| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་ས~ཾ་ཧ་ནཱ་ད་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སོང་གི་སྒྲའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཚ ་ལ་ཕྱག་འཚ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་བོ་ཊ་ལའི་རྩེ་མོ་ན། རིན་པོ་ཆེའི་ཁང་བཟངས་རིན་པོ་ཆེ ་དང་མུ་ཏིག་དང་། ནོར་བུ་དཔག་མེད་ཀྱིས་སྤྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས། ཀུན་ནས་བརྒྱན་པའི་ས་ཕྱོགས་དེ་ན་བྱམས་པ་ལ་སོགས་པའི་བྱང་ཆུབ ་སེམས་དཔའ་དཔག་ཏུ་མེད་པ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོས་ཡོངསུ་བསྐོར་ཞིང་། བཅོམ་ལྡན་འདས་སེང་གེའི་གདན་བཤམས་པ་ལ ་བཞུག་སོ།། འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་དེ་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག ་ཏུ་གཟར་ནས་དབུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར་དང་བཙུན་མོ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་མཛེ་དང་། ཕོལ་མིག་དང་དབུགས ་མི་བདེ་བ་སྙིང་ནང་འབར་བ་བྱུང་སྟེ། དེ་ཇི་ལྟར་གསལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སྔོན་འཇིག་རྟེན ་གྱི་ཁམས་འདི་ཉིད་ན་འཇམ་དཔལ་ཁྱེད་ཉིད་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ་ཡིན་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང ་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་དེ་གཉིས་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ་དཀར་པོ་གཅིག་དབང་དུ་བསྡུས་ཏེ་ཆིབས ་པ་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱི་བརྒྱན། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པདྨ་དང་ཨུཏྤལ་ཐོགས་ནས་ཕྱིན་པ་ལ། རྒྱ་མཚོ་ཆེན་པོ་ལ་རྒལ་བའི་དུསུ་སེངྒེ་བཞག་ནས་ཁུར ་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ་ན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུ་མོ།། བྱང་ཆུབ་སེམས་དཔའ་སྙིང་རྗེ ་མཆོག་གི་བསམ་པ་ལ་སྟེང་འོག་པར་སྣང་གི་ཀླུ་དང་། ལྷ་ལ་སོགས་པས་བསད་དམ་སྙམ་ནས་བཏུང་བའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས། ཏྲི་ཤཱུ་ལ་རྩ་གསུམ ་པ་ལག་ན་ཐོགས། སངྒེ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།། རང་གི་གྲོགས་པོས་སྤང ་ནས་ཅིག་པུ་ལུས།། ལྷ་རྣམས་ཀུན་གྱིས་ཉེས་ན་ཆད་པའི་ལས།། གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འབུམ་པར་བགྱི།། ཅེས་སྨྲས་ཏེ་ལྷ་རྣམས་ལ་ཏྲི་ཤཱུ་ལ་གདེངས་པ་དང་། རྒྱལ་པོ ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷ་དགའ་བའི་མདངས་ཕྱུང་སྟེ། ལྷའི་མེ་ཏོག་པདྨ་དང་། ཀུ་མུ་ད་དང་། པུདྡྷ་རིཀ། ་ངང་ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་རྗོད་པ་བག་།། དེ་ནས་པར་སྣང་གི་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། ལཱ་མ་ཡིན་དང་། ཚུལ་བུམ་དང་། ནམཁའ་ལྡིང་དང་། མི་འམ་ཅི་ལ་སོགས་པ་ལ་བསྡིགས་པ། ཏྲི ་ཤཱུ་ལ་གདེངས་ནས། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། རང་གི་གྲོགས་པོ་སྤངས་ནས་གཅིག་པུ་ལུས། སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆང་པའི་ལས། གྲོང་ཁྱེར་འཇོམས་ཤིང་སྡེ་བརྒྱད་འཕྲུལ ་པར་བགྱིད། ཅེས་སྨྲས་ཏེ་སྡེ་བརྒྱད་ལ་ཏྲི་ཤཱུ་ལ་གདངས་པ་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ ་ཐགས་ཟངས་རིས་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་དང་། ན་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང ་བཅས་པ་དགའ་བའི་མངངས་ཕྱུང་སྟེ་སེངྒེ་ལ་རིན་པོ་ཆེའི་རྒྱན་བུའོ།། དེ་ནས་སའི་འོག་ན་གནས་པའི་ཀླུ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅ་དོར་བྱས་པས། ར ་གྲོགས་པོས་སྤངས་ནས་གཅིག་པུ་ལུས།། ཀླུ་ཚོགས་རྣམས་ཀྱི་ཉེས་ན་ཆང་པའི་ལས།། གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འབུམ་པར་བགྱི།། ཅེས་སྨྲས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤཱུ་ལས་བཀྲུག་པ་དང་། ་ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མེད་པར་བྱེད་པ། ཀླུའི ་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས་ཏེ། དགའ་བའི་མདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ། བསྐོར་བ་ལར་གསུམ་པས ་། ཏེ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།། ཁྱོད་ལ་བདག་ནི་སྐྱབསུ་མཆི།། ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག། ཉམས་ན་ཀླུའི་གཤེད་མ་མཛོད།། ཅེས་སྨྲས་ནས་ཏྲི་ཤཱུ་ལན་གསུམ ་བཀྲིས།། ཁ་བྱང་ཆུབ་སེམས་དཔའ་ལ་བསྒྱུར། པུཿཔུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲག་འབིན་ཅིང་གན་སོ།། ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས་བསྐོར་བ་ལན་གསུམ་གསུམ་བྱས་ནས། བྱང་ཆུབ ་སེམས་དཔའ་སྙིང་རྗེ་ཅན། ཁྱོད་ལ་བདག་ཅག་སྐྱབསུ་མཆིའོ།། ཀླུ་རྣམས་ཐམས་ཅད་སྐྱབསུ་ཟུང་།། ཉམས་ན་ཀླུའི་གཤེད་མ་མཛོད།། ཅེས་སྨྲས་ནས། ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཚངས ་སྐུད་ལ་འཁྲིསོ།། ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་བགྱིདདོ།། ཅི་བཀའ་སྩལ་པ་ཉ་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གན་སུ་དེང་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་སྙིང་རྗེ ་ཀླུ་འདུལ་ཞེས་བྱའོ།། སྙིང་ནད་སེལ་བ་ཞེས་བྱའོ།། འཇམ་དཔལ་དེ་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་བོ་དེ་འཇམ་དཔལ་སྨྲ་བའི་སིངྒེ་ཁྲོད་ཉིད་ཡིན་ནོ།། དེའི་དུས་ཀྱི་བྱང་ཆུབ ་སེམས་དཔའི་སྙིང་རྗེ་མཆོག་དེ་ནི་ད་ལྔའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེངྒེ་སྒྲ་ཀླུའི་དེད་དཔོན་ཆེན་པོ་འདི་ཉིད་ཡིན་ནོ།། འཇམ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔ ་བརྗོད་པར་བྱའོ།། ཡིད་ལ་ཟུང་ཅིག་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊེ་ཀ་ཊེ་ཀ་རོ་ཊེ། ཙི་ཏི་ཛྭ་ལ་ཀ་རེ་ཎི ་བཱིརྱེ་སྭཱ་ཧཱ། གཟུངས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བཅུས་གསུངས་ལ། ད་ལྟར་ང་ཉིད་ཀྱིས་བརྗོད་པའོ།། འདིའི་ཆོ་ག་ནི་མི་དགོས་པས་ལས་ཐམས་ཅད་འགྲུབ་པའོ།། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང ་དྲུགསངྒེ་སྒྲའི་སྐུ་ལུགས་མ་འམ། ཁྲིས་སྐུའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མ་འདྲེས་པར་པཎྜལ་བརྒྱད་བྱས་ཏེ། མཎྜལ་རེ་རེ་ལ་མེ་ཏོག་རོམ་བུ་ལྔ་ལྔ་བཀྲམ་ཏེ། མེ་དོག་དང་། ་གདུག་པ་དང་། སྤོས་དང་། ཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་ནས། མཎྜལ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་གྱི་བར་དུ་བཟླས་ལ་ལྕི་བ་དེ་བསྡུས་ཏེ། ལྕི་བ་ལྷག་མ་ལས་བསྔགས་ཤིང་རང ་བ་ལ་བྱུགས་ན་རང་ཐམས་ཅད་ཉེ་བར་ཞི་བར་འགྱུརརོ།། ལྔ་དང་ཀླུ་ལ་སོགས་པའི་དུག་གི་རད་ཐམས་ཅད་ཞི་བར་འགྱུརརོ།། ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ན། འཇམ་དཔལ་ཐུགས་རྗེ་རེར་པོ་ཉིད ་ཀྱི་མཚམས་མེད་པ་ལྔའི་ལས་བྱས་པ་ཡི་ནོ།། འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དམ་བཅས་པའི་ཚི་གོ།། འཇམ་དཔལ་རྒྱལ་པོ་ཆེན་པོའི་གནོད་པ་ནི་གཟུངས་འདིས་སྙིང་ནང་འབར་བ ་གྲོལ་ནས་སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་ཞིང་ཁམ་སུ་སྐྱེ་བར་འགྱུརརོ།། འཇམ་དཔལ་ཉོན་ཅིག། སངས་རྒྱས་འོད་ད་བག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས ་སྙིང་པོ་འདི་གསུངསོ།། ཨོཾ་ཨཱཿཧྲིཿསི་ཧ་ནཱ་ད་ཧཱུཾ་ཕཊ། ད་ལྟར་ང་ཉིད་ཀྱིས་བརྗོད་དེ། རིག་སྔགས་ཀྱི་སྙིང་པོ་འདི་ལན་གཅིག་བརྗོད་པས་བསྡིག་པ་ཀུན་ལས་གྲོལ་བར་འགྱུརོ།། སྲིད་པ་ཉམས་པ ་འགྲོ་མི་འགྱུར།། ལུས་ལ་མཚོན་གྱི་ཚུགས་མི་འགྱུར།། དགྲ་དང་ཆོམ་པོས་མི་ཚུགས་ཅིང་། ཀླུ་ལ་སོགས་པས་འཚེ་མི་འགྱུར།། རྟག་ཏུ་དཔལ་དང་ལྡན་པར་འགྱུར།། བུད་མེད་ལུསུ་མི་འགྱུར་ཞིང ་རྟག་ཏུ་སྐྱེ་བ་དྲན་པར་འགྱུར། ཤི་ནས་བདེ་བ་ཅན་དུ་འགྲོ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར ་ཐུབ་དང་། འོད་སྲུང་གིས་ཀྱང་གསང་སྔགས་འདི་གསུངས་ལ། ད་ལྟར་ཤཱཀྱ་ཐུབ་པ་ངས་ཀྱང་བརྗོད་པ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཧ་ཡ་གྲཱི་བ་ཡ། ན་མོ་ལོ་ཀི་ཤྭ་རཱ་ཡ། དདྱ་ཐཱ ་ཨོཾ་ཧྲཱིཿཀུ་ལུ་སུ་ལུ་ནཱི་ལ་ཀཎྛ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ཧཱ་ཧཱ། བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧྲཱིཿཧཱུཾ་ཕཊ། འཇམ་དཔལ་གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་ཉིང་པདྨ་ཧ་ཡ་པྲཱ་བའི་སྔགས་ཡིན་ཏེ། ལན་ཅིག་ཀློག་པར་བྱེད་པའི་མི། སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་།། ངམ་སོང་སྒོ་རྣམས་གཅོད་པར་འགྱུར།། ཀླུ་སོགས་གདོན་གྱིས་འཚེ་མི་འགྱུར། ་བྱད་དང་དུག་ལས་གྲོལ་འགྱུར་ཞིང་།། སངས་རྒྱ་ས་ཀུན་གྱི་གསུང་ཡིན་ནོ།། བྱེ་བ་གྲངས་མེད་མཐུ་ལས་བྱུང་།། དེ་ཡི་ཡོན་ཏན་དཔག་ཏུ་མེད།། ལན་གཅིག་བཀླགས་ན་སྡིག་པ ་སེལ།། ལན་གཉིས་བཀླགས་པས་དཔལ་དང་ལྡན།། གསུམ་གྱི་ཚེ་རྣམས་རིང་བར་འགྱུར།། འབུམ་ཕྲག་བཅུ་ཡིས་ཞལ་མཐོང་འགྱུར།། པདྨ་ཅན་གྱི་ཞིང་དེར་འགྲོ།། འཇམ ་དཔལ་མི་གཞན་དག་ལ་ནི།། ཁྲག་དང་མཁྲིས་པ་ལས་གྱུར་པ་དང་།། རླུང་དང་གྲང་བ་ལས་གྱུར་པ་དང་།། ཀླུ་རྒྱལ་རིགས་ཀྱིས་ཟིན་པ་དང་།། ཀླུ་བྲམ་ཟེའི་རིགས་ཀྱིས་ཟིན་པ་དང་།། ཀླུ་གདོལ ་པ་དང་དམངས་རིགས་ཀྱིས་ཟིན་པ་ནི་སྙིང་མི་དགའ་བ་དང་།། སྙིང་ན་བ་དང་། དབུགས་མི་བདེ་བ་དང་། ལྷོ་རྒྱབ་ཏུ་ན་བ་དང་། ཀླང་ཀོར་དུ་ན་པ་དང་། གཞོགས་ཕྱེད་དུ་ན་བ་དང་། མ་ཞུ་བ་དང་། སྤྲོས་པ ་དང་། ཞྭ་གྲུམ་གྱིས་བཏབ་པ་དང་། སྦྲུམ་པ་ལྟ་བུར་ན་བ་དང་། སྲོག་ཆགས་སུ་ན་བ་དང་། ཚིགས་དང་ཤ་ཁོལ་བུར་ན་བ་དང་། ཟ་ཁུ་ཅན་དང་། ལུད་པ་ཀློ་ཅན་དང་། རུལ་ཁོལ་དུ་ན་བ་དང་། འཕྲེས ་པ་དང་། ཞ་བ་དང་། ཡི་ག་མི་བདེ་བ་དང་། ཐོར་པ་ལྟ་བུའི་ནད་དང་། སྐན་ཅན་དང་། དམུ་ཆུ་ཅན་དང་། འབྲས་དང་། མེ་དཔལ་དང་། ལྡོག་པ་དང་། གག་པ་དང་། ཆུ་ཐིག་ཅན་དང་། གྲང་ལྗང་ལྒང་དང་། ཆེ་ཅིག ་ཅིག་ལ་སོགས་པའི་མཛེ་རིགས་ཅན་དང་། ཕོལ་མིག་དང་བཅས་པ་དང་། ལྷ་དང་། བདུད་དང་། ཚངས་པ་དང་། གཤིན་རྗེ་དང་། བྲག་སྲིན་དང་། སེམས་འཁྲུག་གི་གདོན་དང་། ཐབ་གཞོ་བ་དང་། མཚོ ་སྨན་དང་། ཀླུ་ལ་སོགས་པས་ཟིན་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ལོག་འདྲེན་དང་། ཤ་ཟའི་གདོན་རྣམས་ཀྱིས་ཟིན་པ་དང་། ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་མི་དགེ་བའི་ལས ་སྡུག་བསྔལ་འབྱུང་བ་ཡིནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་ན་པོ་འཇམ་དཔལ་ཉོན་ཅིག། སྙིང་པོ་གཟུངས་ཀྱི་ཆོ་ག་འདི། ་དང་པོ་ཐུགས་རྗེ་ཆེན་པོ་ལ། གུས་ཤིང་དད་པ་འི་སེམས་བསྐྱེད་ནས།། སྣུམ་པའི་ས་ལ་དཀྱིལ་འཁོར་བྱ།། ལྕི་ལ་བྲིར་བཅས་བྱུགས་ནས་ནི། ཚོན་རྩི་ཁ་དོག་སྣ་ལྔ་ཡིས ་དཀྱིལ་འཁོར་པདྨ་ལྟ་བུར་བྲི།། བུམ་པ་གང་བ་ལྔ་དག་ཀྱང་།། ཕྱོགས་བཞི་དབུས་དང་ལྔ་རུ་བཞག། གང་བའི་གཏོར་མ་ལྔ་ཡང་བཤམས།། སེང་ལྡེང་ཕུར་བུ་ལྔ་ཡང་དགོད།། དར་གྱིས ་དཀྲིས་པའི་མངའ་བཞི་དགོད།། ཚོན་སྐུད་ལྔ་ཡི་དྲ་བ་བྲེ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སངྒེ་སྠ་ལ་ཕྱག་འཚ་ལོ།། ཁྲོའི་རྒྱལ་པོ་རྟ་མགྲིན་ལ་ཕྱག་འཚ་ལོ།། བཅོམ་ལྡན ་འདས་མ་གོས་དཀར་མོ་ལ་ཕྱག་འཚལོ།། བཅོམ་ལྡན་འདས་མ་སྒྲོལ་མོ་ལ་ཕྱག་འཚ་ལོ།། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་བ་རུ་ན་ལ་ཕྱག་འཚ་ལོ།། ཨཱ་ཧྲཱིཿཏྲི་པ་ཏ་ནེ། ཡི ་གེ་དྲུག་པའི་སྔགས་འདི་ནི། བརྗོད་པས་སྡིག་པ་སྡུག་བསྔལ་སེལ་སྭཱ་ཧཱ།། སངས་རྒྱས་མཆོད་ལ་བརྩོན་པར་བྱ།། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། ་བྱུག་པ་དང་། བདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་དང་། རྒྱན་ཐམས་ཅད་ཀྱིས་མཆོད་ནས། སེང་ལྡེང་རྒྱ་ཤུག་མེ་བཏང་ལ།། ཚོན་སྐུད་བཅང་ཞིང་འབྲུ་རྣམས་སྲེག། རྨ་བྱ་རྨགཤད ་ལྕུག་མ་ཡིས།། ཀླུ་ཡི་དུག་རྣམས་སེལ་བར་བྱེད།། ཧྲཱིཿནཱ་ག་ལེ་ལེ། ནཱ་ག་དུམ་པ་ལེ་ལེ། ནཱ་ག་ཕུང་ཕུད། ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལཾ། སྥུ་ཊ་སྥུ་ཊ་ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ།། ཀླུ་དང་། ་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། བཅིངས་པའི་དུག་དང་། ཁ་རླངས་ཀྱི་དུག་དང་། རེག་པའི་དུག་དང་། དུག་ཐམས་ཅད་ཕྱིར་ཕུད་ཅིག་སྭཱ་ཧཱ། ་དུག་འདིར་མ་འདུག་ཅིག། སྦྱིན་པར་བྱེད་པའི་གན་དུ་སོང་ཤིག། འཛིན་པའི་ནང་དུ་སོང་ཤིག། མེའི་ནང་དུ་སོང་ཤིག། ཆུའི་ནང་དུ་སོང་ཤིག། ཞི་བར་གྱུར་ཅིག། སྭཱ་ཧཱ། འཇམ ་དཔལ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ།། ཧྲི་བྷྲཱུཾཿཾ་ཧཱུཾ་ཁཾ། རིགས་ལྔས་དབང་བསྐུར་བའོ།། རྡོ་རྗེ་སྲུང་བའི་མཆོག་ཏུ་འགྱུར།། བཀྲ་ཤིས་ལྷ་མོ་དཔལ་དང ་ལྡན།། བསྙེན་གནས་ལ་ནི་གནས་གྱུར་ནས།། དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས།། བུམ་ཆུ་དག་པས་ལས་སྒྲིབ་སེལ།། ལུས་ངག་སེམས་ཀྱིས་དག་པ་ཐོབ།། ཕ་རོལ་ཕྱིན་དྲུག་གནས ་གྱུར་ཅིང་།། སངས་རྒྱས་སེམས་ཅན་མཁྱེན་པར་གྱུར།། ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར།། བུ་མོ་གཞོན་ནུས་བཀལ་བ་ཡི།། སྐུད་པ་དཀར་པོ་སུམ་སྒྲོལ་ལ།། བཟླས་བརྗོད་ཉི་ཤུ ་བརྒྱད་བྱས་ནས།། མགུལ་དུ་བཏགས་ན་ནང་ལས་གྲོལ།། ནད་ལ་ཕན་པའི་སྨན་རྣམས་ལ།། གཟུངས་སྔགས་བཟླས་ཤིང་བཏབ་གྱུར་ན།། ནད་རྣམས་ཀུན་ལས་གྲོལ་བར་འགྱུར།། ཆུ་ལ་གཟུང ་སྔགས་མང་བཟླས་ན།། ཀླུ་ནད་ཁོང་དུ་སེལ་བར་འགྱུར།། ལེ་ཏོག་ཟ་བ་ཁ་བཅིངས་ན།། བྱེ་མ་ས་དང་ཐལ་བས་སེལ།། ཧ་ཅང་ཆར་པ་ཆེས་པ་ན།། ལྷ་ལ་ཕུལ་བའི་སྙིང་པ་ལ།། ཁམ་པོར ་སར་པའི་ནང་དུ་ཡང་།། མེ་ཏོག་གཙང་མ་བླངས་ནས་ནི།། བསྲེགས་ན་ཆར་པ་འཆད་པར་འགྱུར།། སེར་བ་དྲག་པོ་འོང་བ་ན།། ཐལ་ཆེན་ཉུངས་དཀར་བཟླས་བརྗོད་ཀྱིས།། སེར་བ་ཉ་ལྕིབ་ལྷུག ་མ་དང་།། ལྷུམ་པོ་བཏགས་ཏེ་བཙུགས་གྱུར་ན།། སེར་བ་འཆད་པར་འགྱུར་བ་ཡིན།། ལྷ་ཀླུ་དྲི་ཟ་ལ་སོགས་པའི།། གདོན་ནི་གནོད་པར་གྱུར་པ་ལ།། དཀྱིལ་འཁོར་འདོམ་གང་གྲུ་བའི ་ལ། བུམ་པ་གཙང་མ་ལྔ་བཞག་སྟེ།། སྨན། སྦྱར་ཆུས་ནི་གང་བ་ལ།། བཟླས་བརྗོད་བརྒྱ་ནི་བརྩ་བརྒྱད་བཟླས། སློབ་མ་གོས་ཟས་དཀར་པོ་སྦྱར།། དཀྱིལ་འཁོར་དེ་ཡི་ནང་དུ་གསུ ་བུམ་པའི་ཆུ་ཡིས་བཀྲུ་བར་བྱ།། ནད་དང་གནོད་པ་ཀུན་ལས་ཐར།། ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས།། གླགས་ཀྱང་རྙེད་པར་མི་འགྱུརརོ།། བུས་པ་གདོན་གྱིས་འཇིགས་པ་ལས།། གི ་ཝང་གིས་ནི་སྲུང་འཁོར་བྲི།། ཡུངས་དཀར་དག་དང་བཅས་ཏེ་གདགས།། བྱིས་པ་གདོན་དང་ནང་ལས་ཐར།། ལམ་དུ་ཞུགས་ཏེ་འགྲོ་བ་ན།། ཐུ་བ་གཡས་པའི་གོས་ཀྱི་གྲཝར།། བཟླས་བརྗོད ་བདུན་བྱས་མདུད་པ་བོར།། སོང་ན་བདེ་ཞིང་དོན་ཡང་འགྲུབ།། རྟ་ལ་སོགས་པའི་ཕྱུགས་རྣམས་ལ།། ཆུ་དང་ཡུངས་དཀར་བཅས་པ་ལ།། བཟླས་ནས་གཏོར་ན་བདེ་བར་འགྱུར།། མི ་ནད་ཕྱུག་ནད་ཐམས་ཅད་ལ།། ཡུངས་དཀར་དང་ནི་བུམ་པའི་ཆུས།། བཀྲུ་ཤིང་བཏགས་ན་མི་ནད་ཞི།། ཨ་སྨ་རི་ཡི་གཟུངས་སེལ་ལྟར།། ལས་རྣམས་ཐར ་ཅད་འགྲུབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྒྱལ་པོ་འདིའི་ཁོང་ན་ཀླུའི་དུག་གི་གང ་ནས་འདུག་སྟེ།། འདི་ནི་ཀླུའི་རྒྱལ་པོ་བ་རུ་ཎ་འདི་ཡིས་ཀླུ་ཐམས་ཅད་ལ་དབང་བྱེད་པ་ཡིན་པས་འདིས་དབྱུང་བར་བྱའོ།། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སངྒ ་སྒྲ་ལ་ཕྱག་འཚལོ།། ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལོ།། ཀླུའི་རྒྱལ་པོ་ཏཀྵ་ཀ་ལ་ཕྱག་འཚལོ།། ནུའི་རྒྱུ་ལ་པོ་མཐའ་ཡས་ལ་ཕྱག་འཚལོ།། ཀླུའི་རྒྱལ ་བེ་པདྨ་ལ་ཕྱག་འཚ་ལོ།། ཀླུའི་རྒྱལ་པོ་པདྨ་ཆེན་པོ་ལ་ཕྱག་འཚ་ལོ།། ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལོ།། ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚ་ལོ།། ཀླུ ་རྒྱལ་པོ་དགའ་བོ་ལ་ཕྱག་འཚ་ལོ།། ཀླུའི་རྒྱལ་པོ་ནོར་རྒྱལ་ལ་ཕྱག་འཚ་ལོ།། ཨོཾ་བ་རུ་ཎཱ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་སྭཱ་ཧཱ། ཨོཾ་དཀྲ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་སྭཱཧཱ ་ཨོཾ་པདྨཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨཱ་ཡ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཀླུ་ཡི་གཟུགས་ནི་མང་པོ་ཡང་།། དཀར་གསུམ་མངར་གསུམ་འབྲས་ཟན་ལ།། ལེགས་བྱས་ཁ་དོག ་བསྒྱུར་བྱས་ལ།། མེ་ཏོག་སྤོས་དང་བྱུག་པ་དང་།། མར་མེ་ཞལ་ཟས་སྒྲ་སྙན་དང་།། གདུགས་དང་རྒྱལ་མཚན་མེ་ཏོག་ཕྲེང་།། ཚངས་པའི་སྐུད་པས་མཉེས་པར་བྱ།། རྩ་བ་ལོ་མ་སྡོང་བུ་དང་།། མེ་ཏོག་འབྲས ་བུ་སྨན་གྱི་མཆོད།། རྨ་བ་གཟུངས་མོ་མེ་ལོང་གིས།། རྒྱལ་པོ་ཁོང་གི་དུག་ཐོན་ཅིག། རིན་ཆེན་རྨག་ཤད་མཆོད་པའི་རྟེན།། མི་ལྡོག་པ་ཡི་རྫ་སུ་ཆོངས།། བུམ་པ་གཏེར་གྱིས་གང་བ་མཛེས།། སྲོག་ཆགས་ཡིད ་འོང་གཟུགས་ཀྱི་མཆོད།། ཞི་འགྱུར་འདི་ལ་ཐེ་ཚོམ་མེད།། ཀླུའི་རྒྱལ་པོ་འཛེག་པོ་ཡིས།། ཟིན་ཀྱང་སྐད་ཅིག་གཅིག་ལ་ཐོན།། འཇམ་དཔལ་འདི་གཞན་གྱི་མཐུ་མ་ཡིན་ཏེ།། འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་དེའི་མཐུའོ།། སྟོབས། བྱིན་གྱིས་བརླབ་སོ།། ཐུགས་རྗེ་དང་ལྡན་པ་འདིའི་ཡོན་ཏན་བརྗོད་ཀྱི་མི་ལང་ཡང་བདག་གིས་ཆ་ཤས་ཙམ་ཞིག་བརྗོད་ན།། ཨོཾ་བཅོམ་ལྡན་འདས། བྱ་བ་བྱས་ཤིང ་བྱེང་པ་བྱས།། ཁུར་བོར་བདག་དོན་རྗེ་སུ་བརྙེས།། སྲིད་པར་སྦྱར་བ་ཡོངསུ་ཟད།། ཡང་དག་བཀའ་ལས་རྣམ་པར་གྲོལ།། སེམས་དཔའ་དབང་བསྒྱུར་ཐམས་ཅད་ཀྱི།། མཆོག་ཏུ་ཕ་རོལ་ཕྱིན་ཐེབ ་པ་སྲིད་ལས་རྒལ་ཞིང་ཚོགས་གཉིས་རྫོགས།། ཨཱ་གཞན་ལ་ཕན་བརྩོན་ཐུགས་རྩེ་ཅན།། སེམས་ཅན་ཀུན་ལ་མཆོག་ཏུ་བམེས།། ཁམས་གསུམ་ཀུན་གྱི་གཉར་ཅིག་པུ། ་མཐའ་ཡས་སེམས་ཅན་སྦྲེལ་ལ་མཁས།། ཧྲཱིཿའགྲོ་བ་ཉམ་ཐག་ཀུན་ཏུ་སྲེབ།། དྲི་མ་གསུམ་སྤངས་ཕ་རེལ་ཕྱིན།། མངོན་ཤེས་དྲུག་བརྙེས་ནྱ་གྲོ་བུ།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། སུམ ་ཅུ་རྩ་གརིས་ངག་དང་ལྡན།། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས།། སྐུ་མདོག་ཤེལ་གྱི་ཁ་དེས་འདྲ།། གངས་རི་ཉི་ཤར་ལྟ་བུར་མཚོམ།། སྐུ་ཆེད་ཆེ་ལ་འོད་ཟེར་འབར། རིགས་ལྔ་སངས་རྒྱས་སྐུ་ལ་འཕྲོག་དུ ་སྐྲ་ཐེར་ཚུགས་གྱེན་ལ་མརྫས།། དབུ་ལ་འོད་དཔག་མེད་པ་བཞུགས།། ཀླུ་རྣམས་ཐམས་ཅད་འདུལ་མཛད་པ།། རྩེ་གསུམ་སྦྲུལ་གྱིས་རབ་ཏུ་བཀྲིས།། རིག་གསུམ་མགོན་པོའི་བིར་རླབས་འཇར།། དག ་གསུམ་རྩང་ནས་གཅོད་ལ་བསྟོད།། སྐྱོན་གྱིས་མ་གོས་པདྨ་བསྣམས།། ཤེས་རབ་ཕུན་སུམ་རལ་གྲི་འབར།། ཉོན་མོངས་དག་པ་བྲམ་ཟེའི་མགོ་མེ་ཏོག་དྲི་ཞིམ་ཚོགས་ཀྱི་བཀང་།། ་ཀླུ་རྣམས་ཀུན་ནས་དབང་བསྡུས་པས།། སྦྲུལ་གྱི་ཚང་སྐུད་མཛེས་པ་བསྟོད།། སིཾ་ཧ། པདྨ་བདག་གི་གདན་ལ་བཞུགས།། བདུད་བཞི་ཟིལ་གྱིས་གནོན་མཛད་པ།། སེང་གེ་དཀར་པོའི་གདན་ལ་བཞུགས། ་འདོད་པའི་དོན་རྣམས་སྒྲུབ་པའི་ཕྱིར།། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན།། བ་སྤུ་ཉག་མ་རེ་རེ་ཡང་།། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།། ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད།། དམ་ཆོས་རྒྱལ་ཚབ ་དབང་བསྐུར་བ།། ལྷ་མོ་སྒྲོལ་མ་རྗེསུ་འབྲང་།། འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྡང་།། གནོད་པ་སེལ་བ་མི་འཇིགས་སྦྱིན།། ཨུཏྤལ་ཐུག་ས་རྗེའི་བདག་ཉིད་ཅན།། བཏུད་དེ་སྤྲུལ་པ་མང་པོ་འགྱེད། ་ཧཱུཾ། གོས་དཀར་མ་ནི་བཀའ་བཞིན་བྱེད།། ཡིད་བཞིན་འཁོ་ར་ལོ་བདེ་བར་བསྐོར།། འདོད་པའི་དོན་ཡོད་སྡུག་བསྔལ་ཞི།། འཇིགས་པ་བརྒྱད་པོ་སེལ་ལ་བསྟོད།། ཕཊ་ཧ་ཡ ་ཤྲཱི་བ་ཁྲོ་བོའི་སྐུ།། འཕགས་པ་རྟ་མགྲིན་བདུད་བཞི་འཇོམ་ས།། ཀྲོ་དྷ་འགྲིན་སྔོན་གདུག་པ་འདུལ།། ཀླུ་བདུད་འདུལ་མཛད་ཧཱུཾ་གིས་བསྟོད།། ནཱ་ན་མཁའ་ཀླུ་རྒྱལ་བ་རུ་ཎ།། ཆུ་ལྔ་སྟོན་པའི ་ཞལ་མཐོང་ཞིང་།། བསྟན་ལ་རབ་དགའ་ཀླུ་རྣམས་འདུལ།། ས་དང་པོ་ཡི་བདེན་པ་མཐོང་།། བདེ་བར་གཤེགས་པའི་རིང་བསྲེལ་འཛིན།། ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད།། ཨོཾ་ཏཱ་རེ་དུཏྟཱ ་ཏུ་རེ་སྭཱཧཱ། ཨོཾ་ཀ་ཊེ་བི་ཀི་ཊེ་ནི་ཀ་ཊེ། ཀ་ཏི་ཀ་ར་སྭཱ་ཧཱ། གང་གིས་བསྟོད་ཅིང་བཟློས་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་ཡོངསུ་བྱང་བར་འགྱུརརོ།། དཀྱིལ་འཇིར་། ་ཐམས་ཅད་ཞུགས་པར་འགྱུརརོ།། གསང་སྔགས་ཐམས་ཅད་བཟླས་པར་འགྱུརརོ།། བསྐལ་པ་སྟོང་གི་བར་དུ་ངན་སོང་དུ་མི་སྐྱེའོ།། བུད་མེད་ལུསུ་མི་སྐྱེའོ།། སུ་ཞིག་ནང་བར་ལངས་ནས་ཆུ་དྲི་ཞིམ ་པོས་ཁྲུས་བྱས་ཏེ་གཙང་སྦྲ་ལ་གནས་ནས། ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་སྤྱན་སྔར་གཟུངས་འདི་ཀློག་གམ། འདྲི་འམ། འཆང་ངམ། ཀློག་དུ་འཇུག་གམ། ཁ་དོན་དུ་བསྟོན་རས་སྙིང་པོ་དང་། ་གཟུངས་སྔགས་ཟློས་ན་ནི་དེའི་ལུས་ལ་མཛེ་དང་། ཤུ་བ་དང་། ཕོལ་མིག་དང་། འབྲས་དང་། བས་ལྗགས་དང་། མེ་དཔལ་དང་། གཡན་པ་དང་། ལྡོག་པ་དང་། ཟག་པ་དང་། སྤོས་པ་དང་། དམུ་ཆུ ་དང་སྐེམ་པ་དང་། མཁལ་མ་རྡོལ་བ་དང་། དོན་སྣོད་དུ་འདུ་ས་པ་དང་། བྱད་ཀྱི་དཀྱིལ་འཁོར་ལ་ནད་སྣ་ཚོགས་འདུས་པ་དང་། གློ་བན་པ་དང་། དབུགས་མི་བདེ་བ་དང་། རླུང་མཁྲིས་བང ་ཀན་འདུས་པ་ཐམས་ཅད་ལས་ཐར་བར་འགྱུརོ།། འཇམ་དཔལ་གཟུངས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།། སུ་ཞིག་གམ་རྒྱལ་པོ ་དེས་གཟུངས་འདི་གླེག་བམ་ལ་བྲིས་ཏེ་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོ ་ཡུལ་འཁོར་དང་བཅས་པ་འམ། གཙུག་ལག་ཁང་དུ་གླེགས་བམ་འདི་འཆང་ནི། དཔལ་ནག་པོ་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ཀླུ་ཆེན་པོ་བརྒྱད་རྣམས་སླང ་བཞིན་འབྲང་ཞིང་། དཔག་ཚད་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། གདོན་མ་རུངས་པ་ཐམས་ཅད་དང་། ལོག་པར་འདྲེན་པ་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམ ་པར་འགྱུརརོ།། སྐོམ་ཉེས་པ་དང་། བྲི་ཉེས་པ་དང་། སྔགས་ནོར་བ་དང་། ཕྱག་བརྒྱ་ནོར་བ་དང་། བཤད་ཉེས་པ་དང་། མཉན་པ་ནོར་བ་ཡང་གཟུངས་འདི་བཀླགས་པས་ངག ་པར་འགྱུརརོ།། གཟུངས་འདི་སུ་ལ་སྲུང་བ་བྱས་པ་དང་། ཡོངསུ་བསྐྱབ་པ་བྱས་པ་དང་། བསྐྱང་བ་དང་། ཞི་བ་དང་། བདེ་ལེག་སུ་བྱས་པ་དེ་ལ་མཚོན་དང་། དུག་དང་། དབྱིག་དུག་དང་། བྱང་དང་། ་གཤེད་མ་དང་། རིམས་དང་། གནོད་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བས་མི་ཆུག་སོ།། གནོད་པར་བྱེད་པ་ཚར་གཅོད་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེངྒེ་སྒྲ་ཞེས་བྱ་བའི་གཟུངས་རྫོག་སོ།། ་ཁ་ཆེའི་ཡུལ་དུར་ཁྲོད་འབྲིས་ཀ་རང་བྱུང་གི་མཆོད་རྟེན་ཀྱ། དངོས་གྲུབ་རྙེས་པའི་རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་འགར་ཤེས་རབ་འབྱུང་གནས་ཞེས་བྱ་བས་བསྒྱུར ་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བྷ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ ་