| Wylie | e-texts produced with BDRC’s OCR application |
ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཨརྱ་པྲ་དྷི་པ་དཱི་ནཱ་ཡ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་མར་མ་དབུལ་བ་ཞེས་བྱ་བ་ཐེག་པ ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས་པ་དུ་ས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་དཔག་ཏུ་མེད་པ་བཞི་པོ ་འདི་དག་ནི་ལེགས་པར་ཡོངསུ་སྤངས་པའི་ཆོས་རྣམས་དང་ལྡན་པ། རྣམ་པར་སྨིན་པ་དཔག་ཏུ་མེད་པ། སྣང་བ་དཔག་ཏུ་མེད་པ། བསོད་ནམས་ལ་ཡང་དག་པར་གཞོལ་བ་དཔག་ཏུ ་མེད་པ། གཟུགས་དཔག་ཏུ་མེད་པ། བདེ་བ་ལ་ཡང་དག་པར་གཞོལ་བ་དཔག་ཏུ་མེད་པ་སྟེ། དེ་དག་ནི་ཚུལ་ཁྲིམས་ལ་འཇུག་པ་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་དང་། ལེན་པ་མེད་པར་ཟག་པ་ཟད་པར་འགྱུར་བ་དག་གོ།། བཞི་གང་ཞེ་ན། ཤཱ་རིའི་བུ་འདི་ལྟ་སྟེ། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྙེས་པས། བསམ་གཏན་པར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བས ་པ་ཤེས་རབ་དཔག་ཏུ་མེད་པ་དང་ལྡན་པ། ཤེས་རབ་ཡངས་པ་དང་ལྡན་པ། ངེས་པར་འབྱེད་པའི་ཤེས་རབ་དང་ལྡན་པ། ཇི་ལྟ་བ་བཞིན་གྱི་ཤེས་རབ་དང་ལྡན་པ། གྲངས་མེད་པའི་ཤེས་རབ ་དང་ལྡན་པ། རྣམ་པར་ངེས་པའི་ཤེས་རབ་དང་ལྡན་པ། རྣམ་པར་ངེས་པ་གཟིགས་པ། མཆོག་ཏུ་རྣམ་པར་གྲོལ་ཞིང་གི། ནཏུ་རྣམ་པར་གྲོལ་བའི་ཐུགས་དང་ལྡན་པ། གཡོ་བ་མེད ་པའི་ཐུགས་དང་ལྡན་པ། འཁྲུལ་པ་མེད་པའི་ཐུགས་དང་ལྡན་པ། ཕྲིན་ལས་ལེགས་པར་མཛད་པའི་ཐུགས་དང་ལྡན་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པ། སྤྱོད་པ་ཕུན་སུམ་ཚོགས་པ། ཡིད་ལ་མཛད་པ་དང་མ་བྲལ་བ། བདེན་པ་སྟོན ་པ་བདེན་པ་གཟིགས་པ་སྣང་བར་གྱུར་པ། དཔག་ཏུ་མེད་པ། ཚོགས་དཔག་ཏུ་མེད་པ། ཟིལ་གྱིས་གནོན་པ། ཟིལ་གྱིས་མི་དོན་པའི་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་སྟོབས་བསྐྱེད་པ་བརྙེས་པ། སྟོབས་བཅུའི་སྟོབས་བསྐྱེད་པ་བརྙེས་པ། མི་འཇིགས་པའི་སྟོབས་བསྐྱེད་པ་བརྙེས་པ་དང་། ་། སངས་རྒྱས་ཀྱི་ཆོས་ཀྱི་སྟོབས་བསྐྱེད་པ་བརྙེས་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྟོབས་བསྐྱེད་པས། སོ་སོ་ཡང་དག་པར་རིག་པའི་སྟོབས་བསྐྱེད་པ་བརྙེས་པ། ་སྔོན་གྱི་བསམ་པ་ཕུན་སུམ་ཚོགས་པ། སྔོན་ཡོངསུ་སྤང་བ་མཛད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། བརྩོན་པ་མ་བོར་བ་བརྩོན་འགྲས་དཔ་གང་མེད་པ། མྱ་ངན་དང་གནོད་པ་དང་བྲལ་བ། ཡོངསུ ་འཛིན་པ་མི་མངའ་བ་ཐམས་ཅད་གཟིགས་པ། ཅང་མཁྱེན་པ། གླང་པོ་ཆེན་པོ།། དཔག་ཏུ་མེད་པ། ཕུང་པོ་མི་མངའ་བ། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་དང་། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ། རིགས་པ་གསུམ་དང་ལྡན་པ། བསོད་ནམས ་ཀྱི་ཞིང་གི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་མ་སེམས་དང་བ། བསོ། ནམས་དོན་དུ་གཉེར་བ། བསོད་ནམས་ལ་དམིགས་པ། ་བསོད་ནམས་ཡ་ངང་བྱེད་པ། བསོད་ནམས་འདོད་པ། རྣལ་འབྱོར་དང་མཐུན་པའི་རྗེསུ་དྲན་པ་ཡིད་ལ་བྱེད་པ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཁ་ན་མར་མོའི་སྲིང་པོ་རུདུའམ་ངན ་དུས་ཀྱིས་རྣས་ས་ཀྱིས་འདུས་པ་འམ་ལམ་ས་པར་ཛུམ་ལས། ས་སུ་ས་པ་ལམ་འཇིག་པར་ཕྱི་པ་དང་། ས་། ཅོན ་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་བཟུང་བ་ཉིད་ཡིད་ལ་བྱེད་དམ། དེ་ལས་ཡོན་ཏན་གང་ཡང་རུང་བ་ཞིག་ཡིད་ལ་བྱེད་དམ།། དེ་བཞིན་གཤེགས ་པའི་ཕྱིར་དང་། གཞི་དེ་ལས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ ་མཆོད་པ་བྱ་བར་སེམས་བསྐྱེད། མར་མེ་འདི་འབར་བར་བྱ། རབ་ཏུ་འབར་བར་བྱ། དབུལ་བར་བྱ། ཡོངས་དབུལ་བར་བྱ། རབ་ཏུ་གཞག་པར་བྱའོ་སྙམ་པ་འམ། སེམས་ཀྱི་རྒྱུད་དང་བར་གྱུར ་པས་ཚུལ་ཁྲིམས་ཡོངསུ་དག་པ། མི་མཉམ་པ་དང་མ་ཉམ་པའི་ཚུལ་ཁྲིམས་དང་ལྡན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་དཔག་ཏུ་མེད་པ། བསོད་ནམས་མང་པོ་མངའ་བའི་དེ་བཞི་ན་གཤེགས་པའི་མཆོད་རྟེན་ལ་བསྙེན་བཀུར་བྱེདེ། དེ་ཙམ་འམ། ཅུང་ཟད་ཙམ་འམ། ཆུ་ངུ་ཞིག་གམ། ངན་ངན་ཅམ ་ཞིག་གིས། གསོག་ཙམ་ཞིག་གམ། བ་ན་གློག་གིས་རྒྱུན་ཙམ་ཞིག་ཀྱང་སྣང་བར་བྱེད་དམ། ཐ་ན་ཐེམ་སྐས་ཀྱི་གཞི་ཅིག་སྣང་བར་བྱེད་ནི་ཡང་། ཤཱ་རཱིའི་བུ་དེའི་རྣམ་པར་སྨིན་པ་ནི། ་ཐོས་རྣམས་ཀྱིས་སམ། རང་སངས་རྒྱས་རྣམས་ཀྱིས་བསྟན་པར་མི་ནུས།། ཤཱ་རིའི་བུ་གཞན་ཡང་ལན་ལ་མི་རེ་ཞིང་། དད་པ་དང་། དགའ་བ་དང་། དང་བས་ཡོངས་བཏང་བའི་རྣམ་པར ་སྨིན་པ་དེ་ནི། དེ་བཞིན་གཤེགས་པས་སྟོན་པར་སྤོད་།། ཤཱ་རིའི་བུ་གཞན་ཡང་དད་པ་དང་ལྡན་པ། གུས་པར་གནས་ཤིང་གཡོ་མེད་ལ་སྒྱུ་མེད་པ། སངས་རྒྱས་ཀྱི་ཡོན་ཏན་ལ་ངེས་པར ་།། སེམས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དགེ་བའི་བསམ་པ་སྐྱེས་ནས། མར་མེ་ཅུང་ཟད་ངམ་འམ། ནུང་ངུ་ཙམ་ཞིག་ཀྱང་སྣང་བར་བྱས་ཏེ། མར་མ་སྣང་བར་བྱས་པ ་གང་གིས། དེ་བཞིན་གཤེགས་པའི་མཆོད་རྟེན་དེའི་ཐ་ན་ཐལ་སྐས་ཙམ་སྣང་ངམ། བསྐོར་ས་ཙམ་སྣང་ངམ། སྨད་དམ། གདུགས་སམ། ཐམས་ཅད་སྣང་ངམ། ཐ་ན་བར་སྐབས་ག ་ཡང་རུང་བ་ཞིག་སྣང་བའི་མར་མ་དེ། མོད་ལ་མྱུར་དུ་ཤི་སྟེ། རླུང་གིས་བསྐྱོད་པས་སམ། མར་པས་སམ། མར་ཟད་པས་སམ། སྙིང་པོ་ཟད་པས་ཤི་ལ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ་ཀླས་དཀྲུགས་པ་ནི་སྤྲིན་སྟུག་པོའི་དྲ་བ་འཁྲིགས་པ་ལས། ན་མཁའ་ལས་གློག་བྱུང་ནས་ནུབ་ན། ཤཱ་རིའི་བུ་མྱུར་དུ་བྱུང་བའི་རྗེ་སུ་འབྲང་བའི་དེ་མཐོང་བས།། སེམས་ཅན ་རྣམས་ཀྱི་མིག་ཐིབས་ཤེས་བྱེད་པ་དེ་ཙམ་དུ། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེའི་བུ་ལ་བའི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ན། ་དགེ་བསྙེན་མ་འམ། དེ་ལས་གཞན་པ་སེམས་ཅན་བསླབ་པའི་གཞི་མ་བླངས་པ། དགེ་བའི་རྩ་བ་དོན་དུ་གཉེར་གསངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་དད་པ། བདག ་ཞིང་བསྒྲུབ་པར་བྱ་བ་ལ་གནས་པ། བསོད་ནམས་འདོད་པ་རྣམས་ཀྱིས་ཇི་ཙམ་དུ་ཆུང་བའི་མར་མེ་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་དཔག། མེད་པ་ཡོངསུ་བརྡུང ་གྱུར་པའི་རྣམ་པར་སྨིན་པ་ནི། དེ་བཞིན་གཤེགས་པས་མཁྱེན་ཏོ།། ཤཱ་རིའི་བུ་མར་མི་དབུལ་བ་ཅུང་ཟད་ཅིག་ཕུལ་བས། མར་མེ་ཕུལ་བ་ལས་མངོན་པར་གྲུབ་པའི་བསོད་ན། ་ཀྱི་ཕུང་བ་དེའི་རྣམ་པར་སྨིན་པ་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་ལྷ་དང་བཅས།། མངས་པ་དང་བཅས ་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་བསྟན་པར་མི་ནུ་སོ།། ཤཱ་རཱིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། ཤཱ་རི ་བུ་མར་མེ་དབུལ་བའི་ཡོངསུ་ཕུལ་བ་དེས། བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་དཔག། མེད་གྲངས་མེད་པ་ཡོངསུ་བཟུང་བར་གྱུར་པའི་དོན་ནི། དེ་བཞིན་གཤེགས་པས་མཁྱེན་ཏོ།། ་རིའི་བུ་མར་མེ་དེ་ཙམ་དུ་ནུ་ངུ་ཕུལ་བའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་ན། གང་གིས་དེ་བཞིན་གཤེགས་པ་ཡི་ངསུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི ་མཆོད་རྟེན་ལ། མཆོད་པ་ཁྲིད་པར་ཅན་བྱེད་དམ་འད་འཇུག་སྟེ། སྤོས་སམ། མེ་ཏོག་འབྲང་ངམ། གདུགས་ས། བ་དེན་རྣམས་སམ། གང་ཡང་རུང་བའི་མར་མེའི་འདྲེ ་བ་རྣམ་པ་མང་པོས་མཆོད་པ་ཁྱད་པར་ཅན་བྱེད་དམ། བདུ་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་གཞན་ཡང་ཆོས་འདི་བཞི་ནི་དད་པས་རྟོགས་པར་བྱ་བ་ཡིན་ཏེ། བཞི ་གང་ན་ན། སངས་རྒྱས་ཀྱི་ཆོས་རྣམས་ནི་དཔག་ཏུ་མདོ་སྙམ་དུ་དད་པས་རྟོགས་པར་བྱ་བ་དང་། དགེ་བའི་རྩ་བ་ཇི་ལྟར་ནུང་ངུའི་རྣམ་པར་སྨན་པ་ཡང་དཔག་ཏུ་མེ་པེར་འགྱུར་བ་དང ་རྟོགས་པར་བྱ་བ་དང་། དཀོན་མཆོག་གསུམ་ལ་དད་པའི་ལས་མངོན་པར་འདུ་བྱེད་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་སྟོན་པ་མཐོང་བ་ཉན་ཐོས་ཁྱེད་ཀྱིས་ཀྱང་རྣམ་པ་ཐམས་ཅད ་བསམ་པ་འམ། ཡོངསུ་བསམ་པར་མི་ནུས་ན། འཕགས་པའི་རིགས་ལ་མི་གནས་པ་གཞན་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་མངོན་སུམ་དུ་ཤེས་པ་འམ། ཁོང་དུ་ཆུ ་པར་ནུས་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མདོ།། གཞན་དུ་ན་དེ་ནི་དད་པས་རྟོགས་པར་བྱ་བ་ཡིན་པ་དང་། ཤཱ་རིའི་བུ་ཉན་ཐོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་ལས་ཀྱི་རྣམ་པར་སྨི ་པ་བསམ་པ་འམ། ཤེས་པར་མི་ནུས་ཏེ། ཤཱ་རིའི་བུ་ཁྱེད་རྣམས་གནས་འདི་ལ་བསམ་པ་དང་བྲལ་བར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅད་རྣམས་ཀྱི་ལས་ཀྱི་རྣམ ་པར་སྨིན་པ་བསམ་གྱིས་མི་ཁྱབོ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིརོ།། ཤཱ་རིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ཀྱིས་ཀྱང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣ་མ་པར་སྨིན་པ་བསམ་གྱིས་མི་ཁྱབ་ཞེས་གསུང་སོ།། ཤཱ་འི་བུ་མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་འཇོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་ཞེས་སྟོན་པར་འགྱུརརོ།། ཤཱ་རིའི་བུ་སེམས་ཅན་གྱི་བས ་པ་དང་། སེམས་དང་། ལྷག་མཐོང་ཡང་བསམ་གྱིས་མི་ཁྱབ་སྟེ། དད་པས་རྟོགས་པར་བྱ་བ་ཡིནོ།། ཤཱ་རིའི་བུ་འཕགས་པའི་རིགས་ལ་གནས་པ་ཁྱེད་ཅག་ཉིད་དང་། སེམས་ཅན ་ཐམས་ཅད་ཀྱི་ཤེས་པ་དེ་ལ། མིག་དང་མཁས་པ་ལ་ཤེས་པ་མི་འཇུག་ན། སེམས་མོ་དུལ་བ། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བ་དང་བྲལ་བ། བརྗེད་ངས་པ། མ་རིག་པའི་མུན་པས་མིག་བསྒྲིབས་པ་གཞན་གང་དག། བདག་ཅི་ཞིག། བདག་སུ་ཞིག། བདག་ཅི་འདྲ་བ་ཞིག། བདག་གང་ནས། བདག་ཇི་ཙམ་ཞིག། བ ་ཇི་ལྟ་བུ་ཞིག། བདག་ལྡན་པའི་ངང་ཚུལ་ཅན་ནམ། བདག་མི་ལྡན་པའི་ངང་ཚུལ་ཅན་ནམ། བདག་བརྗེད་ངས་པ་འམ། བདག་དྲན་པ་ཉེ་བར་གནས་པ་འམ། བདག་མཁས་པའི་ལས་བྱེད་པ ་བདག་བྱིས་པའི་ལས་བྱེད་པ་འམ། བདག་གང་ནས་འོངས། བདག་གང་དུ་འགྲོ་ཞེས། རང་གི་ཆོས་ལ་ཤེས་པ་འཇུག་པ་མེད་པ་རྣམས་ལྟ་ཅི་སྨོས།། ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་དེ་ནི་བ ་ལ་ཤེས་པ་འཇུག་པ་ཡང་མེད་ན། ཕྱིན་ཅི་ལོག་གི་ལྟ་བ་ཅན་དེ་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་ལྟ་ག་ལ་འགྱུར་ཏེ། དེ་ནི་གནས་མདོ།། ཤཱ་རིའི་བུ་དེ་བཞིན་ག ་པ་ནི་ཚུལ་ཁྲིམས་དང་བྲལ་བ་མ་ཡིན། ཏིངངེ་འཛིན་དང་བྲལ་བ་མ་ཡིན། ཤེས་རབ་དང་བྲལ་བ་མ་ཡིན། རྣམ་པར་གྲོལ་བ་དང་བྲལ་བ་མ་ཡིན། རྣམ་པར་གྲོལ་བ ་ཡེ་ཤེས་མཐོང་བ་དང་བྲལ་བ་མ་ཡིན་རིགས་པ་དང་བྲལ་བ་མ་ཡི་ནོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚུལ་ཁྲིམས་དཔག་ཏུ ་པའོ་ཚུལ་ཁྲིམས་ཆགས་པ་མེད་པའོ།། ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པའོ།། ཚུལ་ཁྲིམས་གཞལ་དུ་མེད་པའོ།། ཚུལ་ཁྲིམས་རྫོགས་པའོ།། ཚུལ་ཁྲིམས་རྣམ་པར ་ངལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རག་ཏུ་མཁྱེན་ཏོ།། ཤཱ་རིའི་བུ་ཇི་ལྟར་ན་དེ་བཞིན་གཤེགས་པ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང ་། ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། ཤཱ་རིའི་བུ་འདི་ལ་དེ་བཞིན་གཤེགས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་ནི་དགེ་བའི་ཆོས་རྣམས་ཡོངསུ་ཟད་ཅིང་། མ་དག ་བའི་ཆོས་རྣམས་ཀྱིས་གང་བའོ།། སེམས་ཅན་འདི་ནི་དགེ་བའི་ཆོས་རྣམས་འབྱུང་བར་འགྱུར་ཞིང་མི་དགེ་བའི་ཆོས་རྣམས་འགག་པར་འགྱུར་བའོ།། སེམས་ཅན་འདི་ནི་མི་དགེ་བའི་ཆོས ་རྣམས་སྐྱེ་བར་འགྱུར་ཞིང་། དགེ་བའི་ཆོས་རྣམས་འགག་པར་འགྱུར་དུའོ་ཞེས། ཤཱ་རིའི་བུ་འཇུག་པ་འདིས་དེ་བཞིན་གཤེགས་པ་སེམས་ཅན་དེ་དང་དེ་དག་གི་ལས་ཀྱི་རྣམ་པར་སྔ ་སྣ་ཚོགས་རྗེ་སུ་འཇུག་པ་རབ་ཏུ་མཁྱེན་ཏོ།། ཤཱ་རིའི་བུ་དེ་ལ་སེམས་ཅན་རྣམས་མུན་པ་ཡོད་ཅིང་མཁས་པ་མེད་མཁྱེན་པ་དེ་ལྟ་བུ་དང་ལྡན་པ། མཁས་པ་དེ་ལྟ་བུ་དང་ལྡན ་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ལུང་སྟོན་ཏོ།། ཤཱ་རིའི་བུ་དེ་ལག་ང་དག་དད་པ་དེ་དག་ནི་ཡིད་ཆེས་པར་འགྱུར་ལ། གང་དག ་མ་དད་ཅིང་བསྟན་པ་འདི་ལས་ཉམས་པ་དེ་དག་ནི་སྨད་པར་འགྱུར་ཞིང་རྩོད་པར་འགྱུར་ཏེ། དེ་ནི་དེ་དག་ལ་ཡུན་རིང་པོར་མི་ཕན་པ་དང་། དོན་མེད་པ་དང་། སྡུག་བསྔལ་བ་དང་། ལོག་པ ་ལྡང་བར་འགྱུ་རོ།། ཤཱ་རིའི་བུ་དེ་ལ་སེམས་ཅན་གང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། མར་མེ་དབུལ་བ་དེས་ཡོངསུ་ཕུལ་བ་དང་། ངེས་པར་ཕུལ་བ་དང་། དགེ་བའི་ར་བ་བསྔག ་པོའི་ལས་མངོན་པར་འདུ་བྱས་པ་དང་། རྣམ་པར་སྨིན་པའི་འབྲས་བུ་བདེ་བ་འདོད་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་ལྡན་པ་དང་། དད་པས་ཡོངསུ་ཕུལ་བས་བསགས ་པའི་ལས་མངོན་པར་འདུ་བྱས་པ་དང་། རྣམ་པར་སྨིན་པའི་འབྲས་བུ་གསུམ་གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ལ་མཆོད་པ་བྱས་ཏེ། ལུས་ཐོབ་པ་སྙིང་པོ་དང་། སྙིང་པོ་མ་ཡིན་པའི་ལུས་ཤེས་པར་བྱས་ལ། སྙིང་པོ་སྦྱིན་པར་བྱའོ་སྙམ་ནས། ལོངས་སྤྱོད་རྣམས་ལ་ཉེས ་དམིགས་ཅན་དུ་ཤེས་ཏེ། སྙིང་པོ་མེད་པའི་ལོངས་སྤྱོད་རྣམས་ལ་སྙིང་པོ་སྦྱིན་པར་བྱེད་པ་འདི་ནི། ཤཱ་རཱིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའོ་སེམས་ཀྱི་ངེས་པ ་སེམས་པ་དང་པོའོ།། ཤཱ་རིའི་བུ་གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བསོད་ནམས་ཀྱི་ཞིང་བླ་ན་མེད་པའི་ཡོན་གནས། སྦྱིན་པའི་མཆོག་ལེན་པ་པོ་ལ་མཆོད་པ་བྱས་པས། ་བདག་ལ་སེམས་ཅན་དམྱལ་བའི་འཇིགས་པའམ། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་འམ། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་མེདོ།། བདག་གི་འགྲོ་བ་བདེ ་ནི་ལྔ་སྟེ། མཐོ་རིས་འཐོབ་པ་འམ། མི་འཐོབ་པ་འམ། ག། ཟུགས་འཐོང་བ་འམ། ལོང་སྤྱོད་འཐོབ་པའམ། བྱང་ཆུབ་འཐོབ་པའོ་སྙམ་པ་དེ་ནི་ཤཱ་རཱིའི་བུ་དེ་བཞིན་གཤེགས་པའི ་མཆོད་རྟེན་མཆོད་པ་བྱས་པའི་སེམས་ཀྱི་ངེས་པར་སེམས་པ་འཐོབ་པ་གཉིས་པའོ།། ཤཱ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཡོངསུ་ཕུལ ་ལ་ཡང་དག་པར་གནས་པ་གང་ཡིན་པ་དེ། གལ་ཏེ་བདག་གིས་སྦྱིན་པ་བྱིནོ།། བདག་གིས་བསོད་ནམས་ངག་ཀྱང་བྱསོ།། བདག་གིས་སེར་སྣ་སྤངསོ་སྙམ་དུ་དེ་ལྟར་རབ་ཏུ་གས་ཤིང ་།། དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྦྱིན་པ་པོ་ཡིན་ལ། བདག་གིས་ཀྱང་སྦྱིན་པ་བྱིན་སྙམ་དུ། དེ་ལྟར་སེམས་ཤིང་གཏོང་བ་ལ་ཡོངསུ་གདུང་བ་མེད། བསྡུས་པ་མེད། ཤཱ་རིའི་དུ ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཀྱི་ངེས་པར་སེམས་པ་འཐོབ་པ་གསུམ་པའོ།། ཤཱ་རཱིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི ་མཆོད་རྟེན་ལ། མར་མེ་དབུལ་བ་ཕུལ་བས། འཆི་བའི་དུས་ཀྱི་ཚེ། སྣང་བ་གསུམ་འཐོང་སྟེ། གསུམ་གང་ཞེ་ན། དགེ་ལེགས་བྱས་པ་མངོན་དུ་འགྱུར་ཏེ། དྲན་པ་འཐོབ་ཅིང་དགེ་པ་རྣམས་བརྗེད ་པར་མི་འགྱུར་ཏེ། ཤཱ་རིའི་བུ་འདི་ལྟར་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་རྫ་སུ་དྲན་པ་འདི་ནི་སྣང་བ་དང་པོའོ།། ཤཱ་རིའི་བུ་གཞན ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཅན་དེ་འཆི་བའི་དུས་ཀྱི་ཚེ། དྲན་པར་འགྱུར་ཏེ། བདག་གིས་སངས་རྒྱས་ལ་མཆོད་པ་བྱསོ་ཞེས་མཚོ ་ཏུ་དགའ་བ་འཐོབ་སྟེ། ཤཱ་རིའི་བུ་འདི་ལྟར་སངས་རྒྱས་རྗེ་སུ་དྲན་པ་དང་བཅས་པའི་སེམས་བསྐྱེད་པ་འདི་ནི་སྣང་བ་གཉིས་པའོ།། ཤཱ་རིའི་བུ་གཞན་ཡང་སེམས་ཅན་དེ་འཆི་བའི ་དུས་ཀྱི་ཚེ། སེམས་ཅན་གཞན་སྦྱིན་པ་གཏོང་བ་མཐོང་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་མར་མེ་དབུལ་བ་དུའོ།། ཕྱིས་ཀྱང་སྦྱིན་པ་སྦྱིན་སྙམ་དུ། དེ་གཏོང་བའི་སེམས ་སྐྱེས་ཤིང་། སྡུག་བསྔལ་གྱི་ཚོར་བ་རྣམས་ཀྱིས་མི་འཕྲོགས་ལ། དེ་ལ་ཆོས་ནསུ་དྲན་པ་འདི་ལྟ་བུ་འབྱུང་སྟེ། ཤཱ་རིའི་བུ་འདི་ལྟར་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་མ ་ནི་སྣང་བ་ཐོབ་པ་གསུམ་པ་ཡིན།། ཤཱ་རིའི་བུ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བ་དེ་འཆི་བའི་དུས་ཀྱི་ཚེ།། སྣང་བ ་བཞི་ཐོབ་སྟེ། བཞི་གང་ཞེ་ན། མདུན་ན་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། མདུན་ན་ཟླ་བ་ཉེ་བའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། ལྷའི་འཁོར་གནས་པ་མཐོང་བ་དང་། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མཐོང་སྟེ། དེ་ལ་བདག ་ཉིད་གུས་པར་བྱེད་པ་ལ་གནས་ཤིང་ཐལ་མེ་སྦྱར་བ་བྱས་པ་ར་མཐོང་བ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བ་འཆི་བའི་ཚེ། སྣང་བ ་འདི་བཞི་འཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང ་འདི་སྐད་ཅེས་བཀའ་སྩལ་ཏོ།། མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་ཡི།། མཆོད་རྟེན་རྣམས་ལ་མཁས་པ་གང་ཞིག་གིས།། མེར་མེ་ཕུལ་བ་བྱས་པའི་ལས་དེ་ཡིས།། ་བདེ་དང་དོན་དང་སྙེད་པ་མཐའ་ཡས་འཐོབ།། དེ་ནི་འཆི་ཀར་དྲན་པ་ཉམས་མི་འགྱུར།། མར་མེ་ཕུལ་བའང་བདག་ཉིད་མཐོང་བར་འགྱུར།། ཟང་ཟིང་མེད་པའི་དགའ་བ་བཞི་ཡང་འཐོབ ་འཆི་བའི་དུས་རོ་རྨོངས་པ་མེད་པར་འགྱུར།། ཀུན་ནས་སྣང་བ་དག་ཀྱང་དེ་ཤེས་ཏེ།། ཉི་མ་དང་ནི་ཟླ་བའང་མཐོང་བར་འགྱུར།། བྱེ་བ་ཁྲག་ཁྲིག་ལྷ་རྣམས་དེས་མཐོང་འགྱུར། ་རྨོངས་པ་མེད་པར་སངས་རྒྱས་ཆེས་ཀྱང་སྨྲ།། དེ་ལ་པ་མ་བུ་དང་རྩ་ལག་དང་།། འཁོར་རྣམས་ཀུན་གྱིས་བསྐོར་རས་དུ་ན་ཡང་།། དེ་རྣམས་ལ་ནི་མངོན་དུ་དེ་མི་ཕྱོགས།། དེར་ན ་ཡང་དྲན་པ་ཉམས་མི་འགྱུར།། དེ་ཡིས་མདུན་ན་གཞལ་མེད་ཁང་མཆོག་མཐོང་།། འཇིགས་མེད་ལྷ་ཡི་བུ་མེ་རྣམས་ཀྱང་མཐོང་།། བསྐྱེད་མོས་ཚལ་བཞི་ཤིན་དུ་རྒྱན་སྡུག་ཅིང་།། འདེད་པ ་ཡོན་ཏན་ལྔ་ལྡན་མཐོང་བར་འགྱུར།། ཐུབ་པའི་སྐྱེ་མཆོག་རྣམས་ལ་མཆོད་བྱས་པས།། དེས་ནི་བྱང་ཆུབ་སྙིང་པོར་བདེ་གཤེགས་དང་།། དེས་ནི་བདག་ཀྱང་བལ་མོ་སྦྱར་བྱས་ཤིང་།། ལཱཀྵ ་ལྷ་མིན་རྣམས་ཀྱིས་མདུན་བདར་མཐོང་།། གུས་དང་བཅས་པར་འཇིག་རྟེན་འདྲེན་པ་མཐོང་།། དེ་དེར་ཕྱིར་ཏེ་བདེ་བར་གཤེགས་མཐོང་ནས།། དགའ་བས་དེ་ཆེ་སྤྱན་ཡང་འདྲེན་པར་བྱེད ་དེ་ཡིས་གདུགས་ཆོད་སྦྱར་ལ་སྣང་བར་མཛད། ས་སོ་རྙེད་པའི་བདེ་བས་ཚིམ་གྱུར་ནས།། འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་།། བྱང་ཆུབ་དམ་པ་མཆོག་ལ ་སེམས་ཀྱང་དགའ།། དེ་ལ་འཆི་བའི་འཇིགས་ཆེན་འབྱུང་མི་འགྱུར།། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ།། འཆི་ངས་བྱེད་ཆེ་དྲན་པ་ཉམས་མི་འགྱུར།། དེ་ལ་ཕྱོགས་རྣམས་སྣང ་བར་གྱུར་པར་འགྱུར།། སྔོན་ཆད་མ་མཐོང་གཟུགས་བཟངས་རྣམས་ཀྱང་མཐོང་།། ད་ནི་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་།། ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས།། རྒྱལ་བ་ལ་ནི་མཆེད ་པ་བྱེད་པའི་ཚེ།། དེས་ན་ཀུན་ནས་ལྷ་མོ་རྣམས་ཀྱང་མཐོང་།། ཤཱ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། སུམ་ཅུ་རྩ་གསུམ་དུ་སྐྱེས་ནས། ་ལྷའི་བུ་དེ་རྣམ་པ་ལྔ་ཡོངསུ་དག་པ་དང་ལྡན་པར་འགྱུརརོ།། ཤཱ་རཱིའི་བུ་ལྷའི་བུ་དེ་རྣམ་པ་ལྔ་ཡོངསུ་དག་པ་དང་ལྡན་པ་ཇི་ལྟ་བུ་ཞེ་ན། དེའི་ལུས་ཡོངསུ་དག་པར་འགྱུར་བ་དང་། དེ་ལྷ་མཐུ ་ཆེན་པོ་དང་ལྡན་པར་འགྱུར་བ་དང་། དེའི་དྲན་པ་དང་ཤེས་རབ་ཡོངསུ་དག་པར་འགྱུར་བ་དང་། དེའི་རྣ་བར་སྒྲ་སྙད་པར་འགྱུར་བ་དང་། དེའི་འཁོར་ཡིད་བདེ་བ་མང་བ་དང་ལྡན་པར་འགྱུར ་བའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲང་སྲོང ་མཆོད་རྟེན་མར་མེ་ཕུལ་བ་ནི།། དེའི་ལུས་ནི་རབ་ཏུའོ།། གསལ་ཞིང་།། གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་།། ལྷ་སྟོང་གི་ནི་གཙོ་བོར་དེ་འགྱུརོ།། ལྷ་ཡི་སྒྲ་དབྱངས་སྐུ ་ཅིང་ཡིད་འོང་བས།། ཇི་ལྟར་ལྔ་གཞ་དེ་བཞིན་འདི་ཡང་མཆོག། དྲན་དང་བློ་མཆོག་དང་ནི་ལྡན་པ་དང་།། འཁོར་མཚོ་ག་ཕུན་སུམ་ཚོགས་པའང་ཐོང་བར་འགྱུར།། གང་དུ་ལྔ་དུ་དེན ་འགྲེ་བ་དེར།། དེ་འགྲོ་བ་ནི་ལྷ་ཀུན་འདོད་པར་བྱེད།། གང་གིས་དེ་ལུས་འདི་ལྟ་འོད་འབར་བ།། སྔོན་གྱི་ལས་ཀྱི་འབྲས་བུ་དེ་འདྲའོ།། བསྐྱེད་མོས་རལ་གྱི་གནོན་ཤིང་གི་མིང་།། ཟླ་རེ། རིག་ཅེ ་བྱ་གཞལ་མེད་ཁང་གིས་རྒྱུན།། ཟླ་བ་ཇི་ལྟར་ཀུན་ནས་གསལ་བ་ལྟར།། དེ་ཡི་ཤིང་རྣམས་དེ་བཞིན་གསལ་བ་ཡིན།། མར་མེ་རབ་འབར་ཇི་བཞིན་རྣམ་གསལ་ལ།། ཡིད་འོང་དྲི་དང་པོཿ། ་རྣམས་གདོང་བྱེད་པ།། མེ་ཏིག་གསལ་བ་འདི་ནི་མིང་སེམས།། ལྷ་རྣམས་ངོ་མ་པར་སྟོང་སྙེད་འཛིན་པར་འགྱུར།། དེ་ཡི་འཁོར་ཚོགས་པ་ཏོག་དེ་དག་གིས།། བརྒྱད་པ་བྱས་པས་དང་། ་མཛེས་པར་འགྱུར།། བྱེ་བ་ཁྲག་ཁྲིག་ལྷའི་ནང་ན་དེ།། ཉི་མ་ཤར་བ་བཞིན་དུ་རྣམ་པར་མཛེས།། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། ་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་ནས། ལྷའི་བུ་དེ་བདག་ཡུལ་ཇི་སྲིད་ཅིག་ན། འཆི་འཕོའི་ཆོསུ་འགྱུར་བ་བདག་ཉིད་ཀྱིས་ཤེས་ཏེ། ལྷའི་བུ་དེ་འཆི་ན་རང་གི་འཁོར་དང་། ལྷའི་བུ་ག ་དག་ཀྱང་། ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས། ཡང་དག་པར་འཛིན་ཏུ་བཅུག་ནས། གནས་དེ་ནས་ཤི་འཕོས་ཏེ། ཤི་འཕོས་ནས་ཀྱང་ལོག་པར་ལྡང་བར་འགྲོ་བར་མི ་འགྱུར་ཏེ། མིའི་འཇིག་རྟེན་དུ་སྐྱེས་ན་ཡང་། རིགས་མཆོག་ཏུ་བཙུན་པ། དད་པ་དང་ལྡན་པ། སངས་རྒྱས་འབྱུང་བ་དང་ལྡན་པར་སྐྱེ་བར་འགྱུརོ།། གལ་ཏེ་སངས་རྒྱས་མི་འབྱུང་བ ་ཞིག་ལ་བབ་ན་ཡང་དེ་སྡིག་པའི་ལྟ་བ་ཅན་མ་ནི་ན་ཞིང་ཡི་མཚན་དུ་འཛིན་པ་དང་བྲལ་བའི་རིགསུ་སྐྱེ་བར་འགྱུརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ ་བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བ་ཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷ་ཡི་སྲིད་པར་བདག་ནི་ཡུན་རིང་དུ།། གནས་པར་འགྱུར་ཞེས་དེ་ཡི ་ཤེས་འདི་འཇུག། ལྷ་གཙོ་ཡིས་དེ་ཡང་རབ་ཏུ་ཤེས།། གང་ཚེ་འཆི་བའི་དུས་ནི་འབབ་འགྱུར་བ།། དེ་ཚེ་མཚན་མ་ལྔ་དག་འབྱུང་འགྱུར་ཏེ།། བྱེ་བ་དྲག་མང་ལྷ་དག་དེར་འདུ་ཞིང་།། དེ ་མངོན་སུམ་དེ་ནི་ཆོས་ཀྱང་སྟོན།། བདག་ནི་འདི་ནས་རིང་པོར་མི་ཐོགས་འཆི།། སྲིད་པ་ཐམས་ཅད་མི་རྟག་བདེ་བ་མེད།། གཞན་དག་འཆི་ཞིང་གཞན་དག་སྐྱེ་བར་འགྱུར།། ཀྱེ་མ་དག་ནི ་འཆི་བར་འགྱུར་ཞེས།། དེ་ནི་དབུས་འདུག་ཤིན་ཏུ་མི་བཟད་སྨྲ།། དེ་ཡི་མངག་གཞུག་རྣམས་ཀྱང་དེ་བཞིན་དུ།། ལྷ་གཞན་དུ་མ་སྡུག་བསྔལ་ཉམ་ཐགོ།། དེ་ནས་བདག་གི་ལྟས་ནི་ལྔ་མཐོང་ན ་དེ་ནི་རང་གི་སྟན་ལ་དགའ་མི་འཐོབ།། གནས་དེ་ནས་ནི་ལངས་ཏེ་འགྲོ་བར་བྱེད།། གཞལ་མེད་ཁང་གི་གནསུའང་དགའ་མི་སྐྱེ།། བདག་ཅག་འདི་མཐོང་ཐ་མ་དང་ཡིན་ཞེས།། དེ་བཞིན་ལྷ་མང་དུ་མ ་མྱ་ངན་ད།། དེ་ཡི་སྟན་མཆོག་དམ་པ་གང་ཡིན་པ།། དེ་ནི་ལྷའི་བུ་མོས་བླངས་ཏེ་འབུལ།། སྟན་དེ་མཐོང་ནས་དེ་ནི་རང་སྟན་ལ།། དགའ་བ་ཐོབ་པར་མ་གྱུར་དེ་ནས་ཤི།། ལྷ་ཡི་དབང་པོ་ལྔ ་གནས་ཤི་འཕོས་ནས།། མི་ཡི་འཇིག་རྟེན་དུ་ནི་མདོ་ན་བར་འགྲོ།། དེ་ཡིས་རང་ལ་ཡོད་པའི་དྲན་མི་ཉམས།། དེར་ཡང་བདེ་བར་འགྱུར་གྱི་སྡུག་བསྔལ་མིན།། སྐྱེས་ནས་རེ་རབ ་རབ་ཏུ་ངན་གྱུར་ཏེ།། སྐྱེས་མ་ཐག་ཏུ་སྔོན་གྱི་སྲིད་ཤེས།། ཉོན་མོངས་རྣམས་ཀྱིས་བདག་ལ་གནོད་འགྱུར་ཞེས།། ཤིན་ཏུ་སྡུག་བསྔལ་དེར་ཡང་དགའ་བ་མེད།། ལྔ་ཡི་འཇིག་རྟེན་ཐོབ ་པའི་དཔལ་དྲན་ལས།། མི་ཡི་འཇིག་རྟེན་ལ་ནི་བད་མི་རུང་།། མཐོ་རིས་སྡུག་བསྔལ་མི་ཡུལ་སྨོས་ཅི་དགོས།། སྲིད་པ་ཐམས་ཅད་སྙིང་པོ་མེད་ཅིང་གཡོ།། གང་དང་གང་ཚེ་ལུས་སྟོབས ་ཉམས་གྱུར་པ།། དེ་ཚེ་དེ་ནི་རབ་ཏུ་འབྱུང་བར་ངེས།། འདི་ཡང་དེ་ཡི་རྣམ་སྨིན་འགྱུར་བ་སྟེ།། རྣམ་རྟོག་སྤྱོད་པར་ནམ་ཡང་མི་འགྱུརརོ།། ད་ནི་དེ་ཡི་མར་མེ་ཕུལ་བའི་འབྲས།། དེ་དང་ང ་ཚེ་རབས་དེས་དྲན་འགྱུར།། བྱ་བའི་འོས་མིན་ལས་ནི་དེ་མི་སྤོད།། གནོད་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་།། ལོང་བར་མི་འགྱུར་ཞི་བར་མི་འགྱུར་ཞིང་།། དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན།། ནད ་།། སན་མ་ཡིན་འཇིགས་རང་སྒྲ་ལྡན་མིན།། བླུན་པོར་མི་འགྱུར་མི་ཤེས་མི་འགྱུར།། མིག་མེད་པར་ནི་ནམ་ཡང་མི་འགྱུར་ཞིང་།། དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། 2 ་གཅིག་མ་ཡིན་ཁྲོག་ལོང་མིག་མ་ཡིན།། དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར།། མིག་ནི་རིང་ཞིང་གསག་ལ་རྣམ་པར་གསལ།། སྲིད་པར་དེ་ཡི་མིག་ནི་དག་པར་འགྱུར།། ནོར ་འོད་བཟང་ལྟར་ནི་དོན་ཞིབ་ཏོགས།། བསྐལ་པ་གྲངས་མེད་དག་དུ་རྣམས་ཀྱང་དེའི།། ག་ཡི་མིག་ནི་ཡོངསུ་ཉམས་མི་འགྱུར།། དེ་ལ་མིག་ནད་དག་ནི་མི་འབྱུང་།། མར་མ་ཕུལ་བའི་རྣམ ་སྨིན་དེ་ཡི་ནོ།། དེ་བཞིན་ལག་རྩིས་གཟུགས་དང་རྟོག་གེ་རྣམས།། རྟོགས་པར་ཁོང་ཆུད་བཟོ་ལྡན་འཇིགས་པ་མེད།། དེ་ནི་མཛངས་ལ་བློ་དང་ལྡན་པར་འགྱུར།། བློ་ནི་ཤིན་ཏུ་ར་པྲ ་དོན་དམ་མཐོང་།། སྲིད་པ་དག་ལ་བྱེད་པ་མེད་པ་ལྟ། རྒྱལ་བའི་བསྟན་ལ་སྣང་བ་ཐོབ་པར་འགྱུར།། དེ་བཞིན་འ་ཇིག་རྟེན་འདྲེན་པ་སངས་རྒྱས་མཐོང་།། མཐོང་ནས་དད་པ ་མཆོད་པ་རབ་བྱེད།། གཟུགས་ཀྱི་དངོས་པོ་བཟང་དང་མཛེས་པར་འགྱུར།། མཛའ་ཤེས་དང་ནི་རྩ་ལག་སྐྱེ་བོ་དགའ།། ཕྱུག་ཅིང་སྟོབས་ལྡན་ནོར་ནི་མང་བར་འགྱུར།། མི་བྱེད་འཁོར་ན་དུ ་སུམ་ཚོགས་པ་ཐོབ།། ཇི་ལྟར་མར་མེས་མུན་པ་བསལ་ནས།། ཀུན་ལ་འོད་ཀྱིས་སྣང་བ་ཁྱབ་པ་ལྟར།། དེ་བཞིན་ཀུན་སྣང་བྱས་ནས་ལྡེངའོ།། མུན་པའི་དབང་དུ་ངེས་པར་དེ་མི་འགྲོ།། སངས་རྒྱས ་མཆོད་རྟེན་ལ་ནི་མི་གང་གིས།། སེམས་ནི་དང་བས་མར་མེ་དྲང་བ་འབུལ།། མར་མེ་ཕུལ་ངས་སེམས་ནི་རྣམ་དག་ཅིང་།། ད་ནི་འཇིག་རྟེན་རིག་པའི་མཆོག་ཏུ་འགྱུར།། བལྟ་ན་སྡུག་ཅིང ་རབ་ཏུ་མཛེས་པར་འགྱུར།། འཇིག་རྟེན་ཀུན་གྱི་དགའ་བ་སྐྱེ་བར་འགྱུར།། ལྟད་མོ་མི་འདོད་བཀྲ་ཤིས་འདོད་མ་ཡིན།། གཡོན་ཕྱོགས་ལམ་ལ་དེ་ནི་སྟེན་མི་འགྱུར།། དེ་ནི་འཇིག་རྟེན་ལོག་ལྟ་ག ་ངག་དང་།། ལམ་གོལ་གང་དག་ཡིན་པ་དེར་མི་མོས།། རྒྱལ་ཕྲན་ཙམ་གྱིས་ཆོག་པར་དེ་འཛིན་ཅིང་།། སུ་དང་ཡང་ནི་འཐབ་ཏུ་འགྲོ་མི་བྱེད།། ཚེགས་འབྱུང་མེད་ཅིང་མྱ་ངན་མེད་པར་འགྱུར ་དེ་ཡི་སེམས་ལ་ཡོངསུ་ཡི་ཆད་མེད།། དེ་ལ་ཡིད་མི་ཆེས་པར་མི་འགྱུར་ལ།། བསམ་པ་ངན་དང་གནོད་པ་བྱེད་པ་མེད།། རྒྱལ་པོའི་ཕོ་བྲང་གང་དུ་དེ་སྨྲ་བ།། རྒྱལ་པོ་དང་ནི་རྒྱལ་འཁོར་གྲག ་པར་འགྱུར།། སྒྲུབ་ལ་ནད་ཀྱིས་ནམས་ཀྱང་དེ་མི་ཐེབས།། ཟ་མར་མི་འགྱུར་མ་ནིང་འགྱུར་མ་ཡིན།། ལེགས་པར་གན་ས་ཤིང་བདེ་དང་ལྡན་འགྱུར་ལ།། དེ་ཡི་ལུས་ལ་ནད་རྣམས ་འབྱུང་མི་འགྱུར།། རྨི་ལམ་དུ་ནི་སྡིག་པ་མི་རྨི་ལ།། དེ་ས་ནི་ཇི་ལྟར་སྟོན་པ་དེ་ཚེ་ཤེས།། དེས་ནི་ཡང་དང་ཡང་དུ་གཏེ། ར་རྙེད།། བདེ་གཤེགས་མཆོད་རྟེན་མཆོད་པས་དེ་ལྟར་འགྱུར།། ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བའི་སེམས་ཅན་དེ་ནི་འདུན་པ་བཞི་འཐོབ་སྟེ།། བཞི་གང་ཞེ་ན། ལུས་ཀྱི་འདུན་པ་དང་། ལོང་སྦེད་ཀྱི་འདུན་པ་དང་། རིགས་པ ་པར་སྐྱེ་བའི་འདུན་པ་དང་། ཤེས་རབ་འཐོབ་པ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། འདུན་པ་བཞི་པོ་དེ་དག་འཐོབ་པར་འགྱུརརོ།། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲང་སྲོང་ཆེན་པོའི་མཆེ ་རྟེན་མར་མེ་ཕུལ།། དེ་ཡི་ལུས་རྫོགས་པ་དང་སྟོབས་ཆེར་འགྱུར།། དེ་ནི་ནམས་ཀྱང་རྩོད་པ་སྟེན་མི་བྱེད།། དབང་ཕྱུག་ཚུགས་པ་མེད་པ་ཕྱོགས་བཅུར་སྤྱོད།། དྲང་སྲོང་ར ་ངོའི་མཆོད་རྟེན་མར་མེ་ཕུལ།། རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་།། ཡོན་ཏན་མཆོག་ལྡན་རབ་མཆོད་ཁྱིམ་དུ་སྐྱེ།། སྐྱེས་ནས་ཚེ་རབས་དྲན་པ་ཉིད་འགྱུར།། གཡོག་འཁོར་ཕུན་སུ ་ཚོགས་པ་མཆོག་ལྡན་འགྱུར།། སྲོག་ཆགས་རྣམས་ལ་རྟག་ཏུ་སྙིང་བརྩེ་བྱེད།། རྟག་ཏུ་མི་འཚེ་ཤིན་ཏུ་ངེས་པར་འགྱུར།། རྣམ་ལྟུང་འགྲོ་བའི་ཁྱིམ་དུ་དེ་མི་སྐྱེ།། ཤཱ་རིའི་བུ་དེ་བཞིན་ག ་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། ཡོངསུ་དག་པ་བཞི་འཐོབ་སྟེ།། བཞི་གང་ཞེ་ན། ལུས་ཡོངསུ་དག་པ་དང་། ངག་ཡོངསུ་དག་པ་དང་། ཡིད་ཡོངསུ་དག་པ་དང་། མཛའ་བཤེས ་ཡོང་སུ་དག་པའོ།། ཤཱ་རཱིའི་བུ་རིགས་ཀྱི་བུ་འམ། རིག་ཀྱི་བུ་མོ་དེ་སྐྱེ་བའི་གནས་དེ་དང་། དེ་དག་དུ་སྐྱེས་པ་ན། སྲོག་གཅོད་པ་སྤོང་བར་འགྱུར་ཏེ། དེ་སྲོག་གཅོད་པ་མི་བྱེདདོ།། མ་བྷི། ་པར་མི་ལེ་ནོ།། འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་འགྱུར་ཏེ། རང་གི་ཆུང་མ་ལ་ཡང་ལོག་པར་མི་སྟེན་ཏོ།། འབྲུའི་ཆང་དང་བཅོས་པའི་ཆང་བདྲང་བ་སྤོང་བར་བྱེདདོ།། སེམས་ཅན་ས ་ཡང་དབྱུག་པ་འམ། མཚོན་ནམ་བོང་བ་འམ། ཁུ་ཚུར་འམ། མཚོན་ཆར་གྱུར་པ་གང་ཡང་རུང་བས་རྣམ་པར་འཚེ་བར་མི་བྱེད། དེ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་ལྡོག་པར་འགྱུར། ་ཤཱ་རིའི་བུ་དེ་དག་ནི་ལུས་ཀྱི་ཡོངསུ་དག་པ་ཞེས་བྱའོ།། དེ་ལ་ངག་གིས་ཡོང་སུ་དག་པ་གང་ཞེ་ན། དེ་བརྫུན་དུ་སྨྲ་བ་སྤངས་པ་ཡིན་ཏེ། དེ་མ་མཐོང་བ་འམ་མ་ཐོས་པ་རྗོད་པར་མི་བྱེད་ལ། མ ་བ་དང་ཐོས་པ་དྲིས་པ་ཡང་དུས་མ་ཡིན་པར་སྨྲ་བར་མི་བྱེད། དེ་མཐོང་བ་འམ། ཐོས་པ་དྲིས་ན་ཡང་དག་པར་སྨྲ་བར་བྱེད། དེ་བདག་གི་དོན་ནས། གཞན་གྱི་དོན་ཏུ་ཡང་རུང་སྟེ། ལོག་པར་མི་སླའོ། ་གཞན་དག་གིས་བརྫུན་དུ་སྨྲ་བ་བཅོལ་བའི་ཚེ་ཡང་དག་པར་ཤེས་ན་བདེན་པ་སྲུང་བར་བྱེད། ངག་གི་ཡོངསུ་མ་དག་པ་དེ་དག་སྤང་བར་ད་དོ།། དེ་དག་དབྱེ་བའི་ཕྱིར་འདི་ནས་ཐོས་པ་པ་བིར་མེ ་སྙེད་དེ་དག་དཔེ་བའི་ཕྱིར་པ་བི་ནས་ཐོས་པ་འདི་མི་སྲེད། འཐུན་པ་རྣམས་ནི་གཅུགས་པར་བྱེད་ཅིང་། བྱེ་བ་རྣམས་ལ་ནི་སྡུམ་བྱེ་དོ།། དེ་ངག་རྩུབ་པོ་སྤངས་པ་ཡིན་ཏེ། ངག་གང་ཞེར་འདེབ ་པ་བརླང་བ་གཞན་ལ་རྩུབ་པ། གཞན་ལ་མི་བདེ་ག་མི་སྡུག་པ། མ་འདོད་པ། མི་དགའ་བ། ཡིད་དུ་མི་འོང་བ། གཞན་ལ་གནོད་པ། ཁོན་དུ་འཛིན་པའི་ངག་དེ་ལྟ་བུ་སྤངས་དས ་ངག་མཉེན་པ། འཇམ་པ། ཡིད་འོང་བ། བདེན་པ། རྣར་སྙན་པ། སྙིང་དུ་སྡུག་པ། མཛའ་བར་འགྱུར་བ། སྐྱེ་བོ་མ་ང་པོ་མགུ་ག་སྐྱེ་བོ་མང་པོ་འདོད་པ། དགའ་བ་ཡི་དུ་འོང་བ། ་དགྲ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དེ་ལྟ་བུའི་ངག་སྨྲའོ།། དེ་ཚིག་ཀྱལ་པ་སྤངས་པ་ཡིན་ཏེ། དེ་སྤང་བར་བྱ་བ་གཞན་དང་མི་སྨྲ་བ་ཡིན། དེ་བཞིན་གྱི་ལག་རྩིས་དང་བརྡའ་སྩ ་པར་བྱེ་།། དེ་མང་དུ་སྨྲ་བར་མི་བྱེད། དུས་མ་ཡིན་པར་སྨྲ་བར་མི་བྱེད་ལ་མྱ་ངན་ལས་འདས་པ་དང་མི་ལྡན་པའི་ཚིག་མི་སྨྲ་སྟེ། དེ་ལྟར་དེ་དག་གི་ལས་ཡོངསུ་མ་དག་པ་སྤོང་བ ་ནི་ཤཱ་རིའི་བུ་དག་གི་ལས་ཡོངསུ་དགེ་པ་ཞེས་བྱའོ།། དེ་ཡིད་ཀྱི་ལས་ཡོངསུ་མ་དག་པ་སྤོང་བ་ཡིན་ཏེ། དེ་བརྣབ་སེམ་སུ་མི་བྱེད་ཅིང་དེ་གཞན་གྱི་ནོར་དང་། གཞན་གྱི་རྫས་དང ་གཞན་གྱི་ཡོ་བྱད་དག་ལ་བརྣབ་སེམས་མི་སྐྱེད།། དེ་གནོད་སེམས་མི་བྱེད། གནོད་སེམས་སྤོང་བ་ཡིནོ།། ལོག་པར་ལྟ་བ་ཡང་སྤང་སྟེ། སྡིག་པའི་ལྟ་བ་ཅན་མ་ཡིན།། ་ལྟར་ཡིད་ཀྱི་ལས་ཡོངསུ་མ་དག་པ་སྤོང་བ་འདི་ནི་ཡིད་ཀྱི་ལས་ཡོངསུ་དག་པ་ཞེས་བྱའོ།། མཛའ་བཤེས་ཡོངསུ་དག་པ་ཡང་ཐེབ་སྟེ། གང་དག་བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང ་བཅོས་པའི་ཆང་བཏུང་བ་སྤངས་པ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། ལེགས་པར་སྡོམ་པ་དང་། ཡང་དག་པའི་ལྟ་བ་ཅན་དེ་དག་ལ་སྟེན་ཅིང་གང་དུ་ཡང་། སངས་རྒྱས་བཅོམ་ལྡན ་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ལ་ཡང་སྟེན་ཅིང་བསྙེན་ལ་བསྙེན་བཀུར་བདེ། ཤཱ་རིའི་བུ་འདི་ནི་ཡོངསུ་དག་པ་བཞི་པ་སྟེ། ་མཛའ་བཤེས་ཡོངསུ་དག་པ་ཞེས་པའོ།། ཤཱ་རིའི་བུ་དེ་བ་ཞིན་གཤེགས་པའི་མཆོད་རྟེན་ལ་དབུལ་བ་ཕུལ་བས། ཡོངསུ་དག་པ་བཞི་པོ་དེ་དག་ཐོབ་པར་འགྱུ་རོ།། བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། བདེ་བར་གཤེ་གས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ་པར་སྤང་ཕྱིར ་བདེ་གཤེགས་གསུངས་པ་ལ། ལུས་དང་ངག་དང་ཡིད་ཀྱིས་ཤིན་ཏུ་བསྡམ།། ལྟ་བ་མ་རྙེད་ཚུལ་ཁྲིམས་རྣམ་པར་དག། དེ་ཡི་མིག་ནི་ཡིད་ལས་བྱུང་བ་ཡིན།། ཉེ་བཞིན་ཕྱོགས་རྣམས་ནི ་ཤིན་ཏུ་གསལ།། དེ་ཡིས་ཟག་པ་ཟད་པ་མྱུར་དུ་ཤེས།། དེ་ཡི་བློ་ནི་རྫུ་འཕྲུལ་ཚ་བར་འགྱུར།། ལྷ་མིག་རྡུལ་དང་བྲལ་ཞིང་ཟག་པ་མེད།། བློ་ལྡན་དེ་ཡིས་འཇིག་རྟེན་སེམས་རྣམས་དང་།། ་ལྷ་ཡི་མངོན་ཤེས་སོ་སོ་རིག་པ་ཤེས།། འདོད་ན་ཉན་ཐོས་བྱང་ཆུབ་རྙེད་མི་དཀའ།། མར་མེ་ཕུལ་བའི་རྣམ་སྨིན་དེ་ཡི་ནོ།། དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ།། གལ་ཏེ་སངས་རྒྱས ་བྱང་ཆུབ་འདོད་ན་འང་སླ།། བློ་ལྡན་པ་ལ་གསུམ་ཆར་ཉམས་པ་མེད།། ཤེས་རབ་མིག་ལྡན་ལོང་སྤྱོད་ཆེན་པོར་འགྱུར།། ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས ་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་ནས། སྐྱེ་བའི་གནས་དེ་དང་དེ་དག་ཏུ། འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་འཐོབ་སྟེ། ་བརྒྱད་གང་ཞེ་ན། ཤཱ་རིའི་བུ་མིག་མཆོག་འཐོབ་པ་དང་། དྲན་པ་བལྟར་མི་མཐོང་བ་འཐོབ་པ་དང་། བསྒོམ་པ་ཡོད། སུ་རྫོགས་པས་ངེས་པར་འབྱེད་པའི་ཆ་དང་འཐུན་པའི ་ལྷའི་མིག་མཆོག་འཐོབ་པ་དང་། ཤེས་རབ་ཡོངསུ་རྫོགས་པས་ཚུལ་ཁྲིམས་ཉམས་པ་མེད་པ་འཐོབ་པ་དང་། སྔོན་བསོད་ནམས་བྱས་པས་མཐོ་རིས་འཐོབ་པ་དང་། བསོད་ནམས ་ལེགས་པར་བྱས་པས་དལ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མིག་དུ་གྱུར་པས་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ཤཱ་རིའི་བུ་རིགས་ཀྱི ་བུ་འམ། རིགས་ཀྱི་བུ་མོས་མར་མ་ཕུལ་བའི་དགེ་བའི་རྩ་བ་དེས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་སྟེ། དེ་ལ་ཡང་ཞེ་འགྲས་པ་མེད་པའི་ཡིད་དང་ལྡན་ཞིང་། མཆོག་ཏུ་བལྟ ་ན་སྡུག་པར་འགྱུར་བ་འམ། ལྷའི་དབང་པོ་བརྒྱ་བྱིན་རྫུ་འཕྲུལ་ཆེན་པོ་ཐོབ་ཅིང་མིག་སྟོང་དང་ལྡན་པ་འཐོབ་པར་འགྱུར་བ་འམ། ཚངས་པའི་གནས་ལ་མཁས་པའི་ཚངས་པར ་འགྱུར་ཏེ། གྲགས་པའི་བསྟན་ཐོབ་པར་འགྱུར་བ་སྟེ། དགེ་བའི་རྩབ་བྱང་ཆུབ་ཏུ་ཡོང་སུ་བསྔོས་པས་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་པ་དེ་དག་འཐོག། ་ཡང་ཆོས་བརྒྱད་པོ་ཐོབ་སྟེ། བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་དཔག་ཏུ་མེད་པ་ཐོབ་པ་དང་། སངས་རྒྱས་ཀྱི་སྟོབས་པ་དཔག་ཏུ་མེད་པ་ཐོབ་པ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་དང་ག ་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཚུལ་ཁྲིམས་དཔག་ཏུ་རེད་པ་དང་། སངས་རྒྱས་ཀྱི་ཏིང་འཛིན་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཤེས་རབ་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་རྣམ་པར ་གྲོལ་བ་དཔག་ཏུ་མེད་པ་དང་། སེམས་ཅན་གྱི་སེམ་ས་དང་། བསམ་པ་དཔག་ཏུ་མེད་པ་ལ་འཇུག་པ་ཐོབ་སྟེ། ཤཱ་རི་བུ་མར་མེ་ཕུལ་བས་དེ་ལྟར་རྣམ་པར་སྨིན་པ་དཔག་ཏུ་མེད་པ ་ཡོངསུ་བཟུང་བ་ཡིནོ།། ཤཱ་རཱིའི་བུ་གཞན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཆོས་འཆད་པ་ན། ཀྱེ་ཨེ་མའོ་ཆོས་འཆདོ།། ཀྱེ་ཨེ་མའོ་ཆོས་རབ་ཏུ་སྟོན་ཏོ་ཞེས། མ ་དབུལ་བ་འབུལ་བ་འབུལ་བའི་མར་མེ་དེ། ཏིལ་གྱི་མར་མེར་རྗེསུ་བཟུང་བས་ཆོས་ཀྱི་མར་མེ་རྗེ་སུ་འཛིན་པར་བྱེད།། དེ་མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་དཔག་ཏུ་མེད་པ ་བརྒྱད་ཐོབ་སྟེ། བརྒྱ་གང་ཞེ་ན། དྲན་པའི་ཚོགས་དཔག་ཏུ་མེད་པ་ཐོབ་སྟེ། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་ཀྱི་ཚོགས་དང་། དད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། ཤེས་རབ ་དང་ཏིངེ་འཛིན་གྱི་ཚོགས་དང་། སྤྲོས་པའི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཐོབ་སྟེ། ཚོགས་དཔག་ཏུ་མེད་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུ་རོ།། སོ་སོ་ཡང་དག ་པར་རིག་པ་བཞི་ཡང་ཐོབ་སྟེ། རིམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་འགྱུ་རོ།། ཤཱ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ལ། དེ་དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བ་བྱས་པའི་དགེ་བའི་རྩ་བ་དེས། ཆོས་མཆོག་ཏུ་བྱུང་བ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མཆོག་ཏུ་འབྱུང་བ་པོ ་པ་དང་། གཡོག་འཁོར་མཆོག་ཏུ་འབྱུང་བ་ཐོབ་པ་དང་། ཚུལ་ཁྲིམས་མཆོག་ཏུ་བྱུང་བ་དང་། ལྷ་དང་མི་རྣམསུ་སྐྱེ་བ་མཆོག་ཏུ་བྱུང་བ་དང་། དད་པ་མཆོག་ཏུ་བྱུང་བ་དང་། སྤོབས་པ ་མཆོག་ཏུ་བྱུང་བ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་འབིགས་པའི་ལམ་ཐོབ་པ་དང་། བྱང་ཆུབ་མངོན་པར་རྫོག་ས་པར་འཚང་རྒྱ་བའོ།། ཤཱ་རིའི་བུ་དེ་ཅིའི་བར་དཔག་ཏུ་མེད་པ ་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པ་ལ་དེས་མ་ཆོད་པའི་འབྲས་བུ་དཔག་ཏུ་མེད་པའི་པིར་ཏེ། ཕན་ཡོན་དང་། ག་ཏུ་མེད་པ་ཡིནོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི ་སྐད་དུ། བརྩམ་བྱོས་མངོན་པར་འབྱུང་བར་གྱིས།། སངས་རྒྱས་བསྟན་ལ་བརྩོན་པར་བྱོས།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་རྣམས་གཞོམ་པར་གྱིས།། ཤེས ་ཆེ་བརྗོད་པ་དེ་ཆེ་བརྗོད་པ་མཛད།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ལྔ་པོ་འདི་ནི་མཆོག་ཏུ་རྙེད་པར་དཀའ་བ་སྟེ།། ལྔ་གང་ནི ་ན་མིར་སྐྱེ་བ་ཐོབ་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། དེ་ལ་མངོན་པར་དགའ་བ་དང་། ཚུལ་ཁྲིམས་ཡོང་སུ་རྫོགས་པ་དང་། ཟག་པ་ཟད་པ་སྟེ། ་། བུ་ཆོས་ལྔ་པོ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་མཆོག་ཏུ་རྙེད་པར་དཀའ་བ་ཡིན་ཏེ། དེ་དག་ནི་ཁྱེད་རྣམས་ཀྱིས་ཐོབ་ཟི་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ ་ཏེབདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་དོན་ཕྱིར་སེམས་ཅན་ཕན་འདོད་པས།། བདེ་གཤེགས ་མཆོད་རྟེན་དབུལ་བ་འདིར་ཕུལ་ནས། མཁས་པ་དེ་ཡིས་བྱིས་པའི་ལས་དེས་ནི།། ཚེ་རབས་ཀུན་ཏུ་ཁྱད་པར་ཅན་དུ་འགྱུར།། འདི་ནས་ཤི་འཕོས་ལྷ་མེས་བསྔགས་པ་ཡི།། ཡང་སྲིད ་དམ་པ་དེ་ནི་ཐོབ་པར་འགྱུར།། རི་རབ་བཞིན་དུ་དེ་ནི་མིག་ཡོ་ལ།། འོད་ཟེར་དག་གིས་ཕྱོགས་ཀུན་སྣང་ཞིང་མཛེས།། ལྷ་ཚོགས་རྣམས་ཀྱིས་མཐོང་ནས་གུས་དང་བཅས། ་མཆོག་ཏུ་གུས་པས་དེ་ལ་དག་པ་སྐྱེད།། བསྟོད་པ་བྱེད་ཅིང་དེ་ལ་མཆོད་པ་བྱེད།། ཡང་དང་ཡང་དུ་ལྟ་བས་ངོམས་པ་མེད།། བསོད་ནམས་མཚན་བྱས་དོ་ནི་ལྷས་མཆོད་འ ་ཚངས་པའི་གནས་ན་ཚངས་པ་མཛེས་པ་འདྲ།། ཅི་ཡི་ལས་ཤིག་ངེས་པར་དེས་བསྟེན་ན།། གང་གིས་དེ་ཡི་ལུས་ནི་ཤིན་ཏུ་མཛེས།། འདི་ན་བསོད་ནམས་མི་འདོད་སུ་ཞིག་ཡོད།། འཕག ་ངའི་ཚུལ་ཁྲིམས་མཁས་པ་སུ་མི་སྟེན།། ཐུབ་པ་མཐོང་ན་ལྟ་བས་མི་ངོམས་ཏེ།། ཆོས་ཐོས་ནས་ནི་སུ་ཞིག་བག་མི་བྱེད།། མིའི་འཇིག་རྟེན་གནས་ཚེ་དེ་ཡིས་ནི།། བདེ་གཤེགས ་མཆོད་རྟེན་མར་མེ་ཕུལ་བྱས་ཤིང་།། བདེ་བར་གཤེགས་ཀྱི་བསྟན་ལ་གནས་བྱས་པས།། འདི་ན་ལྷ་མཆོག་རྙེད་པ་ལེགས་པར་རྙེད།། མི་ཡི་ལུས་ནི་བདག་གི་ཐོབ་གྱུར་ཅིག། རྒྱལ ་ངའི་བསྟན་ལ་དད་པ་མཆོག་ཐོབ་ཤིག། གལ་ཏེ་བག་མེད་གྱུར་ན་ལུས་འདོར་གྱི།། ཆོས་ཀྱི་དམ་པ་འདོར་བར་ཡང་མི་འགྱུར།། མི་ལུས་སྙེད་པར་དཀའ་བ་ཐོབ་གྱུར་ན།། བླུན་རྣམས ་ཅི་པིར་རང་གི་དོན་མི་བྱེད།། བདེ་གཤེགས་བསྟན་ལ་གནོད་བྱེད་སེམས་ལྡན་ན།། ཤི་ནས་གཡང་ས་ཆེན་པོར་ལྟུང་བར་འགྱུར།། དེ་ཡི་འབྱོར་པ་རྒྱལ་ཆེན་ལྷས་ཐོས་ནས།། སྐྱེ་བ་སྐྱེས ་ཏེ་སྨོན་ལམ་འདེབས་བྱེད་པ།། མི་ཡི་ལུས་ནི་བདག་གིས་ཐོབ་གྱུར་ཅིག། ལེགས་དོན་གྱུར་ནས་ཚངས་སྤྱོད་བདག་སྟོན་ཤོག། འཆི་བའི་དུས་བྱེད་ཚེ་ཡང་དེ་བཞིན་དུ།། ཆོས་ལ་ཕན ་ཞིང་སེམས་ལ་གསལ་གྱུར་ཅིག། ལྷ་སྟོང་བྱེ་བ་ལྷ་མོར་བཅས་པ་ཡིས།། དེ་ནི་བདག་གི་ཡིན་ཞེས་དགའ་བར་བྱེད།། ལྷ་ཡི་བུ་མོ་ཡིད་འོང་བརྒྱན་པ་རྣམས།། བསྐྱེད་མོས་ཚལ ་བཞིར་དེ་ནི་རྩེ་བྱེད་འཇུག། ཡིད་དུ་འོང་བའི་སྤོས་ངང་ཀུན་ན་ས་ལྡང་།། གླུ་དབྱངས་སྙན་པའི་སྒྲ་ཡང་ཐོས་པར་འགྱུར།། བསྔགས་པའི་ལྷ་དེ་ག་ལས་གར་འགྲོ་བ ་དེར་ནི་གཟུགས་བཟང་རྣམས་ཀྱང་མཐོང་།། མི་སྡུག་གཟུགས་ངན་ནམས་ཀྱང་མི་མཐོང་སྟེ།། རྒྱལ་བའི་མཆོད་རྟེན་མར་མ་ཕུལ་བས་འགྱུར།། དེ་ནས་ཤི་འཕོས་མི་ཡི་སྲིད་པ་འདི ་དྲན་དང་ལྡན་ཞིང་མ་ཡིས་མངལ་ན་གནས།། བཅས་ནས་གང་ནས་ཤི་འཕོས་ཚེ་རབས་དྲན།། འཕགས་པའི་ཡེ་ཤེས་སྟོབས་ལས་ཉམས་མི་འགྱུར།། ངདེ་གཤེགས་མཆོད་རྟེན་མ ་མེ་བྲལ་བྱས་པས།། དེ་ཡིས་ལས་བྱས་པ་ནི་དེ་ཉིད་ཀྱིས།། འཁོར་ལོས་སྒྱུར་བའི་མི་བདག་སྟོབས་ཆེན་ལྡན།། ཡིད་འོང་གཟུགས་བཟང་བལྟ་ན་དགའ་བ་འགྱུར།། དེ་ཡིས་ལས ་། བྱས་པ་དེས་ཚེ་རིང་འགྱུར།། གཅིག་ཏུ་དག་པ་ཉིད་ཀྱིས་བདེ་དང་ལྡན།། དེ་ཡི་ལུས་ནི་ནད་ཀྱིས་སྙམ་མི་སྤངས།། མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན།། བདེ་བར་གཤེགས་ལ ་མར་མེས་མཆོད་བས་པས།། རྐུན་པོའི་གནོད་མེད་རྒྱལ་པོའི་ཆད་པ་མེད།། གཤེད་མ་མེད་ཅིང་ཆུང་མའི་བྱི་བོ་མེད།། དེ་ནི་ལས་ཀྱིས་རྣམས་ཀྱང་གཅ་མི་འགྱུར།། བདེ་ཞིང་ལོ་ལེགས་གང ་དུའང་འཇིགས་པ་མེད།། རྟག་ཏུ་འབྱོར་ཅིང་ལེགས་འབྱོར་ནོར་འབྲུ་ལྡན།། དེ་ཡི་བསྐྱེད་མོས་ཚལ་མཆོག་འཕྲེང་བ་དང་།། ཚལ་དང་ཤིང་བྲན་ལོ་མ་སྣ་ཚོགས་བརྒྱན།། དེ་ཡིས་འཇིག་རྟེན ་གཙོ་བོ་སངས་རྒྱས་མཐོང་།། མཐོང་ནས་ཀྱང་ནི་མཆོག་ཏུ་དཔའ་འགྱུར་ཏེ།། དེ་དག་རྣམས་ལ་གུས་པར་དེ་མཆོད་བྱེད།། རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་སྟེན།། བསྔགས་པ་མཐའ ་ཡས་གཟིགས་པ་མཐའ་ཡས་ཤིང་།། མཐའ་ཡས་བློ་ལྡན་བདེ་གཤེགས་མཆོད་རྟེན་ལ།། མར་མེ་ཕུལ་བས་མཐའ་ཡང་ས་བློ་ལྡན་འགྱུར།། མར་མེད་བཞིན་དུ་ཕྱོགས་རྣམས ་ཀུན་ཏུ་གསལ།། མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི།། མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི།། བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས།། དེ་ཕྱོགས་ཀུན་ཏུ་མར་མེ་བཞིན་དུ ་གསལ།། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན།། རྣམ་གྲོལ་བློ་མངའ་སྟོབས་བཅུ་རྣམས་ལྡན་ཞིང་།། དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་བྱོན།། ཀུན་ནས་སྤྱན་ལྡན་བདེ་བར་གཉི ་པར་འགྱུར།། ཕྱོགས་རྣམས་དག་ན་བགྲང་བྱས་འཇིག་རྟེན་ཁམས།། གང་དག་ཇི་སྙེད་ཡོད་པ་མ་ལུས་པ།། མར་མེ་ལྟ་བུར་མེ་ཡི་རྒྱུ་ཡིས་ནི།། མ་ལུས་པ་དག་རྟག་ཏུ་སྣང་བྱས་འགྱུར།། བདག ་ཞིང་ཆེ་ལ་མར་མེ་ཕུལ་བ་ལས།། མཐུ་འབྱུང་གང་ཡིན་དེ་ནི་དེ་ཡིན།། མར་མེ་འདྲ་བ་དག་ལ་སེམས་ཅན་ཀུན། ལྷག་བྱས་གལ་ཏེ་མཐུ་ཆེན་དོན་དམ་མཐོང་།། རང་རྒྱལ་རྣམསུ་གྱུར་ལ་དམ ་ཕྱིར།། གཅིག་འགས་མར་མེ་འབར་བར་བྱས་གྱུར་ལ།། མར་མེ་སྐྱེང་བ་རི་རབ་ཙམ་པས་ཤིང་།། དེ་ཡིས་འཇིག་རྟེན་མ་ལུས་སྣང་བྱེད་ལ།། རྣམ་པ་དེ་འདྲས་མཐའ་ཡས་ཕྱོགས་ཀུན་ཏུ།། ་གལ་ཏེ་མར་མེ་དབུལ་བར་བྱེད་གྱུར་ལ།། རང་རྒྱལ་བྱང་ཆུབ་ཏུ་ནི་སྨོན་སེམས་ཀྱིས།། བསྐལ་པ་བརྒྱ་ཕྲག་མཐའ་ཡས་འབར་བར་བྱེད།། གང་ཞིག་བྱང་ཆུབ་ཕྱིར་ནི་སྨོན་སེམས་ཀྱིས།། ་མཆོད་རྟེན་མཆོག་ལ་རྩ་མོས་གསལ་བྱེད་ན།། དེ་བས་དེ་མ་ཆོག་འབྲས་བུ་ཆེས་ཆེ་ཞིང་།། དོན་དམ་གཟིགས་པ་སངས་རྒྱ་ས་རྣམས་གསུང་།། ཕྱོགས་བཅུའི་སྐྱེ་བོ་གང་དག་དཔ ་མེད་པ། རང་སངས་རྒྱས་ཉིད་མངོན་པར་འདོད་པའི་ཕྱིར། རེ་རེས་དེ་བཞིན་མར་མེ་རྣམས་ཕུལ་ཞིང་།། བསྐལ་པ་གྲང་མེད་དེ་དག་འབར་བྱེད་ལ།། འཇིག་རྟེན་ཆ་དུ་བདེ་གཤེགས ་ཉིད་འདོད་ཅིང་།། གང་ཞིག་འཇིག་རྟེན་དམ་པའི་མཆོད་རྟེན་ལ།། མར་མེ་འབུལ་ལམ་ལན་ཅིག་ཕྱག་འཚལ་ན།། དེ་བས་འདི་བསོད་འབྲས་བུ་ཁྱད་པར་འཕགས།། སངས་རྒྱས་སྤོད་ཡུལ ་མཐོང་དཀའ་བས་མི་ཁྱབ།། ཐོས་ནས་དང་དང་དགའ་བ་སྐྱེད་པར་བྱེད།། དང་མེད་ཆོས་མཆོག་མ་ཐོབ་བྱིས་པ་རྣམས།། ཞུམ་ནུམ་པོར་ནི་ཤིན་ཏུ་བྱེད་པར་འགྱུར།། དེ་ཕྱིར་འཇིག་རྟེན་ཀུན་མན ་གང་ཡིན་པ།། ངག་ཆོས་སྤྱོད་ཡུལ་ཅན་རྣམས་རྙེད་དཀའ་བས།། ཐུབ་རྣམས་སྨན་སྔར་ཤིན་ཏུ་དང་སེམས་ཀྱིས།། སངས་རྒྱས་ཉིད་ཀྱི་ཆེ་སྨོན་ལམ་ཐོབ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་ནས།། ཚེ་དང་ལྡན་པ་ཤཱརི་ལ་བུ་དང་། ཐམས་ཅད་དང་ལྡན་པའི་འཁོར་ད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་མི་རངས་ཏེ། བ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་མར་མ་དངུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པ་པྲཛྙཱ་ཝར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་སྦྱར་ཅིང་ནུས་ཏེ། གཏན་ལ་ཕབ་བོ།། ། རྒྱ་གར་སྐད་དུ། ཨཱརྱ་ཀརྨ་ཨཱ་\ུ0f7f ་