བྱས་པ་ལ་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ།། འཇམ་དཔལ་དེ་ལྟ་བས་ན་རྒྱུ་ནི་ཚད་མེད་པ་བཞིའོ།། དེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས།། དེའི་ཕྱིར་དེ་ལ་ནན་ཏན་དུ་ཡིད་ལ་བྱ། ་འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བོ་དྷི་ཙིཏྟ་ཨུ་བཱ་ད་ཡ་ཨ་ཧཾ་ཞེས་བརྗོད་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མཆོད་པ་འདི་རྣམས ་ཀྱིས་མཆོད་པར་བྱའོ།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི།། ཕྱེ་མ་ཕུར་མ་བདུག་པའི་བྱེ་བྲག་རྣམས།། རྒྱལ་བ་བསྐྱེད ་པའི་ཡུམ་ལ་མཆོད་པར་བྱའོ།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དེ་བཞིན་གཤེགས་པའི་ཡུམ་མཆོག་སངས་རྒྱས་སྤྱན།། མེ་ཏོག་སིལ་མ་ཕྲེང་བའི་བྱེ་བྲག་རྣམས།། ་རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དེ་བཞིན་གཤེགས་པའི་ཡུམ་མཆོག་རིན་པོ་ཆེ། རིན་ཆེན་མར་མེ་ཕྲེང་བའི་བྱེ ་བྲག་རྣམས། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི་དེ་བ་ཞིན་གཤེགས་པའི་ཡུམ་མཆོག་ན་བཟའ ་དཀར། དྲི་ཞིམ་ཆུ་གཅིང་སྤོས་ངད་ལྡན་པའི་ཆུ།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། རྒྱལ་བ་བསྐྱེད་པའི་ཡུམ ་མཆོག་ཕྲིན་ལས་ལྡན།། བཟའ་དང་བཅའ་བ་ལ་སོགས་ཞལ་ཟས་རྣམས།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། སྡུག་བསྔལ་ཐམས་ཅད་ཞི་བར་མཛད་པ་ཡི།། གླུ་དང་རོལ་མོ་སིལ ་སྙན་བཅས་པའི་སྒྲ།། གདུགས་དང་རྒྱལ་མཚན་པ་དན་འཕན་གདུགས་བཅས།། ཕྱོགས་བཅུའི་ཀུན་ནས་སྤྲིན་བཞིན་བཏིབས་གྱུར་ཅིག་དཔག་བསམ་གྱི་ནི་ཤིང་དག་དང་། ལྗོན་པའི་ཤིང་དང་ཤིང་དག་གིས ་དྲི་ཞིམ་ལོ་མདབ་བཅས་པའི་ཤིང་།། ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག། སྤོས་ཀྱི་ངང་དང་ལྡན་པའི་ཆར།། འབྲུ་དང་མེ་ཏོག་ལ་སོགས་པའི།། ཡིད་དུ་འོང་བའི་དྲི་ཞིམ་ཆར།། ངེས་པར་ཀུན་ཏུ་འབབ་པར་ཤོག། ་འབབ་ཆུ་སྟེང་ཀ་ལུ་མ་དང་།། མཚེ་དང་རྫིང་བུ་དག་དང་ནི།། རོ་བརྒྱ་དག་དང་ལྡན་པའི་མཚོ།། ངང་པ་ལ་སོགས་བཅས་པ་ཡི།། རིན་ཆེན་ཁང་པ་ཡིད་འོང་བའི།། དྲ་བ་དྲ་བ་ཕྱེད་པ་དང་། ཤར་ནུབ་འོད་བཅས་ཉི་ཟླ ་ངག་དང་ནི།། ཁང་པ་ཤིན་ཏུ་ཡིད་དུ་འོང་བ་རྣམས།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བྱའོ།། འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པེ་པཱུ་ཛ་མེ་གྷ་ས ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦཏ་ཐཱ་ཀ་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ཀ་པཱུ་ཛ་མེ་བྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་གཏྲ ་ཀནྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནེ་ཝི་དྱ་པཱུ་ཛཾ་མེ་གྷ་ས་མུ་དྲ་སཱ་ར་ཎ་ས་མ་ཡ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས ་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ།། མཆོད་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ། འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས ་ཐམས་ཅད་ཀྱི་ཡུ་མོ།། འཇམ་དཔལ་དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི་འཇམ་དཔལ་ཁྱོད་ཀྱིས་ཡིད་ལ་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད ་པའི་གཟུངས་སྔགས་གསུངས་པ།། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། ཏདྱ་ཐཱ། ཨཾ་ན་མཿསཱུ་ཀ་སཾ་ན་མཿཏཱ་ར་ཡེ་ཏཱ་ར་ཡེ་ཏཱ། ན་མ་སྟ་རེ་ཏུ་རེ་བཱི་རེ། ཀཱ་ཎེ་ར་དྱུ་ཏི་ནི་དཻཀྵ་ཎེ། ཏྲཻ་ལེ་ཀྱ་ནཱ་བཱ་ན་བཀྟ ་མབ་བིག་སང་ཀེང་བའོད་བྱ་ག་ན་མཿརབ་ད་བར་ནྡན་དྲ་སཾ་པུཪྴ་པ་ཏྲ་ལཱ་ན་མི་བ་རཱས་ས་སྲ་མི་འ་པྲ་ཧ་ས་བི་ཎོ་ཨ་ཛྭ་ལེ་མམཿན་ནཱི་ལ་ཨབ་རྦ་པཱ་ཎི་པདྨ་བི་བྷུ་ཛི་དཱ ་བཨཱརྱ་ཏ་པཿཤཱན་ཏི། ཏི་ཏིཀྵ་དྷུ་ན་ཀོ་ཙ་རེ། ན་མསྟ་ཐཱ་ག་ཏོཌྦྷི་ཥ་བི་ཛ་ཡ་ནནྟ་ཙ་རི་ཎི་ཨ་ཤ་ཛ་པཱ་ར་མི་ད་པྲཱཔྟ། ཛི་ན་པུ་ཏྲ་ནི་ས་བི་ཏེ། ནཾ་མསྟྲཏྟཱ་ར་ཧཱཾ་ཀཱ་ར། པཱུ་རི་ཏཱ་ཤཱ་དི་གན་ཏ་རེ། སཔྟ་ལོ་ཀ་ཀྲ་མཱ་ཀྲན་ཏི། ཨ ་ཥཱ་ཀཪྵ་ཎེ་ཌཱ་མེ། ན་མཿཤ་ཀྲ་ཨ་ན་ལ་བྲཧྨ། མ་རུང་བི་ཤཱི་ཤཱ་ར་ཨ་རནྟི་ཏ། བྷུ་ཏ་བེ་ཏཱ་ལ་གནྡྷརྠ། ག་ཎ་ཡཀྵ་པུ་ར་སྠི་ཏེ། ན་མསྟཱ་ཌི་དི་ཕཊ་ཀཱ་ར། བ་ར་ཡནྟ་པྲ་མར་ད་ནི། པྲ་ཏཱ་ལཱི་ཌྷ་པ་ད་ནྱ་སེ་ཤི་བི་ཛྭ་ལ་ཀུ་ལེ ་ཀྲི་ཎེ་ནམ་སུ་རེ་མཏྲ་དྷཱར། མཱ་ར་བི་བནྡ་ནཥཱ་སུ་ཛྲི་ཀྲིང་བ་ཡབ་པ་ས་ཆིག་རྫུན་སཱུ་མི་ནམ་ཏྲི་དྷ་མུ་ཛ་རྡོ་ངྒེ་རྦ་བི་བྷུ་ཛི་ཛི་ཙུ་རྗེ་རྗེ་འི་ཚ་ཨོཾ་རས་མ་ལེམས་པྲ་རུ ་ཙ་བ་མུ་ཀུ་ནཱ་ཀྵི་བྷ་མཱ་ལི་ནི། ཧསཏྭཱ་\ུ0f7fསརྦྦ་ཥྛ་བཱ་ར་ལོས་པ་བ་རིམསཿས་མེ་ཏ་བྷུ་པཱ་ལ། བ་ཊ་ལཱ་རྫ་ཀྵ་མེལང་དྷི་ཊ་ཎི་ཧཱུཾ་ས་མ་ས་ན་པང་འི་མ་ཙ་མི་མམཿའི་ལཎྜ་མ་ཆེན ་མུ་ཀུ་ཊཱ་བྷ་ར་ཎོཛྫ་ལེ། ཨ་མི་ཏཱ་བྷ་ཛ་ཊཱ་བྷཱ་ར་བྷཱུ་སུ་རེ་ཀི་ར་ཎོ་ཌྷ་བེ་ན་མཿཀལྤཱན?་ཧུད་བྷུ་ག་ཛཱི་ལཱ་མཱ་ལཱན་ཏ་ར་སྠི་དེ་ཨཱ་ལཱི་ཌྷ་མུ་དི་ཏཱ་དཾ་དྷ་རི་པུ་ཙིཀྲ་བི་ནཱ་ཤ་ནི། ན་མཿཀ་ར་ཏ་ལཱ་གྷཱ་ཏ། ཙ་ར་ཎ་ཧ་ད་བྷ་ལེ་བྷྲྀ་ཀུ་\ུ0f7f ་ཀྲྀ་ཏྲ་ཧཱུཾ་ཀ་ར། སཔྟ་བཱ་ཏཱ་ལ་བྷེ་ད~ཾ་ནི། མ་མཿ་ཤི་བི་ཤུ་བྷེ་ཤཱན་ཏི། ཤཱན་ཏ་ནི་ནཱ་ཎ་བོ་ཙ་རེ་སྭཱ་ཧཱ་ཨཾ་པྲ་ཎ་བ་སཾ་ཡུག་ཏེ། མ་ཧཱ་པཱ་ཏ་ཀ་ནཱ་ཤ་ནི། ན་མཿཔྲ་མུ་དི་ཏ་བནྡྷ། རི་པུ་པཱ་ཏྲ་པྲ་བྷེ་དེ་ནི། ད་ཤྭཀྵ་ར་བ་ང་རྒྱ་ས ་དྷུ་ཀཱཥཱ་དཱི་བི་ཏེ། ན་མ་སྟུ་རེ་པཱ་དཱ་བྷཱུ་ཏ། ཧཱུཾ་ཀ་ར་ཀཱ་ར་བཱི་ཛི་ཏེ། མེ་རུ་མན་དཱ་རཱ་ཀེ་ལཱ་ས་བྷུ་བན་ཏྲ་ཡ་ཙཱ་ལི་ནི། མ་མཿ་སུ་ར་ས་རཱ་ཀཱ་རཱ། ཧ་ར་ཎཱ~ཾ་ཀཀ་ར་ཀྵི་ཏེ། བཱ་རཱ་དཱི་རུ་ཡང་སྥུ་ཙ་ཀཱ་ར་ཨང་བིའི་ནཱ་\ུ0f7fནཱི ་། རམ་སུ་རབ་ཎཱ་དྷུཿ། སུ་ར་ཀྵནྡེ་སི་བི་ཏི། ཨཱ་བ་དྲཱ་མུ་དཱིདཱི་ཤློ་ག་ཀ་ལི། དུ་སྭ་པྤ་ནཱ་ཤ་ནི། ན་མ་ཙནྡ་ཨརྐ་ས་བུནྟ། ན་ཡ་ན་དྷྱ་ཏི་ཐཱ་སུ་རེ། ཧར་དེ་རུས་འ་དྷ་རེ། བི་ཥམ་ཛྭ་ར་ཙཱ་ཝིམ་མ་སྟི་ཏ་ཏཱ་བཱིནྡ་ས། ཤིབ་ཅ ་ས་མ་ནཱི་ཏེ། གྲ་ཧ་བེ་ཏཱ་ཌ་ལཀྵོ་དྷ། ནཱ་ཤ་ནི་པྲ་བ་རེ་ཏུ་རེ། མནྟྲ་མུ་ལ་མི་ད~ཾ་སྟ་ཏཾ། ན་མ་སྐ་རེ་ཀི། ཎ་ཤྭ་ཀཾ་ཡཿཔ་ཐི་ཏ་པྲ་ཡཏྣ་དྷཱི་མཾ། དེ་བྱཱ་བྷཀྟི་ས་མན་བ་ཏི། ཤ་ཡ་མཱ་པྲ་ཏ་རུ་ཐཱ་པཱ་ཡཿསྨ་རེཏ་སརྦ་དྷ་ཡ ་པྲ་དཾ། སརྦ་པཱ་པ་པྲ་ཤ་མ་ནི། སརྦ་དུརྒ་ཏི་ནཱ་ཤི་ནེ། ཨ་བྷི་ཥི་ཀ་ཏོ་བྷ་བེ་ཏ་ཏཱུཪྵེ། སཔྟ་བྷིར་ཛི་ན་ཀོ་ཊི་བྷིཿསྨིན་མ་ཧཱ་ཏཱ་མཱ་སཱ་དྱ། སརྡྷན་ཏེ་བོད་དྷི་པ་དཾ་པྲ་ཛེ་ཏ། བི་ཥན་ཏ་སྱ་མ་ཧཱ་གྷོ་རེ། སྠཱ་བ་རམ་བཱ་ཐ ་བ་མཾ། སྠ་དྲནྣ་ཏ་པྲ་ལ་ཡཾ་ཡཱ་ཏི། ཁཱ་ཎི་ཏ་པི་ཏཱ་མེ་བ་བཱ། པྲ་ཧ་ཛཱ་ར་བི་ཥ་རདྷཱ་ནཾ། ཁ་ར་མར་ཏྟི་བི་ནཱ་ཤ་ནཾ། ཨ་ནྱེ་བཱཾ་ཙེ་བ་སདྡྷདྭི་སྟྲི་སཔྟ་བྷི་བར་དྷི་ནཾ། པུ་ཏྲ་ཀཱ་མོ་ལ་བྷེཏ་པུ་ཏྲཾ། དྷི་ན་ཀཱ་མོ་ལ་བྷེ ་དྷ་མ་སརྦ་ཀཱ་མཱ་ན་རཱ་ནོ། ན་བི་གྷྣཱཾ་པྲ་ཏི་ཧ་ནྱ་ཏེ། ཏཱ་ར་བྷ་ག་བ་ཏཱ་ཡ་སུ་ཏྲ། སམྱཀ་ས~ཾ་བུདྡྷ་བ་ཤེ་ཏྲེ་སརྦ་ཀ་ར། སམ་ཡཱ་ཨུ་ལ་ཀ་ར་ཡེ། བུདྷ་ནི་ཙི། དྷརྨ་ཎིཿ། སཾ་གྷ་ནི་ཙི་ཏཱ་ར་ཡེ་སྭཱཧཱ། ་འཇམ་དཔལ་གཟུངས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དཤིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྒྲོལ་མ་ལ་མ་རུངས་པ་འཇོམས ་པའི་སྒོ་ནས་བསྟོད་པ་སྟེ། ཕན་ཡོན་ནི་བསམ་གྱིས་མི་ཁྱབ་བོ།། འཇམ་དཔལ་དེའི་ཕྱིར་བརྗོད་པར་བྱའོ།། གཟུངས་འདི་བརྗོད་པའི་གང་ཟག་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ ་ལ་སོགས་པའི་གན་སུ་ནམ་ཡང་སྐྱེ་བར་མི་འགྱུར། ཡུལ་མཐའ་འཁོབ་དང་། ཀླ་ཀློ་དང་། དབང་པོ་མ་ཚང་བ་ལ་སོགས་པར་ནམ་ཡང་སྐྱེ་བར་མི་འགྱུརརོ།། རིམས་དང་། འབྲུམ་བུ་དང་ནད ་དྲག་པོ་ལ་སོགས་པའི་ནད་ཀྱིས་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་ནད་ཀྱིས་འཇིགས་པ་མི་འབྱུང་།། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་གྲོལ་བར་འགྱུརརོ།། ་འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི་འཛིན་པའི་གང་ཟག་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུརརོ།། འདི་འཛིན་པའི་གང ་ཟག་དེ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་མ་ལུས་པ་བྱང་བར་འགྱུརརོ།། སངས་རྒྱས་ཐམས་ཅད་མཐོང་བར་འགྱུརོ།། དུས་མ་ཡིན་པའི་འཆི་བ་མི་འབྱུང་ཞིང་ནམ་འཆི་བའི་ཚེ་དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྒྲོལ་མ་མཐོང་བར་འགྱུརརོ།། འདི་འཛིན་པའི་གང་ཟག་དེ་ནི་ཡིད་ལ་ཅི་བསམས་པ་ཐམས་ཅད་འགྲུབ་པར་འགྱུརརོ།། གཟུགས་ཕུན ་སུམ་ཚོགས་པ་དང་། ཁ་དག་ཕུན་སུམ་ཆག་ས་པ་དང་། ཁ་དོག་ཕུན་སུམ་ཚོགས་པ་ལ་སོགས་པ་ཐམས་ཅད་འཐོབ་པར་འགྱུརརོ།། རྨི་ལམ་ངན་པ་དང་། སྡང་བ་དང་། མི་མ ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུརརོ།། དུས་གསུམ་གྱི་བདེན་པ་ཡང་མཐོང་བར་འགྱུརརོ།། ཡུམ་སྒྲོལ་མའི་སྐུ་དངོསུ་མཐོང་བར་འགྱུརརོ།། ན་མཿསརྦ་ཏ་ཐཱ་ག་ཏ་ས་མྱཀ་སཾ་བུད ་དྷ་ཡ་ཏྲེ་ཏ་ཡ་ཏྲེ་ཏ་ཡ་ཏྲེ་ཏ་ར་ཏེ་ཏུ་ཏཱ་ར་ཞེས་བརྗོད་པར་བྱའོ།། བསྟོད་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས ་ལ་གསོལ་པ། གཟུངས་སྔགས་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ ་མོའི་དོན་ལ་མོས་པས་ནན་ཏན་དུ་བྱའོ།། དེ་ནས་ཏམ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམས་ཅད་དུ་རྡོ་རྗེར་གྱུར་ཏེ། འཇམ་དཔལ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་ཛྭ་ལ་བཛྲ་དམ ་ཧཱུཾ་ཕཊ་ཅེས་བརྗོད་པར་བྱའོ།། དེ་ནས་ཏཾ་ལས་བྱུང་བའི་ཡི་གེ་ཨ་དཀར་པོ་བསྒོམ་པར་བྱའོ།། དེའི་སྟེང་ན་བ་སྔོན་པོ་བསྒོམ་པར་བྱའོ།། དེའི་སྟེང་དུ་ལཾ་སེར་པོ་བསྒོམ་པར་བྱའོ།། དེའི་སྟེང་དུ ་ཡི་ལྗང་ཁུ་བསྒོམ་པར་བྱའོ།། དེའི་སྟེང་དུ་རཾ་དམར་པོ་བསྒོམ་པར་བྱའོ།། དེ་རྣམས་ཀྱི་འོད་ཟེར་འཕྲོ་བ་དང་བསྡུ་བ་བྱས་ཏེ། ཨོཾ་དྷརྨ་དྷ་ཏུ་བི་ཤུདྡྷ་ཧཱུཾ། ཨོཾ་ཨཱཾ་དྷ་ཏུ་བི་ཤུདྡྷ་ཧཱུཾ། ཨོཾ་ས་མནྟ་བི་ཤུདྡྷ ་ཧཱུཾ། ཨོཾ་བཀྵ་བི་ཤུདྡྷ་ཧཱུཾ། ཨོཾ་ཀྵ་ཏ་བུ་ཐཱ་ན་བི་ཤུདྡྷ་ཧཱུཾ། ཨོཾ་ན་མཿསརྦཏ་ཐཱ་ག་ཏ་མཎྜ་ལ་ས་མནྟ་བི་ཤུདྡྷ་ཧཱུ~ཾ། འཇམ་དཔལ་དེ་ལྟར་སྔགས་དེ་བརྗོད་པས་དཀྱིལ་འཁོར་ཡང ་བསྐྱེད་པར་བྱ་སྟེ། པདྨ་འདབ་བཞི་ཁ་དོག་སྣ་ཚོགས་པ་ལ་རྡོ་རྗེ་རབས་བསྐོར་བ་ཅུ་ཆང་བཞི་དང་ལྡན་པས། གྲུ་བཞིར་འདུག་ཅིང་སྐེ་བཞི་ཀ་བ་བརྒྱད་དང་ལྡན་པ་དྲ་བ་དྲ་ཕྱེད་པ ་དང་། རིན་པོ་ཆེའི་ཆུན་འཕྱང་དང་། ཏ་ར་ནི་ལ་སོགས་པས་མཛེས་པའོ།། དེ་ལྟར་དཀྱིལ་འཁོར་ཁང་པ་དེ་འདྲ་བ་བསྐྱེད་དེ། དབུས་ཀྱི་ཟེ་འབྲུ་ལ་ནི་ཟླ་བ་དང་། པདྨའི་སྟེང་དུ་ཏཾ་ལྗང་ཁུ་ལས་བྱུང་བའི་ཨུཏྤལ ་ལ་ཏེ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་ལྡན ་ལྟ་བུར་མཐོང་ངོ་།། དེའི་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མའི་སྐུ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱི་མཆོག་སྦྱིན།། གཡོན་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས ་པའི་སྐུ་རིན་པོ་ཆེའི་དེ་ཤལ་དང་། རྣ་ན་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་མ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ། ་མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ཤར་དུ་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལས་བསྐྱེད་པའི་ཨུཏྤ་ལ་མཐིང་ཀ་ས་བོན་དང་བཅས་པ་ལས ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། བོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། ་གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུ་ཏྤ་ལ་ལས་བྱུང་བའི་སྒྲོལ་མ་མཐིང་ཀ་ཕྱག་གཉིས་པ། གཡས་ཀྱིས་ཏྲི་ཤུལ་འཛིན་པ། ཕྱག་གཡོན་ན་སྡོང་བུ་དང་བཅས་པའི ་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་བསྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོལ་བབ་གཞལ ་འཛུམ་པ་དང་བཅས་པ། མཉམ་པའི་དཀྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ལྷོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་སྐྱེས་པའི་ཨུཏྤ་ལ་སེར་པོ་ས་བོན་དང ་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཆེན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གན ་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་སྐུ་མདོག་གསེར་བསྲེགས་པ་ལྟ་བུ་ཕྱག་གཉིས་པ། གཡས་ན་རལ་གྲི་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ ་ལ་འཛིན་པའི་སྐུ་རིན་པོ་ཆེའི་དེ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོནུ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་དཀྱིལ་ཀྲུ ་དང་བཅས་པ་ཟླ་བ་དང་། པདྨའི་སྟེང་དུ་བཞུགས་པའོ།། ནུབ་ཏུ་ཟླ་བ་དང་། པདྨའི་སྟེང་དུ་ཏུ་ལས་བྱུང་བའི་ཨུཏྤ་ལ་དམར་པོ་ས་བོན་དང་བཅས་པའི་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་དང་བཅས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཆེན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི ་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་དམར་མོ་ཕྱག་གཉིས་པ་གཡས་ན་འཁོར་ལོ་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས་པའི་སྐུ་རིན་པོ ་ཆེའི་དེ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོནུ་མ་ལང་ཚེ་ལ་བབ་གཞལ་འཛུམ་བག་དང་བཅས་པ། མཉམ་པའི་དཀྱིལ་མོ ་ཀྲུང་དང་བཅས་པ། ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། བྱང་དུ་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལས་བྱུང་བའི་ཨུཏྤལ་ལྗང་ཁུ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས ་ཅདུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི ་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ལྗང་ཁུ་ཕྱག་གཉིས་པ་གཡས་ན་གདུག་འཛིན་པ། གཡན་ན་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི ་ཤལ་དང་། སྙན་ཆ་དང་། དཔུང་རྒྱར་དང་། རྒྱར་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོ་ནནུ་ལང་ཚོལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ ་མོ་ཀྲུང་བཅས་པ། གདན་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ཤར་ཕྱོགས་ཀྱི་སྐེར་ཟླ་བ་དང་པདྨའི་སྟེང་ན་ཏཾ་ལས་བྱུང་བའི་ཨུད་པ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས ་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུད ་པ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན ་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ། ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ་ན། བས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། ་ལྷོའི་སྒོར་པདྨ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ ་བ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་པོ་ཕྱག་གཉིས ་ཞགས་པ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་རྒྱན་པ། གཞི་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས ་། ལ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་སྐྱེས་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོང ་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་།། དེའི་ཨུཏྤ་ལ་ལས ་བྱུང་བའི་སྦྲེལ་མ་ལྷག་སྒྲོགས་མ་སྐུ་མདོག་དམར་མོ་ཕྱག་གཉིས་ལྕག་སྒྲོག་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན ་བ་གཞོནུ་ལང་ཆེ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུ། པའོ།། བྱང་གི་སྒོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ ་ལ་ས་བོན་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོང་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། ་སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་།། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗང་ཁུ་མ་ཕྱག་གཉིས་ན་དྲིལ་བུ་འཛིན་པ་ཁྲོས་པའི་སྐུ་རིན་པོ་མེའི ་ཤལ་དང་། སྭན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་དུ་བཞུ ་པའོ།། འཇམ་དཔལ་དེ་ལྟར་ལྷའི་འཁོ་ལོ་བསྒོམ་པར་བྱའོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ལ་སོགས་པ་རྣམས་ནི་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ། ་སྤྲུལ་པ། འཇམ་དཔལ་འགྲོ་བ་དྲུག་པོ་རྣམས་ཀྱི་ཉོན་མོངས་པ་དང་བཅས་པའི་ཁམ་སོ།། དེ་ལྟ་བས་ན་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ ་ངང་ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་རིག་པར་བྱའོ།། ལྷའི་ལེའུ་སྟེ་བཞི་པའོ།། །། དེ་ནས་འཇམ་དཔལ་གྱིས་ཞུས་པ། བཅོམ་ལྡན་འདས་ལྷ་ངེས་ལྷས་ཇི་ལྟ་བུས་བྱིན་གྱིས་བརླབས ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། འཇའ་ཚོན་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། གཟུགས་བརྙན་ལྟ་བུསོ།། ་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ཞེས་བྱ་བ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་གཉིས ་ཀའཁྲུ་ལོ།། སྒྱུ་མ་ནི་གཞན་འཁྲུལ་པའོ།། འཇའ་ཚོན་ནི་སྟོང་པའོ།། སྨིག་རྒྱུ་ནི་ཡུལ་འཁྲུལ་ཅིང་སྟོང་པའོ།། ཆུ་ཟླ་ནི་རྒྱུ་འབྲསོ།། གཟུགས་བརྙན་ནི་དྲི་ཟའི་གྲོང་ཁྱེར་ཏེ། འཇམ ་དཔལ་འཁྲུལ་པ་ནི་དེ་བཞིན་ཏེ་ཉོན་མོངས་པ་དང་བཅས་པའི་ཁམས་དེ་བཞི་ནོ།། འཇམ་དཔལ་དེ་ལྟ་བས་ན་ལྷས་ལྷ་ལ་བྱིན་གྱིས་བརླབས་པ་ཡང་འདྲའོ།། འཇམ་དཔལ་སྤྲུལ་པ་དང་། ་སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ནི་ཐོགས་པ་མེད་ཅིང་ཐོགས་པ་དང་བྲལ་བའོ།། ཐ་དད་པ་མེད་ཅིང་ཐ་དད་པ་དང་བྲལ་བའོ།། འཇམ་དཔལ་དེའི་ཕྱིར་རང ་བཞིན་ནི་དེ་དང་འདྲ་བར་ཡིད་ལ་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་མཛད་པ་ནི་ལག་པ་ཐལ་མོ་སྦྱར་ཏེ་གུང་མོ་གཉིས་བརྐྱང་སྟེ་རྩེ་སྦྱར་ནས་མཛུབ་མོ། ་གཉིས་དང་། སྲིན་ལག་གཉིས་གུང་མོ་ལ་རེག་སྟེ། ཟུར་བཅག་ནས་མཐེའུ་ཆུང་དང་། མཐེ་མོ་རྩེ་སྤྲད་ནས་ནང་སྦྱང་བ་ནི་རྡོ་རྗེའི་ཕྱའོ།། དེའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏེ་བཛྲ་སྟ་ན་སརྦ་ཐཱ་ག་ཎ ་བཛྲ་ཏ་ན་ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བར་མཛད་པ་ནི་ལག་པ་ཐལ་མོ་སྦྱར་ཏེ་མཐེའུ་ཆུང་དང་སྲིན་ལག་ཕྱིར་བཀན་ཏེ་གུང་མོ་རྩེ་སྤྲང་ནས་མཐེ་བོས ་མཛུབ་མོ་གཉིས་མནན་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ། མགོ་བོའི་སྟེང་དུ་བཞག་ནས་སྔགས་བརྗོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་མ་ཎི་ཛྭ་ལ་ནི་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཤུདྡྷ་པ་རི་ཤུདྡྷ་ཡ ་སྭཱ་ཧཱ།། ཞེས་བྱ་བའི་སྔགས་འདིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་རིགས ་ཐམས་ཅད་ཀྱི་ཚིག་གི་ཕྱག་བརྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ཏེ་སོར་མོ་རྣམས་ཕན་ཚུན་དུ་སོ་སོར་བསྔོ་ལ་གུང་མོ་སྒྲེང་སྟེ་མཐེ་བོང་དང་། མཐེ་ཆུང་ཡང་གཞིབས་ཏེ་སྒྲ ་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་པར་བྱའོ།། དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ། ་གཞོ་ནུས་སྨྲས་པ། ཟླ་བ་ཉི་མའི་སྐུ་འདྲ་བའི།། ལྗང་ཁུའི་མདོག་ཅན་འགྱིང་བག་ཅན།། པདྨ་ཟླ་བའི་སྟེང་ན་བཞུགས།། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ།། སེམས་ཅན་ཀུན་གྱི་སྐྱབས ་གྱུར་པའི།། ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད་ཅེས་ཡུམ་ལ་བསྟོད་ནས་སྨྲས་པ། བཅོམ་ལྡན་འདས་གསང་སྔགས་ནི་གང་གིས་འགྲུབ་ཅེས་སྨྲས་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། འདིའི་གཟུངས་སྔགས་ནི་འདིའོ།། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྱཱ་དྷ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མསྟ་རཱ་ཡཾ། ན་མསྟཱ་རེ་ཏུ་རེ་བཱི་རེ་གྷཱ་ཎདྷ ་ཏི་ནི་དྷྭེ་ཀྲ་ཎེ། ཏྲཻ་ལོ་ཀྱ་ན་ཐ་བཀ་ཏྲ་བ་ཛཾ། བི་ཀ་སཏ་ཀེ་ཤ་རེད་བྷ་གེ་ན་མཿཤ་ཥེ་ཤ་རཿ་ཙན། དྲ་སཾ་བུརྣ་པ་ཊ་ལཱ་ན་ནོ། ཏཱ་ར་ས་ཧ་སྲ་ནི་ཀ་ར་པྲ་ཧ་ས་ཏ་ཀི་ར་ཎོ་ཛཱ་ལེ། ན་མཿཀ་ན་ཀཱ་ནི་ལཱཿ ་ཛ་པཱ་ཎི་པདྨ་བི་བྷུ་ཥི་ཏེ། དྭེ་ན་བཱིདྱ་ཏ་པ། ཤན་ཏི་ཏི་ཏིཀྵ་དྷུ་ན་གོ་ཙ་རེ། ན་མཿསརྦ་ཐཱ་ག་ཏོཥྞཱི་ཥ། བི་ཛ་ཡཱ་ནནྟ་ཙཱ་རི་ཎི། ཨ་ཤེ་ཥ་པཱ་ར་མི་ཏཱ་པྲཱབྡ། ཛི་ན་པུ་ཏྲ་ནི་ཏེཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས ་བཟླས་པར་བྱའོ།། གཟུངས་སྔགས་ནི་འདིའོ།། སྙིང་པོ་ནི་འདིའོ།། ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། ཨོཾ་ཏུཏྟཱ་རེ་ཏུ་ཏཱ་རེ་ཏུ་རེ་སྭཱ་ཧཱ། པདྨའི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏཱ ་ཏུ་རེ་ཏུ་རེ་སྭཱ་ཧཱ། རིན་པོ་ཆེའི་རིགས་ཀྱི་སྙིང་བརྡ་ཨོཾ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ལས་ཀྱི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏཱ་རེ་ཏུ། རེ་ཏ་རེ་སྭཱཧཱ། རྡོ་རྗེ་རིབས་ཀྱི་སྙིང་པོའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ ་སྭཱ་ཧཱ། ལས་སྣ་ཚོགས་པའི་སྙིང་པོའོ།། ཨོཾ་ཏུཏྟཱ་རེ་ཏཱ་རེ་ཧཱུཾ་ཐ་ར་པུ་རི་ཏེ་ཤེ་དེ་གཾ་ཙ་རི་སཔྟ་ལེ་ཀ་ཀྲ་མ་ཀྲྀནྟི། ཨ་བྷི་ཥ་ཀ་ར་ཤ་ན་ཀྵ་མི་ཧྲཱིཿདབང་དུ་བསྡུ་བའི་སྔག་སོ།། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་ར་ཥུ ་ཧཱུཾ་ཀཱ་ར་པུ་རེ་ཤ་ཏེ་ཀཉྩ་རི་སཔྟ་ལོ་ཀ་ཀྲ་མ་ཀྲྀ་ཏི་ཨ་ཤེ་ཥ་པུཥྚིཾ་ཀུ་རུ་ཀ་ར་ཤ་ན་ཀྵ་མི་ཧོ། རྒྱས་པའི་སྔག་སོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་ཧཱུཾ་ཀ་ར་པུ་རི་ཏ་ཤ་ཏེ་གཾ་ཙི་རི་སཔྟ་ལོ་ཀི་ཀྲ་མ་ཀྲཱནྟི་ཨུ ་ཥ་ཨ་ཀཪྵ་ཡ་ཀ་རཱ་ཤ་ན་ཀཱ་མི་ཕཊ། དེ་ནི་ལས་ཀྱི་སྔག་སོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཀཱ་ར་པུ་ཏ་ཤ་དེ་གཾ་ཙ་རེ་སཔྟ་ལོ་ཀ་ཀྲ་མ་ཀྲྀནྟི་ཨ་ཥེ་ཥ་ཤཱནྟིཾ་ཀུ་རུ་ཀ་ར་ཤ་ན་ཀྵ་མི་སྭཱ་ཧཱ།། ཀླུ་ཞི ་སྔག་སོ།། ཨོཾ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཱ་ཧཱ། ཤཀྲ་ནི་ལ་བྲཧྨ་རོདྷྭེ་ཤེ་ཙེ་ཤ་རང་ཙེ་ཏི་བྷུ་ཏཱ་བེ་ཏཱ་ཌ་གཾ་དྷརྨ་ག་ན་ཡ་ཀྵ་དུ་ཥཱ་ཏྲི་ཏེ་བ་ཀ་རི་བ་ར་ན་ཡནྟ་པྲ་མརྡ་ནི་པྲ་ཏེ་ལི་ཊ་པ་བྷཱ་ས་ནེ་ཁི་ཛཾ་ལ་ཛི་ལ། ཀུ་ལི་ཛྲྀ ་ལི་རི་མ་ཧཱ་བྷྱོ་རེ་མཱ་རཱ་བཱི་ར་བ་ནི་ཤ་ནི། བྷྲྀ་ཀུ་ཊི་ཀྲི་ཏ་བཀྵ་བ་ཛ~ཾ་སརྦ་ཤ་ཏྲུ་ནི་སཱུ་ད་ནཻ་རཏྣ་མུ་ཏྲཾ་ཀ་དྲི་དྷ་ཊུ་ལི་འི་བྷུ་ཥི་ཏེ་བྷུ་ཛེ་ཏཱ་ཤེ་འ་དིག་ཙཀྲེ་ནི་ཀ་ར་སྭ་ཀ་རཱ་ཀུ་ལེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ལས་སྣ ་ཚོགས་པའི་སྔག་སོ།། ཨོཾ་ཨིནྡ་ཡ། ཡ་མཱ་ཡ། བ་རུ་ཎཱ་ཡ། ཡཀྵ་ཡ། ཨགྣ་ཡེ། ཥཱ་ཡ་གེ་ནཾ་རི་ཏ་ཡེ། རཱཀྵ་སེ། ཨཾ་ཨིནྡྲ་པཱ་ལཱ་ཡ། སཱུཪྱ་ཙེནྡ་ཡེ། ཨུ་ཏི་ཨ་ཡ་བྷུ་མ་ཡེ། ཨ་ཀཱ་རུ་མུ་ཁཾ་སརྦ ་དྷརྨཱ་ཎཱཾ། ཨཱ་དྱ་ནུ་ཏ་བ་ན་ན་ཏེ་ཏ་ཨཾ་ཨཱ་ཧཱུཾ་ཕཊ། སྭཱ་ཧཱ། ཞེས་བྱ་བ་ནི་ལས་ཐམས་ཅད་འགྲུབ་པའི་སྔག་སོ།། སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །། འཇམ་དཔལ་ལས་ནི ་འདིའོ།། སྤོས་ཀྱི་ཁང་པ་ཡིད་དུ་འོང་བར་དྲི་ཞིམ་པའི་ཆག་ཆག་བཏབ་སྟེ་མཎྜལ་དཀར་པོའི་ཆུས་བྱུགས་པ་ལ་མེ་ཏོག་སིལ་མ་གཏོར་ཏེ། བུམ་པ་རིན་པོ་ཆེ་ལྔ ་བྱས་པའི་ནང་དུ་རིན་པོ་ཆེ་ལྔ་ནི་གསེར་དང་མུ་ཏིག་དང་། མན་ཤེལ་དང་། བྱི་རུ་དང་། མུ་མེན་བཞུགས་པར་བྱའོ།། སྤོས་ལྔ་ནི་ཙནྡན་དང་། ཨ་ག་རུ་དང་། དུ་རུ་ཀ་དང་། ག་བུར་དང་། བུ་ཤལ་རྩེ་བཞུགས ་པར་བྱའོ།། ནས་དང་། དྲོ་དང་། སྲན་མ་དང་། འབྲས་དང་ཏིལ་མར་བཞུགས་པར་བྱའོ།། བུ་རམ་དང་། སྦྲང་རྩི་དང་། མར་དང་། ལན་ཚྭ་དང་། ཏིལ་བཞུགས་པར་བྱའོ།། གཙང་མའི་རས་འ་ཆར་མ་ཉམས་པའི ་དཀྲིས་ཏེ་དབུསུ་བཞགོ། གང་བའི་བུམ་པ་བཞི་བཞག་པར་བྱའོ།། པོག་པོར་བཞི་དང་། མེ་ཏོག་ལ་སོགས་པ་བཞི་ཡང་བཞག་པར་བྱའོ།། དེ་ལྟར་རྫོགས་པས་འདི་བསམ་གཏན་དུ་བྱའོ།། ཡི་ག་ཏཾ་ལས ་བྱུང་བའི་བརྩོར་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུསུ་སྒོམ་པ་ནི་པདྨ་རྒྱས་པ་ལ་བྱུང་ཞིང་ཟླ་བ་རྒྱས་པ་ལ་བཞུགས་པ། སྐུ་མདོག་སྟོན་ཀའི ་ཟླ་བ་ལྟར་དཀར་བ། གཞོནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་། དཔུང་རྒྱན་རིན་པོ་ཆེའི་ཆུན་འཆང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི ་ཀའི་རས་ཀྱིས་སྟོད་གཡོག་པ། སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་སྨན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤ་ལ ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལ་འོད་ཟེར་འཕྲོ་ཞིང་པདྨ་དཀར་པོ་གེ་ས་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་ཟེར་འཕྲོ་བ་ཅན་དུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད ་པ་དང་བཅས་པ་བསམས་ཏེ་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ནི་གཅིག་གམ། བདུན་ནམ། ཉི་ཤུ་རྩ ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུརརོ།། འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་དང་། སྡང་བ་དང་། རྨི་ལམ་ངན་པ་ཐད་ཞི་བར ་འགྱུརརོ།། འཇམ་དཔལ་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུ་རོ།། མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུ་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ཚེ་རབས་དྲན་པ་དང་། ་དབང་པོ་གསལ་བ་དང་། ཡིད་གཞུང་བར་འགྱུརོ།། གཟོའི་གནས་ཐམས་ཅད་ལ་མཁས་པར་འགྱུ་རོ།། སྟོབས་དང་། མདངས་དང་། གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ།། འཇིག་རྟེན་སྐྱོང་བཛད ་སྲུང་བ་དང་། སྐྱོབས་པ་དང་། སྦེད་པ་དང་། ཕན་པ་བྱེད། གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་པར་འགྱུརོ།། ཞི་བའི་ལས་ཀྱི་ལེའུ་སྟེ་བདུན་པའོ།། འཇམ་དཔལ་རྒྱས་པའི་ལས་འདིའོ།། སྤོས་ཀྱི་ཕ ་པ་དྲི་ཞིམ་པ་དང་ལྡན་པའི་གནསུ་བ་སེར་སྐྱའི་རྣམ་སྔས་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་བྱའོ།། མེ་ཏོག་ཀྱི་ཚོམ་བུ་ཡང་དགྲམ་པར་བྱའོ།། རྒྱས་པ་ལས་བྱུང་བའི་ཐང་ཀ་ཡང་དགྲམ ་པར་བྱའོ།། རིན་པོ་ཆེ་རྣམ་པ་ལྔ་དང་། འབྲུ་དང་སྨན་ལ་སོགས་པ་དག་ལ་རིལ་བུ་ཉི་ཤུ་རྩ་གཅིག་བྱས་ཏེ། རིན་པོ་ཆེའི་ག་འུར་བཅུག་ལ་མཎྜལ་གྱིས་དབུསུ་བཞག་པར་བྱའོ།། པོག་པོར་བཞི་ཡང ་བཞག་པར་བྱའོ།། མེ་ཏོག་ལ་སོགས་པ་ཡང་བཞག་པར་བྱས་ནས་བསམ་གཏན་བསྒོམ་པར་བྱ་སྟེ། ཡི་གེ་ཏཾ་ལས་སྐྱེས་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ ་དཔའ་མོ་ཅིག་མ་རྣལ་འབྱོར་མའི་ལུག་སུ་བསྒོམ་པ་ནི་པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་དུ་རྒྱས་པའི་སྐུ་སྟོན་ཀའི་ཟླ་བ་ལྟར་གསལ་བའི་སྤྲིན་དང་བྲལ་བའི་ཉི་མ་ལྟ་བུར་གནོནུ ་ལང་ཚོ་ལ་བབ་པ་ལྟ་བའི་སྐུ་མདོག་སེར་པོ་དོ་ཤལ་དང་། དཔུང་རྒྱན་དང་། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས ་སྟོད་གཡོག་པ། སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤལ་སྡོང་བུ་དང་བཅས ་པ་འཛིན་གསྐུ་ལས་འོད་འདྲེ་ཞིང་པདྨའི་གེ་སར་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་འཕྲེ་བ། ལྷའི་ཚོགས་དང་། ལྷ་མ་ཡིན་གྱི་ཚོགས་དང་། ན་མཁའ་ལྡིང་གི་ཚོགས་དང་། མི་འམ། ་ཅིའི་ཚོགས་དང་། དྲི་ཟའི་ཚིགས་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་དང་། སྲིན་པོའི་ཚོགས་ཀྱི་སྟོབས་ཟིལ་གྱིས་གནོད་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ ་སྒོམ་ཏེ་བཟླས་པ་འདྲི་བྱའོ།། ཨོཾ་ཏཱར་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ།། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པས། ལན་གཅིག་སམ་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བརྗོད་ནས་གསོལ ་བ་བཏབ་ན་འགྲུབ་པར་འགྱུ་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ལྷའི་ཚོགས་དང་། ལྷ་མ་ཡིན་གྱི་ཚོགས་དང་། མི་བཾ་ཅིའི་ཚོགས་དང་། ན་མཁའ་ལྡིང་གི་ཚོགས་དང་། མིའི་ཚོགས་དང་། དྲི་ཟའི་ཚོགས་དང་། ་ལྟོ་འཕྱེའི་ཚོགས་དང་། སྲིན་པོ་ལ་སོགས་ཐམས་ཅད་ཀྱིས་དེའི་སྟོབས་ཐུབ་པར་མི་འགྱུར་ལ། སྲུང་བ་དང་སྐྱོབ་པ་ཡང་བྱེད་པར་འགྱུརརོ།། དུས་མ་ཡིན་པའི་འཆི་བ་དང་། རྩོད་པ་དང་། རྨི ་ལམ་ངན་པ་དང་། ལྟས་ངན་པ་དང་། རིམས་དང་། འབྲུམ་བུ་དང་། གཡན་པ་ལ་སོགས་པས་མི་ཆུག་སོ།། ནམ་འཆི་བའི་ཚེ་ཡང་། སྟོབས་དང་ལྡན་པར་འགྱུརརོ།། ངན་སོང་གསུམ ་དུ་མི་འགྱུརརོ།། འཇམ་དཔལ་ལས་དེས་ཡོ་བྱད་དང་། ཚེ་དང་བཀྲག་དང་སྟོབས་དང་ལྡན་པར་འགྱུརརོ།། དེ་བཞིན་གཤེགས་པ་མཐོང་བ་དང་། སྟོབས་དང་ལྡན་པར་འགྱུརརོ།། རྒྱས་པའི་ལེའུ་སྟེ་བརྒྱད་པའོ།། ་འཇམ་དཔལ་དབང་དུ་བསྡུ་བའི་ལས་ནི་འདིའོ།། དུར་ཁྲོད་དམ། ཤིང་གཅིག་གམ། ཆུ་ཆེན་པོའི་འགྲམ་དུ་འམ། གཙུག་ལག་ཁང་དུ་བྱའོ།། ཁང་པ་དེར་བའི་རྣམ་ལྔས་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱཱཊ ་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ།། ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་པོག་བོར་དང་། མེ་ཏོག་ལ་སོགས་པ་ཡང་བཤམ་པར་བྱའོ།། མེ་ཏོག་དང་འབྲས་བུ་ནུས་པ་དང་ལྡན་པའི། ་རྫས་དག་རིན་པོ་ཆེའི་གའུར་བཅུག་ལ་མཎྜལ་གྱི་དབུསུ་བཞག་པར་བྱའོ།། དེ་ནས་བསམ་གངར་སྒོམ་པ་ནི་ཏཾ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི ་ལུསུ་སྒོམ་པ་ནི་པདྨ་ལས་བྱུང་ཞིང་ཉི་མའི་སྟེང་ན་སྐུ་མདོག་བན་དུ་ཀའི་མེ་ཏོག་ལྟར་དམར་བ། གཞོ་ནུ་ལང་ཚེ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་། དཔུང་རྒྱན་དང་། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པ ་མཛེས་པར་བརྒྱན་པ། པན་ཙི་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱི་སྟོད་གཡོགས་པ། འགྱིང་བག་གི་ཚུལ་གྱིས་བཞེངས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་བའང་ཅིང་ཆེར་བཞད་པ། ་སྤྱན་འཁྱུག་པ། ཕྱག་གཡས་ཀྱིས་ཐུགས་ཁ་ན་འདུད་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། སྐུ་ལ་ས་འོད་འཕྲོ་བ་དང་བཅས་པ་ལས་རང་དང་འཐུན་པའི་འོད་འཁྲུག་པ ་དང་བཅས་པའི་སྐུ་བྱང་ཆུབ་སེམས་དཔའ་དཔག། ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླས་པ་འདི་བྱའོ།། ཨོཾ་ཏུཏྟཱ་ཏཱ་ར་ཏུ་རེ་སྭཱ་ཧཱ།། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས ་པ་ལ་ལན་གཅིག་གམ་བདུན་ནམ། ཉི་ཤུ་རྩ་གཅིག་དང་། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུརརོ།། འཇམ་དཔལ་དེའི་ཕན་ཡོན་ནི་ས་བདག་གི་རྒྱལ་པོ་ལ་སོགས་པ་འཇིག་རྟེན ་གསུམ་པོ་ཐམས་ཅད་དབང་དུ་འགྱུརརོ།། ཐམས་ཅད་ཁུགས་པར་འགྱུརརོ།། དབང་གི་ལས་ཀྱི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །། འཇམ་དཔལ་དྲག་པོའི་ལས་བྱ་བར་འདོད་ན་གནས་ནི་དུར་ཁྲོད་དམ། ཤིང ་གཅིག་གམ། ཆུ་བོ་ཆེན་པོའི་འགྲམ་འམ། གཙུག་ལག་ཁང་དུ་བྱའོ།། ཁང་པ་དེར་བའི་རྣམ་ལྔས་ཆག་ཆག་བཏབ་སྟེ། དྲི་ཞིམ་པོའི་ཆུས་མཎྜལ་བྱའོ།། སྐུ་གཟུགས་ལ་སོགས་པ་ཡང་དགྲམ་པར་བྱའོ།། ་གྲོ་ག་འམ། རས་སམ། ཤིང་ཤུན་ལ་རྒྱལ་པོ་ལ་སོགས་པའི་གཟུགས་ནིམ་པའི་ཆུས་བྲིས་ལ་མཎྜལ་གྱི་སྟེང་དུ་ཁམ་པའི་ག་འུར་བཞག་པར་བྱའོ།། དེ་ནས་མཎྜལ་གྱི་སྟེང་དུ་བཞག ་པར་བྱའོ།། པོག་པོར་ལ་སོགས་པའི་མཆོད་པ་ཡང་བཤམས་པར་བྱའོ།། དེ་ནས་བསམ་གཏན་བསྒོམ་པར་བྱ་སྟེ། ཡི་གེ་ཏཾ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ ་མེ་རྣལ་འབྱོར་མའི་ལུསུ་སྐེམ་པ་ནི་པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་བཞུགས་པ། སྐུ་མདོག་ལྗང་ཀུ་ཀུན་ནས་གསལ་བ་གཞོན་ལང་རྨེ་ལ་བབ་པའི་སྐུ་དོ་ཤལ་དང་། དཔུང་རྒྱན་དང་། རིན ་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོད་གཡེགས་པ། གཡས་བརྐྱང་བ་གཡོན་བསྐུམ་པས་བཞུན་པ། ་ཞལ་གཅིག་པ་ཕྱག་གཉིས་པ། ཞལ་མཆེ་བ་གཅིག་པ། སྤྱན་ནི་རབ་ཏུ་འབར་ཞིང་དབུ་སྐྲ་གྱེན་བརྫེས་པ། དབུའི་ཟླ་བའི་སྟེང་ན་ཨ་མི་དེ་བ་དང་བཅས་པ་བསྐལ་པའི་མེ་དཔུང་ན ་བཞུགས་པ། ཕྱག་གཡས་ན་འཁོར་ལོ་འཛིན་པ། གཡོན་ན་སྡིག་མཛུབ་དང་བཅས་པའི་ཨུཏྤལ་འཛིན་པ།། སྐུ་ལས་ཁྲོ་བོ་འཕྲོ་བ་ཁྲོ་མོ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུའོ།། དེའི་བཟླས་པ་ནི་འདིའོ།། ་ཨོཾ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པས་ལན་གཅིག་གམ། ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ཤིང་ཉིན་ལན་གསུམ ་མཚན་ལན་གསུམ་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུརོ།། འཇམ་དཔལ་འདིའི་ཡོནྟན་ནི་ཉོན་མོངས་པ་དང་། ལས་དང་རྣམ་པར་སྨིན་པ་དང་། ངན་སོང་ལ་སོགས་པ་ཐམས་ཅད ་། འཇོམས་པའོ།། འཇམ་དཔལ་མ་རུངས་པའི་དགྲ་དང་། དདོན་དང་བགེགས་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུརརོ།། དྲག་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། ། འཇམ་དཔལ་ཕྲིན་ལས་སྣ ་ཚོགས་པའི་ལས་འདིའོ།། དུར་ཁྲོད་དམ། ཤིང་གཅིག་གམ། འཇིག་རྟེན་གྱི་མདུན་ནམ་ཆུ་བོ་ཆེན་པོའི་འགྲམ་དུ་ལས་བྱའོ།། ཁང་པ་དེར་བའི་རྣམ་ལྔས་སྐྱང་ནུལ་བྱས་དེ་དྲི་ཞིམ་པོས་བླགས་པའི་མཎྜལ་མེ ་ཏོག་སིལ་མ་འགྲམ་པར་བྱའོ།། ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་སྤྲ་ཚིལ་ལས་བྱས་པའི་གཟུགས་ཀྱི་སྙིང་ཁར་དུར་ཁྲོད་ཀྱི་རས་ལ་སྔགས་བཅུ་པ་དང་། གསལ་བའི་ཡེ་གེ་གཉིས་དང་བཅས་པ་ལ ་མིང་གི་ཡི་གེ་མཐའ་དང་བཅས་པ་བཅུག་སྟེ་མཿལ་གྱི་དབུ་སུ་བཞག་པར་བྱའོ།། པོག་བོར་དང་མེ་ཏོག་ལ་སོགས་པ་ཡ་ང་དགྲམ་པར་བྱའོ།། དེ་ནས་བསམ་གང་ན་བསྒོམ་པ་ནི་ང་ལས་བྱུང ་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་སྐུ་ཡུ་མ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུསུ་སྒོམ་པ་ནི་པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་ནག་པོ་ཤིན་ཏུ་འཆར་བ་གཞེན ་ལང་ཚོ་ལ་བབ་པ་ལྟ་བུ་སྐུ་དོ་ཤལ་དང་། དཔུང་རྒྱན་དང་། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པ་མཛེས་པར་བྱས་པ། པཉྩ་ལི་ཀའི་གོས་ཀྱིས་སྨང་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོང་གཡོགས་པ། ་ནབས་བརྐྱང་བསྐུམ་དུ་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་གཙིགས་པ། ཞལ་ཁྲོ་གཉེར་ཧཱུཾ་སྒྲ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ། དབུ་ལ་ཟླ་བའི ་སྟེང་ན་ཨ་མི་དེ་བ་བཞུགས་པ། བསྐལ་པའི་མེ་དཔུང་དང་བཅས་པའི་འོད་ལས་འཇིགས་པ་བརྒྱད་ལས་སྲུང་བའི་ལྷ་མོ་འཕྲོ་བ། ཕྱག་གཉིས་ནི་གཡས་ན་གྲི་ཁྲག་འཛིན་ཅིང་གཡེན་པ་སྡོང་དུ ་བཅས་པའི་ཨུཏྤ་ལཱི་སྟེང་ན་མེ་ཏོག་གིས་བཀང་བའི་བྲམ་ཟེའི་ཐོང་པ་ཅན་འཛིན་པ། ཁྲོ་བོའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ།། སྔགས་ནི་འདི་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུ་རེཿ ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ལན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་འ་བ་ན་འགྲུབ་པར་འགྱུརརོ།། འཇམ ་དཔལ་དེའི་ཕན་ཡིན་ནི་ཕྲིན་ལས་བཞི་འགྲུབ་པར་འགྱུརརོ།། འཇིགས་པ་ལས་བསྲུང་བར་འགྱུརརོ།། ཕྲིན་ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ནི་རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འངས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྡོ་རྗེའི་རིགས་ཀྱི་ཡུམ་ནི ་ཞལ་བཞི་མ། ཕྱག་བརྒྱད་མ། དུང་གི་མདོག་ཅན་གཞོནུ་ལང་ཚེ་ལ་བབ་གཞལ་དཀར་བ། གནག་པ་དང་། དམར་བ་དང་། སེར་བའི་ཞལ་བཞིའོ།། རིགས་ལྔས་དབུ་ལ་མཚན་པ། སྤྱན ་གསུམ་པའོ།། ཕྱག་བརྒྱད་ནི་རྡོ་རྗེ་དང་། མདའ་དང་མདུང་དང་། ཐ་མ་ལ་མཆོག་སྦྱིན་གྱི་ཕྱག་རྒྱའོ།། ཨུཏྤ་ལ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། སྡིག་མཛུབ་ནི་གཡོན་གྱི་ཕྱག ་རྒྱའོ།། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ་ཨཀྵོ་བྷུ་བྷཱུ་ཧ་རཱ་ཛཱ་ཡ། ཨཱ་རཱ་ཏཱ ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཱ། བྷོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟ་ར་སྭཱ་ཧཱ་ཞེས་པས་རྡོ་རྗེའི་རིགས་ཟད་ཀྱིས་མེ་ཏོག། ་དང་མར་མེ་དང་། དྲི་ཆབ་དང་། ཤོས་གཙང་གིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདིའོ།། སྒྲ་ཚིལ་ལ་གང་བྱ་བའི་གཟུགས་བྱས་ཏེ་སྨོད་པའི་རྫས་ནི་བྱ་རོག་དང་། ཧུ་ལུའི་ཤ་མིང་དང་བཅས་པའི ་སྙིང་ཁར་བཅུག་ནས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཀཾ་མེ་ཤ་མ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ནས་རླུང་གི་ཕྱོགསུ་སྦས་ན་འཇམ་དཔལ་འཐབ་ཅིང་འབྱེ་བར་འགྱུར།། གཞན་དུ་འབྲོས་པར་འགྱུརརོ། ་རྡོ་རྗེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །། འཇམ་དཔལ་པདྨའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་དམར་མོ།། བན་དུ་ཀའི་མེ་ཏོག་གི་མདོག་གི་སྐུ་གཞོན ་ནུ་ལང་ཚོ་ལ་བབ་པ། གཡས་དཀར་པོ། གཡོན་གྱི་ཞལ་ནག་པོ། རྒྱབ་ཀྱི་ཞལ་སེར་པོ། རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ།། ཕྱག་བརྒྱད་ན་པདྨ་དང་། མདའ་དང་མདུང་དང་། ཐ་མ་མཆོག ་བྱིན་གྱི་ཕྱག་རྒྱའོ།། ཨུཏྤལ་དང་། གཞུ་དང་། རྡོ་རྗེའི་ལྕགས་ཀྱུ་དང་། ཞགས་པ་དང་། སྡིག་མཛུབ་ནི་གཡོན་པའི་ཕྱག་རྒྱའོ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆེས་ཀྱི་སྐུའི ་རང་བཞིན་ཅན་ནེ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨ་མི་ད་དེ་བ་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ཀ་ཏཱ་ཡ། ཨནྟ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ ་ལེ་ཀི་ཏེ་ཤྭ་རཱ་ཡ་བྷེ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་པདྨའི་རིགས་ཐཾད་ཀྱིས་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ ་ཟས་ཀྱིས་མཆོད།། འཇམ་དཔལ་དེའི་ལས་ནི་འདིའོ།། ད་རུ་ར་དང་། ནིམ་པ་དང་། མྱ་ངན་འཚང་གི་མེ་ཏོག་གཏགས་ཏེ་ཕྱེ་མ་སྦྲང་རྩི་དང་འདི་གུ་བྱས་ནས་བསྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ ་ཀ་ཨ་མི་ཏ་ནཾ། ཀུ་མཱ་རི་མ་ཧཱ་མུ་དྲ་བ་ཧེ་ནད་སྱ་བི་ཏ་པ་ཡ་ཙ་ཏུ་ཧཱུཾ་ཧྲི་ཞེས་བརྗོད་ནས་ལུས་ལ་བྱུངས་ན་རང་དབང་མེད་པར་ཞུགས་པར་འགྱུརོ།། པདྨའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་ཅུ ་གསུམ་པའོ།། །། འཇམ་དཔལ་དེ་བཞིན་གཤེགས་པའི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་སེར་མོ་གསེར་བསྲེགས་པ་ལྟ་བུའི་སྐུ་གཞོ་ནུ་ལང་ཚེ་ལ་བབ་པ། རྩ་བའི་ཞལ་སེར་པོ།། གཡས་དཀར་པོ། ་གཡོན་དམར་བ། རྒྱབ་ཀྱི་ཞལ་གནས་པ། རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ།། ཕྱག་བརྒྱད་ན་འཁོར་ལོ་དང་། མདའ་དང་མདུང་དང་། ཐ་མ་མཆོག་སྦྱིན་མཛད་པའོ།། ཨུཏྤ་ལ་དང་། གཞུ་དང་། ་རྡོ་རྗེ་ལྗགས་ཀྱུ་དང་། ཞགས་པ་དང་། སྡིག་མཛུབ་དང་བཅས་པ་གཡོན་ན་འཛིན་པའོ།། རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅ་ནོ།། འཇམ་དཔལ་དེའི་སྔ ་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཏྭེ་ན་སཱ་ཀ་རཱ་ཡ། བེ་རོ་ཙ་ན་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨཱརྱཱ་ཏེ། ས་མྱཿ། སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བས་དེ ་བཞིན་ག་ཤེགས་པའི་རིགས་ཐམས་ཅད་ཀྱིས་མཆོད་པའི་མེ་ཏོག་དང་། མར་མེ་དང་། བདུག་པ་དང་། དྲི་ལ་སོགས་པས་མཆོདོ།། འཇམ་དཔལ་དེའི་ལས་ནི་འདིའོ།། ཐིལ་ཆེན་དང་། ས་ཞག་ལ་གཟུགས ་བྱས་ཏེ་སྙིང་ཁར་གསལ་བྱེད་གཉིས་ཀྱི་ཡི་གེའི་མཐའ་ཅན་བཅུག་ལ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། ཛཾ་བྷ་ཡ་ཛཾ་བྷ་ཡ། ཧཱུཾ་ཧཱུཾ་ཧཱཾ། ལཾ། ་ཁཾ་ཁཾ་ལ~ཾ་ལཾ་ཞེས་བརྗོད་ནས་ལམ་རྩ་བྲམ་དུ་སྦ་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། འཇམ་དཔལ་རིན་པ་ཆེའི་རིན་གྱི་ཡུམ་ནི་ཞལ་པ་ནི་ཕྱེན། ་བརྒྱད་པ། རྩ་བའི་ཞལ་ནི་མཐིང་ཀ། གཞོནུ་ལང་ཚོ་ལ་བབ་པ་མཐིང་ཀའི་སྐུ་ཞལ་གཡས་དཀར་པོ།། གཡོན་དམར་བ། རྒྱབ་ཀྱི་ཞལ་སེར་པ། རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ།། ཕྱག་བརྒྱད ་ནི་རིན་པོ་ཆེ་དང་། མདའ་དང་མདུང་དང་། ཐ་མ་མཆོག་སྦྱིན་མཛད་པའོ།། ཨུཏྤ་ལ་དང་། གཞུ་དང་། རྡོ་རྗེ་ལྕན་ཀྱུ་དང་། ཞགས་པ་དང་། སྡིག་མཛུབ་གཡོན་པ་ན་འཛིན་པའོ།། རྡོ་རྗེའི་སྐྱིལ་མོ་ཀྲུང་གི ་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། སཾ་བྷ་བ། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨདྷ་ཏ། ས་མྱཀ ་སཾ་བུདྡྷ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷེ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རི་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་རིགས་ཐཾད་ཀྱིས་མེ ་ཏོག་དང་། བདུན་པ་དང་། མར་མེ་དང་། དྲི་ཆབ་ཀྱི་མཆོད།། འཇམ་དཔལ་དེའི་ལས་ནི་འདིའོ།། སྟག་པའི་རྩ་བ.རུ་ལེ་སྦལ་དང་། སྙིང་ལས་སྐྱེས་པའི་སྲིན་བུ་དང་། ས་བོན་གཉིསུ ་བསྲེས་པ་ཁམ་པའི་ག་ཁུར་བཅུག་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཀ་ཨི་བི་ཌ་ནཾ། ཨཱ་ཀཪྵ་ཡ་ཨ་ཀཪྵ་ཡ། ཨ་མུ་ཀི་མ་ཡཻ་བ་སེ་ཏྲཾ། སྭ་བ་ནན་ཀ་ཐ་ཧཱཾ་ཧྲིཿཞེས་བཟླས་ཏེ་མལ ་འོག་ཏུ་སྦས་ན་ཡོནྟན་ཤེས་ཤིང་མི་ཕྱེད་པར་འགྱུརརོ།། རིན་པོ་ཆེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། ། འཇམ་དཔལ་ལས་ཀྱི་རིན་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི ་ཞལ་ནི་ལྗང་ཀུ། གཞོནུ་ལང་ཚོ་ལ་བབ་པ། གཡས་དཀར་ག་གཡོན་དམར་པོ།། རྒྱབ་ནི་ལྗང་ཀུ། རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ།། ཕྱག་བརྒྱང་པ་རལ་གྲི་དང་། མངའ་དང་མདུང་དང་། ་པ་མ་མཆོག་སྦྱིན་པའོ།། ཨུཏྤལ་དང་། གཟུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། སྡིག་མཛུབ་འཛིན་པ་གམན་པའོ།། རྡོ་རྗེ་སྐྱིལ་མ་ཀྲུང་གིས་བཞུགས་ཤིང ་སྐུའི་རང་བཞིན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་ཨ་མོ་གྷ་སིདྡྷི་བྷྱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ། ས་མྱཀ་སཾ་བུདྡྷ་ཡ། ན་མ ་ཨཱརྱ་བྲ་ལོ་ཀི་ཏེ་ཤྭ་ར་ཡ། བྷོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུ་རེ་ཏུཏྟ་རེ་སྭཱ་ཧཱ། ཞེས་བརྗོད་པ་ལས་ཀྱི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་། བདུག་སྤོས ་དང་། མར་མེ་དང་། དྲི་ཆབ་ཀྱི་མཆོད། འཇམ་དཔལ་དེའི་ལས་ནི་ཕྲག་དོག་མེད་པར་མོ་ཐམས་ཅད་འགུགས་པ་ནི་ཕུག་རོན་གྱི་མིག་དང་། ལྕེ་དང་སྙིང་དང་། ཀོ་རེ་ཙ་ན་དང་། ་དངུལ་རྡོ་དང་། དེ་རྣམས་ནིམ་པས་རིལ་བུ་བྱས་ཏེ། འདི་བརྗོད་པར་བྱའོ།། ཙ་ལ་པྲ་ཙཾ་ལ། ཤཱི་བྷཾ་ག་མི་དེ་བ་དནྟ་ཨུ་ཙ་ཏཱ་ཡ། ཨ་མུ་ཁཾ་བ་ས་ནཾ་མུཀྟ་ཀུ་རུ་ན་ཡ ་ན་མ་ཧཱ་རི་ཧ་ད་དེ་ཧྲིཿཞེས་བཟླས་ཏེ་བྱུགས་ན་མོ་ཐམས་ཅད་ཁུགས་པར་འགྱུར་རོ།། དབང་དུ་འགྱུར་རོ།། ཕྲག་དག་མེད་པར་འགྱུར་རོ།། ལས་ཀྱི་རིཌ་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། ། ་དེ་ལྟར་ལས་ཀྱི་བྱེ་བྲག་བསྟན་ནས་འཇམ་དཔལ་གཞོ་ནུར་གྱུར་པས་ལས་ཐམས་ཅད་ཀུན་རྫོགས་པར་སྦྱིན་སྲེག་ཇི་ལྟར་དུ་བྱ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། འཇམ་དཔལ་འདི་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་སོ་སོའི་ལས་སྒྲུབ་པའི་ཕྱིར་སྦྱིན་སྲེག་བྱའོ།། དེ་ལས་དང་པོ་ཞི་བའི་ལས་བྱ་བ་ནི་ཚེས་གསུམ་པའི་ཟླ་བ་ལ་ཁ ་དོག་དང་འཐུན་པའི་ཁང་བུ་བྱས་ཏེ་རྡོ་རྗེ་དཀར་པོ་དགོད་པར་བྱའོ།། བུད་ཤིང་ནི་ཙནྡན་དཀར་པོའི་ཤིང་ལ་སོགས་པས་བྱའོ།། དེ་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་བཞག་སྟེ། འབྲས་དང་། ་ཁྲེ་དང་། ཅུ་རྩེ་དང་། ཏིལ་དཀར་པོ་ལ་སྔགས་བཏབ་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལན་བདུན་ནམ། ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་མེའི་ནང་དུ་གཏོར་བར་བྱའོ།། ཞོ་དང་འོ་མ་ལ་སྭཌ་བཏབ་ཏུ ་ཤཱནྟིཾ་ཀུ་རུ་དང་བཅས་པས་དབུལ་བར་བྱའོ།། འོ་མ་ཅན་གྱི་ཤིང་དང་མར་དཀར་པོ་ལ་ནི་སརྦ་པཱ་པཾ་དང་བཅས་པས་དབུ་ལོ།། འཇམ་དཔལ་མེ་ཏོག་དཀར་པོ་དང་བཅས་པའི་མེའི་ཁང་པ ་ཙིནྡན་ལ་སོགས་པ་དྲི་ཞིམ་པོའི་ཤིང་ལ་མེ་སྦྱར་ཏེ། སྐུ་ག་ཟུགས་མདུན་དུ་བཞག་ལ་ཆུ་དང་ཡུངས་དཀར་ལ་སྔགས་ཏེ་མེར་གཏོར་བའི་སྔགས་ནི། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག ་ཏ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་། སརྦ་པཱ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་ཆུ་ཁོར་མ་བརྒྱ་རྩ་བརྒྱད་དབུ་ལ་བར་བྱའོ།། འཇམ་དཔལ་དེའི་ཕན་ཡོན ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུརརོ།། ནང་འགྲོ་བ་དང་། གདོན་ལ་སོགས་པ་ཐད་ཞི་བར་འགྱུརརོ།། སྐྱེ་བ་ཐཾད་ཚེ་རབས་དྲན་པར་འགྱུརརོ།། འཇམ་དཔལ་བའི་རྣམ ་ལྔས་ཐུག་པ་བྱུགས་ཏེ། མེའི་ཁང་པ་དེ་དང་ལྡན་པའི་ཁང་པར་སྤྲ་ཚིལ་ལ་གཟུགས་བྲིས་པ་དང་བཅས་པ་སྔགས་འདིས་སྲེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་ར་སྭཱ་ཧཱ། ཞེས་བྱ་བས་སྲེག་ན ་དབང་དུ་འགྱུར་ཞིང་ཆེར་གཅད་པར་ཡང་འགྱུརརོ།། སྦྱིན་སྲེག་གི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད། བྱང་ཆུབ་སེམས་དཔའ་འཇམ ་དཔལ་གཞོ་ནུ་ལ་འཁོར་ལོའི་རིམས་པ་བཀའ་སྩལ་ཏོ།། འཁོར་ལོ་ལེ་རྩེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་དབུས་ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵཿཞེས་བྱ་བ་ནི་སྲུང་བའོ། ་ཕྱོགས་མཚམ་སུ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་བྲིས་ཏེ་ཀུན་ལ་སྭཱ་ཧཱའི་བར་དུ་བཅུག་པ་གྲོ་ཀ་ལ་གུར་གུམ་གྱིས་བྲིས་ནས་དཔུང་པ་ལ་བཏགས་པ་ནི་སྲུང་བའི་མཆོག་ཞི་བའི་སྲུང་བའི ་འཁོར་ལོའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་དབང་གི་སྲུང་བ་ནི་འཁོར་ལོ་ལེ་རྩེ་དགུ་པ། ཨོཾ་དང་ཧ་གཉིས་དབུསུ་ཆེ་གེ་མོ་དང་བཅས་པ་བྲི། རཱཀྵ། རཀྵཿཞེས་བྱ་བ་ནི་སྲུང་བའོ།། ཕྱོགས་མཚམ་སུ ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རི་སྭཱ་ཧཱ།། ཞེས་བྱ་བ་བྲིས་ཏེ་ཀུ་མུ་དང་མུའི་བར་དུ་ས་བོ་ནོ།། དེ་གྲོ་ག་དམར་པོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་ལྟེ་བར་མི་མངོན་པར་བཏཌ་ན་སྲུང་བའི་མཆོག་ཏུ་འགྱུར ་ཞིང་དབང་དུ་སྡུད།། དབང་གི་སྲུང་བའི་འཁོར་ལོ་འི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་རྒྱས་པའི་སྲུང་བ་ནི་འཁོར་ལོའི་རྩིབས་བརྒྱད་པ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟ་རེ་བརྒྱད་པོ ་དགོད་པར་བྱའོ།། དབུསུ་ནི་སྭཱ་ཧཱའི་མིང་རཱཀྵཿརཀྵཿདང་བཅས་པ་གྲོ་ག་ལ་གུར་གུམ་གྱིས་བྲིས་པ་དཔུང་པ་འམ་མགུལ་དུ་བཏཌ་ན་སྲུང་བའི་མཆོག་ཏུ་འགྱུརརོ།། རྒྱས་པའི་སྲུང་བའི་འཁོར ་ལོའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བར་ཆོད་སེལ་བའི་སྲུང་བའི་འཁོར་ལོ་ནི་མུ་ཁྱུད་གསུམ་ལ་ཐ་མ་ལེ་རྩེ་བརྒྱད་པའོ།། དབུསུ་མིང་གི་མཐའ་ཅན་གྱི་སྭཱ་ཧཱ་རཱཀྵ་དང་བཅས་པའོ།། མུ་ཁྱུད ་ནང་མ་ལ་ཨུ་ཨུ་ཨུ་ཨུ་ཞེས་བྱ་བར་དགོད་པར་བྱའོ།། ལེ་རྩེ་བརྒྱད་པ་ཕྱི་མ་ལ་ནི་ཨོཾ་ཏཱ་རེ་ཏུ་རེ་ཏུཏྟ་རེ་ཞེས་བྱ་བའི་ཡིག་འབྲུ་རྣམས་ཨུ་དང་ཨུའི་བར་དུ་བཅུག་སྟེ་བཀོད་ལ་ཀྲོ་ག་འམ་ཤིང ་ཤུན་ལ་གུར་གུམ་གྱིས་བྲིས་ཏེ་སྤྱི་བོ་འམ། མཆན་ཁུང་དུ་མིས་མི་མཐོང་བར་བཏགས་ན་གནོད་པ་ཐམས་ཅད་ལས་ཐ་རོ།། སྔགས་ནི་ཅི་མང་དུ་གྲངས་དང་ལྡན་པར་བཟླ་སོ།། ཤིན་ཏུ་རྒྱས་པའི ་སྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཕྲིན་ལས་ཐམས་ཅད་གྲུབ་པའི་འཁོར་ལོ་ནི་གྲོ་ག་འམ་རས་ལ་ལེ་རྩེ་དགུ་པའི་འཁོར་ལོ་ལ་ཙནྡན་དཀར་པོའི་ཆུས་བྲིས་ཏེ་སྤུཊ་དགེང་པ་ནི ་ཨ་ཨཱ་ཨི་ཨཱི། ཨུ་ཨཱ། ཨེ་ཨེ། ཨོ་ཨོ། ར་རཱ་ལ་ལཱི། ཨཾ་ཨཿཞེས་པ་ཕྱིའི་མུ་ཁྱུང་ལའོ།། ནང་གི་མུ་ཁྱུང་ལ་ཏ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་དང་ཧའི་བར་དུ་རཀྵཿཤནྟིཾ་ཀུ་རུ་ཞེས་པ་ནི་སྟེང་གི་འཁོར་ལོ ་ལའོ། འོག་གི་འཁོར་ལོ་ནི་སྔགས་བཟློག་པསོ།། ཕྱིའི་དབྱངས་ཡིག་ཀྱང་བཟློག་པར་ཤེས་པར་བྱའོ།། དབུསུ་ནི་ཨོཾ་དང་ཧའི་བར་དུ་རཀྵ། ཤཱནྟིཾ་ཀུ་རུ་བྲི་བར་བྱའོ།། ཞི་བ་ཆེན་པོའི་འཁྲུལ་འཁོར་གྱི ་སྲུང་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ།། ། དེ་ནས་ཕྲིན་ལས་བཞིའི་ལས་སོ་སོའི་འཁོར་ལོ་ནི་ཞི་བ་ནི་ཁམ་པ་ལ་གོའུ་ཁ་སྦྱོར་བྱས་ཏེ་མེར་བསྲེག་ལ་ཁ་དོག་དཀར་པོ་བྱུག་པར ་བྱའོ།། དེའི་ནང་དུ་འཁོར་ལོ་ལེ་རྩེ་དགུ་པ་བྲིས་ཏེ། སྔགས་དགེད་པ་ནི་ཨཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་བྱ་བ་རེ་མིག་བརྒྱད་ལའོ།། རུ་རུ། ཨོཾ་རུ་རུ། རུ་རུ། ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུདྷ་རུ་རུ། རུ་རུ། ཏཱ་རུ་རུ། རུ་རུ། ་རེ་རུ་རུ་། རུ་རུ། ཏུ་རུ་རུ། རུ་རུ། རེ་རུ་རུ་ཞེས་བྲིའོ།། དབུ་སུ་ནི་ཀུ་རུ་ཤནྟི་ཀུ་རུ་ཞེས་བྲིས་ཏེ་གེ་འུར་སྦྱར་ཏེ། དབུསུ་སྲང་བུ་དཀར་པོ་དང་ལྡན་པའི་གཟུར་མཎྜལ་ཐོག་ཏུ་བཞག་ལ། མེ་ཏོག་དཀར་པོས་མཆེད་ཅིང་མཆོད་པ ་པ་ལྔ་ཡང་དབུལ་ཏེ་དུས་གསུམ་དུ་མཆེད་ན་ཞི་བར་འགྱུརརོ།། ཞི་བའི་འཁོར་ལོའི་ལེའུ་སྟེའི་ཤུ་རྩ་གསུམ་པའོ།། དེ་ནས་ཞི་བ་ཆེན་པོའི་ལས་བྱ་བ་ནི་ཁམ་པ་ལ་གའུ་ཁ་སྦྱར་བྱས་ཏེ་ཙནྡ་དམར་པོས་སྣག་ཆེ ་བྱས་ལ་འཁོར་ལོ་ཕྱི་ནང་བཅས་པའི་ལེ་རྩེ་དབུ་པ་བྲི་བར་བྱའོ།། སྔགས་དགོད་པ་ནི་སྭ་ཤནྟིཾ་ཀུ་རུ་ཎོཿཞེས་བྱ་བ་དབུསུ་བྲིའོ།། མུ་ཁྱུད་ནང་མ་ལ་ནི། ཨ་ཨ་ཞེས་བྱ་བར་བརྒྱད ་དགོད་པར་བྱའོ།། མུ་ཁྱུད་ཕྱི་མ་ནི་ཨ་ཨ~ཾ་ཨ་ཨ་ཏཱ་ཨ། ཨ་རེ་ཨཱ། ཨ་ཏུ་ཨཱ། ཨ་ཏཱ་ཨཱ། ཨ་རེ་ཨཱ། ཨ་ཏུ་ཨཱ། ཨ་རེ་ཨཱ་ཞེས་བྱ་བར་བྲི་བར་བྱའོ།། མེ་ཏོག་གི་ཕྲེང་བས་བཅིངས་ཏེ་མཎྜལ་གྱི་སྟེང་དུ ་དུས་བཞིར་མཆོད་ཅིང་ཞག་བདུན་དུ་སྔགས་མ་ནོར་བར་བཟླས་ན་ཞི་བ་ཆེན་པོའི་ལས་འགྲུབ་པར་འགྱུརརོ།། ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་རྒྱས་པའི་ལས་བྱ་བ ་ནི་གུར་གུམ་འམ། གྷི་ཧང་གི་གྲེ་ག་ལ་འཁོར་ལོའི་ཕྱི་ནང་དང་ལྡན་པའི་ལེ་རྩེ་དགུ་པ་བྲིས་ཏེ་དབུསུ་སརྦ་པྲཥྚིཾ་ཀུ་རུ་ཨོཾ་ཨ་ཞེས་བྱ་བ་དགོད་པར་བྱའོ།། ལེ་རྩེ་ནང་མ ་བརྒྱད་ལ་ཨཾ་བརྒྱད་བྲི་བར་བྱའོ།། ལེ་རྩེ་ཕྱི་མ་བརྒྱད་ལ་ཨོཾ་ཨཻ་ཨོ། ཨཽ་ཏཱ་ཨཻ། ཨཻ་རེ་ཨཾ། ཨོཾ་ཏུད་ཨཽ། ཨ་ཏཱ་ཨཾ། ཨཽ་རེ་ཨཽ། ཨཻ་ཏུ་ཨཽ། ཨཻ་རེ་ཨཽ། ཞེས་བྱ་བ་བྲིས་ནས། ཁམ ་པའི་གའུར་བཅུག་སྟེ་མེ་ཏོག་སེར་པོ་ན་ག་པུཥྤའི་མེ་ཏོག་དང་མཆོད་པ་ལྔས་དུས་བཞིར་ཟླ་བ་རྒྱས་ནས་བཟུང་ནས་ཞག་བདུན་དུ་མཆེད་ན་ཚེ་དང་བསོད་ནམས་ཐཾད་རྒྱས་པར་འགྲུབ་པོ། ་རྒྱས་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་དབང་དུ་བསྡུ་བར་འདོད་ན་ཀན་ད་ཀའི་ཤུན་པ་དང་། སེང་ལྡེང་གི་ཤུན་པ་དང་། མཇོ་མོ་ཤིང་གི་ཤུན་པ་བསྐུས་པའི ་ཁུ་བས་ཀས་གབ་བམ། གའུ་ལ་འཁོར་ལོ་བྲི་བ་ནི་ལེ་རྩེ་དགུ་པའོ།། སྔགས་དགོད་པ་ནི་དབུ་སུ་ཨ་སྭ་ཙ་ཨ་མོ་གྷ་ཨ་ཧྲིཿཧ་ཞེས་པ་བྲིའོ།། ལེ་རྩེ་བརྒྱད་བ་ལ་ནི་ཨ་ཨཾ་ཨ། ་ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཿ་ཨ། ཨ་ཏཱ་ཨ། ཨ་ར་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྲིས་ནས་ཐོད་པ་ཁ་སྦྱོར་དུ་བཅུག་ནས་སྐུད་པ་སྔོན་པོས་དཀྲིས་ནས་མེ་ཏོག་དམར་པོ་དང་། མཆོད་པ་ལྔས་དུས ་བཞིར་ཟླ་བ་ཁམ་པའི་དུས་མཆོད་ན་ཐམས་ཅད་དབང་དུ་འདུའོ།། དབང་དྲག་གི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་དབང་དུ་འདུ་བར་བྱེད་པ་ནི་སྲིན་ལག་གི་ཁྲག་དུར་ཁྲོད ་ཀྱི་སེལ་བ་དང་། ཀནྡ་ཀའི་ཁུ་བ་རྣམས་ཀྱིས་བྲིས་ཏེ་དུར་ཁྲོད་ཀྱི་སོལ་བ་དང་། མི་ཤའི་གོས་ལ་འཁོར་ལོ་རྩེ་དགུ་པ་བྲིའོ།། དབུ་སུ་ཨ་མོ་གྷ་ཧྲིཿཧ་ཞེས་བྱ་བ་བྲིའོ།། རྩིབས་བརྒྱད་ལ་ཨོཾ ་དེ་ཨོ། ཏཱ་པ་ཏཱི་རེ་དང་རེ། ཏུཏ་ཏ་ཏུཏ་ཏ། ཏཱ་ཨ་ཏཱ། རེ་མེ་རེ། ཏུ་གྷ་ཏུ་རེ་ཧྲིཿརེ་ཞེས་བྱ་བ་བྲིའོ།། ག་འུར་སྲིན་མགོ་དམར་པོ་དང་། འཁོར་ལོ་ཕྲལ་ནས་གཙང་བར་འགྲམ་ཚུར་འགྲམ་དུ་སྦས་ན ་འབྱེ་ཞིང་དབང་དུ་འགྱུརརོ།། དབྱེ་ཞིང་དབང་དུ་བསྡུ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་འདུན་པའོ།། དེ་ནས་བསྐང་བར་འདོད་ན་དུབ་དང་། ཁྲག་དང་། རམས་རྣམས ་སྦྱར་ཏེ་དུར་ཁྲོད་ཀྱི་ས་རས་ལ་འཁོར་ལོ་གཉིས་བྲིས་ཏེ་ལེ་རྩེ་དགུ་པའི་དབུ་སུ་ཧ་ས་ཨུ་ཙ་ཧ་ཧ་ཧ་བྲི་བར་བྱའོ།། ལེ་རྩེ་བརྒྱད་ལ་ཧ་ཨོཾ་ཧ། ཧ་ཏཱ་ཧ། ཧ་རེ་ཧ། ཧ་ཏུ་ཥ་གས ་ཧ་ཏུ་ཧ། ཧ་རེ་ཧ་ཞེས་པ་བྲིས་ཏེ་ཁ་སྦྱར་ཀ་པ་ལར་བཅུག་ཏེ་སྐུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་དུ་སྦས་ན་བསྐྲད་པར་འགྱུརོ།། སྨད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། ་དེ་ནས་ཕྱེ་བའི་འཁོར་ལོ་ནི་དུར་ཁྲོད་ཀྱི་སེལ་བ་དང་། བྱ་རོག་དང་། འུས་པའི་ཁྲག་དང་། དུག་མཉམ་པོར་བསྲེས་པའི་སྣ་ཚོགས་འཁོར་ལོ་ཕྱི་ནང་དང་བཅས་པ་ལེ་རྩེ་དགུ་པ་བྲིས་ཏེ་དབུ་སུ ་ཕཊ་སྭ་ཧི་བ་དཏ་ཏ་ཧ་ཕཊ་ཅེས་བྱ་བར་བྲིའོ།། ལེ་རྩེ་ནང་པ་བརྒྱད་ལ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཅེས་པ་བྲིའོ།། ལེ་རྩེ་ཕྱི་མ་བརྒྱད་ལ་ཕཊ་ཨོཾ་ཕཊ། ཕཊ་ཏཱ་ཕཊ། ་ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་རེ་ཕཊ། ཞེས་བྱ་བ་བྲིས་ཏེ། བྱ་རོག་དང་། འུག་པའི་སྒོ་ངར་བཅུག་སྟེ་བྲག་དང་ཆུ་འཐབ་སར་སྒོ་ངསྦས་ན་འབྱེ་བར་འགྱུརོ།། དབྱེ་བ ་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས་གསད་པའི་འཁོར་ལོ་ནི་དུག་དང་ཁྲག་དང་། སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལེ་ཙེ་དགུ་པའི་འཁོར་ལོ་ཕྱི་ནང་དང་བཅས་པ་བྲིས་ཏེ་དབུས ་སུ་ཧཱུཾ་སཱ་མཱ་ར་ཡ་སཱ་ཕཊ་ཅེས་བྱ་བ་བྲིའོ།། ལེ་ཙེ་ནང་མ་ལ་ཧཱུཾ་ཕཿ་ཧཱུཾ། ཕཊ་ཧཱུ~ཾ་ཕཊ། ཧཱུཾ་ས་ཧཱུཾ། ཕཿཧཱུཾ་ཕ། ཧཱུཾ་ཕ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུ~ཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ་ཅེས་བྱ་བ་བྲིའོ།། ལེ་ཙ་བྱི ་ལ་ཧཱུཾ་ཨོཾ་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུད་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུ་ཕཊ། ཧཱུཾ་རེ་ཕཊ། ཅེས་བྱ་བ་བྲིས་ཏེ་རབས་ཆང་ཕོ་མོའི་ཐད་པ་ལ་བྲིས་ཏེ་སྔགས་མང་དུ་བཟླས་ནས་ངུར ་ཁྲོད་སྦས་ན་འཆི་བར་འགྱུརརོ།། བསད་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་པའོ།། མྱོས་པའི་འཁོར་ལོ་ནི་ད་རུ་རའི་ཆུས་རས་སམ། ཤོག་ཤོག་ལ་ལེ་ཙེ་དགུ་པ་ཕྱི་ནང་དང་བཅས་པའི་འཁོར་ལོ ་བྲིས་ཏེ་བུ་སུ་ཧྲ་ཧ་དེ་བ་ཏད་ཏ་ཧ་ཧ་ཞེས་པ་བྲིའོ།། ལེ་ཙེ་ནང་མ་ལ་ཧཱ་དྷ་ཧཱ་དྷ་དྷ་དྷ་ཧཱ་ཧྱ་བྲི་བར་བྱའོ།། ཕྱི་མ་བརྐྱང་བ་ལ་ནི་དྷ་ཨོཾ་དྷ། དྷ་ཏྟ་དྷ། དྷ་རེ་དྷ། དྷ་ཏུ་དྷ། དྷ་དྷཱདྷ། དྷ་རེ་དྷ། བྷདྷ་དྷ། སཱ་རེ་ཧཱ ་ཞེས་བྱ་བ་བྲིས་ཏེ་རྩིའི་ག་འུར་བཅུག་ནས་བཟླས་པ་ཅི་ནས་མྱུར་བར་བྱས་ཏེ་ལམ་རྒྱ་གྲམ་དུ་དོང་དང་བཅས་པར་སྦས་ཏེ་དངུ་རས་སྲུངས་ན་མྱོས་པར་འགྱུར།། གསོ་ན་མར་སྦྲང་རྩི་འོ་མས་ལིང་། ་ཀ་བཀྲུས་ན་འཚོ་བར་འགྱུརརོ།། མྱོས་བྱེད་ཀྱི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། ། དེ་ནས་མནན་པའི་འཁོར་ལོ་ནི་གཡམ་པ་ལ་ལེ་ཙེ་དགུ་པའི་འཁོར་ལོ་བྲིས་ཏེ། ཡུང་བའི་ཆུས་ལ ་ཙ་དགུ་པ་ལ་དབུ་སུ་ག་སྭ་བྷ་ཡ་སྟཾ་བྷ་ཡ་གྷ་ཧ་ཞེས་བྱ་བ་བྲི་བར་བྱའོ།། ལེ་ཙེ་བརྒྱད་པ་ལ་ག་ཨོཾ་ག། ག་ཏཱ་ག། ག་རེ་ག། ག་ཏུ་ག། ག་ཏཱ་ག། ག་རེ་ག། ག་ཏུ་ག། ག་རེ་ག། ཞེས་བྱ་བ་བྲིས་ཏེ། འཁོར་ལོ་སྦྱར་ནས ་ལམ་རྒྱ་གྲམ་དུ་སྦས་ན་འགུལ་མི་ཤེས་པར་འགྱུརརོ།། མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། ། དེ་ནས་མནན་པ་ཆེན་པོ་ནི་ཡུང་བའི་ཁུ་བས་སྣག་ཆེ་བྱས་ཏེ་ཁམ་པའི ་གའུའི་ནང་དུ་ཕྱི་ནང་ལེ་ཙ་དགུ་པའི་འཁོར་ལོ་བྲིས་ལ་སྔགས་དགོད་པ་ནི་དབུསུ་རྨ་སྭ་སྟཾ་བྷ་ཡ་རྐ་ཧ་ཞེས་བྱ་བའི་བྲིའོ།། ནང་མ་ལ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ་ཞེས་བྱ་བ་བརྒྱད་བྲིའོ།། དེའི ་ཕྱི་རོལ་གྱི་ལེ་ཙེ་དགུ་ལ་ནི་རྒ་ཨོཾ་རྦརྦ་ཏཱ་ན། ན་རེ་ན། རྦ་ཏུཏ་ན། རྦ་ཏཱརྦ། རྒ་རེ་ན། རྒ་ཏུ་རྨཱ། རྒ་རེ་རྒ། ཞེས་བྱ་ཟླ་ས་ཏེ་སྒྲུབ་པ་འཕགས་མ་ལ་དགྲ་གང་ནས་འོང་བའི་ཕྱོག་སུ་སྠཿ ་ན་སྲུང་བར་འགྱུར་ཞིང་དགྲའི་སྒོར་སྦས་ན་མནན་པར་འགྱུ་རོ།། དགྲ་མནན་པའི་འཁོར་ལོའི་ལེའུ་སྱེ་སུམ་ཅུ་རྩ་གསུམ་པའོ།། ། དེ་ནས་རིག་སྔགས་ཀྱི་སྦྱོར་བ་གནོན་པར་བྱེད་པའི་འཁོར་ལོ་ནི ་ཡུང་བའི་ཁུ་བས་གཡམ་པ་འམ། ལྷང་ཚེར་བ་གཉིས་གང་ཡང་རུང་བ་ལ་འཁོར་ལོ་བྲིས་ཏེ་ལེ་ཙེ་དགུ་པ་ལ་ཕྱི་ནང་དང་བཅས་པ་བྲི་བར་བྱའོ།། སྔགས་དགོད་པ་ནི་དབུསུ་ནི་ཝ་སྭ་སྟཾ་བྷ་ཡ་སྟྭཾ ་བྷ་ཡ་ཧ། འཁོར་ལ་ནང་མ་ལ། ཝ་ཝ་ཝ་ཝ་ཝ་ཝ་ཝ་ཝ། ཞེས་བྱ་བ་བྲིབར་བྱའོ།། ཕྱི་མ་ལ་ཝ་ཨོཾ་ཝ། ཝ་ཏཱ་ཨ་ཝ་རེ་ཝ། ཝ་ཆུབ་རྦ། ཝ་ཏཱ་ན། ཝ་རེ་ཝ་ལ་ཏུ་མ། ཝ་རེ་ཝ། ཞེས་བྱ་བ་བྲིས་ཏེ། 5 ་ཚུན་གཡས་གཡོན་དུ་འཁོར་ལོ་རེ་རེ་སྦས་ན་མནན་པར་འགྱུརོ།། རིག་སྔགས་ཀྱི་སྦྱོར་བ་མནན་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་འཇམ་དཔ་གཞོན་ནུས། མེ་ཏོག་མནྡ་ར་བ་དང་། པདྨ་དང་། ཀུ་མུ་ད་ལ་སོགས་པས་བཅོམ་ལྡན་འདས་ལ་གཏོར་རོ།། ལྷ་རྫས་ཀྱི་རོལ་མོའི་སྒྲ་དུ་མ་ཡང་བསྒྲག་སོ།། དེ་ནས་བཅོམ་ལྡན ་འདས་ལ་གསོལ་པ། དམ་ཚིག་ཀྱང་གང་གིས་འགྲུབ་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོའི་དམ་ཚིག་སྡོམ་གནས་ཏེ།། ལྷའི་འཁོར་ལོ་དང་ལྡན་པས། ་སྲོག་ཆགས་དག་ནི་བསད་པ་སྤང་།། མ་བྱིན་པ་ད་ག་མི་བླང་ཞིང་།། བུད་མེད་མི་བསྟེན་སྨད་མི་བྱ།། བརྫུན་ནི་རྣམ་པ་ཀུན་ཏུ་སྤང་།། མྱོས་གྱུར་དག་དང་ཤ་དག་དང་།། རྐུ་ཞིང་རྣམ་པ་དག་ཏུ་སྤང་། ་མོ་རྣམས་ཐམས་ཅད་ཀུན་ལ་ནི།། ཆགས་པའི་སེམས་ཀུན་སྤང་བ་སྟེ།། མ་བཞིན་དུ་ནི་ཀུན་ལ་ནི།། ཕན་པའི་ས་མས་ཀྱིས་ཀུན་ལ་བསྐུར།། དམ་ཚིག་སྡོམ་པ་གནས་པ་ཡི།། ་ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་གསུང་སོ།། དམ་ཚིག་དང་སྡོམ་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང ་ཚངས་པ་ལ་སོགས་པ་ལྷ་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོནུ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་བཅས་པ་རྗེ་སུ་ཡི ་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།། བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་ལས་སྣ་ཚོ། བསྟན་པ་ཞེས་བྱ་བ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ། !།། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་བྷ་དྲ་ནཱ་མ་ཨཥྚ་ཤ་ཏ་ཀ། བོད་སྐད་དུ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། ་