| Wylie | e-texts produced with BDRC’s OCR application |
།། རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་སྱ་ནཱ་མ་ཨཥྚ་ཤ་ཏ་ཀ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས། རི་གྲུ་འཛིན་གྱི་རྩེ་མོ ་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་བཀྲམ་པ། འཇ་མྦུ་ཆུ་བོའི་གསེར་ཁ་དོག་བཟང་པོ་ལྟར་སྣང་བ། རིན་པོ་ཆེ་སྣ་ཚོགས་སྣང་བའི་ས་ཕྱོགས་ན་བཞུགས་ཏེ། ལྷ་དང་། ཀླུ་དང་། ་ཤང་སྦྱིན་དང་། དྲི་བ་དང་། ལཱ་མ་ཡིན་དང་། ནི་མཁའ་ལྡིང་དང་། མི་མ་ཆིངང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བྱེ་བ་ཁྲག་ཁྲིས་འབུམ་ཕྲག་དུ་མ་དག་གིས། བཅོམ་ལྡན་འདས ་ལ་སཱི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས་ཏེ། མཆོད་ཅིང་རྗེས་ནས། ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོགས་པར་དགེ་བ། བར་དུ་དགེ་བ། ཟ ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངསུ་རྫོགས་པ། ཡོང་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་ཚངས་པ་ལ་སོགས་པས་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་ལ་བསྟོད་པ། ཀྱེ་བཅོམ་ལྡན་འདས་དགོད་པ་མཛད་པ། མཛད་རྒྱུ་མཛད་པ། ཁུར་བོར་གད་ག་གིས་དོན་རྗེསུ་བརྙེས་པ། སྲིད་པར་ཀུན་ཏུ་སྦྱོར ་བ་ཡོངསུ་གསལ་བ། ཡང་དག་པའི་མཁྱེན་པས་ཐུགས་ཤིན་ཏུ་རྣམ་པར་གྲོལ་གཙང་མཁྱེན་པ། གླང་པོ་ཆེ་ཆེན་པོ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ། ་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པ། སྲིད་པའི་དགོན་པ་ལས་རྒལ་བ་གཞན་ལ་སྨན་པ། ཐུགས་རྗེ་དང་འབྲེལ་བའི་ཐུགས་མངའ་བ། སྐྱེ་དགུ་ལ་མཆོག་ཏུ་མཉེས་གཤིན་པ།། བདེ ་བ་རབ་ཏུ་སྩོལ་བར་མཛད་པ།། བྱམས་པས་ཞུས་པ། སེམས་ཅན་མཐའ་ཡས་པ་སྒྲོལ་བ་ལ་མཁས་པ། བདེ་བར་གཤེགས་པའི་སྲས་པོ།། སྲིད་པ་གསུམ་གྱི་རྩ་ལག་གཅིག་པུ། ་འདོད་ཆགས་མི་མངའ་བཞེ་སྡང་མི་མངའ་བ། གཏི་མུག་མི་མངའ་བ། དྲི་མ་གསུམ་སྤངས་པ། རིག་པ་གསུམ་གྱི་ཕ་རོལ་ཏུ་གཤེགས་པ། མངོན་པར་ཤེས་པ་དྲུག་བརྙེས་པ། ཤིང་ནྱ་གྲོ ་ལྟར་ཆུ་ཞེང་གབ་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ལྤགས་པ་སྲབ་ཅིང་མདོག་སེར་བ། སྐུ་རིང་རྒྱུ་བཟང་ཞིང་དཀར་བ་སྐུ ་ཤིང་གི་མེ་ཏོག་སར་པ་དང་། དམར་རེང་ལྟ་བུའི་དབུ་ཐོར་ཚུགས་མངའ་བ། ལྕང་ལོ་འཁྱིལ་བ་མང་པོ་དབུ་ཁྱེབས་པ། འོད་དཔག་མེད་ཀྱི་འོད་ཟེར་བཏང་བ། འབར་བའི་འོད་འདེམ་གང ་གིས་གསེར་གྱི་རི་བོ་ལྟར་སྙན་པར་གྲགས་པ། གཟི་བརྗིད་རྒྱ་ཆེ་བ། གཟུགས་འཆར་ཀའི་རི་ལྟ་བུ་གཙུག་ཏོར་མངའ་ག། ནོར་བུ་རབ་ཏུ་འབར་བ། མཆོད་ཕྱིར་ཐོགས་པ། སྐུ་ལ་ས ་རལ་དུ་ཐོགས་པ། ས་རབ་ཏུ་རྣམ་པར་འབྱེད་པ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཞབས་དང་ལྡན་པ། ཚུལ་ཁྲིམས་མ་ཉམ་ས་པ། ཚུལ་ཁྲིམས་མ་ཞིག་པ། སེང་གེ་ལྟར ་ཐོང་ཀ་ཕེལ་ཀ་ཆེ་བ། སྐུ་འཇམ་ཞིང་མཛེས་པ། གཟིགས་པ་དང་གཤེགས་ཐབས་ཁྱུ་མཆོག་གི་དབང་པོ་འདྲ་བ་མཁུར་བ་གཡ་སུ་འཁྱིལ་བ། བྲལ་བ་ཆེ་ཞིང་ཟླ་བ་ཁམ་པ་འདྲ་ལ་ཐིག ་ལེ་མངའ་བ། ཕྱག་པུས་མོར་སླེབ་པ། སྨིན་མ་བར་མ་ཆད་པ། ཤངས་མཐོ་བ། མགུར་བུམ་པའི་མགྲིན་པ་འདྲ་བ། ཕྱག་སོར་མོ་དང་ཚིགས་རིང་བ། སེན་མོ་འཇམ་ཞིང་ཟངས་ཀྱི་མདོག ་འདྲ་བ། ཕྱག་དྲ་བས་འབྲེལ་བ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་རྒྱན་པ། སྟོན་ཀའི་པདྨ་འདྲ་བ། སྐུ་འཇམ་ཞིང་རྒྱས་པ། ཚངས་པ་ལྟར་དབྱངས་ཟབ་པ། ཡིད་དུ་མཆི་བ ་སྡུག་པ། བལྟ་ན་སྡུག་པ། ཉམས་དགའ་བར་བགྱིད་པ། འོད་པདྨ་འདྲ་བ། པདྨ་ལས་འཁྲུངས་པ། པདྨ་ལས་བྱུང་བ། པདྨའི་གདན་ལ་བཞུགས་པ། ཕྱག་ན་པདྨ་མངའ ་བ་ཕྱག་ན་རིལ་བའི་སྤྱི་བླུགས་བསྣམས་པ། རི་དགས་ནག་པོའི་ལྤགས་པ་བརླབས་པ། ཕྱག་མཁར་བསྣམས་པ། བགྲང་བའི་ནོར་བུ་བསྣམས་པ། གཅེང་པ་སྤངས་པ། གསོང་པོར ་གསུངས་པ། བདུད་རྩིའི་ཆར་འབེབས་པ། ཡིད་བཞིན་གྱི་ནོར་བུ་ལྟ་བུ། བལྟ་ན་སྡུག་པའི་ཤིང་འདྲ་བ། སེམས་ཅན་ཐམས་ཅད་མོས་པར་མཛད་པ། དགའ་བར་མཛད་པ། སེམས ་ཅན་ཐམས་ཅད་ཉེ་བར་འཆོག་སངས་རྒྱས་ཀྱི་སྤྲུལ་པ། བདྲེ་བར་གཤེགས་པའི་ཆ་བྱད་མངའ་བ། བདེ་བར་གཤེགས་པ་འི་རིང་བསྲེལ་འཛིན་པ། སྥུ་རེ་རེ་སྐྱེས་པ། སེམས ་ཅན་གྱི་སྙིང་པོ། བསོད་ནམས་མཛད་པ། དགེ་བ་མཿད་པ། ངེས་པར་མཛད་པ། བརྩོན་འགྲུས་འབར་བ་འཁོར་བ་ལས་ཤིན་ཏུ་འདས་པ། དམ་པའི་ཆོས་ལ ་རྒྱལ་ཚབ་དུ་དབང་བསྐུར་བ། སྒྲོན་མ་ཞབས་དྲུང་ན་གནས་པ། ཁྲོ་གཉེར་ཅན་བཀའ་བཞིན་བགྱིད་པ། རྒྱལ་བ་དང་ལྡན་པ། ཚུལ་དང་ལྡན་པ། དྲན་པ་དང་ལྡན་པ། མཐུ་རྩལ་ཆེ་བ ་ཡོན་ཏན་དང་ལྡན་པ། བྱམས་པ་དང་ལྡན་པ། ཞི་བ་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། སྐལ་བ་དང་ལྡན་པ། དོན་དང་ལྡན་པ། དོན་རྣམས་ཐུག་སུ་ཆུད་པ། ཐེ་ཚོམ་རྣམས ་གཅོད་པ། ཆོས་རྣམས་གསུངས་པ། འཇིག་རྟེན་རྣམས་ཀྱི་སྟོན་པ། ཞལ་གྱི་དཀྱིལ་འཁོར་ཡོངསུ་རྒྱས་པ། སྐུ་རྐེད་པའི་ཕྱོགས་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། ་གསེར་གྱི་མཆོད་སྡོང་ལྟ་བུ་སྐུ་ཉི་མ་སྟོང་བས་ལྷག་པར་མཛེས་པ། ཚངས་པའི་དབང་པོ་ལ་སོགས་པས་ཕྱག་བགྱིས་པ་ལག་སོ།། གང་ལ་ལ་ཞིག་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་སྒྲུབ་པ་བྱེད་པ་དེའི་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམ་པར་བྱང་བར་འགྱུརརོ།། དཀྱིལ་འཁོར་ཐམས་ཅད་དུ་ཞུགས ་པར་འགྱུརརོ།། དེ་ལ་གསང་སྔགས་ཐམས་ཅད་གྲུབ་པར་འགྱུརརོ།། བསྐལ་པ་བྱེ་བ་འབུམ་ཕྲག་དུ་མར་ངན་འགྲོར་འགྲོ་བར་མི་འགྱུརརོ།། མཚམས་མེད་པར་འཇུག་པར་མི་འགྱུརརོ།། ་སུ་ཞིབ་ནང་བར་ལངས་ནས་འདོན་ཏམ། ཀློག་གམ། ཁ་ཏོན་བྱེད་ན་དེའི་ལུས་ལ་མཛེ་དང་། རྐང་ཤུ་དང་ལུད་པ་དང་། མི་བདེ་བ་མི་འབྱུང་ཞིང་ནད་ཐམས་ཅད ་ལས་ཐར་བར་འགྱུརརོ།། ཚེ་རབས་སོ་ཅོག་ཏུ་ཚེ་རབས་དྲན་པར་འགྱུརརོ།། ལྷའི་བུ་དང་འདྲ་བར་འགྱུ་རོ།། འཆི་བའི་དུས་ཀྱི་ཚེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ ་སྐྱེ་བར་འགྱུརརོ།། ཚེ་རབས་སོ་ཅོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུརརོ།། རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུང་བར་འགྱུར། དཔའ་བར ་འགྱུར། སྐད་སྙན་པར་འགྱུར། བསྐལ་པ་བཟང་པོར་འགྱུརརོ།། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་འགྱུར། ཚིག་བཙུན་པར་འགྱུརརོ།། བསྟོད་པ་སྒྲུབ་པ་འདིས ་བསྟོད་པ་བྱས་ན་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་སྙེད་ཀྱི་བྱེ་མ་སྙེད་དག་ལ་མཆོད་པ་བྱས་པར་འགྱུར་ཏེ། རྣམ་པར་སྨིན་པ་མ་ཚུངས་ཤིང ་བྱེ་བྲག་མེད་པར་འགྱུརརོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་གྱི་ཟ་མ་ཏོག་ཞེས་བྱ་བ ་རྫོག་སོ།། །། རྒྱ་གར་སྐད་དུ། ཨཱརྱ་རུ་ཙིར་ཨང་ག་ཡཥྚི་ནཱ་མ་དྷ་ར་ནཱི། བོད་སྐད་དུ། འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཅེས་བྱ་བའི་གཟུངས ་