CLOSE WINDOW

L532: padma cod pan zhes bya ba'i rgyud
Wyliee-texts produced with BDRC’s OCR application

།། རྒྱ་གར་སྐད་དུ། པདྨ་མ་ཀུ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། པདྨ་ཅོད་པན་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ ་ལྡན་འདས་ལྷའི་གཞལ་མེད་ཁང་ན་ལོངས་སྤྱོད་རྫོགས་པའི་བསྐུར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཐུགས ་རྗེ་ཆེན་པོའི་སྒོ་ཀུན་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛ་ན་ལ་སྙོམས་པར་ཞུགས་ཏེ། འོད་ཟེར་གྱིས་རྣམ་པར་སྣང་མཛང་གང་ཆེན་མཚོའི་ཞིང་གི་རྡུལ་ལ་རེག་པས་རེག་མ་ཐག་ཏུ་བསྐལ ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་མཆོད་ནས། འོད་ཟེར་དེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་བོ།། ནུབ་མ་ཐག་ཏུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་སྐུ ་མདོག་གང་གྱི་རྩེ་ལ་ཉི་མ་ཤར་བ་ལྔར་དཀར་བ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་པོ། སྟེང་གི་ཞལ་སེར་བ། གཡས་ལྗང་ཁུ། གཡོན་དམར་བ། སྟེང་གི་གསུམ་ནག་པོ། བཅོམ་ལྡན་འདས་ཀྱི ་དདུ་ནི་བྱི་རུ་བཅག་པ་ལྟ་བུར་གྱུར་ཏེ། འཛུམ་པ་མཛད་ནས་ཐུགས་རྗེ་ཆེན་པོའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཟིག་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གིས་ཐལ་མོ་སྦྱར་ནས། གསོལ་པ། སྐུ་དང་སྔགས་དང་ལས་རྣམས་དང་། ཁྱད་པར་ཆོ་ག་བསྟན་པར་བགྱིས། ཞེས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་ཞེས་བྱ་བ་བྱིན་ནས་བཀའ་སྩལ་པ། སྐུ་རི་རྣམ་པ་འདི་ལྟ་སྟེ།། ཐུགས་རྗེ་དག་ལས་ཆུ་ཤེལ་ཏེ། མཉམ་པར་བཞེངས་པས ་འགྲེ་དོན་མཛད།། ཆུ་ཤེལ་མདོག་འདྲ་ཞལ་གསུམ་དཀར།། ལྗང་ཀུའི་མདོག་ཅན་ནག་པོ་ཆེ།། སེར་པོ་དེ་བཞིན་བཅོམ་ལྡན་དམར།། དྲང་སྲོང་དག་ཏུ་རི་དགས་རྒྱལ།། ཞི་བ་འཛུམ་དང་བཞད་པ་དང་།། ཁྲོས་པའི ་ཞལ་མངའ་སྤྱན་གསུམ་མཛེས།། བཅུ་པ་སེམས་དཔའི་རྟགས་ཅན་ཏེ།། བཅུ་གཅིག་བཅོམ་ལྡན་འདས་ཀྱི་བདག། ཡོན་ཏན་ནོར་བུ་མུ་ཏིག་ཕྲེང་།། ཕྲིན་ལས་སྣ་ཚོགས་སྨང་བཀྲིས་པ།། དང་པོའི་ཕྱག་ནི་ཐལ ་སྦྱར་ཏེ།། གཡས་པ་རིན་ཆེན་ཕྲེང་བ་འཛིན།། གཡོན་པ་དྲི་མེད་པདྨ་འཛིན།། གཡས་པ་མཆོག་སྦྱིན་མཛད་པའོ།། གཡོན་པའི་རིལ་བ་སྤྱི་བླུགས་ཏེ།། གཡས་པ་འཁོར་ལོ་རབ་ཏུ་འཛིན།། གཡོན ་པན་ནི་མདའ་གཞུ་སྟེ། ལྷག་མ་མཆོག་སྦྱིར་སྤྱན་ལྔ་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་ཅོད་པན་གཉིས་ནས་རིན་པོ་ཆེ་རབ་ཏུ་འཕྲོ་བ་དང་། བཅོམ་ལྡན་འདས ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ལས་བྱུང་བའི་པདྨའི་སྟེང་དུ་རིགས་ལྔ་འབྱུང་བ་ནི་འདི་ལྔ་སྟེ། རྣམ་པར་སྣང་མཛད་དང་།། རིན་ཆེན་འབྱུང་ལྡན་དང་།། སྣང་བ་མཐའ་ཡས་དང་།། དོན་ཡོད ་གྲུབ་པ་དང་།། མི་བསྐྱོད་པའོ།། ཁང་བུ་བརྩེགས་པའི་རིན་པོ་ཆེ་དེའི་ནང་དུ་སེང་གེ་དང་། རྟ་དང་། རྨ་བྱ་དང་། ན་མཁའ་ལྡིང་དང་།། གླང་པོ་ཆེའོ།། དེ་དག་ནི་ཅོད་པན་ལས་བྱུང་བའོ།། ཡང་ཡུམ་གྱི་སྐུ་མདོག་སྔོན ་མོ་སྟེ།། པདྨ་ལས་བྱུང་པདྨའི་སྟེང་།། ཚད་མེད་བཞི་སྟེ་ཕྱག་བཞིས་མཛེས།། སེམས་དཔའི་རྒྱན་དང་ལྡན་པ་ཡི།། མཉམ་པ་ཡི་ནི་སྐྱིལ་དཀྲུང་བཅས།། ཡབ་ནི་སྐུ་མདོག་སེར་པོ་སྟེ།། པདྨ་ལས་བྱུང ་པདྨའི་སྟེང་།། ཐལ་སྦྱར་ནོར་བུ་བཟང་ཕྲེང་འཛིན།། རྒྱན་རྣམས་ཡོངསུ་འཛིན་པའོ།། ཡང་ནི་འོད་ཟེར་རབ་བཀྱེ་སྟེ།། ཟླ་བའི་མ་ལས་བྱུང་བའི།། ཉི་མའི་མདོག་ཅན་ཉི་མ་ནི།། གཞོན་ནུ་ཨུཏྤལ་མཆོག་སྦྱིན་མཛད། ་ཟླ་བ་ལས་སྐྱེས་ནམཁའི་མདོག་ཅུང་ཟད་ཁྲོས་པས་རྡོ་རྗེ་ཅན།། དཀར་པོ་གངས་ལྟར་དཀར་བ་སྟེ།། ཞི་ཟླའི་སྟེང་ན་པདྨ་འཛིན།། དྲག་པོ་གཉིས་དང་ཧྲཱི་ཡིག་ལས།། གཉིས་མེད་ཚུལ་གྱིས་འབྲས་བུ་རྫོགས། ་ཧ་ཡ་གྲིབས་ཁམས་གསུམ་སྡང་།། ཁྲོ་གཉེར་ཅན་གྱིས་ཕྲིན་ལས་མཛད།། གཤིན་རྗེ་གཤེད་པོ་གཏེར་འཛིན་ཅིང་།། ཁམས་གསུམ་རྣམ་རྒྱལ་བདུད་སྡེ་འཇོམས།། འཁོར་ལོ་དཀར་པོ་དག་པའི་སྟེང་།། གྲུ ་བཞི་སྒོ་བཞི་རྣ་བབས་བཅས། དང་པོར་དཀོན་མཚོ་ག་རབ་དང་ཞིང་། ཚད་མེད་བཞི་ནི་ཡོངསུ་རྫོགས།། བྱང་ཆུབ་ཡན་ལག་རྫོགས་པ་དང་། ཆོས་ཀྱི་རང་བཞིན་སྟོང་ཉིད་དོ།། གླེང་བཞི་དང་ནི ་སྐུ་བསྟན་པའི་ལེའུ་སྡེ་དང་པོའོ།། དེ་ནས་གསང་སྔགས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཞིང་ཁམས་ཐམས་ཅད་དུ ་འོད་བཀྱེ་ནས་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཡང་གསུངས་པ། ཨོཾ་ཧྲཱིཿཧཱུཾ་ཛཱ་ཨཿན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ནཱ་ཡ། དྷུ་ཧ་རཱ་ཛཱ་ཡ། ད་ཐཱ་ག་ཏཱ་ཡ་ཨརྠ་ཏེ། ས་མྱག་སཾ་བུདྡྷཱ་ཡ། ན་མ ་སརྦ་ཏ་ཐཱ་ག་ཏེ་བྷྱོ། ཨརྠ་བྷྱཿསམྦཀ་སཾ་བུདྡྷེ་ཌྷོ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཛདྡྷ། ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙིང་ཛྭ་ལ་མ་པ་ན་ཡ་སྭཱཧཱ། སྔགས་འདི་རྣམས་ལ་ངོན་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ལམཅིག་བརྗོད་དམ། དྲན་ཅིང ་ཡིད་ལ་བྱས་སམ། ལུས་ལ་བཅངས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བའི་ལས་འབྱུང་ཞིང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་དུད་འགྲོའི་སྐྱེ་གནས་སུ ་མི་སྐྱེ་ཞིང་། མི་ཁོམ་པ་བརྒྱད་དུ་སྡུག་བསྔལ་དང་བཅས་པར་མི་འགྱུརརོ།། གཅན་ཟན་དང་། སྲིན་པོ་དང་། མི་མ་ཡིན་པ་དང་། ནད་དང་། འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུརརོ།། ཨོཾ་ར། ་རཀྵ་ཞེས་པས་ཀྱང་བསྲུང་བར་བྱའོ།། ཨོཾ་ཨ་ཀཱ་རོ་མུ་ཁེ་སརྦྦ་དྷརྨཱ་ཎཾ། ཨཱདྱ་ནུང་པན་ན་ཏྭཱཏ་ཞེས་པས་གདོར་མའི་ཆུས་ཡི་དགས་ལ་མཆོད་པར་བྱའོ།། ཨོཾ་ཨཿཧཱུཾ་ཞེས་པས་སོ།། དེ་རྣམས་སྲུང ་བའི་སྔག་སོ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པས་སོ།། འདིས་ནི་རིགས། གསུམ་གྱི་བདག་པོར་འགྱུར་ཏེ། ཕན་ཡོན་ནི་འདིའོ།། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུ ་ཨོཾ་ན་མཿསརྦ་ཏ་ཐཱ་ག་ད་དྷུ་པེ་པཱུ་ཛ་མེ་བྷ་ས་མུ་དྲ་སྥ་ར་ཎ་ས་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སཱ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས ་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤབྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མཆོད་པས་ཡང ་ངག་མཆོད།། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།། ཐབས་དང་ཤེས་རབ་གཉིས་ལྡན་པའི།། ཧྲཱིཿཡིག་དཀར་པོ་ཡང་དག་ལྡན།། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ་ལས་དང་ཆོ་ག་བསྟན་པའི་ཕྱིར།། དང་པོ་ཞི་བའི་ལས་བསྒྲུབས་ནས།། ཡིད་དུ་འོང་བའི་གནས་དག་ཏུ།། དཀར་པོ་དག་པོ་གསལ་དུས་སུཀ། དྲི་ཞིམ་ཆུ་ཡིས་ལགས་བྱུགས་ཏེ།། མེ་ཏོག་དཀར་པོ ་དགྲམ་བྱས་ནས།། ཁྲུས་དང་ཁ་ཟས་ཕྱོགས་འཐུན་པའི།། བདེ་བའི་སྟན་ལ་ཉེར་འདུག་སྟེ།། བུམ་པ་དཀར་པོ་ཙནྡན་དཀར།། དྲིས་བཀང་གོས་ཀྱིས་ལེགས་པར་བཀྲི།། མཎྜལ་དབུས་སུ་ལེགས ་པར་བཞག། ཧྲཱིཿལས་བྱུང་བའི་སེམས་དཔའི་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། ཕྱག་སྡོང་སྦྱར་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། ཧྲཱིཿཡི་འཕྲོ་འདུ་གསལ ་བ་ནི།། བཟླས་པ་རབ་ཏུ་གསལ་བ་སྟེ།། གསང་སྔགས་འདི་ནི་བརྗོ་ད་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ར་སྭ་ག་ར་བཻ་རོ་ཙ་ན་ཡ་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ་ཨརྠ་ཏེ། ་སམྱཀ་སཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨ་དྷད་བྷྱཿས་མྱཀ་སཾ་བུདྡྷ་བྷྱོ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ་ཨ་མི་ཏ་བྷ་ལ་ཆེ་གེ་མོ་ཤཱནྟིང་ཀུ་རུ་སྭཱ་ཧཱ།། ཞེས་བཟླས་པར་བྱའོ།། བྲུཾཿརྣམ་པར་སྣང་མཛད་བུམ་པའི་ཆུ།། གང་དག་ལེགས་པར་ཁྲུས་བྱེད་པ།། དྲི་མ་ཐམས་ཅད་ཡོངས་དག་ནས།། ་འབྲས་བུ་བདེ་བ་བདེ་ཐོབ་འགྱུར།། འཇིགས་པ་ཀུན་ལས་རྣམ་གྲོལ་ནས། མྱུར་དུ་ཆུ་སྐྱེས་མཐོང་བར་འགྱུར།། དེ་ནས་རྒྱས་པ་སྒྲུབ་འདོད་ན།། ནགས་ཆེལ་ཤིན་ཏུ་མཐོང་བར་ནི།། དྲི ་ཞིམ་ཆུ་ཡིས་ལེགས་བྱུགས་ལ།། འབྲས་བུར་བཅས་པའི་མེ་ཏོག་དགྲམ།། རྒྱན་རྣམས་ཡོངསུ་བདགས་ནས་ནི།། བདེ་བའི་སྟན་ལ་ཉེར་འདུག་སྟེ།། རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ། རིན ་ཆེན་ག་བུར་བླུགས་པར་བྱ།། མཎྜལ་དབུས་སུ་ལེགས་པར་བཞག། ཧྲཱིཿལས་བྱུང་བའི་སེམས་དཔའི་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། རྒྱན་རྣམས་རྫོགས ་བ་པདྨ་བསྣམས།། ཕྱག་སྟོང་སྤྱན་ཡང་དེ་བཞིན་དེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། མཆོད་པ་ལྔ་ཡིས་ཡང་དག་མཆོད།། ཧྲཱིཿཡི་འཕྲོ་འདུ་གསལ་བར་བཟླས།། ན་མོ་རཏྣ་ཏྲ་ཡཱ ་ཡ་ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ནཱ་ཡ། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྡྷ་ཏེ། ས་མྱཀ་སཾ་བུདྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨདྷད་བྷྱ། སམྱཱཀ་སཾ་བུདྡྷ་བྷྱོ། ན་མཿཨཱརྱ་བ་ལོ་ཀི་ཏེ ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཱཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རཏྣ་ཀུ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ།། བང་མཛད་སྟོང་པའི་ཐོག་བཞག་ན།། འབྲུ་ཡིས་ཡོངསུ་ཁེངས་པར་འགྱུར།། དེ་ནས་དབང་གིས་ལས ་བྱེད་ན།། སྡུད་པར་བྱེད་ན་ཆུ་ཀླུང་འགྲམ།། པ་ལ་ཤ་དང་ཨ་ཤྭཏྠ།། མེ་ཏོག་དམར་པོའི་རིལ་བུ་བྱས།། བསེ་གབ་དམ་ར་པོའི་ནང་དུ་བཞུག། མེ་ཏོག་དམར་པོས་རབ་ཏུ་མཆོད།། ཧྲཱིཿ ་ཡིག་ལས་བྱུང་སྒྲོལ་མའི་སྐུ།། ལྗང་ཀུ་ཕྱག་ན་ལྷ་གས་ཀྱུ་འཛིན།། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། མཆོད་པ་ལྔ་ཡིས་མཆོད་བྱས་ཏེ། ་ཧྲཱིཿཡི་འཕྲོ་འདུ་གསལ་བར་བཟླས།། ན་མོ་རཏྣ་ཏྲ་སྥཱ་ཡ། ན་མ་ཨཱརྠ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་ཡ། ཐཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྠ་ཏེ། སམྱཀཱཀ་སཾ་བུད་དྷ་བྷྱ་\ུ0f7fན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ། ་ཨནྱད་བྷྱཿས་མྱཀ་ས་བུདྡྷཱ་ཡ། ན་མ་ཨཱརྱ་བ་ལྀ་ཀི་ཏི་ཤྭ་རཱ་ཡ། བོ་ཏི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་མོ་བྷ་བྷསྨི་ཀུ་རུ་ཨོཾ་ཏཱ་རེ་ཏུཏྟཱ་ཏུ་རེ་ཨ་མོ་གྷ་བྷསྨི་ཀུ་རུ་སྭཱ་ཧཱ། རྫས་ཀྱི ་འདེ་གུས་ལུས་བྱུགས་ར།། བྱུགས་པ་དེ་ཡིས་ཁུགས་པར་འགྱུར།། དེ་ནས་ཕྲིན་ལས་བྱེད་འདོད་ན།། དུར་ཁྲོད་ཤིང་གཅིག་དག་ཏུ་ནི།། བ་ཡི་ལྕི་བས་ལགས་བྱུགས་ནས།། མེ་ཏོག་སྔོན་པོ ་ནིམ་པ་ཡི།། སྤོས་ཀྱི་ཆོམ་བུ་ལྔ་སྟེང་འགྲམ།། བྱང་དུ་འདུག་སྟེ་ལས་འདི་བརྩམ།། གཅན་ཟན་སྟེང་དུ་ཆུ་ཤེལ་ཏེ།། ཧྲཱིཿཡི་ཡི་གེ་ལས་བྱུང་བའི།། མདོག་དཀར་རལ་པའི་ཐོར་ཚུགས་ཅན། ་ཞལ་གཅིག་སྤྱན་ནི་གསུམ་པ་སྟེ།། རི་དགས་ལྤགས་པ་འཛིན་པའོ།། དྲང་སྲོང་ཁྲོས་པའི་ཆ་བྱད་ཅན།། ཕྱག་བཞི་དང་པོ་མཆོག་སྦྱིན་པ།། གཡོན་ན་པད་སྟེང་རལ་གྲི་ཅན།། གཡས་པ་ལྟོས ་འགྲོས་རྒྱན་པའི་མདུང་།། རྩེ་གསུམ་དཀར་པོས་བརྒྱན་པའོ།། གཡོན་མཐོད་པ་དཀར་པོ་སྟེ།། དྲི་ཞིམ་མེ་ཏོག་ངག་གིས་བཀང་།། རྒྱལ་པོ་ཆེན་པོ་རོལ་པ་ལྟར།། ཅུང་ཞིག ་ཟུར་གྱིས་གཟིགས་པའོ།། ཕྱག་སྟོང་སྤྱན་ཡང་དེ་བ་ཞིན་སྟོང་།། བསྐལ་པ་བཟང་པོའི་སངས་རྒྱས་ཏེ།། པདྨའི་འདབ་མ་ལེགས་ཞུགས་པའི།། རྒྱས་པའི་སྐུ་ནི་ལེགས་བསམས ་ནས།། ཧྲཱིཿཡི་འཕྲོ་འདུ་ལས་བྱུང་བའོ།། གསང་སྔགས་རྒྱལ་པོ་བཟླས་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་ཡ། བྷུ་ད་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨནྟ་ཏེ། ས་མྱཿ ་སམ་བུད་དྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨརྻད་བྷྱཿས་མྱཀ་སཾ་བུད་དྷེ་བྷྱོ། ན་མ་ཨཱརྱ་བཱ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཀ་ཏེ་ནི་ཀ་ཏེ། ཀཿ ་ཀཏེ་ཀ་རོ་ཏེ་ཀི་ར་ཏ་བཱིཿསཱཧཱ། ཨོཾ་ཀརྨ་ཨ་མོ་གྷ་བཛྲ་ས~ཾ་ཧ་ནཱ་ད་ཧཱུཾ་ཕཊ།། དྲི་འམ་བྱུགས་པ་དག་ལ་ནི།། བཏབ་ལ་ལུས་ལ་བྱུག་པར་བྱ།། མེ་ཏོག་སྔོན་པོ་མགོ་ལ་གཞག། མཎྜལ་ཆུ་ཡིས། ་ལུས་ལ་བྱུག། ཉི་ཤུ་རྩ་ལྔ་བཟླས་པས་ནི།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་བཞི་ཀ་སྒྲུབ་འདོད་ན།། བཀྲ་ཤིས་དུས་སུ་རྫོགས་དུས་སུ།། ་རི་བོ་ཡིད་འོང་གནས་དག་ཏུ།། ས་བཞི་ཆག་ཆག་ལེགས་བཏབ་སྟེ།། མཎྜལ་ལེགས་བྱས་མེ་ཏོག་ནི།། དྲི་ཞིམ་དཀར་པོས་ཡོངས་གཏོར་ཏེ།། གཙང་ཞིང་དག་པའི་རྫས་རྣམས་དགྲམ། ་གཙང་མ་བྲམ་ཟེས་བྱས་ཏེ་བཞག། ཁྲུས་དང་ཀུ་ཤའི་སྟེང་གནས་ཏེ།། ཧྲཱིཿལས་བྱུང་བའི་ཆུ་སྐྱེས་སྟེང་།། ཆུ་སྐྱེས་མདོག་འདྲ་ཞལ་གསུམ་ཡང་།། འཛུམ་ཞིང་ཞི་བའི་ཆ་བྱད་ཅན།། ལྗང ་ཀུ་གཞད་པ་ཞལ་གསུམ་པ།། ནག་པོ་ཁྲོས་པ་དམར་སེར་སྐྱ། སེར་པོའི་ཞལ་ནས་འཛུམ་པ་སྟེ།། དམར་པོ་བཅོམ་ལྡན་འདས་ཀྱི་དབུ།། རི་དགས་ལྤགས་པས་སྟོད་གཡོགས་ཅན།། ་སྣ་ཚོགས་ཤམ་ཐབས་བསྣམས་པ་སྟེ།། ཞབས་གཉིས་མ་ཉམ་པོར་བཞེངས་པ་ལས།། གཡས་གཡོན་དང་པོ་ཐལ་མོ་སྦྱར།། བར་མ་བགྲང་ཕྲེང་པདྨ་བསྣམས། ་མ་མཆོག་སྦྱིན་སྤྱི་བླུགས་འཛིན།། བུམ་པ་རྣམ་སྣང་ལྷ་མོ་ནི།། ལ་སྲེ་མ་ལེ་གིརྞེ་སྟེ།། ནིརྞེ་ནང་གི་ལྷ་མོའི་བདག་ཟླ་བའི་གདན་ལ་ལེགས་པར་བཞུགས།། ཧྲཱིཿཡི་ཡི་གེ་ལས་བྱུང ་བའི་ཏགསང་སྔགས་རྒྱལ་པོ་བཟླས་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་ཡ། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨཪྠ་ཏེ། སམྱཀ་སཾ་བུད་དྷ་ཡ། ན་མཿསརྦ ་ཐཱ་ག་ཏེ་བྷྱོ། ཨ་དྷད་བྷྱ། ས་མྱཀ་ས~ཾ་བུད་དྷེ་བྷྱོ། ན་མ་ཨཱརྱ་བཱ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨོཾ་ཙྪི་ཊེ་བནྡེ་ཊེ། ་ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི་ཙི་ལི། ཛྭ་ལ་མ་པ་ན་ཡ་སྭཱཧཱ།། བུམ་པའི་ཆུ་ལ་ལེགས་བསྒྲུབས་ནས།། ལུས་ལ་བྱུགས་ན་འགྲུབ་པར་འགྱུར།། ཆོ་ག ་གསང་སྔགས་གྲུབ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཐབས་ནི་རིམ་པ་དང་།། གྲོ་ག་རས་སམ་ཤིང་ཤུན་ལ།། ར་ཡི་འོ་མས་བྲིས་པའོ།། ཆོམ་བུ་ལྔ་ཡི ་འཁོར་ལོ་ལ།། དབུས་སུ་སྐུ་ཡི་ས་བོན་ཏེ།། ལྔ་པ་ཡི་ནི་ལྔ་པ་སྟེ།། ཤར་དུ་དེ་ཡང་བྲི་བར་བྱ།། བཞི་པའི་ལྔ་པས་དབུསུ་མཚན།། ལྷོ་རུ་དེ་ནི་ཡང་དག་དགོད།། ལྔ་པའི་དང་པོ་བཞི་པའི ་གསུམ།། ནུབ་ཏུ་ད་ནི་ཡང་དག་བགོད།། ལྔ་པ་ཡི་ནི་ལྔ་པ་ལ། ཨེ་ཡི་རྣམ་པར་སྦྱར་བ་སྟེ།། བྱང་དུ་དེ་ནི་ཡང་དག་དགོད།། དབུས་སུ་ཐུགས་ཀྱི་ས་བོན་ཏེ།། ཤནྟིཾ་ཀུ་རུ་མཚམ་སུའོ།། ་སྭཱ་ཧཱ་དབུ་སུ་དགོད་པར་བྱ།། དེ་ལྟར་འཁོར་ལོ་གསལ་བཀོད་ནས།། དངུལ་ལམ་དཀར་པོའི་ག་བུར་གཞུག་ཐམས་ཅད་ལས་ཀུན་ཞི་བར་འགྱུར།། ཡུང་བའི་ཆུ་ཡིས ་ལེགས་པར་བྲི།། པུཥྚིཾ་ཀུ་རུ་མཆེམ་སུའོ།། ཁམ་པོར་སེར་པོར་ལེགས་པར་གཞུག། རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར།། པ་ལ་ཤ་ཡིས་ལེགས་པར་བྲིས།། བ་ཤི་ཀུ་རུ་མཚམ་སུ ་དགོད།། བམ་པོར་དམར་པོར་ལེགས་པར་བཞུག། དབང་གི་ལས་རྣམས་འགྲུབ་པར་འགྱུར།། ཙནྡན་དཀར་པོ་དྲི་ཞིམ་ཞིང་།། ནིམ་པའི་ཆུ་ཡིས་ལེགས་པར་བྲིས།། མཱ་ར་ཡ་ནི་མཚམ་སུ ་དགོད།། ལྕགས་སམ་ཐོད་པར་ཡང་དག་གཞུག། ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར།། ཙནྡན་དཀར་པོ་དྲི་ཞིམ་ཞིང་།། ཞི་བས་དེ་ནི་མེ་ལ་སྲེག། འབྲས་བུ་དམར་པོ་བཅས་པའི་ཤིང ་རྒྱས་པས་དེ་ནི་མེ་ལའོ།། དབང་ནི་པ་ལ་ཤ་ཡི་ཤིང་།། དེ་ལ་བསྲེགས་ན་ཁུགས་པར་འགྱུར།། ནིམ་པའི་ཤིང་ལ་མཚར་བཅད་པའི།། བསྲེགས་པས་ཕྲིན་ལས ་འགྲུབ་པར་འགྱུར།། འཁོར་ལོའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ལས་ཀྱི་རིམ་པ་ནི།། དུར་བའི་རྩ་དང་འབྲས་ཀྱི་འདག། ཏིལ་དང་ཡུངས་ཀར་ཙི་ཙེ་ལ།། གས ་སྔགས་བཟླས་ན་གྲུབ་པ་ནི།། ད་ལིའི་ཤིང་ལ་ལེགས་བསྲེགས་ནས།། ཐམས་ཅད་རབ་ཏུ་ཞི་བར་འགྱུར།། ཀུ་ཤ་སྔར་པ་ཤུག་འབྲུམ་དང་།། སྟག་པའི་མེ་ཏོག་དམར་པོ་དང་།། གསང་སྔགས་བཟླས ་པར་རབ་བྱས་ནས།། ཙནྡན་ཤིང་ལ་ལེགས་བསྲེགས་ནས།། རྒྱས་པར་བྱ་བའི་ལས་འགྲུབ་ཅིང་།། ནུས་པའི་མཆོག་ནི་ཐོབ་པར་འགྱུར།། པཱ་ལ་ཤ་ཡི་ཤིང་དག་དང་།། ཁྲེ་དང་ཅི་རྩེ་མོ་སྲན་དང་།། ་གསང་སྔགས་བཟླས་པར་རབ་བྱས་ཏེ།། པདྨ་ཀ་ཡི་ཤིང་ལ་བསྲེགས།། རུས་པ་མཆོག་ནི་ཐོབ་པར་འགྱུར།། ཐ།། མས་ཅད་དབང་དུ་འདུས་པར་འགྱུར།། གྲོ་དང་སོ་བ་འབྲས་དང་ནི།། ་བྲ་བོ་མོན་སྲན་ཏིལ་ནག་པོ།། གསང་སྔགས་རབ་ཏུ་བཟླས་བྱས་ཏེ།། ཁ་ཏི་ར་ཡི་ཤིང་ལ་བསྲེག། ནུས་པ་ལྡན་ཏེ་ལས་རྣམས་ནི།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། པྲ་བ་ཁ་ཆེའི་ཤིང་དག་ལ།། ་ལོ་མ་འབྲས་བུར་བཅས་པ་དང་།། རྡོ་རྗེའི་ཤིང་ལ་སྔགས་བཟླས་ནས།། མྱ་ངན་འཆང་གི་ཤིང་ལ་བསྲེགས།། ནུས་པ་ཐོབ་ནས་མྱུར་དུ་ནི།། མི་རྣམས་ཐམས་ཅད་དབང་དུ་སྡུད།། ལྡོང་རོས་པདྨའི་རྩ་བ་ལ ་མུ་ལ་པ་ཏྲའི་ཤིང་དག་ལ།། གསང་སྔགས་རབ་ཏུ་བཟླས་བྱས་ནས།། ཨ་རུ་རའི་ཤིང་ལ་བསྲེགས།། འཁོར་ལོའི་འོག་ཏུ་བཅུག་པའི་ས།། རྒྱལ་པོ་དབང་དུ་བྱེད་པར་འགྱུར།། པ་ལ་ཤ་ཡི་ཤིང་དག ་ལ་ཀ་ར་བི་ར་འབྲས་དག་ལ།། གསང་སྔགས་རབ་ཏུ་བཟླས་བྱས་ནས།། འཛམ་བུའི་ཤིང་ལ་རབ་བསྲེགས་ནས།། རལ་གྲི་འོག་ཏུ་བཅུག་ནས་ནི།། ཡུལ་དབང་ཡང་ནི་དབང་དུ་འགྱུར། ཚེ་རབས་བརྒྱ་རུ་ལོན ་བའི་རུས།། མཚོན་གྱིས་བསྣུན་པའི་རུས་པ་དག། གསང་སྔགས་རབ་ཏུ་བཟླས་བྱས་ནས།། སྐྱེར་བའི་མེ་ལ་རབ་བསྲེགས་ཏེ།། ལྕགས་ཀྱུའི་འོག་ཏུ་རབ་བཅུག་ན།། གླང་པོ་དབང་དུ་འགྱུར་བར་བྱེད།། བ་ལེ་ཏ ་དང་ཏ་ལེ་ཤ། ཁ་ཏི་ཌ་དང་དྷ་ཏི་མ།། དུར་ཁྲོད་ཤིང་ལ་རབ་བསྲེགས་ན།། སྟག་ལ་སོགས་པ་དབང་དུ་འདུ།། ནས་དང་འབྲས་དང་སོ་བ་དང་།། སྨན་དང་རིན་ཆེན་སྣ་ཚོགས་དང་ཀ། མཎྜལ་ཟླུམ་པོ་ལེགས་བྱས་ཏེ། ་རྒྱན་རྣམས་རྫོགས་པའི་སངས་རྒྱས་ནི།། པདྨ་ནུ་ཤེལ་ལས་སྐྱེས་པའི།། ཆུ་ཤེལ་མདོག་དང་འཛུམ་དང་བཅས།། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་བཞུགས།། ཀུ་ཤའི་སྟན་ལ་ཤར་དུ་འདུས། ་པདྨའི་ཕྱག་རྒྱ་བཅས་པ་ཡིས།། བྱམས་པའི་སེམ་ས་ཀྱིས་དབུལ་བར་བྱའོ།། ནད་དང་རིམས་དང་འབྲུམ་བུ་དང་།། ཤུ་བ་གཡན་པ་མེ་དཔལ་དང་།། ནད་དང་གདོན་དང་ཐམས་ཅད་བཟློག། མཚམ ་མེད་ལྔ་དང་མི་དགེ་ལྔ།། འབྲས་བུ་སྡུག་བསྔལ་ཐམས་ཅད་བཟློག། མེའི་ལས་ཀྱི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྒྱལ་པོས་འཇིགས་པ་ལ།། མཎྜལ་དཀར་པོ་ལེགས་བྱས་ལ།། ཙནྡར ་དཀར་པོའི་དྲིས་བསྒོས་ཏེ།། མཆོད་ཡོན་མེ་ཏོག་བཀང་བ་དང་།། ཅི་འབྱོར་པ་ཡི་མཆོད་པ་ཡིས།། རྒྱལ་པོ་ལྟ་བུའི་གཟུགས་ལ་མཆོད།། སྡིག་པ་ཐམས་ཅད་དེ་མདུན་དུ།། བཤགས་ནས་མྱུར་དུ་སྐྱབས་སུ ་འགྲོ་གྲོ་ག་དག་གམ་ཤིང་ཤུན་ལ།། རྒྱལ་པོ་དག་གི་གཟུགས་བྱས་ཏེ།། ཡིག་འབྲུ་ལྔ་ཡིས་བཏབ་པ་ཡིས།། མཚོན་སྣ་ལྔ་ཡིས་རབ་ཏུ་བཅིང་།། བྱམས་པའི་སེམས་ཀྱི་ཆུ་བོ་ལ།། བཀུར་ན་རྒྱལ ་པོའི་ཆང་ལས་ཐར།། ཨོཾ་ཙཱུ་ཏྲཾ་ཧྲིཿ་ཤོ་ཧ་རི་མ་ཀ་ཏོ།། ས་ར་ས་ར། ཀ་ར་ཀ་ར་སྭཱ་ཧཱ།། གཅན་ཟན་འཇིགས་པ་འོང་བའི་ཚེ།། མཎྜལ་དཀར་པོ་ལེགས་བྱས་ལ།། མེ་ཏོག་དཀ ་བོས་རབ་ཏུ་གཏོར།། མཆོད་པ་ལྔ་ཡིས་རྒྱལ་པོ་མཆོད།། སྡིག་པ་ཤགས་མྱུར་དུ་སྐྱབ་སུ་འགྲོ།། འབྲུ་སྣ་ལྔ་དང་རིན་ཆེན་ལྔ། ཚེན་སྣ་ལྔ་ཡི་ཕུར་མ་ལ། བྱས་པ་ལུས་ལ་བཏགས་པ་ལ། གཅན་ཟན་སུ ་འཇིགས་ཐམས་ཅད་ལ། མུར་བ་ཉིད་དུ་ཚུལ་པར་འགྱུལ། ཆོམ་རྐུན་དག་གིས་འཛིངས་པ་ལ། རྡོ་རྗེ་སྔོངན་པོ་རྡོ་རྗེ་ཅན། མཐིང་ནག་ས་གནོད་ཕྱག་རྒྱ་ཅན།། མཆོད་ནས་བདག་ཉིད་སྐྱབ་སུ་འགྲོ།། ་ཏ་ཀ་ཀ་ར་ཎ་ག་ར་ཁ་ཏཱི་ཥ། ས་དྷི་ཙིཿ་ཏ་ཡ། རི། ཙི་ཙ་ཏྲ་ཛིན་དུ་དན་ས་ར་ས་ར་ཀར་སཱཏྨ། སྦྲུལ་གྱི་གདུས་པས་འཇིགས་པ་ལ་བལ་པོ་སེའུའི་ལྕུག་མ་ལ།། བྲམ་ཟེའི་གཟུགས་ཀྱི ་རྒྱན་བསྒོམས་ནས།། རིན་ཆེན་འབྱུང་ལྡན་བཀུར་བསྒོམས་ཏེ།། སྐྱེ་བེར་མུ་ཏིག་བྱི་རུ་དང་།། མེ་ཤེལ་པདྨ་ར་ཀ་དང་།། ཨིནྡྲ་ནཱི་ལ་དུང་གཡས་འཁྱིལ།། གསེར་དང་དངུལ་དང་ངུར་བ་དང་། ་རིན་ཆེན་རྒྱན་དང་འབྲུ་སྣར་བཅས།། ཀུ་ཤ་གླ་རྩི་ཙནྡན་དང་།། བལ་ལུ་སྐྱེར་པ་ཨུཏྤལ་ལ།། གུར་གུམ་དྲི་ཞིམ་ལུས་བྱུགས་ལ།། ཨོཾ་རཏྣ་སཾ་བྷ་བ།། ས་ཏི་བི་ཤ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ།། ལྕེ་འབབ་པ་ཡི ་འཇིགས་པ་ལ།། སྟག་དང་འབྲུག་གི་རུས་པ་ལ།། མཁར་བའི་ཕྱེ་མ་ལྕགས་ཕྱེ་དང་།། ཟངས་ཕྱེ་ར་གན་ཕྱེ་མ་དང་།། གསེར་གྱི་ཕྱེ་མ་གྲོ་བར་བཏུམ།། སྣང་བ་མཐའ་ཡས་བསྐུར་བསྒོམས་ཏེ།། བྱམས་པས ་ཕྱོགས་མཚམས་ཀུན་ཏུ་བསྟན།། དུག་རྣམས་སྣ་ཚོགས་དུད་པས་བདུགས།། ཨོཾ་ཨ་མྲྀ་ཏ་བཛྲ་ཛྭ་ལ་བཛྲ་ཛྭ་ལ། གརྫ་གརྫ། ས་ར་ས་ར། ཀ་ར་ཀ་ར་སཱ་ཧཱ། མེ་ཡི་འཇིགས་པ་དག་ལ་ནི།། འབྲུག ་རུས་སེནྡེ་འ་ག་དང་།། ངལ་དང་ས་ལུའི་རྩེ་དང་། ན་པ་དང་གྲོ་དང་རྐུན་འགྲུབ་ཀྱི།། ཐང་གྲོམ་ངག་ལ་སྔགས་བཏབ་སྟེ། མེ་ཡི་ཕྱོག་སུ་གཏེར་བར་བྱ།། མ་ཐ་ར་ཙན་ཏྲ་ཊྚ། ཛྭ་ལ་ཛྭ་ལ་ས་ར་སར། ་ཀ་ར་ཀ་ར་སྭཱ་ཧཱ།། རྣམ་པར་སྣང་མཛད་སྐུར་བསྒོམས་ལ། མེ་ལ་གཏོར་ནས་ཡིས་གསོད།། ཆུ་བོ་དག་གི་འཇིགས་པ་ལ། མཛེ་ཅན་པོ་མོའི་ཐོད་པ་ཡི།། ར་དང་ཁྱི་དང་ཕག་གི་ཁྲགས་བདག་སྡེ ་གཟུགས་དང་བཅས།། ནང་དུ་བཅུག་སྟེ་ཆུ་བོར་དོར།། དོན་ཡོད་གྲུབ་པའི་སྐུ་རུ་གསལ།། ཨོཾ་ཨ་མོ་གྷ་སིདྡྷ། ཨ~ཾ་ཀ་བེ་ཏཱ་ར་ཎི་ས་ར་ས་ར། ཀ་ར་ཀ་ར་སྭཱ་ཧཱ།། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ།། ཐུགས ་ཆེན་པོའི་ཁ་དོགས་ནི།། སོ་སོར་གསལ་ཞིང་བསྒོམ་པར་བྱ།། བྱམས་པ་ཀུན་ལ་རབ་ཏུ་བལྟ།། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། ། འཇིགས་པ་ཀུན་སྲུང་བའི་ལེའུ་སྟེ་དྲུག་པའོ།། ་སྐུ་གདུང་མེ་ཏོག་དཀར་པོས་མཆོད།། ས་བཞི་དྲི་ཡིས་ཆག་ཆག་བཏབ།། སྙིང་པོ་གཟུངས་དང་བཅས་པ་འམ།། ཁྲུ་གང་ཆེ་ད་ཀྱི་མཆོད་རྟེན་ལ།། ལེགས་པར་བསྟོད་ཅིང་མཆོད ་པར་བརྩི།། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།། ཐུགས་རྗེའི་གཟུགས་ཀྱི་རྟེན་དུ་ཤར།། རྫུ་འཕྲུལ་ཚད་མེད་བཞི་དང་ལྡན།། བྱང་ཆུབ་ཕྱོགས་ནི་ཡོང་སུ་རྫོགས།། དྲི་མེད་དུང་འདྲ་དཀར་པོ་སྟེ།། ་རྒྱལ་ཆེན་བཞི་ཡང་དེ་བཞིན་ནོ།། བྱང་ཆུབ་ཆེན་པོའི་མཆོད་རྟེན་ནོ།། ཁྲི་འཕང་བཅུ་གསུམ་ཏོག་དང་ལྡན།། ལྷ་ཡི་རོལ་མོ་ཆར་དུ་འབབ།། ཆོས་སྒྲ་རྒྱུན་མི་འཆད་པའི་གཏར།། རིམ་ཆེན་ལྔ་ཡི ་བདག་ཉིད་དེ།། ཕུར་བུས་གདབ་ཅིང་ཡོངསུ་བཟུང་།། སངས་རྒྱས་ཀུན་གྱི་བྱིན་རླབས་ཆེ།། དེ་ཡི་བསོད་ནམས་རབ་བསྟན་པ། མཚམས་མེད་ལྔ་དང་མི་དགེ་བཅུ།། ཉོན་མོངས་དབང་གྱུར་སྡིག ་པ་རྣམས་ཞང་ཅིག་ཙམ་གྱིངས་པར་འགྱུར། ཤིན་ཏུ་གརྦང་བའི་གནས་དག་ནི་ཁྱམས་ལྡན་ཅིང་རྗེ་ཅན་གྱིས་བྱས།། བྲམ་ཟེའི་རིགས་ལས་བྱུང་བ་ཡི། འདྲིམ ་སྙིང་རྗེ་ཅན་གྱིས་བྱས།། རང་བསམ་རྣམ་པར་དག་པ་ཡིས།། མདུན་དུ་བདར་ཏེ་མཆོད་པར་བྱ།། ཚང་དང་ཁ་དོག་ཡོངས་དག་གསལ། ཡིད་དུ་འོང་བ་དག་ལའོ།། ཟས་དང་ཡིད་དུ་འོང་བ་ཡི། ་དཀར་གསུམ་སྦགས་པ་སྤངས་པ་ཡི།། ཤ་དང་སྒོག་པ་ལ་ཕུག་དང་།། ཟན་དང་ཆང་ནི་ཤིན་ཏུ་སྤངས།། ཤེལ་ཕྲེང་པདྨའི་སྙིང་པོ་དང་།། བོ་དྷི་ཙེ་དང་མུ་ཏིག་ཤིས།། གཡལ་དང་སྦྲིད་པ་མི ་ཚིགས་རྣམས།། ནམ་ཡང་ཆོད་པར་མི་བྱའོ།། ཡོ་བྱད་དམ་ཚིག་སྙན་པའི་ལེའུ་སྟེ་བདུན་པའོ།། ལས་རྣམས་སྣ་ཚོགས་སྒྲུབ་བྱེད་པ།། པོ་ཏི་འམ ་ལུགས་མ་རས་རིས་ལ།། བརྟེན་ནས་བདག་ནི་བྱམས་སེམས་ལྡན། མུཾ་ལས་འཕགས་པ་འཇམ་དཔལ་ནི།། དམར་སེར་ཨུཿ། ལ་པོ་ཏི་འཛིན། མཉམ་པ་སྣརེལ་མོ་དཀྲུང་གིས ་བཞུགས།། བུམ་པ་ཁ་དོག་སེར་པོ་ནི།། རིན་ཆེན་ལྔང་བྲུ་སྣང་བཅས། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། མནྡ་རེ། ཨི་ལི་མི ་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ།། ལན་བདུན་ཡོངསུ་བཟླས་བྱས་ན།། གཏི་མུག་ཐམས་ཅད་ཞི་བར་འགྱུར།། ཤེས་རབ་ཆེན་པོ་ཐོབ་པར་འགྱུར།། རས་རིས་མཆོད་རྟེན་ལ་རྟེན་ནས།། མཎྜལ་དྲི་ཞིམ ་མེ་ཏོག་དམར།། ཀར་ར་མངར་གསུམ་དག་དང་ནི།། འབྲས་དང་ཏིལ་དཀར་ཡུངས་དཀར་དང་།། པདྨའི་རྩ་བ་དཀར་པོ་ལ།། རིལ་བུ་རྒྱ་ཤུག་འབྲུམ་བུ་ཙམ།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ནི།། ཧྲཱིཿལས ་བྱུང་བའི་སྐུ་མདོག་དབར་ལག་ར་པདྨ་མ་ཆོས་སྦྱིན་མཛད། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས། ཎརྦ་ཐཱ། ཨོཾ་དྷ་ར་དྷ་ར་དྷི་ར་དྷ་རི། དྷུ་རུ་དྷུ་རུ། ཨིཊྚ་རེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་བྲས་ལེ ་སུ་མེ་ཀུ་སུ་མེ་མནྡ་རེ། ཨི་ལི་ལི་ལི། ཙི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། རིལ་བུ་དག་ལ་སྔགས་བཏབ་སྟེ།། བྱམས་པའི་སེམས་དང་ལྡན་པས་བཟའ།། སྲིད་པའི་འདོད་ཆགས་ནི་གྱུར་ནས།། རབ་ཏུ་བདེ ་བ་ཐོབ་པར་འགྱུར། མཎྜལ་སྔོན་པོ་ལེགས་བྱས་ནས། ཨུཏྤལ་སྔོན་པོ་ནིམ་པ་དང་།། ཨ་ཀ་རུ་དང་ཙནྡན་དང་།། དྲི་ཡི་ཆུ་ཡིས་བུམ་པ་དགང་།། ཕྱག་ན་རྡོ་རྗེ་གོས་སྔོན་ཅན།། སྐུ་མདོག་ལྡང་སྔོན་ནུང ་ཞིག་ཁྲོ། རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས།། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས།། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷ་རི་དྷི་རི། དྷུ་རུ་དྷུ་རུ། ཨིཿབཊྚེ། ཙ་ལེ་ཙ་ལེ། པྲ་ཙེ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ ་མཧཱའོ། མ་མ་མ་ལོ། ཅི་དྲི་ལམ་པར་ཡ་ཧཱ། ཥྚྲྀཿ། དཔྱས་ན་ཛ་ནི། བུམ་པའི་ཆུ་ཡིས་ཁྲུས་བྱས་ནས། 9ངརབ་ཏུ་ཞི་བར་འགྱུར། སེཾད་པཆེན་པ་ཟབ་པ ་འགྱུར།། དུག་རབ་ཏུ་ཞི་བར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། ། རས་སམ་གྲོག་ཤིང་ཤུན་ལ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཆེ་གེ་མོ་ལ་རཀྵ ་རཀྵ་ཞེས་བྱའོ།། བསྲུང་བ་ལུས་ལ་གདག་བྱས་ནས།། ནད་དང་གདོན་དང་རིམས་དང་ནི།། འཇིགས་པའི་ནད་དང་གདོན་ལས་ཐར།། བདེ་བ་ཡོངསུ་རྫོགས་པར་འགྱུར།། སྐུད་པ་དག་ནི་དཀར་པོ་ལ།། ་མདུད་པ་དག་ནི་རབ་བྱས་ཏེ།། བདུན་ནམ་ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་ནི་ལེགས་བཟླས་ནས།། བསྲུང་བའི་དམ་པ་འདི་བྱས་ན།། སྲུང་བ་ཡི་ནི་དམ་པ་འདིས།། སྲུང་བའི་མཆོག་ཏུ ་འགྱུར་བའོ།། མུ་ཏིག་རིན་ཆེ་རུ་བི་རུ་གསེར། ག་བུར་གུར་གུམ་གླ་རྩི་དང་།། ཨ་ག་རུ་དང་དུ་རུ་སྐ།། པུར་མ་སྙིང་དཀར་གདགས་པར་བྱ།། ཙིནྡན་གླ་རྩི་གུར་གུམ་དང་། གུ་གུལ ་ནག་པོ་བསྲེགས་པའི་ཕྱེ།། བ་ཡི་འོ་མས་འདེ་གུ་བྱ།། གནས་གསུམ་དག་ཏུ་བྱུགས་པས་ནི།། གདོན་དང་ནད་ཀྱིས་འཇིགས་ཀུན་ལས།། བྱུགས་པས་དེ་ནི་སྲུང་བར་འགྱུར།། སྲུང་བའི་འཁོར ་ལོའི་ལེའུ་སྟེ་དགུ་པའོ།། ། སེར་བ་ཡོངསུ་སྲུང་བ་ནི།། སེང་ལྡེང་ལྗང་ཏིའི་ཕུར་བུ་ལ།། གཟུངས་སྔགས་བཟླས་པ་དབུསུ་ནི། ཧཱུཾ་ལས་བྱུང་བའི་སྐུ་བསྐྱེད་དོ།། ཕྱོགས་བཞིར ་ཁྲོ་བ་ཆེན་པོ་ནི། ཤར་དུ་ཁམས་གསུམ་རྣམ་རྒྱལ་ནི།། སྐུ་མ་ཆོག་དཀར་པོ་མེ་དཔུང་འབར།། རྡོ་རྗེ་འཁོར་ལོ་སྡིག་མཛུབ་མཛ་ད།། ཨོཾ་པྲདྲན་ཀྲིང་ཅན་ཧན་ཧཱུཾ་པཊ།། ལྷོ་རུ་ག་ཤིན ་གཤེད་པོ་ནི།། དམར་པོ་ལག་ན་བེ་ཅོན་འཛིན།། ཨོཾ་ཡ་མནྟ་ཀྲྀ་ད་ཏིཥྛ་ཏིཥྛ་ཧཱུཾ་ཕཊ།། ནུབ་ཏུ་རྟ་མགྲིན་དམར་པོ་ནི།། མེ་དཔུང་རྡོ་རྗེ་དབྱུག་པ་འཛིན།། ཨོཾ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ ་ཧཱུཾ་ཕཊ།། བྱང་དུ་ཁྲོ་གཉེར་ཅན་སྐུ་ནི།། ལྗང་སྔོན་རལ་གྲི་འཛིན་པ་སྟེ།། ཨོཾ་ཨ་མོ་གྷ་ཀ་བྷྲྀ་ཀུ་ཏི་བནྡྷ་བནྡྷ་ཧཱུཾ་ཕཊ།། ཕྱོགས་བཞིར་ཕུར་བུ་དག་ལ་ནི།། བདུན་ནམ་ཉི་ཤུ་རྩ་གཅིག་བཟླས།། གཅན་ཟན ་དྲི་མ་ཡུངས་དཀར་བསྲེས།། གསང་སྔགས་བཟླས་ཤིང་མཁའ་ལ་གཏོར།། ཨོཾ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུཾ་ཕཊ།། སེར་བ་སྲུང་བའི་ལེའུ་སྟེ་བཅུ་པའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་རབ་ཏུ་བཀྱེ་སྟེ། ཕྱག་སྟོང་དང་སྤུན་སྟོང་ལ་འོད་ཟེར་འབྱུང་བ་འདི་ལྟ་སྟེ། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་ཁུ་དང་། སེར་པོ་དང་། འོད ་ཟེར་དེ་དག་གིས་འགྲོ་བ་རིས་དྲུག་པོ་དེ་དག་ཐམས་ཅད་ལ་ཁྱབ་སྟེ། དབུགས་དབྱུང་བ་མཛད།། དེ་ནས་རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའང ་གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པ་ཀུན་འཁོར་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆེན་དང་། ཚད་མེད་འོད་དང་། འོད་གསལ་དང་། དག ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན ་ལ་སོགས་པའི་ལྷ་དེ་དག་གིས། མཆོད་པའི་སྤྲིན་གྱིས་ཆར་ཕབ་ནས།། ལྷའི་བུས་ཚིག་སུ་བཅད་པས་བསྟོད་པ།། སྤྱན་རས་གཟིག་ས་དབང་ཐུགས་རྗེའི་སྐུ།། ཕྱག་སྟོང་ཉོན་མོངས ་གྲོལ་བའི་ཕྱག། སྤྱན་སྟོང་ཤེས་རབ་འོད་གསལ་ཏེ།། འགྲོ་དན་མཛད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས།། བཅོམ་ལྔ་ན་འདས་ཐུགས་རྗེ་ཆེན་པོའི་སྐུ་དེ་མི་སྣང་བ ་གྱུར་ནས།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྱུར་ཏོ།། དེ་ནས་ལྷའི་བུས་གསོལ་པ།། འདི་ལ་ཕན་ཡོན་ཅི་ཞེས་ཞུས་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང ་ཞིག་རྒྱུད་འདི་ཡིད་བྱེད་ན།། ནད་དང་རིམས་དང་གདོན་དང་ནི།། རྒྱལ་པོ་གཅན་ཟན་འཇིགས་པ་དང་།། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ་མཚམས་མེད་སྡིག་པ་མི་དགེ་ཀུན།། རབ་ཏུ་ཞི་བར་བྱེད་པར་འགྱུར།། དམྱལ་བ་ངན་སོང་སྡུག་བསྔལ་དང་།། མི་ཁོམ་བརྒྱད་ལས་རྣམ་གྲོལ་ཏེ།། ཉན་དང་འཆང་དང་སྐེམ་པར་འགྱུར།། དྲི ་མེད་ན་མཁའི་དཀྱིལ་ལྟ་བུར།། བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།། ཞེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས།། ལེག་སོ་ལེག་སོ་ཞེས་བྱ་བ་གསུངས་ནས། སྟན་ལ་འཁོད་དོ།། བྱང་ཆུབ་སེམས་དཔའ ་འབུམ་ཕྲག་ལྔ་སྟོང་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། པདྨ་ཅོད་པན་ཞེས་བྱ་བའི་རྒྱུད་ལེའུ་ལུ ་གཅིག་པ་རྫོག་སོ།། ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང་། ལེ་ཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། ། རྒྱ་གར་སྐད་དུ། ལེ་ཀེ་ཤྭ་ར་ཀ་ལྤ། ་