| Wylie | e-texts produced with BDRC’s OCR application |
ད་ཧ་བ་ཙེ་པ་ཙཾ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་ཨཱ་ཛྙཱ་པ་ཏི་སྭཱ་ཧཱ། སྙིང་རྗེས་མི་བཤོལ་བ་ཞེས་བྱ་བའི་གཟུངས་རྫོག་སོ།། །། རྒྱ་གར་སྐད་དུ། སི་ཧ་ནཱད་ཏནྡྷ་ནཱ་མ་ཁོད་སྐད་དུ། ་སེངྒེ་སྒྲའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པདྨ་གསུང་གི་ལྷ་ལ་ཕྱག་འཚ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་པདྨའི་དབང་ཕྱུག་ཏུ་བསྒྱུར་ཏེ་རྡོ་རྗེའི་གདན་ལ ་བཞུག་སོ།། དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལམ་རྣམས་ཇི་ལྟར་སྦྱང ་ཨེ་མ་ཧོ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་མཆོག་སྤྱན་རས་གཟིགས་སེང་གེ་སྒྲ་ཞེས་བྱ་བ་ཡོད་དེ། དེ་ཡིས་སྨོན་ལམ་སྦྱ་ང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་བསགས་པར་ཡིད་ལ་བྱསོ།། དེ་ནས་བཅོམ་ལྡན་འདས་པདྨའི་དབང་ཕྱུག་ལངས་ཏེ། གསང་སྔགས་ཀྱི་ཚིག་འདི་དག་སྨྲསོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊེ་ཀ་ཊེ་ཀ་རོ་ཊེ། ཀ་རོ་ཀེ་ཊ། བཱིརྱེ་སྭཱ་ཧཱ། ཨོཾ་ཨཱཿཧྲི། སི་ཧ་ནཱ་ད་ཧཱུཾ། བྲུཾ་ཨེ་ཛཱི་ཁེ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་བ་ལ་ནི་བྷུ། ཛྲཱྀཾ་ཛཱི་བ ་བུཎྱེ་དྷུ་བེ་ཧཱུཾ། སརྦ་ཨ་མྲྀ་ཏེ་ཧཱུཾ། ཨོཾ་བ་ཏ་ལི། མ་ཧཱ་བ་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛཾཿསྭཱ་ཧཱ། ཨོཾ་བཀྲ་བཀྵ། ས་མ་ཡ་ཏིཥྛཛེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཏ་པྲ་ཏེ་དྷཱུ་ཕཊ། སྲྀ་ཏི་ཀ་ར་ཧཱུཾ་ཕཊ། ཨོཾ་བ་རུ་ཎ་ཨཱ་གཪྵ་མ ་ཨཱ་བནྣ་ཡ་མ་ཧཱ་ནཱ་ག་ཀི་ས་ཏི་སརྦྦ་བྷུ་ར། ཕུཿཕུཿཕུཿསྭཱ་ཧཱ། ཨོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲྀ་ཏི་ས་མ་བ་ཏི་ས་ར་མ་ཏི་སིད་དྷ་སྭཱ་ཧཱ། ཨོཾ་ཨཱཿཧྲིཿཧཱུཾ་སྭཱ་ཧཱ། ཕུཿཧྲཱིཿོཾ་ས~ཾ་ཕནཱ་ད་ཧཱུ~ཾ་ཕཊ་ཕཊ། ར་ས་དྲ་བ་ལ ་མཱ་ར་ཡ་ཕཊ། ཛཱ་ལ་ཛཱ་ལ་ཧཱཾ་ཕཊ། ཨཽ་ཨ་བིགྷྣནྣ་ཀྲིང་ཧཱཾ། ཨོཾ་ཨགྣ་ཡེ་ཨ་ཏི་བྱཱ། ཨ་བྷི་ས་མ་ཡ་ཡ་ཤ། མ་ཧཱ་ཀྲི་ཡེ་ཧ་བྱ། ཀ་བྱ། མ་ཧཱ་ནི་ཡ་སྭཱ་ཧཱ། ཨོཾ་བྷ་བ་ག་ཨགྣ་ཡ། ཤཱན་དི་ཀུ་རུ་སཱ་ཧཱ། ཨཱཿཧྲཱིཿསཾ་ཧ ་ནང་བཛྲ་ཙཀྲ་བིཛྲ་ལཾ་ཀི་ཀ་ཧཱུ~ཾ་ཟླ་བྲུཾ། ལེ་ཀེཏྟཱ་ར་ཎོ་སཾ་ཧ་ནཱ་ད་བྲུ་བྲྀ་བྲུཾ་ཧཱུཾ་ན་བྷྲྀ་ར་ནཱ་ད་བྲུཾ་བྲུཾ་བྲུཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ།། གསང་བའི་བདག་པོ་འདི་ནི་མཎྜལ་གྱི་བསྒྲུབ་པ་ཞེས་བྱའོ།། གསང་པ་དང་། ཕྱིར་ལྡེག་པ་དང ་དགུག་པ་དང་། བཅིང་བ་དང་། ཞི་བའི་ལས་ཡིན་ཏེ། ནང་པར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ཏེ། མངར་གསུམ་ལག་པའི་མཐིལ་དུ་མཉེས་པས་ཀླུའི་ཞེ་སྡང་ཞི་བར་འགྱུ་རོ།། འདི ་ནི་ཀླུའི་སྡེ་དཔོན་ཞེས་བྱ་སྟེ། སེངྒེའི་སྟེང་དུ་ཟླ་བ་ལ། རྒྱལ་པོ་ལ་པའི་སྟབས་ཀྱི་བཞུགས།། གཡས་ནཐོང་མཚན་རྩེ་གསུམ་ལ།། དྲབ་པོའི་རྒྱལ་རིགས་དབང་དུ་བསྡུས།། པདྨ ་རྩེ་ལ་ཐོད་པ་ནི། ཕྲིན་ལས་བཞི་ལྡན་ཀུ་མུ་ད།། ཤེས་རབ་སྦྱོར་བའི་རལ་གྲིར་བཅས།། དཀའ་ཐུབ་ལྡན་པའི་སྐུ་དེ་ལ།། རིག་སྔགས་རྣམ་པར་རྒྱན་པ་པོ།། གསུམ་དང་ལྔ་ནི་མདུན་དུ་འཕྱང་།། རྩེ ་མོར་འོང་དཔག་མེད་པས་རྒྱན། སེངྒེའི་ཆ་ལས་བྱུང་བ་ཡིན།། འདས་སྐྱེས་དམར་པོའི་ལོ་མ་གཉིས།། པདྨ་བཞི་ལ་སྔགས་བཞི་ལྡན།། རང་ལུས་རེག་ནས་ཐལ་མོ་སྦྱར། སྐུ་ལ་འདུད་རྩིང ་ཕྲིན་ལས་བྱེད།། རྡོ་རྗེའི་གདན་ལ་མི་བསྐྱོད་པའི།། ཐུགས་ཁ་ནས་ནི་སྔགས་འོད་འདོན།། སྤྲོ་བ་གསུམ་དུ་ལྡན་པའི་སྔགས།། ཉི་ཤུ་རྩ་གཅིག་འདོན་པར་བྱའོ།། གསང་བའི་བདག་པོ་རྨང་འདི ་ལ་སྤོང་བའི་སེམས་ཅད་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ།། གསང་བའི་བདག་པོ་རྒྱུད་འདི་ཉན་པ་དང་། སེམས་པ་དང་། མཆོད་པ ་དང་། འཆང་བ་དང་། ཐ་ན་འདི་ལ་མོས་པའི་སེམས་ཅན་དེ་དག་ལ་རྒྱལ་ཆེན་བཞིའི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། ཚངས་པའི་བུ་དང་། ཚངས་ཆེན་རྣམས་ཀྱིས་སྲུང་བ་དང་། བསླབ་པ་དང་། ་སྦ་བ་དང་། ཀུན་ཏུ་རྗེ་སུ་འབྲང་བར་བྱེད་དེ། དེ་བས་ཆེས་ལྷག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལ་མས་སྲུང་བ་བཞིན་དུ་སྲུང་བར་འགྱུ་རོ།། བདུད་ཀྱི་བར་དུ་གཅོད་པར ་མི་ནུ་སོ།། གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་པདྨོ་ལས་སྐྱེ་བར་འགྱུར་རོ།། མངལ་གྱི་སྡུག་བསྔལ་ལས་ཐར་པར་འགྱུ་རོ།། ཚེ་འདིར་མེ་དང་ཆུའི་འཇིགས་པ་ལས་ཐར ་བར་འགྱུརརོ།། འདིར་ནི་མདོ་ཙམ་སྨོསུ་ཟད་ཀྱི། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་བར་འགྱུརརོ།། གང་རྒྱུད་འདི་ལ་གནོད་པ་དང་། འཚེ ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱེད་ན། དེ་ལ་ལྷའི་བུ་དང་། ཀླུའི་བུ་ཁྱེད་རྣམས་ཀྱིས་སྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་དང་། ཚངས་རིས་ཀྱི ་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན་དུ་ཁས་བླང་བར་བྱསོ།། དེ་ནས་གཞན་སྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ།། སེང་གེ ་སྒྲའི་རྒྱུད་ཅེས་བྱ་བ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་བཎྜིཏ་པྲཛྙཱ་ཀཱ་ར་དང་། བོད་ཀྱི་ལོ་ཙཱ་བ་འགོས་ཁུ་བ་ལྷས་བཅས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ་