| Wylie | e-texts produced with BDRC’s OCR application |
གཅིག་པ་རྫོག་སོ།། ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང་། ལེ་ཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། ། རྒྱ་གར་སྐད་དུ། ལེ་ཀེ་ཤྭ་ར་ཀ་ལྤ། ་བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གིས་རྟོག་པ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འ་ཚ་ལོ།། སངས་རྒྱས་ལ་ཕྱག་འཚལོ།། ཆོས་ལ་ཕྱག ་འཚ་ལོ།། དགེ་འདུན་ལ་ཕྱག་འཚ་ལོ།། འཇིག་རྟེན་མགོན་པོའི་རྟོག་པ་ནི།། མདོར་བསྡུད་འདིར་ནི་བརྗོད་བྱ་སྟེ།། སངས་རྒྱས་ཐམས་ཅད་རྒྱུན་ཆེན་པོ།། འདོད་པའི་དོན་ཀུན་རབ་སྟེར་བ།། དང་པོར་རཾ ་ཤིག་རིག་པ་འཛིན་པས་གཙང་ཞིང་དབེན་པའི་ས་ཕྱོགསུ།། ཧཱུཾ་གིས་དག་པར་བྱས་པར་ཉེ་བར་འདུག་ཅིང་པདྨའི་ཕྱག་རྒྱ་བཅིངས་ལ།། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ་ཏྲཾ་ཞེས་བརྗོད་ལ། ་ཐམས་ཅད་སྟོང་པའི་རྣམ་པར་བསམ་པར་བྱའོ།། དེའི་རྗེས་ལ་ཨོཾ་ཙིདྷ་པྲ་ཏི་བོ་དྷི་ཀ་རོ་མི། དེ་ལྟར་བརྗོད་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པར་བསྒོམས་ནས། པདྨའི་སྟེང་དུ་ཟླ་བའི ་དཀྱིལ་འཁོར་བསམ་པར་བྱའོ།། ཟླ་བའི་སྟེང་དུ་ཧྲཱིཿཡིག་སྔགས་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས་པ། ཕྱག་གཉིས ་པ་མདོག་དམར་བ་མཚན་དུ་ནི་གོས་དཀར་མོ་དེ་ལ་འཁྱུད་པ། པདྨ་དམར་པོ་ཁ་འབྱེད་ཅིང་གར་གྱི་ཚུལ་ཅན་ཁབ་ཀྱི་ཕྱག་རྒྱས་ཁ་འབྱེད་པར་བསྒོམས་ལ་འདི་བརྗོད་པར་བྱ་སྡེ། ཇི་ལྟར་པདྨ ་དམར་པོ་འདི།། འདོད་ཆགས་སྐྱོན་གྱིས་མ་གོས་ཤིང་།། དེ་བཞིན་སྣ་ཚོགས་བག་ཆགས་སྐྱོན།། ཁམས་གསུམ་རྣམ་པར་དག་པའོ།། དབུ་རྒྱན་ལ་འོད་དཔག་ཏུ་མེད་པར་བསྒོམ་པར་བྱའོ།། ་དེ་ནས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཀཱ་ཡ་བཀྩི་ཏ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཎ། དེ་ལྟར་བསྒོམས་ནས་ཕྱོགས་བརྒྱད་དུ་ལྷ་མོ་བས་མེ།། ཨོཾ་བི་ལོ་ཀི་ནི། ཨ་བ་ལོ་ཀི་ནི། ་ཨ་བ་ལོ་ཀ་ཡ་སྭཱ་ཧཱ།། ཤར་གྱི་མདབ་མ་ལ་ནི་རྣམ་པར་འཇིགས་མ་ཞེས་བྱ་བའི་ལྷ་མོ་པདྨ་དམར་པོ་བསྣམས་པ་འོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།། ལྷོའི་པདྨ་ལ ་བཅོམ་ལྡན་འདས་མ་སྒྲོལ་མ་པ་ལ་ཤའི་འདབ་མ་ལྟ་བུའི་པདྨ་བསྣམས་པའོ།། ཨོཾ་བྷུ་རི་ཎི་མ་ཧཱ་ཙཀྲ་བརྟི་ནི་ཧཱུཾ། ནུབ་ཀྱི་མདབ་མ་ལ་བྷུ་རི་ཎི་ཞེས་བྱ་བའི་ལྷ་མོ་ཨུཏྤལ་ལྗོན་པོ ་ལྟ་བུའི་པདྨ་བསྣམས་པའོ།། ཨོཾ་བྷྲྀ་ཀུ་ཊཱི་ཏ་རེ་ཏུ་ཏ་མ་ཏཱ་ཧཱུཾ།། བྱང་གི་འདབ་མ་ལ་ཁྲེ་གཉེར་ཅན་ཞེས་བྱ་བའི་ལྷ་མོ་པདྨ་སེར་པོ་བསྣམས་པའོ།། ཨོཾ་མ་ཧཱ་ཤྲི་ཡེ་མ་ཎི་པདྨེ་ཧཱུཾ། ་ངི་རི་དྷྲི་གོས་ཅན་ཤར་ཕྱོགས་ཀྱི་མཚམ་སུ་བཙོང་ལྟ་བུའི་པདྨ་བསྣམས་པའོ།། ཨོཾ་བཛྲ་པདྨེ་ཤྭ་ར་མ་པདྨེ་ཧཱུཾ། ལྷོ་ཕྱོགས་ཀྱི་མཚམ་སུ་པདྨ་དཀར་པོ་བསྣམས་པའོ།། ཨོཾ་བཾ ་ཤྲ་པདྨེ་ཧཱུཾ། འདི་ནི་སྣ་ཚོགས་ཀྱི་པདྨ་སྟེ། ནུབ་ཕྱོགས་ཀྱི་མཚམ་སུ་པདྨ་ནག་པོ་བསྣམས་པའོ།། ཨོཾ་བི་ཤྲ་བཀྵེ་ཧཱུཾ། འདི་ནི་སྣ་ཚོགས་ཀྱི་ཞལ་ཅན་ཏེ། བྱང་ཕྱོགས ་ཀྱི་མཚམ་སུ་སྣ་ཚོགས་པདྨ་བསྣམས་པའོ།། ཨོཾ་པདྨ་ནིརྨ་ཤྭ་ར་ཧཱུཾ། ཟེ་འབྲུའི་དབུས་སུ་འདོད་ཆགས་ཆེན་པོའི་བཅོམ་ལྡན་འདས་སྦྱར་རས་གཟིགས་དབང་ཕྱུག་གོ།། དེ་ལྟར་གང་སྒོམ ་པ་དང་ལྡན་ཞིང་ཏིང་ངེ་འཛིན་ལ་གོམས་པར་བྱེད་ན་དངོས་གྲུབ་བསྟན་པོར་འགྱུ་རོ།། དེ་ཡིས་སངས་རྒྱས་ཉིད་དང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྟེ་རོ།། སངས་རྒྱས་ཕ་རོལ་ཕྱིན ་གྲུབ་ཅིང་།། གཟུངས་དང་ས་ཡང་དེ་བཞིན་ནོ།། འཛི་གརྟེན་ཀུར་གྱི་བདེ་སྟོན་ཅིང་།། སོ་སོ་རང་ཉིད་རྗེ་སུ་སྒྲུབ།། སངས་རྒྱས་ཉིད་ནི་བྱང་སེམས་ཉིད།། རང་རྒྱལ་ཉིད་ཀྱང་དེ་བཞིན་ནོ།། ་ཡིད་འོང་སངས་རྒྱས་གོ་འབང་ནི།། སྤྱད་མི་ང་གོས་པར་འགྲུབ་པར་འགྱུར།། བྱང་ཆུབ་སེམས་དང་ག་བུར་བཅས།། ཙནྡན་དམར་དང་རབ་སྦྱར་ཏེ།། རྡོ་རྗེ་ཆུ་དང་ཡང ་ངག་ལྡན།། སངས་རྒྱས་ཀུན་གྱི་བཅུད་ལེན་ཡིན།། སྦྱོར་བ་བཟང་པོ་འདི་ཡིས་ནི།། བཅུད་ཀྱིས་ལེན་ནི་དེ་ཡང་།། འགྲུ་བ་འགྱུར་འཇིག་རྟེན་མགོན་པོ་ཡིས།། གཞོན་ཞིང་ནད་མེད ་དམ་བདེ་ཞིང་།། ཚེ་དང་སྟོབས་དང་བརྩོན་འགྲུས་དང་།། སྐལ་བཟང་ཡེ་ཤེས་བླ་ན་མེད།། སྐྱེ་བ་འདི་ལ་འགྲུབ་པའོ།། མ་ལུས་ལུས་པ་མེད་པ་འགྲུབ།། དབང་དང་དགུག་དང་དབྱེ་བ་དང་།། ་བསད་དང་བསྐྲད་པ་ལ་སོགས་པ།། རེངས་དང་ཕུར་བུས་གདབ་ཉིད་དང་།། ནམ་མཁའ་འགྲོ་བ་དེ་བཞིན་ནོ།། ས་བཅུའི་དབང་ཕྱུག་ཐོབ་འགྱུར་ཞིང་།། ཏིང་ངེ་འཛིན་ལ་གནས་པར་འགྱུར།། ་དེ་ཕྱིར་ཏིང་འཛིན་ལྡན་པ་ཡིས།། རྡོ་རྗེ་དམ་ཚིག་དེ་ཡིས་ནི།། རིག་པ་དང་ནི་བཅས་པའི་མཆོག་འཇིག་རྟེན་མགོན་པོར་འགྲུབ་པར་འགྱུར། ཨོཾ་ཧྲིཿཔདྨ་ནི་རྟེ་ཤྭ་ར་ཧཱུཾ། རྩ་བའི་སྔགས ་འདི་བརྒྱ་རྩ་བརྒྱད་བཟླས་ན་ཉིན་མོ་དང་ནུབ་མོ་བྱས་པའི་སྡིག་པ་ཉམས་པར་འགྱུརརོ།། ཡང་ན་ལྔ་བརྒྱ་བཟླས་བརྗོད་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུརརོ།། ཡང་ན་སྟོང་བཟླས་བརྗོད ་བྱས་ན་དུས་མ་ཡིན་པར་འཆི་བ་མེད་པར་འགྱུརརོ།། ཡང་ན་སྟོང་ཕྲག་གཉིས་བཟླས་བརྗོད་བྱས་ན་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་འགྱུ་རོ།། གཞན་ཡང་སྟོང་ཕྲག་གསུམ་བཟླས་བརྗོད ་བྱས་ན་སྐལ་བ་བཟང་བ་དང་།། གཡང་རབ་ཏུ་འཕེལ་བར་འགྱུ་རོ།། གཞན་ཡང་སྟོང་ཕྲག་བཞི་བཟླས་བརྗོད་བྱས་ན་ད་བུལ་བ་མེད་པར་འགྱུ་རོ།། ཡང་ན་སྟོང་ཕྲག་ལྔ་བཟླས་བརྗོད ་བྱས་ན་དགྲ་ཐམས་ཅད་ཀྱི་སྙིང་འཁྲུག་པར་བྱེད།། སྟོང་ཕྲག་དྲུག་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད་མེད་པར་འགྱུརརོ།། སྟོང་ཕྲག་བདུན་བཟླས་བརྗོད་བྱས་ན་བདུད་བཞི་ལས ་མཆོག་ཏུ་རྒྱལ་བར་འགྱུརརོ།། སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ན་རིག་འཛིན་མ་གྲུབ་པར་འགྱུ་རོ།། སྟོང་ཕྲག་དགུ་བཟླས་བརྗོད་བྱས་ན་སྦྱིན་མོ་གྲུབ་པར་འགྱུརརོ།། ཁྲི་ཚེ་གཅིག་བཟླས་བརྗོད ་བྱས་ན་ལྷ་དང་ཀླུ་དང་། མིའི་བུ་མོ་རྣམས་འགྲུབ་པར་འགྱུརརོ།། སྟོང་ཕྲག་ཉི་ཤུ་བཟླས་བརྗོད་བྱས་ན་བར་སྣང་ལ་འགྲོ་བའི་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུརརོ།། སྟོང་ཕྲག་སུམ་ཅུ ་བཟླས་བརྗོད་བྱས་ན་བསམ་པ་ཐམས་ཅད་རྫོགས་པར་འགྱུརརོ།། སྟོང་ཕྲག་བཞི་བཅུ་བཟླས་བརྗོད་བྱས་ན་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་འགྱུརརོ།། སྟོང་ཕྲག་ལྔ་བཅུ་བཟླས་བརྗོད ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུརརོ།། སྟོང་ཕྲག་དྲུག་ཅུ་བཟླས་བརྗོད་བྱས་ན་གྲུབ་པའི་རིག་འཛིན་དུ་འགྱུརོ།། སྟོང་ཕྲག་འདུན་ཅུ་བཟླས་ནས་གསུམ་གྱི། ་བདག་པོར་འགྱུར།། སྟོང་ཕྲག་བརྒྱད་ཅུ་བཟླས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུརརོ།། འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུརརོ།། འབུམ ་ཕྲག་བཅུ་བཟླས་བརྗོད་བྱས་ན་རང་དགའི་གཟུགསུ་འགྱུརརོ།། བཞི་ཆ་དང་བཅས་པའི་འབུམ་ཕྲག་བཟླས་བརྗོད་བྱས་ན་སངས་རྒྱས་ཉིད་དུ་འགྱུརརོ།། བྱེ་བ་ཕྲག་ཅིག་བཟླས་བརྗོད་བྱས་ན། ་ཐམས་ཅད་དུ་རྗེ་སུ་འཛིན་པར་བྱེད་པའི་ནུས་པ་ཅན་སྒྲ་ན་རས་གཟིགས་དབང་ཕྱུག་ལྟ་བུ་འགྲུབ་པར་འགྱུར་ཞིང་ལུས་དང་ངག་དང་ཡིད་ཀྱང་བྱིན་གྱིས་རློབ་བོ།། ་འདི་ནི་བཅོམ་ལྡན་འདས་གསུངས་རྡོ་རྗེས་གསུངས་པ་འོ།། ཨོཾ་པདྨ་རི་བ་སི་ནི་བ་རི་དེ་ཧཱུཾ། འདི་ནི་གོས་དཀར་མོ་འི་སྔགས་ཏེ་ལན་ཅིག་བརྗོད་པས་སྡིག་པའི ་རིགས་ཀྱི་ཚོགས་སྲེག་པར་བྱེད་དོ།། ནུབ་བདུན་གྱི་ནང་རོལ་ཏུ་རྒྱལ་པོ་བློན་པོ་དང་བཅས་པ་མདུན་ན་འདོན་དང་། སྐྱེ་འགྲོའི་ཚོགས་དང་། བཙུན་མོའི་ཚོགས་དང་བཅས་པ་དབང་དུ ་འགྱུརརོ།། བཟླས་པ་ཅོམ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བསྐལ་པ་དང་ལྡན་པར་འགྱུརརོ།། དེ་ལྟ་བུའི་རིམ་པས་འབུམ་ཕྲག་གཅིག་བཟླས་ན་གང་ཡང་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ནུས་པ་མཉམ་ཞིང་། དངོས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་འགྱུརོ།། ཨོཾ་བི་ལོ་ཀི་ནི་ཨ ་བ་ལོ་ཀཱ་ཡ་སྭཱ་ཧཱ།། འདིའི་སྦྱོར་བ་ནི་སྟོང་ཕྲག་བཅུ་བཟླས་བརྗོད་བྱས་ན་མེ་ལོང་དང་། འཐེབ་ཆེན་དང་། ན་མཁའ་ལ་སོགས་པ་ལ་གསལ་པོ་པྲ་དབབ་པར་འགྲུབ་པར་འགྱུརརོ།། ་གང་སྔོན་བྱུང་བ་དང་ཡང་ད་ལྟར་དང་ཕྱིས་འོང་བ་དེ་སྟོན་པར་བྱེད་དོ།། ཡང་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་མངོན་པར་སྔགས་པར་བྱས་ལ། ནུབ་མོ་ཉལ་བའི་དུས་སུ་སོང་འཚས ་ནས་མི་སྨྲ་བར་ཉལ་ན་དགོས་པ་གང་ཡིན་པ་རྨི་ལམ་དུ་སྟོན་པར་བྱེད་དོ།། དེ་ཡང་འཁྲུལ་པ་མེད་པར་སྟོན་ནོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།། བཅོམ་ལྡན་འདས་སྒྲོལ་མ་འདི་འབུམ་ཕྲག ་གཅིག་བཟླས་ན་འཇིག་རྟེན་གྲུབ་པར་འགྱུརརོ།། ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། མིའི་བུ་མོ་སྟེ། འདི་རྣམས་ཀྱི་ནང་ནས་གང ་འདོད་པ་དེའི་ཆོས་འབྱུང་དུ་གུར་གུམ་དང་། རྒྱ་སྐྱེགས་དང་། རང་བྱུང་གི་མེ་ཏོག་དང་། བྱང་ཆུབ་ཀྱི་སེམས་དང་ཡང་དག་པར་ལྡན་པས་རྩིབས་དྲུག་པ་ཤིན་ཏུ་རྣོ་བའི ་འཁོར་ལོ་དམར་པོ་འཁོར་བཞིན་པ་རྣམ་པར་བྲིས་པ་བསམ་ལ། ཆོས་འབྱུང་དེ་སྒྲུབ་པ་པོས་རི་སུལ་ཆུ་ངོགས་གསང་བའི་གནསུ་བསམ་པར་བྱའོ།། དེ་ཡང་མྱོང་ཤིང་སྒྲུབ་པ་པོའི་སྟེང་དུ ་ལྟུང་བའི་རྣམ་པ་བསྒོམ་པར་བྱའོ།། དེ་བཀུག་ལ་རང་ལ་ཆུ་ཤིང་ནོར་དང་བཅས་པ་དབང་དུ་འགྱུར་བར་ལྟའོ་ཞེས་བྱའོ།། ཡང་ན་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། རིག་པ ་འཛིན་པ་དང་། གནོད་སྦྱིན་དང་། འཁོར་ལོས་བསྒྱུར་བ་དང་། བློན་པོ་དང་སྐྱེས་བུ་འམ་གང་འདོད་པ་དེ་དམར་པོར་རྣམ་པར་བསམས་ལ། དེའི་སྙིང་དཀར་རྡོ་རྗེ་ལྕགས་ཀྱུ་འོད་འབར་བའི ་ཕྲེང་བ་འཁྲུག་པའི་ལྕགས་ཀྱུས་འབིགས་བཞིན་པ་དང་། ཞགས་པས་རྐེང་པ་ནས་བཅིངས་ལ་འགུགས་བཞིན་པ་འདོད་པས་མོས་པར་གྱུར་པས་རབ་ཏུ་གསལ ་པོར་བསམ་པར་བྱའོ།། བདག་ཉིད་ནོར་དང་བཅས་པ་འགུགས་ཤིང་དབང་དུ་འགྱུརརོ་ཞེས་བྱའོ།། ཨོཾ་བྷུ་རི་ཎི་མ་ཧཱ་ཙཀྲ་བནྟི་ནི་ཧཱུཾ། འདིའི་སྦྱོར་བ་ནི་དྲི་ཆེན་དང་། རྡོ་རྗེ་ཆུ་ལ་སོགས་པས ་དཀྱིལ་འཁོར་བྱས་ལ་ཇི་ལྟར་རྙེད་པའི་མེ་ཏོག་གིས་མཉམ་པར་མཆོད་ལ།། དེ་ན་གནས་པའི་སྒྲུབ་པ་པོས་གླིང་ངམ་གླིང་བཞན་དང་། གྲོང་ཁྱེར་དང་། གྲོང་དང་། ཡུལ་འཁོར་གྱི་རྒྱལ་པོར ་བསམ་ཞིང་བཟླས་པ་བྱའོ།། དེ་ཡིས་བདག་པོ་ཉིད་འགྱུར་ཞིང་ལོང་སྤྱོད་པ་ལ་ལོང་སྤྱད་ནས་བདེ་བ་ཅན་གྱིས་འཇིག་རྟེན་གྱི་ཁམསུ་སྐྱེ་བ་ཐོབ་པར་འགྱུརརོ།། ཨོཾ་བྷྲྀ་ཀུནྡི ་ཏཱ་རེ་ཏུ་ཏ་མ་ཏ་ཧཱུཾ། ལྷ་མོ་ཁྲོ་གཉེར་ཅན་ཞེས་བྱ་བ་འདི་ནི་དགྲའི་རྐང་རྗེས་ཀྱི་རྡུལ་བླངས་ལ། དུག་དང་། ཚ་དང་། སྐེ་ཚེ་དང་། ཁྲག་དང་། ཆུ་བོའི་འགྲམ་གཉིས་ཀྱི་ས་དང་། དྲི་ཆེན ་རྡོ་རྗེ་ཆུས་བསྣོས་ལ་གཟུགས་བརྙན་བྱས་ལ་མིའི་རུས་པའི་རང་བཞིན་གྱིས་ཕུར་བུས་ཚིགས་དང་གནད་ཀུན་ལ་བཏབ་ལ། ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ། དུར་ཁྲོད་ཀྱི་མེ་ལ་གདུང ་པར་བྱའོ།། ཞག་བདུན་དུ་སྦྱོར་བ་བྱས་པས་འཆི་བར་འགྱུར་རོ།། གལ་ཏེ་སེམས་ལ་སྡིག་པ་མེད་པར་གྱུར་ན་ཞག་ཉི་ཤུ་རྩ་གཅིག་གིས་ནི་སངས་རྒྱས་ཀྱང་འཆི་བར་འགྱུ་རོ།། ཨོཾ་མ་ཧཱ་ཤྲི་ཡེ ་མ་ཎི་པདྨེ་ཧཱུཾ། ལྷ་མོ་འདི་ལ་དྲི་དང་། མེ་ཏོག་དང་། མར་མེ་དང་། བསོད་སྙོམས་ཀྱིས་ཟས་ཀྱིས་སོ་སོར་མཆོད་ལ་བཟླས་པ་བྱས་ན་ཐམས་ཅད་དུ་བསྲུངས་པར་འགྱུརརོ།། ཡུལ་ཆོས་ཀྱི་རྩོད་པ ་ལས་རྒྱལ་བར་འགྱུར་རོ།། སྤྱན་རས་གཟིགས་དབང་ཕྱུག་དང་མཉམ་པར་འགྱུརརོ།། ནོར་ཆེན་པོའི་བདག་པོར་འགྱུརརོ།། ཡང་ན་པདྨ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོར་འགྱུ་རོ།། ཨོཾ་བཛྲ་པདྨ་ཤྭ་རི་མ ་ར་པདྨེ་ཧཱུཾ། རྡོ་རྗེ་པདྨའི་དབང་ཕྱུག་མ་འདི་ཡིད་ཀྱིས་བཟླས་ན་དབང་དགུག་པ་ལ་སོགས་པ་བྱེད།། ལན་བདུན་མངོན་པར་སྔགས་ཏེ། གདུང་བུད་མདུན་ན་རང་སྲུང་ཞིང་རིམས་དང་། ལྐོག་ནད་དང་། ་ནད་ཐམས་ཅད་དང་། མཚོན་དང་། མེ་དང་། རྐུན་པོ་དང་། སེང་གེ་དང་། གླང་པོ་ཆེ་དང་། སྦྲུལ་དང་། འཆིང་བ་དང་། རྒྱ་མཚོ་དང་། ཤ་ཟའི་ནང་སྟོང་ཕྲག་གཅིག་བཟླས་པས་ཞི་བར་འགྱུརརོ།། ལམ ་གཅིག་གིས་ལས་ཀྱིས་བརྗེད་བྱེད་ཀྱི་གདོན་དང་། ཟད་བྱེད་དང་སྐྱུགས་པ་དང་། བྲི་བར་དཀའ་བ་དང་། སྒོམ་པར་དཀའ་བའི་གདུག་པ་ཅན་གྱི་སེམས་ཅན་ཐམས་ཅད་ཉམས་པར་བྱེའོ།། འབུམ ་ཕྲག་གཅིག་བཟླས་ན་ལུས་འཕེལ་ཞིང་སྐལ་བ་བཟང་བ་དང་། ལུས་གཞོན་ཞིང་ནང་མེད་པར་བྱེད་ཅིང་དུས་མ་ཡིན་པའི་འཆི་བ་ཉམས་པར་བྱེད།། ཡང་ན་ཀླུ་ཐབ་ཁུང་དུ ་བྲིས་ལ་དེར་དུག་དང་། སྐེ་ཚེ་དང་ཚ་བའི་སྦྱིན་བསྲེག་བྱ་ཞིང་། ཀླུའི་མིང་དང་སྤེལ་བས་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན་ཆར་ཆེན་པོ་ཕབ་ནས་མུ་གེ་མེད་པར་འགྱུརརོ།། ་བི་ཤྭ་པདྨེ་ཧྲཱིཿསྣ་ཚོགས་པདྨ་འདི་ནི་རྨོངས་པ་དང་། རེངས་པ་དང་། མནན་པ་དང་། ཕུར་བུས་གདབ་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། ཕུར་བུ་དང་། མིག་འཕྲུལ་དང་། ངོ་མཚར་དང་། ་མི་མཐོང་བར་བྱེད་པ་དང་། ཕུག་དུ་འཇུག་པ་དང་། ན་མཁའ་ལ་འགྲོ་བ་དང་། ལྕགས་སྒྲོག་གཅོད་པ་དང་། རིལ་པོར་དགུག་པ་གང་དང་གང་ཡིན་པ་རྒྱུད་ལས་བསྟན་པ་དང་། རྒྱུད ་གཞན་དང་ཡང་དག་པར་ལྡན་པའི་ལས་ཐམས་ཅད་བྱེད་དོ།། ལུས་དང་ངག་དང་ཡིད་གསུམ་གྱི་དངོས་གྲུབ་སྡེ་རོ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་འགྲུབ་ཅིང་གང་འདོད་པའི་ལས་ཐམས་ཅད་རི་འགྲུབ་པར་འགྱུར་ཞེས་བྱའོ།། ཨོཾ་བི་ཤྭ་པདྨེ་ཧཱུཾ། སྣ་ཚོགས་རྡོ་རྗེ་ཞེས་བརྗོད་པའི་ལྷ་མོ་འདིས་ནི་ངག་གི་དངོས་གྲུབ་སྟེར་རོ།། ་ཚིག་ཤད་མཁན་དུ་བྱེད་ཅིང་གཞན་གྱི་ངག་རེངས་པར་བྱེའོ།། རང་ཉིད་སྲུང་བ་དང་། གཞན་ཡང་སྲུང་བར་འགྱུར་རོ།། རང་སྐལ་བ་བཟང་ཞིང་གཞོན་པོ་ཡང་སྐལ་བ་བཟང་པོའི་རང་དོན་དང་གཞན ་དོན་བྱེདདོ།། ཇི་ལྟར་འདིར་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་གྱི་དོན་ལ་སྤྲོ་ཞིང་བརྩོན་པ་དེ་བཞིན་དུ། འདིར་བཅོམ་ལྡན་འདས་དབུལ་བ་དང་། ཡི་དགས་དང་། ་བྱོལ་སེང་གི་སྐྱེས་གན་སུ་གཏོགས་པའི་སེམས་ཅན་རྣམས་སྒྲོལ་བར་བྱེའོ།། བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་རྣམ་ས་ལ་མ་ཉིད་ཀྱིས་སྲུང་ཞེས་ཐུགས་ཀྱི་རྡོ་རྗེ་དེ་བཞིན ་གཤེགས་པས་གསུངསོ།། དེ་ལྟར་རྟོག་པའི་རྒྱལ་པོ་བསྡུས་པ་རབ་ཏུ་བསྟན་ཏོ།། སེམས་བརྟན་རྟོག་པ་མེད་པ་ཡི།། བློ་དང་ལྡན་པས་འགྲུབ་པར་འགྱུར།། གང་ཞིག་སྤྱོད་ལམ་བསྟན་པ་ཡི།། ་སངས་རྒྱས་ཀུན་རྒྱུ་ཇི་ལྟ་བར།། དེ་ལྟར་འདིར་ནི་རབ་སྦྱར་ནས།། དེ་ནས་རྟག་པའི་གོ་འཕང་འགྲུབ།། ཇི་ལྟར་འདོད་པར་གནས་བྱེད་ཅིང་།། ཀུན་ལ་ལོང་སྤྱོད་ཀུན་བྱེད་ལྟར།། ཇི་ལྟར་འདོད་པའི ་སྙིང་རྗེས་སྤྱོད།། ཇི་ལྟར་འདོད་པའི་སྤྱོད་པ་ཡིས།། འདུག་པ་འམ་ནི་ལས་ཀྱང་རུང་།། འཆག་པ་འམ་ནི་གང་དང་དེ།། རྒོད་པ་འམ་ནི་བརྗོད་པ་འམ།། གང་དེ་ཇི་ལྟར་དོན་བཞི་ནོ།། དཀྱིལ་འཁོར ་དུ་ནི་མ་ཞུགས་པ་འམ།། སྒྲིབ་པ་ཀུན་དང་ལྡན་པ་ཡང་།། རང་མོས་ལྷ་ཡི་རྣལ་འབྱོར་བདག་བསོད་ནམས་ཆུང་བ་འམ་འགྲུབ་པར་འགྱུརརོ།། འདི་ཡིས་སངས་རྒྱས་ཐམས་ཅད་ཉིད།། ཐམས་ཅད ་མཁས་པ་ཉིད་དང་ནི།། ཐམས་ཅད་རྡོ་རྗེ་འཆང་ཉིད་ཀྱང་།། སྐྱེ་བ་འདི་ལ་འགྲུབ་པར་འགྱུར།། ཡང་གསུངས་པ། རྣལ་འབྱོར་དག་ནི་གཟུགས་བརྙན་གྱི།། བཅོས་མའི་སྐུ་ལས་འགྱུར་བ་མིན།། ་བྱང་ཆུབ་སེམས་ཆེན་ལ་བརྩོན་ན།། རྣལ་འབྱོར་དག་ནི་དེ་ལྷ་ཡིན།། ཁྲག་ཆེན་པོ་དང་ག་པུར་བཅས།། ཙནྡན་དམར་དང་བསྲེས་པ་ནི།། ཚོགས་ཀྱི་ནང་དུ་ཞུགས་པ་ན།། ཀུན་ལས་མཆོག་གྱུར ་བཅུད་ལ་ནོ།། སྦྱོར་བ་བཟང་པོ་འདི་ཡིས་ནི།། བཅུད་ཀྱི་ལེན་ནི་སྭ་བ་རུ། དཔལ་རྡོ་རྗེ་སེམས་དཔའི་ཚེ་བཟང་དང་།། ནད་མེད་བདེ་བ་བཟང་པོ་ཐོབ།། གྲུབ་པའི་མཚན་ཉིད་ཇི་ལྟར་གསུམ ་སངས་རྒྱས་ཕ་རོལ་ཕྱིན་པ་དང་།། གཟུངས་དང་ས་དང་དེ་བཞིན་འགྲུབ།། བདེ་སྟོན་ཐམས་ཅད་ཐོབ་འགྱུར་ཞིང་།། རང་ཉིད་སོ་སོ་རྗེསུ་འགྲུབ།། སངས་རྒྱས་ཐམས་ཅད་མཉམ ་སྦྱོར་བས།། སངས་རྒྱས་ཐམས་ཅད་ཉིད་དུ་འགྱུར།། སངས་རྒྱས་ཀུན་གྱི་དངོས་ཉིད་ཀྱང་།། སངས་རྒྱས་ཀུན་ནི་རབ་གྲུབ་འགྱུར།། གཞན་ཡང་རྣལ་འབྱོར་གྱི་སྤྱོད་པ་བྱེད་པར་འདོད་ཅིང་སེམས ་ཡོངསུ་དག་པ་མེད་ན་དེའི་ཚེ་ཐང་སྐུའི་སྒྲུབ་པ་བཤད། བསྙེན་གནས་དང་ལྡན་ཞིང་བསྲུང་བར་གནས་པའི་ལྷ་བཟེས་ཚེན་སྣ་མ་འདྲེས་པར་རས་སར་པ་དེ་ཡང་རང་རང་གི་ཀུན་ཏུ་ཁྲུ་རེའི་ཚད ་ཀྱིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ། སྣ་ཚོགས་ཀྱིས་པདྨ་འདབ་མ་བརྒྱད་པ། ཟེ་འབྲུའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་བཅོམ་ལྡན་འདས། ་མདོག་དམར་བ་མི་བསྐྱེད་པའི་དབུ་རྒྱན་ཅན།། ཞལ་གསུམ་པ། ཞལ་གྱི་བཙོ་བོ་ནི་དམར་བ་སྟེ། འདོད་ཆགས་ཆེན་པོ་ཉིད་ཀྱི་ཕྱིརརོ།། གཡས་པ་གནག་པ་སྟེ་ཞེ་སྡང ་ཆེན་པོ་ཉིད་ཀྱི་ཕྱི་རོ།། གཡོན་པ་དཀར་བ་སྟེ་གཏི་མུག་ཉིད་ཀྱི་ཕྱིརརོ།། ཕྱག་དྲུག་པ་བྱའོ།། གཡོན་པའི་ཕྱག་གཅིག་གིས་གོས་དཀར་མོའི་མགྲིན་པ་ནས་འཁྱུད་པ་དང་། པདྨ་དམར་པོ་བསྣམས ་པ་གཡོན་པ་ཉིད་ཀྱིས་མེ་ཏོག་གི་གཞུ་བསྣམས་པའོ།། གཡས་པ་གསུམ་དུ་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ་དང་། མེ་ཏོག་གི་མདའ་དང་། ལྕགས་ཀྱུ་བསྣམས་པའོ།། སེམས་དཔའི་སྐྱིལ ་མོ་ཀྲུང་གི་གནས་པར་བྱའོ།། ཤར་གྱི་འདམ་མ་ལ་རྣམ་པར་གཟིགས་མ་མདོག་དཀར་མོ།། པདྨ་དམར་པོ་དང་རྡོ་རྗེ་ཕྱག་ན་བསྣམས་པའོ།། ལྷོ་ཕྱོགས་ཀྱི་མདབ་མ་ལ་ལྷ་མོ་སྒྲོལ་མ་ལྗང་ཀུ ་རྒྱ་སྐྱེགས་ཀྱི་ཤིང་གི་ལོ་མ་དང་། རིན་པོ་ཆེ་ཕྱག་ན་བསྣམས་པའོ།། ནུབ་ཕྱོགས་ཀྱི་མདབ་མ་ལ་ལཱུ་རི་སེར་པོ་ཨུཏྤལ་སྔོན་པོ་དང་འཁོར་ལོ་བསྣམས་པའོ།། བྱང་ཕྱོགས་ཀྱི ་མདབ་མ་ལ་ཁྲོ་གཉེར་ཅན་པདྨ་དཀར་སེར་ལྟ་བུ་པདྨ་སེར་པོ་དང་རལ་གྲི་ཕྱག་ན་བསྣམས་པའོ།། ཤར་གྱི་མཚམ་སུ་པདྨའི་གོས་ཅན་མ་གསེར་ལྟ་བུའི་མདོག་བཙོད་ལྟ་བུའི ་པདྨ་བསྣམས་པའོ།། ལྷོ་ཕྱོགས་ཀྱི་མཚམ་སུ་རྡོ་རྗེ་པདྨའི་དབང་ཕྱུག་མ་ན་མཁའི་མདོག་ཅན་དཀར་པོ་པདྨ་དང་ཤེལ་གྱི་ཕྲེང་བ་བསྣམས་པའོ།། ནུབ་ཕྱོགས་ཀྱི་མཚམ་སུ་སྣ་ཚོགས ་ཀྱི་པདྨ་སྟོན་ཀའི་ཟླ་བ་ལྟ་བུ་དཀར་སེར་གྱི་མདོག་པདྨ་ནག་པོ་དང་པོ་ཏི་ཕྱག་ན་བསྣམས་པའོ།། བྱང་ཕྱོགས་ཀྱི་མཚམ་སུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་མདོག་ཅན་དུ་བྱས་ལ། སྣཚོ ་ཀྱི་རྡོ་རྗེ་དང་། སྣ་ཚོགས་ཀྱི་པདྨ་བསྣམས་པའོ།། དེ་ལྟར་པདྨ་ལ་བཀོད་ཅིང་བྲིས་ལ། སྒེག་མོ་ལ་སོགས་པ་རྣམས་ནི་མཚམ་སུའོ།། ཛཿཧཱུཾ་བཾ་ཧོཿའི་ཡི་གེ་ལས་ཡང་དག་པར་བྱུང་བའི་ལྕགས ་ཀླུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་རྣམ་སུའོ།། ཡང་ཐང་སྐུ་གཞན་བརྗོད་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟ་བུའི་དཀར་སེར་གྱི་བཅོམ ་ལྡན་འདས་གཡས་ན་སྐུད་པ་དང་། དབྱུག་པ་དང་། རྩེ་གསུམ་དང་། མཆོག་སྦྱིན་པའི་ཕྱག་ཅན། གཡོན་ན་པདྨ་དང་རིལ་བ་སྤྱི་བླུགས་དང་། ཞགས་པ་དང་། ཐམས་ཅད་མཁྱེན་པའི་དམ ་ཚིག་གི་པོ་ཏི་བསྣམས་པའི་ཕྱག་ཅན། སྟག་གི་ལྤགས་པའི་ཤམ་ཐབ་འཆང་བ། སྦྲུལ་མཆོད་ཕྱིར་ཐོགས་པ། རལ་པའི་ཅོད་པན་ལ་འོད་དཔག་མེད་བཞེངས་པ་འམ། ་སྐྱིལ་ཀྲུང་ཕྱེད་པས་གནས་པ་དབུ་རྒྱན་དུ་བྱས་པའོ།། དེ་ཡི་གཡས་ཕྱོགས་ཀྱི་ཆ་རུ་སྒྲུབ་པ་པོ།། མཆེད་ཡོན་གྱི་སྣོད་དང་བདུག་སྤོས་ཀྱི་སྣོད་ལག་པས་བཟུང་བར་བྱའོ།། གཞན ་ཡང་བཅོམ་ལྡན་འདས་ཕྱག་གཉིས་པ། རི་གྲུ་འཛིན་ལ་གནས་ཤིང་སེང་གེའི་ཁྲི་ལ་བཞུགས་པ། གཡོན་པ་ས་ལ་གནས་ཤིང་ཞབས་གཡས་པ་པདྨའི་སྟེང་གི་གདན་སྟེང་སུ་བཞུགས ་པའོ།། ཕྱག་རེ་རེ་ན་ཕྲེང་བ་བསྣམས་པར་སེམས་པ་པོས་ཕྲེང་བའི་འོག་ཏུ་འདྲེན་པའི་ཚུལ་འདིས་བསམ་པར་བྱ་བ་ནི་སེམས་པ་ལྟ་བུར་གནས་པ་ཞེས་བྱའོ།། ཆོ་ག་གཞན་ཡང་བཅོམ ་ལྡན་འདས་དཀར་ཞིང་དམར་བ་ཕྱག་བཅུ་པ་རི་དགས་སེང་གེའི་གདན་ལ་པདྨའི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། གཡས་ན་ཕྲེང་བ་བསྣམས་པའོ།། སེང་གེ་དང་། གླང་པོ་ཆེ་དང་། ་མེ་དང་། སྦྲུལ་གྱི་འཇིགས་པ་རྣམས་ལས་གྲོལ་བའི་ཆ་བྱད་ཅ་ནོ།། གཡོན་ན་པདྨ་དམར་པོ་སྡོང་བུ་གཉིས་པ་སྟེང་དུ་པོ་ཏི་ཅན་ཏེ། རྐུན་མ་དང་། ལྷག་སྒྲོག་གིས་བཅིང ་པ་དང་། མཚོ་དང་ཐོག་ཆེན་པོ་དང་། ཤ་ཟས་ཟ་བ་རྣམས་སྒྲོལ་བའི་ཆ་བྱད་ཅ་ནོ།། གནས་དེ་བརྒྱད་དུ་སྒྲུབ་པ་པོ་རྒྱན་ཐམས་ཅད་ཀྱི་རྒྱན་པ། ཡན་ལག་ཐམས་ཅད་ཡོངསུ་རྫོགས་པ་སྔོན་བཞིན ་དུ་ལངས་པ་འམ། འདུག་པར་བསམ་པར་བྱའོ།། གཞན་ཡང་ཆོ་ག་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུསུ་བཅོམ་ལྡན་འདས་སྣ་ཚོགས་ཀྱི་གཟུགས་འཆང་བ་དབུ་བཅུ་གསུམ་པ་སྤྱི་བོའི་མགོ་བོ་ནི་ལྡང ་ཀུའི་རྟ་ཞའོ།། ཡང་ན་ཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞྭའོ།། ཕྱག་བརྒྱ་པའི་བཅོམ་ལྡན་འདས་འདི་ནི་སྣ་ཚོགས་ཀྱི་མངོན་མ་བསྣམས་པའོ།། ཡང་ན་ཞལ་བརྒྱ་པ་ཕྱག་སྟོང་པ་ཡང་བྱའོ།། ་ཁ་ཅིག་ཏུ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་གནས་པ་འམ། ཁན་ངས་པ་ཡང་བྱའོ།། ཙམ་པ་ལྟ་བུའི་དཀར་སེར་གྱི་བཅོམ་ལྡན་འདས། ཐང་སྐུ་དེ་ཀུན་གྱི་གཡས་ཕྱོགས་ཀྱི་བར་དུ་སྒྲུབ་པ་པོ་མེ་དོག་པ ་མཆོད་ཡོན་གྱི་སྣོད་དང་བདུག་སྤོས་ཀྱི་སྣོད་ལག་པ་ན་བཟུང་བར་བྱའོ།། དེ་རྣམས་ཀྱི་དབུ་ལ་དབུ་རྒྱན་འོད་དཔག་མེད་པ་འམ། ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་བྲི་བར་བྱའོ།། འདི་ནི་ཐང་སྐུའི་ཆོ་གའོ།། ་ཐང་སྐུའི་མདུན་དུ་རྩ་བའི་སྔགས་ཇི་ལྟ་བ་འདོད་པ་དེ་བཟླ་ཤིང་བསམ་གཏན་ཡང་བྱས་ནས། མཆོད་པ་རྣམ་པ་ལྔས་མཆོད་ལ།། མཆོད་ཡོན་སྣོད་དང་། ཡོངསུ་གང་བའི་བདུད་རྩི་ལྟ་བུའི ་ཟས་དང་། སྒྲོན་མའི་ཟས་ལ་བྱས་ནས།། མཆོད་ཡོན་བྱིན་ཏེ། སྔགས་གང་འདོད་པ་དེ་བཟླས་པ་བྱས་ན་དེ་ལ་གསུངས་པའི་དངོས་གྲུབ་དུ་འགྱུརརོ།། གསང་བ་པོ་ནི་སྔགས་འདི་ཉིད།། ཁ་ཅིག་ལ ་ཡང་མི་སྦྱི་ན།། བློ་ལྡན་སེམས་ཅན་དོན་བརྩོན་པའི།། སེམས་བརྟན་པ་ལ་སྦྱིན་པར་བྱ།། མཆོད་རྟེན་ལས་བྱེད་ཉིད་ལ་ནི། བློ་ལྡན་འབད་པར་སྦྱིན་པར་བྱ།། རང་ཉིད་དང་ནི་ནོར་དག་གིས།། བླ་མ་ལ ་རྟག་གུས་པར་བྱ།། རྡོ་རྗེ་སློབ་དཔོན་རྣལ་འབྱོར་ལ།། མཆོག་ཏུ་གྱུར་པའི་ཡོན་ཡང་དབུལ།། གང་དང་ནི་བཏང་བཀའ་བ།། མཆོག་ཏུ་གྱུར་པ་འདིར་ནི་སྔགས།། ཆུང་མ་སྲིང་མོ་དང་ཡང་ནི།། བུ་མོ་དང ་ནི་ཚ་མོ་དག་བུ་མོ་རྒྱན་ཀུན་བརྒྱན་པར་བྱའོ།། གླང་ཆེན་རྟ་དང་ཤིང་རྟ་དང་།། ཕྱུག་དང་གྲོང་ཁྱེར་རྒྱལ་སྲིད་དང་།། ཡུལ་འཁོར་རྒྱལ་སྲིད་ལྡན་པ་དང་།། རིན་ཆེན་སྣ་ཚོགས་དག་ཀྱང་ནི།། གཞན་ཡང་རྡོ ་རྗེ་སློབ་དཔོན་དབུལ།། རྡོ་རྗེ་སློབ་དཔོན་དགྱེས་གྱུར་པ། ཐམས་ཅད་རབ་སྦྱིན་དབུལ་བར་བྱ།། འཇིག་རྟེན་དབང་ཕྱུག་གི་རྟོག་པ་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་ཛམྦྷ་ལ་དང་བོད་ཀྱི ་ལོ་སྡེ་བ་དགེ་སློང་བ་རིས་བསྐུར་ཅིང་གཏན་ལ་ཕབ་པ།། །། ། རྒྱ་གར་སྐད་དུ། ཨཱརྱ་ས་མནྟ་བྷ་དྲ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས ་