CLOSE WINDOW

L508: dpal nag po chen po'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་ཡུལ་ནས་བསྣམས་ནས་བྱོན།། རྒྱལ་བའི་འབྱུང་གནས་ལ་བཏང་བ་ཡིན། རྒྱུད་འདི་བསམ་པས་གྲུབ་པ་ཡིན།། རྒྱ་གར་སྐ་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏནྟེ། འོད་སྐད་དུ། དཔལ་ནག་པོ་ཆེན་པོ་རི་རྒྱུད། དང ་གི་རྟ་མཆོག་སྐུ་ལ་ཕྱག་འཚལོ།། འདི་སྐད་བདགི་ཐོས་པ་དུས་གཅིག་ན། ཤར་ལྷོའི་དུར་ཁྲོད་ཆེན་པོ་ཧ་ཧ་དྲག་ཏུ་དགོད་པའི་གནས་ཤིང་ཅན་གྱི་ནག་ཆལ་རབ་ཏུ་དགའ་བའི་མིང་ཞེས་བྱ་བ་མི་མ་ཡིན་པོ་ས ་མང་པོ་འདུས་པའི་ཕྲོད་ད། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་བི་ན་ཡ་ཀ་ལ་སོགས་ཏེ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན་སྐྱེ་འགོ་སེན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པའི་ནག་པོ་ཆེན་པོ་ཞེས ་བ་གཅིག་ཡོད་དེ། དེའི་ཚེ་དེའི་དུས་ན་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་མཐར་བྱེད་རྟའི་རྒྱལ་པོ་ཞེས་བྱ་བ་རྒྱལ་པོ་ཆེན་པོ་ཆེན་པོ་བཞི་ལ་སོགས་པའི་འཁོར་གྱིས་བསྐོར་ཏེ། དག་པ་ཅན་འདུལ་བའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ལུ་ཧུ་ལུ་ཧཱུཾ་བཾ་ཞེས་བརྗོད་པས།། དུར་ཁྲོད་ཧ་ཧ་དག་ཏུ་དགོད་པའི་གནས་ནས་ནག་པོ་རང་དབང་མེད་པར་འཆར་བྱེད ་རྣའི་རྒྱལ་པོའི་མངོན་དུ་བྱུང་སྟེ་ལས་ཅིག་བྱ་ཟེར་ཞིང་རང་རྟགས་སྲོག་གི་སྙིང་པོ་འདི་མདོང་གསོལ་དུ་ཕུལ་བ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀཱི་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཞེས་པུའོ།། དཔལ་ནག་པོ་ཆེན་པོའི་རྒྱུད་ལྔ ་གླང་བཞི་རི་ལེའུ་སྟེ་དང་པོའོ།། དེ་ནས་རྒྱལ་པོ་མིག་མི་བཟང་གི་མཐར་བྱེད་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་པདྨ་ཁྲོས་པའི་བདག། ནག་པོ་ཆེན་པོ་དྲག་ཤུལ་ཅན།། གསང་བའི་སྒྲུབ ་པི་བཤདུ་གསོལ། མགོན་པོ་བསྒྲུབ་པར་བྱ་བ་གང་།། གསད་ཅིང་ལུས་སྲོག་དབྱེ་བ་དང་། མ་གྲུབ་ཤིས་བསྟན་པ་དང་།། མགོན་པོའི་རྟགས་དང་སར་བ་རྣམས།། རྟ་མཆོག་ཆེན་པོས་བདག་ལ་ག ་ཞེས་ཞུས་པས།། དེ་ནས་པདྨ་ཁྲོས་པ་ཡིས།། ནག་པོའི་སྒྲུབ་ཐབས་ཆེ་དུ་བརྗོད།། དམ་ཚིག་ལྡན་པའི་སྔགས་པ་ཡིས།། སངས་རྒྱས་བསྟན་པ་སྲུང་སྨད།། གཟའ་སྐར་ཚེས་གྲངས་ཤིས་པ་ལ། དུར་ཁྲོད ་ལ་སོགས་ཤིང་གཅིག་ཏུ།། བསོད་ནམས་ཚོགས་ནི་བསགས་བྱས་ལ།། ནག་པོ་ཆེན་པོ་བསྒྲུབ་པར་བྱ།། ཕུངས་ས་འམས་ནག་དག་ལ་ནི།། སྔགས་བུ་གྲུ་བཞི་བྱས་ནས་ནི།། དྲི་སྤོས་ཁྲག་ཆག་ཆག་བྱ།། དབུས ་གྲུ་གསུམ་ཟླ་ཁམ་ལྡན་ཕྱི་རོལ་པདྨ་འདབ་བརྒྱད་བྲི།། དེ་དབུས་ཟོད་ཆེན་ནང་དུ་ནི། ཤ་ལྔ་སྙིང་སྣས་རྒྱན་པ་ཡི།། གཏོར་མ་བཤོས་བུ་ཁྲུ་གང་ཚད།། ང་ལ་མདར་གཟུགས་དམར་ནག་དང་། གྲི་སྣང་ཙ ་།། ལི་ཡང་གཟུགས།། དེ་ཉིད་མགོན་པོའི་རྟེན་དུ་བཞག། ཌ་མ་རུ་ཡི་ལྤགས་པའི་ནང་།། མགོན་པོའི་སྲོག་སྔགས་བྲི་བར་བྱ།། ལྔ་ཡི་ནང་དུ་བླ་རྡོས་དི་ལ།། སྤོས་དང་རྒྱུན་གཏོར་བར་བྱ།། དཀོན་མཆོག་སྤྱི་ལ ་མཆོད་པ་བཤམ།། དེ་ནས་པདྨར་བདག་བསྒོམས་ལ། ཐུགས་ཀརི་ནཱི་ལས་འོད་འཕྲོས་པས། བླ་མ་སངས་རྒྱས་ལ་སོགས་པ།། རང་གི་མདུན་དུ་བསམ་བྱས་ལ། མཆོད་པ་རྣམས་ལྔ་དབུལ་བར་བྱ།། རྣམ་དག་ལུན ་གྱི་འོག་ཏུ་ནི།། ཚད་མེད་བཞི་པོ་བསྒོམ་པར་བྱ།། བཏང་སྙོམས་ལ་སོགས་བཻ་ར་ཏྲི། པད་སྟེངས་ཡི་གེ་ཧཱུཾ་ལས་ནི། ནག་པོ་ཞལ་གཅིག་ཕྱག་དྲུག་པ། གྲྀ་གུག་ཕྲེང་བ་ཌ་མ་རུ།། ཐོད་པ་མདུང་དང་ཞགས་པ་བསྣམས ་གཡས་གཡོན་རིམ་པས་བསྣམས་པའོ།། སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན།། སྐུ་སྨད་པ་ཉི་ཁྲ་བོ་གསོལ།། སྟག་ལྤགས་ཞིང་གི་ཤམ་ཐབས་ཅན།། གཏུམ་པོ་སྤྱན་གསུམ་མ་བཙིགས ་བར་དྲི་ཡི་ཐིག་ལེས་རྒྱན།། སྤྱི་གཙུག་མི་བསྐྱོད་སྦྲུལ་སྐུ་བརྟན།། དེ་ལྟར་བ་ངག་མདུན་གསལ་བསྒོམས་ནས།། སྤྱན་དྲངས་མཆོད་དང་བཟླས་པ་བྱ།། གཏོར་མ་པཱུ་ཛ་ལ་སོགས་པས།། ནག་པོ་ཆེ་ལ ་སྦྱིན་པར་བྱ།། མགོན་པོའི་ཐུགས་ཀའི་ཧཱུཾ་ལ་ས་ནི། སྲེག་ཡིག་གཡས་ནས་བསྐོར།། ཁོང་ཡུག་དག་གོས་བཟླ་བར་བྱ།། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀཱ~ཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ཧཱུཾ་ཧཱུ~ཾ་ཕཊ། དེ་སྐད་ཅེས་ནི་རབ་བརྗོད་པ ་རྣལ་འབྱོར་བར་ཆད་བྱེད་པ་རྣམས།། ནག་པོ་གྲུབ་པའི་རྟགས་རྣམས་འབྱུང་།། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་བསྙེན་ཅིང་སྒྲུབ་པ་རི་ལེའུ་སྟེ་གཉིས་པོའི།། ། དེ་ནས་ཡང་དག་བཤད་བྱ་ག། སངས་རྒྱས ་བསྟན་པ་བཤིག་པ་དང་། ནག་པོ་ཆེན་པོས་བསྒྲལ་འདོད་ན།། སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་། དྲག་པོ་ཨི་ན་རི་ནང་དུ་ནི།། ཕོ་མོ་རབས་ཆད་ཐོད་པའི་ནང་།། གཟུགས་ནི་སྤྲ་ཚིལ་དག་ལ་བྱ།། མིང་རུས་དག་ནི ་བཀོད་ནས་ཀྱང་།། བསད་དང་ན་བསྐབས་དང་སྦྱར།། མགོན་པོའི་སྐུ་དང་དམ་རྫས་རྣམས།། ཁ་དང་ཁ་ལ་བགོད་པར་བྱ།། བག་ཐོད་ནང་དུ་ཐུན་རྫས་བླུགས།། རྟག་གཏོར་རྒྱུན་གཏོར་གཡས་དང་གཡོན།། གས ་སྔགས་འདི་ཡིས་བསད་པར་བྱ།། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀཱི་ཀྵེ་ཏྲྀ་བིཾགྷྣ་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས~ཾས་ན་ཨུ་པ་ཧ་རི་ཎི་ཨཻ་ཥ་ཨ་པ་ཤྩ་མ་ཀ་ལོ་ཨ་ཡཾ་ཨོཾ་དཾ་རཏྣ་ཏྲ་ཡ་ཨ་བ་ཀ་རི་ཎ་ཡ་དི་པྲ ་ཏི་དྷཱ་སྨ་ར་སི་ཏད་ཨི་དཾ་དུཛྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷེ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། བ་ཙ་བ་ཙེ། དི་ན་མེ་ཀ་ན་དགྲ་བོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུ~ཾ་བི་ནཱ་ཡ་ཀ་བི་ལས་ཏྲཾ་བི་ཧྲི་ཧྲཱི་ཛི་སི་མ་བུ ་ནཱ་ཡེ་ཀ་ཨ་མུ་ཀཾ་བྲི་སྲོག་ཧུར་ཐུམས་ཛ་མཱ་ར་ཡ་རྦད། དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ།། ཞག་བདུན་བར་དུ་སྨ་མི་བྱ།། དེ་ལ་རྟགས་རྣམས་རྫོགས་པར་འགྱུར།། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལུས ་སྲོག་དབྱེ་བའི་ལེའུ་གསུམ་པའོ།། །། དེ་ནས་ཡང་དག་བཤང་བྱ་བ་ལ་ས་མཐའ་སྦྱིན་སྲེག་དགིས་བརྟུལ།། པཱུ་གསུཾ་དབུ་སུ་གདུག་པའི་ཤིང་།། དབུ་སུ་ནག་པོ་འཁོར་བཅས་བསྐྲད།། ལི ་གཏེར་མ་དམ་རྫས་རྣམས།། ནག་པོའི་ཞལ་དུ་དབུལ་བར་བྱ།། སྔགས་འདི་བསྲེག་པར་བྱ།། ཨོཾ་གྣ་ཛྭ་ལ་ར་ལ་རྫོགས།། ཐལ་བ་རླུང་དམར་ངག་ལ་བསྐུར།། ཨ་མུ་ཀ་ནཾ་མྱུར་དུ་རློག།། དཔལ་ནག་པོ་ཆེན་བེའི་རྒྱུ ་ལས་མཐར་རྡུལ་བའི་ལེའུ་སྟེ་བཞི་པའོ།། དེ་ནས་ཡང་དག་བཤད་བྱ་བ།། དེ་ལྟར་བསྒྲུབས་ཀྱང་མ་གྲུབ་ན།། གཅིག་དང་གཉིས་ལ་ནན་ཏན་བསྐྱེད།། དེ་ལྟར་བྱས་ཀྱང་མ་གྲུབ་ན།། ས་གསུམ་ཁྲག་གསུཾ ་དུག་གསུམ་ལཾ། ཁྲུ་གང་བ་ཡི་གཟུགས་ཀྱི་ཆེ།། གྲུ་གསུམ་དབུསུ་ནག་པོའི་གཟུགས།། སྤྱི་ཚར་དག་ཏུ་ལྡིང་དུ་གཙུག། བྲིས་སྐུ་དེ་རྫས་བླ་རྡོ་རྣམས།། རང་གི་གྲུ་གསུཾ་བལ་གྱི་འོག། དུག་དང་ཚེར་མ ་ནས་དགའ།། ཐུན་རྫས་བྲབ་ཅིང་སྔགས་འདི་བཟླས། ཨོཾ་བཛྲ་ཀྲོ་དྷ་\ུ0f7f་ཡ་གྲི་བསྟུ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཕཊ་ཧཱུ་དྷཱ་ཀ་ཡ་ནཱ་བིཙྪ་བི་ཏྲ་ཀྵེ་ཀཱི་ལ་ཀ་ཧཱ་མ་འཛྲ་མོ།། ད་གང་བརྗོད་ཅིང་ཐུན་གྱིས་དྲག། ་ལ་རྟགས་རྣམས་རྫོགས་པ་དང་།། དེ་ནས་གསོ་བའི་ཆོ་ག་བྱ།། བྲིས་སྐུ་བླ་རྡོདམ་རྫས་རྣམས།། སྤོས་ཆུས་བཀྲུ་ཞིང་སྔགས་འོད་བཟླས། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵཾ་ཀྵེ་ཏྲཾ་འི་བྷྲཾ་བི་ནཱ་ལ་ཀཧཱུཾ་ཧཱུཾ་ཕཊ་སོས་སོས ་སྭཱ་ཧཱ། དེ་སྐད་བྱས་ལ་གན་སུ་ནི། མགོན་པོའི་གཟུགས་ཀྱང་སྤོས་ཆུས་བཀྲུ།། གྲུ་གསུཾ་དབུ་སུ་བླངས་བྱས་ལ།། དགྲ་བོའི་མི་རུས་སྙིང་ཁར་གཞུག། ཞག་བདུན་བསྒྲུབ་སེ་ལ་དག་ལ་སྐྱེལ།། ཨ་ནུ་ཀ་ནཾ་བྱུང ་དུ་བརླག།། དཔལ་མགོན་པོ་ནག་པོའི་རྒྱུད་ལས་མ་གྲུབ་ན། སྔོ་གས་པའི་ཚིག་དང་གསོ་བའི་ལེའུ་སྣ་ལྔ་པའོ།། དེ་ནས་ཡང་དག་བཤང་བྱ་བ།། བྱ་དགའི་ཕུར་ཞིང་ལྡིང་བ་དང་།། མིན་པ་ཨ་ཙིར་ད་ནི ་དགེ་བཤེས་བནྡེ་སློབ་དཔོན་དང་། འོད་དང་སྒྲ་དང་ཁང་པ་འག། མགོན་པོའི་སྐུ་དག་དངོསུ་མཐོང་།། དགྲ་ལ་དམག་དྲངས་སེན་སད།། མི་ནག་དག་ལ་སྙིང་སྟོབས་དང་།། མཛེ་བོ་དང་ནི་སྤ ་བོ་དང་། བ་ནག་ལ་ལྷུང་བ་འབྱུང་།། དཔལ་མགོན་པོ་ནག་པོའི་རྒྱུད་ལས་རྟགས་ཀྱི་རིམ་པའི་ལེའུ་སྟེ་དག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སེར་བ་དབབ་པའི་ལས་བྱ་ན། མོན་ནམ་མཛེ་ཅན་ཐོང་བ ་རུ་ཧ་འཁོར་ལོ་རྩིབས་བཞི་བྲིས་ནས་ཀྱང་།། རིགས་ལྔ་ཀླུ་ཡི་ས་བོན་དགོད།། རྩིབས་མཚན་སེར་སྲུན་མིང་རུས་དང་།། ཡུལ་དུ་ཕོབ་ཅེས་བྱ་བ་བྲི།། དེ་མཐར་འཁོར་ལོ་རྩིབས་དགུ་ལ།། དྲེགས་པའི་སྔགས་དག ་བྲི་བར་བྱ། རྒྱབ་ཏུ་གང་ཡིན་ཡུལ་མིང་དང་།། རླུང་གི་སྟོང་འ་བྲི་བར་བྱ།། བདག་ཉིད་པདྨ་ཁྲོས་པར་སྒོམ།། གསང་སྔགས་འདོ་ལས་གནད་ལ་བོར།། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵི་ཀྵེ་ཏཱི་གྷྲྀ་བི་ནཱ་ཡ་ཀ་ཧཱུཾ་ཧཱུ~ཾ་ཕཊ། ་ནཱ་ག་སྙིང་གཟེར།། ཕུ་ཧུར་ཐུམས་རྔ་ཁྲོ་ཤར་ཧྲིལ་བྷྱོ། ད་སྐད་ཅེས་ནི་རབ་བརྗོད་ལ།། ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་།། ཁྲག་དང་དུག་གིས་ཐོབ་པར་བྲག།། ལོ་འབྲས་རླུང་ཁྱེར་རྟགས་བྱུང་ན།། དགྲ་ཡི་ཡུམ ་དྲ་དབབ་པར་བྱ།། གལ་ཏེ་འཇིག་རྟེན་ཕུང་པོའོ།། དཔལ་མགོན་པོ་ནག་པོའི་རྒྱུད་ལས།། སེར་བ་དབབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་དག་ངེས་གསུངས་པ།། ཨེ་མ་འཁོར་འདུས་ངོ་མཚར་ཅན། ་མི་འོངས་དམ་ཅན་སྒྲུབ་བྱེད་ན།། དམ་ཚིག་ལ་གནས་སྡོམ་པ་གཟུང་།། གཏོར་མ་དག་ལ་བརྩོན་པར་བྱ།། དམ་རྫས་བླ་རྡོ་ལུས་ལ་བསྲེལ།། ཞེས་གསུངས་པས་རྒྱལ་པོ་མིག་མི་བཟངས་ལ་སོགས་པའི་འབོ ་རྣམས་ཡི་རངས་ནས་ནག་པོ་ཆེན་པོས་བསྟན་བ་སྲུང་བར་ཁ་ས་བླངས་ནས་མི་སྣང་བར་གྱུར་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལེའུ་བརྒྱད་པ་རྫོག་སྷོ།། ། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ ་བཛྲ་དང་། འོད་ཀྱི་ལོཙྪ་བ་བུང་བུ་འོད་ཀྱིས་བསྒྱུང་འོ།། རྒྱ་གང་སྐད་དུ། ཨརྒྷ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་མ་དྷ་ར་ཎི། འོད་སྐ་དུ། འཕག། ས་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུང། ས ་