CLOSE WINDOW

L507: tshogs kyi bdag po chen po'i rgyud ces bya ba
Wyliee-texts produced with BDRC’s OCR application

པ་ལ་མངོན་པར་བསྟོད།། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྫོགསོ།། རྒྱ་གར་སྐད། མ་ཧཱག་ཙ་པ་ཏི་ཏན་ཏྲ་ན་མ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་རྒྱུས་བྱ་བ་འཇིལ ་རྟེད་དབང་ཕྱུག་ལ་ཕྱག་འཚལོ།། དེ་ནས་དང་ལྡན་ཚོགས་བདག་ཆ།། ཕྱག་འཚལ་དང་ལྡན་ཆགས་བདག་དགྱེས།། གཟུགས་བརྙན་མཎྜལ་གྲུ་བཻཞིར་བཞག་ཟླ་བ་དག་ཏུ་མཆོད་པར་བྱ།། ལྔ་ཡིས་ལ ་།། ལོས་བསྒྱུར་བ་དང་། ཚེ་འདི་ཉིད་ལ་བསྐལ་པ་མཉམ། བསོད་ནམས་ཆེན་པོ་ཐོབ་པར་འགྱུར།། ལོང་སྤྱོད་ལྷ་དང་མཉམ་པ་དང་། ཚེ་ཡང་རིང་བའི་མཆོག་ཏུ་འགྱུར།། མི་ལ་སོགས་པ་དབང་དུ ་འགྱུར།། ལྷ་ཡི་བུ་ཡང་བྲན་བཞིན་འགྱུར།། བདག་གིས་སྒོ་བ་ཉན་པར་འགྱུར། ཀླུ་ཡང་དེ་ཡི་སྤྲོ་བ་ཉན།། བྲན་བཞིན་ལས་རྣམས་བྱེད་པར་འགྱུར། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས།། འདོད་པའི་ལོ ་འབྱུང་བར་འགྱུར།། དངོས་གྲུབ་སྒྲུབ་པའི་སྐལ་པ་ཅད།། གདུལ་བྱ་དབང་གིས་སྐུ་སྤྲུལ་པ།། ལྷ་ཆེན་ཚོགས་བདག་ཆེན་པོས་བྱ།། དངོས་གྲུབ་དམ་པ་མཆོག་སྨྲབ་ན།། མཐུ་སྟོབས་ཕུད་སུམ་ཚོགས་ལྡན ་ཞིང་ལོང་སྤྱོད་ཡིད་བཞིན་འཕེལ་བར་བྱེད། འཇིག་རྟེན་པན་མཛད་ལྷ་ཡེ་ལྷ།། གང་གི་མཆོད་པ་དངོས་གྲུབ་ཡིན།། ལྷ་ཆེན་ཚོགས་ཀྱི་བདག་པོའི་རྒྱུད་ལས་དངོས་གྲུབ་འབྱུང་བ་ཞེས་བྱན ་ལེའུ་སྟེ་དང་པོའོ།། དེ་ནས་དབེན་པའི་གནསུ་ནི།། དཀྱིལ་འཁོར་གྲུ་བཞི་དག་བྱ་སྟེ། བ་ཡི་ལྕི་བས་ལེགས་པར་བྱུགས།། འཇམ་ཞིང་མ་ཉན་ལ་དབུས་མཐོ་བའི།། དབུསུ་རྫོགས་བདག་སྐུ ་གཟུགས་བཞུགས།། མེ་ཏོག་དཀར་པོས་དེ་ལ་བཏོར།། བདག་ཉིད་གཅེར་བུར་བྱུང་བྱས་ཏེ། ལོག་འདྲེན་གཟུགས་ཀྱིས་ཡང་དག་མཆོད།། བ་ར་ཏ་ཟླ་བ་དག། ཉིན་རེ་བཞིན་དུ་དུས་གསུམ་དུ།། གསང ་བརྒྱ་ནི་རྩ་བརྒྱད་བཟླས།། ཡིད་ལ་རབ་ཐང་རྫོགས།། བསམ་པ་ཐད་འགྲུབ་པར་འགྱུར།། ཨོཾ་ནི་བཀྲ་ཤེས་དཔལ་དང་ལྡན།། གསང་སྔགས་མགོ་ལ་བཞག་པར་བྱ།། ཡིད་བཞིན་ནོར་བུ་ལྟ་བུ་ཡི། ངོས ་གྲུབ་གཏེར་བྱེད་ཡིག་ཡང་། དེ་འོག་གྲལ་ལ་བཞག་པར་བྱ།། ཉི་མ་ལྟ་བུའི་ཡི་གེ་ཡང་། དེ་ཡི་རྫས་ལ་བཀླག་པར་བྱ།། དེ་བཞིན་གབྱེ་བའི་མཚན་དང་པོ།། ཡི་གེའི་མཆོག་ནི་བླང་བར་བྱ།། གསལ་བྱེད ་ཡི་གེ་དང་པོ་ཡང་།། དེ་ཡི་མཇུག་ཏུ་བརྗོད་པར་བྱ།། རིན་ཆེན་ཡི་གེ་སྭཱ་ཞེས་བྱ།། ལས་ཀྱི་ཡི་གེ་ཧཱ་ཞེས་བྱ།། དངོས་གྲུབ་འདོད་པས་གསང་སྔགས་བཟླས།། ལྷ་ཆེན་དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ལྷ ་དངོས་གྲུབ་ཀྱི་གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པོ་ལ།། དེ་ནས་ཚེགས་ཀྱི་བདག་པོ་བཤད།། ཚོགས་ཀྱི་བདག་པོ་སྐུ་མདོག་དཀར།། གླང་པོ་ཆེ་ཡི་མགོ་བོ་ཅན།། མཆེ་བ་ལ་གཅིག ་ཆགས་པ་དང་།། ཕྱག་གཡས་ཕུག་བསྣམས་པ་དང་།། བྱ་བའི་གདན་ལ་བཅིབས་པ་དང་།། རིན་པོ་ཆེ་ཡིས་སྐུ་རྒྱན་པ།། ཟླ་བ་ཆེས་པས་དབུ་རྒྱན་པ།། འོད་གསལ་བ།། འོད་ཟེར་འཕྲོ་བ། མེ་ག་བཟས ་བ་ཁ་དོག་བཟང་བ། གསུས་པ་ཚ་བ། རྒྱན་གྱིས་བུད་པའོ།། དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ཚོགས་ཀྱི་བདག་པོ་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། དེ་ནས་དཀར་མ་རྒྱལ་གྱི་ཉིན་པར ་མེ་ཏིག་དཀར་པོ་བླངས་ཏེ་ཚོགས་ཀྱི་བདག་པོའི་སྐུ་གཟུགས་བྲིས་ཁ་དོག་དཀར་པོ་གླང་པོ་ཆེའི་དབུ་ཅན།། ཕྱག་གཡས་ན་ལ་ཕུག་བསྣམས་པ། གཡོན་པ་ན་རིན་པོ་ཆེའི་ནོར ་བསྣམས་པ། གསུས་པ་ཆེ་བ། རྒྱན་ཐད་ཀྱིས་བརྒྱན་པ། ཟླ་བ་དང་བྱི་བའི་ཁྲི་ལ་ཞུགས་པ་མཁས་པས་བྱའོ།། དེ་ལ་དཀྱིལ་འཁོར་གྱི་དབུ་སུ། བདག་ལ་ཞལ་ཕྱོགས་པར་བཞག་ལ།། བདག་ཉིད་ལོག ་འདྲེན་གྱི་གཟུགས་ཀྱིས་ཡང་དག་པར་མཆོད།། ཆགས་ཀྱི་བདག་པོ་ཞལ་གཅིག་ཕྱག་བཞི་པ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། དེ་ནས་དབང་ལྡན་གྱི་མཚམ་སུ་ཚོགས་ཀྱི་བདག་པོ་དཀར་པོ་གླ ་པོ་ཆེའི་མགོ་ཅན། ཁྱི་ལ་ཞོན་པ། མིག་གསུཾ་བ། ཟླ་བ་ཕྱེད་པ་འཛིན་པ། གཡས་ན་ལ་ཕུག་དང་དགྲ་སྟ་འཛིན་པ། གཡོན་པ་ཏྲི་ཤཱུ་ལ་དང་ཐོད་པ་འཛིན་པ་ལག་པ་ཁུ་ཚུར་བཅངས་པའི་མཛུབ་མ ་།། དང་གུང་མོ་བསྐྱུང་ལ་མཛུབ་མོ་བཀུག་ལ་གུང་མོའི་ཚིགསུ་བཟུང་བར་བྱ་བ་ནི། ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ།། ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ་དེ་ནས་གསང་སྔགས་བསྟན་པ་ནི།། ཨོཾ་ནི་དཔལ་ལྡན་མགོ་ལ་གཞག། དེ་ནས་ཡིད་བཞིན་ནོར་བུ་ནི། རིན་པོ་ཆེ་ཡི་ཡི་གེ་བྲི།། སྡེ་ཚན་གསལ་བྱེད་དང་པོ་ཡང་།། དེ་ཡི་རྗེ་བུ་བྷཱ་བར་བྱ།། དེ་བཞིན་གཤེ ་མཚན་དང་པོ།། དབྱངས་ཡིག་བརྒྱད་པས་མཛེས་པར་བྱ།། གསལ་བྱེད་དང་པོའི་ཡིག་ཡང། བློ་ཡིས་བླངས་ཏེ་ཡིད་ཀྱི་བྲི།། སྡེ་ཚན་གསུམ་པའི་གསུམ་པ་ལ། དང་པོའི་བཞི་པ་སྦྱར་བར་བྱ།། སྡེ་ཚམ ་བདུན་པའི་གསུམ་པ་ལ།། གསུམ་པའི་དང་པོས་འོག་ཏུ་སྦྱར།། ཡིད་བ་ཞིན་ནོར་བུའི་ཡི་གེ་ལ།། བཞི་པའི་ལྔ་པཟླ་བ་གཞག། དབྱངས་མི་ག་གསུམ་པས་བརྒྱན་པར་བྱ།། བཞི་པའི་གསུམ་པ ་དེ་ནས་བརྗོད།། དངོས་གྲུབ་སྒྲུབ་པའི་ཡི་གེ་ནི། དེ་ཡི་རྗེས་ལ་བྲི་བར་བྱ་གསང་སྔགས་དྲག་པོའི་ཡི་གེ་ཡང་།། ཀུན་གྱི་མཐར་ནི་བརྗོད་པར་བྱ།། གསང་སྔགས་འདིའི་དངོས་གྲུབ་ནི།། འཇིག ་རྟེན་དབང་ཕྱུག་ཉིད་ཀྱི་བྱེད། དགོས་པ་ཐཾད་འགྲུབ་པར་འགྱུར།། ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྡེ་དྲུག་པའོ།། དེ་ནས་གཞན་ཡང་གསུང་བ་ནི།། དངོས་གྲུབ་ཐང་འགྲུབ་ཐཾད་སྒྲུབ་པ ་ཡིད་མཚན་གྱི་གསང་སྔགས་ཞེས་བྱ་བའི།། དངོས་གྲུབ་པའི་སྙིང་པོ་ནི།། དཔལ་དང་ཡཾ་གི་ཡི་གེ་སྟེ། ཨོཾ་ཞེས་བྱ་བའི་མགོ་ལ་གཞག། ཡིང་བཞིན་ནོར་བུའི་ཡི་གེ་ལས། ཉི་མའི་ཡི་གེ་འོག་ཏུ་སྤྲས། རྒྱ ་ཡིག་དྲུག་པའི་འོག་ཏུ་སྦྱར།། ཐིག་ལོ་ནཱ་དས་བརྒྱན་པར་བྱ།། མཚན་གྱི་དང་པོའི་ཡིག་ནི།། དེ་ཡི་རྗེས་ལ་བརྗོད་པར་བྱ།། བཞི་པའི་ལྔ་པ་དེ་ནས་སྦྱར། ལྔ་པའི་དང་པོ་བྲི་བར་བྱ།། དེ་བཞིན་གབྱེ་བའི་མཚན ་དང་པོར་འབྱུང་བ་རླུང་གི་ཡི་གེ་ཡང་།། དབྱངས་ཡིག་བརྒྱད་པས་བརྒྱན་པ་ནི།། དེ་ཡི་རྗེས་ལ་བྲི་བར་བྱ།། ཞི་བའི་ཡིག་འབྲུ་གཉིས་པ་ཡང་།། ཀུན་གྱིས་མཐར་ནི་བརྗོད་པར་བྱ།། མཚན་གྱི་གསང་སྔགས ་ཞེས་བྱ་བ།། འདོད་པ་ཐད་གྲུབ་བྱེད་ཡིག།། མཚན་གྱིས་གསང་སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་གཞན་ཡང་བཤང་བར་བྱ།། སྐར་མ་རྒྱལ་གྱི་ཉིན་པར་ནི། མེ་ཏོག་དཀར་པོའི་རྩ་བ་བླངས ་ཙན་དཀར་པོ་དག་ལས་ནི།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ནི།། མཐེ་བོང་གི་ནི་ཚད་ཙམ་བྱ། གསུས་པ་ཆེ་ལ་ཕྱག་བཞི་པ།། མཁས་པས་བྱས་ཏེ་ལེགས་པར་བྱ།། རིན་པོ་ཆེ་ཡི་སྣོད་དུ་གཞུགས།། ་ཆེན་མངོན་པར་གསལ་བའི་ཚེ།། ནང་གི་ཆ་རིས་སྐྱེ་ཁྲུས་གསོལ།། གསལ་ཞིང་དངལ་ཡིད་དུ་འོང།། དྲི་དང་ལྡན་པའི་བུམ་པ་ཡིས།། མེ་ཏོག་དཀར་པོའི་དྲི་ཡིས་ནི།། བདག་ཚལ་ལྡན་པས ་བྱའོ།། དེ་ནས་དེ་མ་ཐག་ཏུ་ནི།། དཀྱིལ་འཁོར་དབུས་སྤྱན་དྲངས་ལ་མེ་ཏོག་དཀར་པོ་དབུལ་བར་བྱ།། ལ་ཕུག་ལ་དུར་བཅས་པ་ཡི། གཏོར་མ་ཆེན་པོའང་དེ་ནས་དབུལ།། སྤོས་དང ་དང་མར་མེ་དང་།། ལྷ་བཤེས་དག་གི་མཆོད་པར་བྱ།། གསང་སྔགས་འདིས་ལ་ཕུབ་དང་། ལ་དུ་དང་། དཀར་གསུམ་གྱིས་གཏོརི་མས་ཚོགས་ཀྱི་བདག་པོ་ལ་ཕུལ་ཏེ། སྤོས་དང་མེ་ཏོག་རྣམས་ཀྱང་དབུལ ་དེ་ལྟར་བྱས་ན་ཕྱིར་བགེགས་བྱེད་པར་མི་ནུསོ།། ཚོགས་ཀྱི་བདག་པོའི་མཆོད་པའི་ལེའུ་སྡེ་བརྒྱད་པའོ།། དེ་ནས་ལ་བུག་ཞེས་བྱ་བ།། རོ་བརྒྱད་ལྡན་པའི་ཉུང་མ་སྟེ།། ཟུས་རྣམས་ཀུན་གྱི་མཆོག་ཀྱང ་ཡིན་པའི་མཆོག་བརྒྱད་དང་ལྡན་པ་ཡིན།། ཁ་དང་སྦྱར་དང་སྐ་བ་དང་། མངར་དང་ཚ་དང་ལོན་ཚྭའི་རོ།། གཞན་དང་བྲེ་མཆོག་ཚ་བ་ཡོད་།། ནང་སྣ་བརྒྱད་ཀྱི་གཉེན་པོ་ཡིན།། མཁྲིས་པ་བདཀན་འདས་པ་དང་། ་། ཁྲག་དང་ཆུ་སེར་མ་ཞུ་བ།། རླུང་དང་རིམས་ནད་ཀུན་ལ་པན།། འདི་འང་བྱུང་བའི་ཁ་ཟས་མེད།། ལྷ་རྣམས་ཀུན་གྱི་མཆུ་ཡང་འགུལ།། དངོས་གྲུབ་འགྲུབ་པའི་ཞལ་ཟས་ཡིན།། ཚོགས་ཀྱི་བདག ་པོ་མཆོད་པར་བྱ།། ལ་དུ་ཞེས་པའི་ཞལ་ཟས་ནི།། མངར་གསུམ་འབྲས་བུ་གསུམ་པ་ནི།། དེ་བཞིན་ཞིམ་པའི་སྤོས་ཀྱིས་བྲན།། བག་ཟན་གྱི་ནི་རོལ་བུ་བྱེ།། འོ་མ་མར་དུ་བཅོས་བྱས་ལ།། ཚེགས་པའི་གེཏ ་མ་ཆེན་པོ་བྱ།། མར་དང་ཁུར་འི་མངན་གསུམ་དང་།། འཐུན་པའི་ན་ལེ་ཟས་སྣ་རྒོར་གྱིས།། ཚེ། བདག་ཆེན་པོ་མཆོད་པར་བྱ།། དེ་ལྟར་ཚོགས་ཀྱི་བདག་པོ་ལའོ།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ལ ་གཡས་པའི་མཐིལ་དུ་བཞུགས་ལ།། སེམས་གཞན་དུ་མ་གཡེངས་པར་བཟླས་བརྗོད་འབུམ་བྱ་སྟེ་ལ་ཕུག་ལ་སྔགས་ཀྱིས་བཏབ་སྟེ་ཚོགས་ཀྱི་བདག་པོ་མཆོད་ན། ཚེ་འདི་ཉིད་ལ་འཁོར ་སྦྱར་བའི་རྒྱལ་པོ་དང་བསོད་ནམས་མཉམ་པར་གྱུར།། མེ་ཏོག་དཀར་པོས་མཆོད་ན་རྒྱལ་པོ་ལ་སོགས་པ་བ་པར་མི་འགྱུར་རོ།། རྒྱལ་པོ་ལ་སོགས་པ་སྒྲུབ་པར་འགྱུརརོ།། རྒྱལ་པོ ་དང་བློན་པོ་ལ་སོགས་པ་བང་གི་དབང་དུ་འདས་པར་འགྱུརརོ།། དངོས་གྲུབ་སྒྲུབ་པའི་ཞལ་ཟས་བསྟན་པའི་ལེའུ་སྟེ་དགུ་པའོ།། དེ་ནས་ཆོ་ག་བཤད་པར་བྱ།། དངུལ་ཞེས་བྱ་བའི་རིན་ཆེན་ལ།། ཚོགས་བདག་ཅེ ་པོའི་གཟུགས་བྱས་ཏེ། ཡིད་ལནི་ནོར་བུ་ལེག་ན་ཐོགས།། དཀྱིལ་འཁོར་ཆེན་པོ་ཁྲུ་གང་ཚད།། རིན་ཆེན་མེ་ཏོག་དཀར་པོ་བཀྲམ། གསང་སྔགས་འབུམ་དུ་བཟླས་བྱས་པས།། ནད་དང་སྡུག་བསྔལ་ཞིས ་འགྱུར། ཤེལ་དང་དུདུལས་ཚོགས་བདག་སུ། གཁས་པས་ཇི་ལྟར་འབྱོར་བར་བྱ། སྡུག་བསྔལ་བད་སེལ་བར་འགྱུར། རིན་ཆེན་ཤེལ་ལམི་ཆགས་པ་དགེ་སྲུག་མོའི་བོང་གིན་ཆད་ཙམ་བྱ་བ་སེན་པཞེས ་བྱ་བའི་སྔགས།། རིག་པ་འབུམ་དུ་བཟླས་བྱས་ཏེ། ཤེལ་གྱི་སྐུ་དེ་ཁྲུས་བྱས་ནས།། སྐར་མ་རྒྱལ་གྱི་ཉིན་པར་ནི།། བདག་ཉིད་ཤར་དུ་ཁ་ལྟས་ནས།། གོས་དཀར་གྱོན་ཏེ་ཁྲུས་བྱས་ལ།། བལ་སྦྱང་ཡིད་ཀྱི་ག ་བ་གདག།། བདག་ལ་གནོད་པའི་བགེགས་གང་ཡིན།། ཤལ་གྱི་སྐུ་དེ་མེ་ལོ་སྟེ།། མི་གཡོ་མི་འགུལ་རབ་ཏུ་ཞུགས།། བདག་ཉིད་ཁྲུས་བྱས་ཤར་དུ་བལླ། ཛ་ར་བ་དང་རྐུན་མ་ནི།། གང་ཡིན་མི་ལོང་ནང་དུ་འང ་དེ་ཚེ་ད་ཡིས་ངེས་ཟིན་འགྱུར། ཚོགས་བདག་ཤེལ་གྱི་སྐུ་དེ་ནི།། མཆོད་པ་རབ་གསལ་ལེགས་བྱས་ལ།། ནཱ་ག་ཀུ་རུ་ཞེས་བྱ་བའོ།། རིག་པ་འབུམ་དུ་བཟླས་བྱ་ན།། ནད་དང་སྡུག་བསྔལ་གྱིས་ཉེན་ལ་སྐུ ་བསྟན་པ་ཙམ་གྱིས་ནི།། ནད་རྣམས་ཟད་སོས་པར་འགྱུ་ར། སྡུག་བསྔལ་ལས་ཀྱང་ཐར་པར་འགྱུར།། ཞི་བ་ཆེན་པོའི་ཆོ་ག་ཡི་ན།། རིན་ཆེན་གསར་ཞེས་བྱ་བ་ལ། ཚོགས་བདག་ཆེན་པོ་ས་བྱས ་རྒྱལ་གྱི་ཉིན་པར་མིག་ཆེ་ན། མཚོ་དང་རབ་ཏུ་གནས་པ་བྱ།། བ་ར་ཞེས་བྱའི་གསང་སྔགས་ནི།། འབུམ་ཕྲག་ཅིག་ཏུ་བཟླས་པ་ཡིས།། སྐུ་གཟུགས་བཞུགས་པའི་ཁྱིམ་དང་རི།། ནོར་རྣམས་ཐང ་འཕེལ་བར་འགྱུར།། གསེར་གྱི་ཚོགས་བདག་མཐོང་བ་བྱ།། བགེགས་རྣམས་ཛད་ནོར་འབུམ་འགྱུར།། བགགས་གནོད་པ་མི་ནུས་ཏེ།། རྒྱལ་པོ་བཞིན་དུ་མཆོད་པར་འགྱུར།། གསེར་གྱི་ཚེགས་བདག་ག ་པ་ཡིས་ནས་ཕྱོགས་རིན་ཆེན་ཆར་པ་འབེབས།། གསེར་གྱི་ཚོགས་ཀྱི་བདག་པོ་ལ།། བགེགས་ཀྱི་རྒྱལ་པོ་ཐད་ཀྱིས།། ནོར་རྣམས་ཐཾད་འདུལ་བ་ཡིན།། བདག་ཉིད་ཕུམ་སུ་ཚོགས་པར་འགྱུར།། ཚེགས ་ཀྱི་བདག་པོ་སྐུ་གཟུགས་མཆོག་བྱས་པའི་ཡོན་རྣམས་ལ་ནི།། གནོད་སྦྱིན་རྣམས་གཏེར་ཁ་འབྱེད།། སྐྱེ་བོ་འདི་དང་ཕྱི་མ་ལ།། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར།། ནོར་གྱི་བདག་པོ་རྣམ་ཐོས་བུས། ་། རྒྱལ་བུ་བཞིན་དུ་བསྙེན་བཀུར་བྱེད།། དེ་ནས་དཔལ་ལྡན་ཚོགས་གིས།། སྐུ་གཟུགས་དཀྱིལ་འཁོར་གྲུ་བཞིར་བཞག་བྷ་ག་ཞེས་བྱའི་གསང་སྔགས་ནི། བཟླས་པ་འབུམ་དུ་བྱས་པ་ཡིས།། ་ཚེ་དེ་ཉིད་ལ་དངོས་གྲུབ་ནི།། ཅི་འདོད་པ་ནི་སྦྱིན་པར་མཛད།། ལྷ་ཡི་རྒྱལ་པོའི་མངའ་ཐང་ནི།། སྒྲུབ་པ་པོ་ལ་སྩོལ་བར་མཛད།། ཤིན་ཏུ་ཐུགས་རྗེའི་བདག་ཉིད་པས།། དང་ལྡན་ཚིགས་བདག་ཐུགས་རྗེ་ཅན།། དྲུག ་རྗེའི་ཕུང་པོས་དབུལ་བ་སྐྱོ་བ།། ནོར་ལྷ་ཆེན་པོའི་བདག་ཉིད་འདི།། དར་རམ་རས་ལེགས་བྲིས་ཏེ།། རྒྱལ་པོ་ཉོན་པར་སྤྱན་ཕྱེ་ནས།། གང་གིས་ཁྱིམ་དུ་བཞུགས་པ་དེའི།། ས་ཕྱོགས་ད་ནི་བཀྲ་ཤིས་འགྱུར།། ་ལ་ཚོགས་བདག་ཆེན་པོའི་སྐུ།། མཁས་པས་ལེགས་པར་བཟོ་བས་ཏེ། ཙཱ་དམར་པོས་བྱུགས་པའི་སར།། མཎྜལ་སྟེང་དུ་ལེགས་པར་བནག། བར་དུ་ཀ་ཡི་མེ་ཏོག་དང་།། པདྨ་རཱ་གའི་རིན ་དང་།། མེ་ཏོག་དམར་པོ་ཀུན་གྱིས་མཆོད།། བྲུམ་ཞེས་བྱ་བའི་རིག་སྔགས་བཟླས།། རྒྱལ་པོའི་བུ་མོ་དབང་དུ་འགྱུར།། ལྷ་ཡི་བུ་མོ་ཀླུ་མོ་དང་། མི་འམ་ཅི་ཡི་བུ་མོ་དང་། དྲི་ཟེའི་བུ་མོ་མཚད་ལྡན་པ ་མཆོག་ཏུ་གཟུགས་བཟང་གུས་པར་འགྱུར།། བྲན་མོ་བཞིན་དུ་བསྒོ་བ་ཉན།། དེ་ལ་སོགས་པ་མཐའ་ཡས་མཆོག། སྐུ་གཟུགས་དག་ལ་བརྟེན་ཏེ་འགྲུབ།། མཆོད་པ་ཙམ་གྱིས་འབྱུང་བ་ཡིན།། གཞན་ཡ ་བདག་ཆེན་པོའི་སྐུ།། རིན་པོ་ཆེ་ཡི་རྒྱུ་ལས་བྱས།། དཀྱིལ་འཁོར་སྟེང་དུ་བཞུགས་བྱས་ཏེ། རཏྣ་སིདྡྷི་ཞེས་བྱ་བའི།། རིག་པ་བུམ་དུ་བཟླས་པ་བྱ།། ས་འོག་གཏེར་རྣམས་སྟོན་པར་འགྱུར།། ཅི་དགའ་བར་ཡང ་སྤྱོད་པར་འགྱུར།། ཚོགས་བདག་ཆེན་པོའི་རྒྱུད་ལས་རྒྱལ་པོ་ལ་སོགས་པ་སྒྲུབ་པའི་ལེའུ་བཅུ་པའོ།། ། དེ་ནས་དཔལ་ལྡན་ཚོགས་བདག་ཆ།། དྲག་པོ་ཆེན་པོ་དྲག་ཤུལ་ཅན།། སངས་རྒྱས་ཐུགས་ལ ་བྱོལ་སོང་དབུ།། གླང་ཆེན་གཞོན་ནུས་ཞལ་རྒྱན་པ།། སྤྱན་གསུམ་མཆེ་བ་བཞི་དང་ལྡན།། ཕྱག་བཞི་ཞབས་བཞི་ཀླུ་ཆེན་གད།། དབང་པོ་མཆེ་བ་དཀར་པོ་འཛིན།། དེ་འོག་ཞགས་པ་གཡོད་པ་ན།། ངག ་ཁ་ཊྭཱཾ་རྩེ་གསུམ་འཛིན།། མཐིང་ཀ་གསུས་པ་ཆེ་བའོ།། ད་ལྟ་བུ་ཡི་ཚོགས་བདག་སྐུ།། ཁར་བ་ཁྲུ་ཆུ་དག་ལ་བྱ།། རྒྱལ་གྱི་ཉིན་པར་རབ་ཏུ་གནས།། དེས་ན་སྒོམ་ཞིམ་ཞིང་སྒྲུབ་པ་ནི།། དཀྱིལ་འཁོར་བྱ་བའི་ས ་བརྟག་པ། ལེའུ་ཚེ་དགུ་པའི་དཀྱིལ་འཁོར་བྲི། སྒོ་དང་སྒོ་ཁྱུད་ལྡན་པར་བྱ།། དབུསུ་པདྨ་མདབ་བརྒྱད་ལ།། ཚོགས་བདག་ཆེན་པོས་བསྒྲུབ་པ་མནན།། ཟླ་བའི་གདན་ལ་ཡུམ་དང་ནི།། གཉི་སུ་མེད་པར་དགོད་པ ་བྱ། དེའི་མིང་ཨརྩི་ཀ་རི་སྟེ།། རྡོ་རྗེ་ཕག་གདོང་མ་ཞེས་བྱ།། དགྲ་སྟ་བན་ང་ལག་ན་ཐོགས།། ཁྲགས་གང་བ་གཙེ་ལ་སྟོབ། ཤར་གྱི་ལེའུ་ཆེ་སེར་པོ་ལ། ཁམས་གསུམ་པོ་བདག་པོ་ལ་ཕུག་དང་གྲི་འཇི ་པའོ།། ལྷོ་ཕྱོགས་ཀྱི་ལེའུ་ཆེ་སྔོན་པོ་ལ།། གནོད་སྦྱིན་ཆེན་པོ་རྡོ་རྗེ་མཆུ་མ་ཧེ་དེ་བའི་གདོང་ཅན་དབྱུག་ཏོ་དང་ཐོ་བ་འཛིན་པ་ནག་པོའོ། ནུབ་ཕྱོགས་ཀྱི་ལེའུ་དབར་པོ་ལ་གནོད་སྦྱིན་གྱི ་བོ་སྤྲིན་གྱི་བདག་ཅེས་བྱ་བ་དམར་པོ་ཆུས་གང་བའི་སྤྲིན་ཕུང་དང་། ཞགས་པ་འཛིན་པའོ།། བྱང་ཚོགས་ལེའུ་ཚེ་ལྔ་ལྗང་ཀུན་ལ་གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་ཀུ་དབྱུག་ཐོ་དང ་རིན་པོ་ཆེའི་ཁ་ཊྭཱཾ་ག་ཐོགས་པའོ།། བྱང་ཤར་ལེའུ་ཚེ་དཀར་པོ་ལ་བགགས་ཀྱི་རྒྱལ་པོའི་ན་ཡ་ཀ་གླང་པོ་ཆེའི་གདོང་མདུང་རྩ་གསུམ་པ་དང་ལ་པུག་ཐོགས་པ་ནག་པོའོ།། ཤར་ལྷོ་ལེའུ་ཚ་བ ་པོ་ལ་ཡི་དྭགས་ཀྱི་རྒྱལ་པོ་དྲག་པོ་ཞེས་བྱ།། དགྲ་སྟ་དང་ཐོད་པ་རིལ་པོ་ཐོགས་པ་ནག་པོའོ།། ལྷོ་ནུབ་ཀྱི་ལེའུ་ཚ་ནག་པོ་ལཾ་སྤྲིན་ཕུང་གྱི་སྒྲོན་མ་ཞེས་བྱ་བའི་སྤྲིན་པུང་དང་། ཀློ་ག་འོང་དུ་བཅས་པ་ལ། ་།། གཉིས་ཀྱིས་ཐོགས་པའོ།། བྱང་ཆུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགགས་ཀྱི་རྒྱལ་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྔ་ཅན་རྩེ་གསུམ་དང་ཐོད་པ་སྐམ་པོའི་ནང་དུ་ཕུག་དང་ཤ ་བཀང་པ་ཐོགས་པའོ།། ལྷ་རྣམས་ལ་ཀླུའི་རྒྱལ་པོ་བརྒྱད་བཀང་ཉན་པ་ནི་ཀླུའི་རྒྱལ་པོ་ཨ་བ་ལ་དང་།། ནུབ་རུ་ཎ་དང་། དུང་སྐྱོང་དང་། འཇོག་པོ་དང་། རིགས་ལྡན་དང་། མཐའ་ཡས་དང་། པདྨ་དང་། པདྨ་ཆེན་པོ ་རྣམ་སོ།། ཤར་གྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་།། ལྷོ་སྒོར་འཕགས་སྐྱེས་པོ།། ནུབ་སྒོར་སྤྱན་མི་བཟང་། བྱང་སྡེར་རྣམ་ཐོས་སྲས་རྣམས་སྐུ་མདོག་དཀར་བ་དང་། བསྔོ་བ་དང་། དམར་བ་དང་ལྔ ་ཀུ་ཤེས་པར་བྱའོ།། ལག་ན་ནོར་བུ་རིན་པོ་ཚར་རེ།། རལ་གྲི་རེ་རེའོ།། ངི་རྣམས་ཀྱི་ཆུང་མིནི་མི་བྲིའོ།། འདི་ལྟར་བྲིས་པའི་བྱང་ཤར་དུ་གསང་བའི་དབྱིར་གྲུ་གསུལ།། དེའི་ནང་དུ་དག་འ ་གཟུགས་སྤྲ་ཚིལ་ལས་བྱས་པ་རིང་པ།། གནག་པ། སྒྲ་ཟད་པ། ཏིལ་མར་གྱིས་བྱུགས་ཏེ། སྙིང་ཁང་མིང་རུས་བྲིས་ལ་གཞུའོ།། དེའི་སྐེརོ་སྒྲ་ལས་བྱས་པའི་ཐག་པ་གདག་སོ།། ད་ལྟར་བས་ན ་གནོད་སྦྱིད་ཆེ་པོ་བརྒྱད་ལ། ལ་དུ་དང་། ལ་ཕུག་དང་བཅས་པའི་གཏོར་མ་དང་། གནོད་སྦྱིན་ཆེན་པོ་བརྒྱད་ལ་ཉ་ཤ་དང་སྒོག་གཅོང་དུ་སྦྱར་བའི་དམར་གྱི་གཏོར་མ་རེ་རེ་བ་ཤཾ་ཀླུ་ཆེན་པོ་བརྒྱད་ལ་གཏོར་མ ་ཆེ་བ་གཅིག་དང་། རྒྱལ་པོ་ཆེན་པོ་བཞི་ལ་རེ་ར་བྱ། གལ་ཏེ་མ་འབྱོར་ན་ཆེ་བ་གཅིག་བྱ།། ལྷ་བཤོས་རེ་རེ་དབུལ་བར་བྱའོ།། གཞན་ཡང་དག་པོའི་རྫས་སྤྱང་ཀིའི་བོད་པ་དང་། ཟིར་དག་པོ་དང་། སྐེ་ཚེ་དང་། ཉུང་ཀ ་དང་། ཉུང་ནག་བཞག་པར་བྱའོ།། ཚོགས་བདག་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཙུག་པའོ།། ། དེ་ནས་གཞན་ཡང་བཤད་པར་བྱ།། སྦོམ་པོའི་རིམ་པ་འདི་ལྟ་བུ། མ་བྱུང་འབྱུང་བར་མི་འགྱུར་བས ་ཤིང་དུ་གསང་སྟེ་བསྒྲུབ་པར་བྱ།། ཡི་ཡི་རང་བཞིན་སྟོང་པ་ལས།། སྣང་བའི་རང་བཞིན་ཧཱུཾ་དང་ནི།། ཡ་ཚོགས་བརྒྱད་པའི་ས་བོན་འབྱུང་།། མིང་གི་སྔགས་ལས་རབ་ཏུ་བསྐྱེད།། ཁྲོ་བོའི་སྤྲུལ་པས་སྟོང ་གསུམ་བཀང་།། འོད་བསྡུས་ཐོག་མའི་ཧཱུཾ་ལས་འདུས། ཚོགས་ཀྱི་བདག་པོ་ཆེན་པོ་དེ།། འགྲོ་བའི་དོན་དུ་བཞེངས་པ་ནི།། ཁྲོ་བོ་ཆེན་པོ་འཇིགས་པའི་གཟུགས།། ཡུམ་དང་འཁོར་ཡང་རྫོགས་པར་བསྐུ ་པུ་བརྒྱད་ཀཱ་བརྒྱད་སེམས་དཔའི་ཚུལ།། རྒྱལ་པོ་དེ་བཞིན་ཁྲོ་བོའི་ཚིལ།། ཡི་གེ་བྷེ་དང་མིང་ལས་བསྐྱེད།། འོད་ཟེར་ཚུལ་གྱི་སྤྱན་དངས་ལ།། ཛ་དང་ཛ་ཡི་འཕྲོ་འང་དང་། ཧཱུཾ་དང་ཧཱུཾ་གི་གསང་སྔགས་དང་། ལྕགས ་ཀླུའི་ཕྱག་རྒྱས་སྤྱན་དྲངས་ལ།། ནུས་པའི་མཐུ་དང་ལྡན་པར་བྱ།། མཆེ་དེ་དང་གཏོར་མ་བཏབ་པར་བྱ།། བི་ལ་གྲིཧྞ་ཁཱ་ཡི་སྔགས།། སྙིང་པོ་དག་དང་སྤེལ་བར་བྱ། སྨཻ་པའི་རེག་པའི་ལེའུ་བཅུ་གཉིས་པའོ།། ་དེ་ནས་གསང་སྔགས་རྒྱལ་པོ་ནི།། དབྱངས་ཡིག་གསལ་བྱེད་དག་ལས་བངྒ། དང་པོ་བཞི་པོའི་རྡོ་རྗེས་བྲི། བཞི་པའི་ལྔ་གལ་ལ་བཞག་ལ་དེ་བཞིན་ནོར་བུའི་ཡི་གེ་དང་།། དེ་ཡི་རྫ་སྲབས་པར་བྱ ་དེ་བཞིན་ག་ཤྱ་པའི་མཚན་དང་པོ།། དེ་ཡི་རྗེ་སུ་བརྗོད་པར་བྱ།། དེ་ལ་དབྱངས་ཡིག་བརྒྱད་པས་རྒྱན།། དགུག་པའི་ཡི་གེ་ངག་དང་ནི། འབྱུང་བ་རླུང་གི་ཡི་གེ་ལ། དབྱངས་ཡིག་གཉིས་པ་སྦྱར་བ་ཡིས།། ང་ཡ་རྫས ་རྒྱལ་བའི་བོ་ཞེས་པའོ།། ཡིད་བཞིན་ནོར་བུའི་ཡི་གེ་ལ།། དབྱངས་ཡིག་གཉིས་པ་སྦྱར་བར་བྱ།། ཉི་མ་ཡི་ནི་ཡི་གེ་དང་།། བཞི་པའི་ལྔ་པ་དེ་ལ་བྲིས།། དེ་ལ་དབྱངས་ཡིག་བརྒྱད་པས་རྒྱུད།། གཉིས་པའི་བའི ་པའི་ཡི་གེ་ལ།། དབྱངས་ཡིག་བཞི་པས་བརྒྱན་པར་བྱ།། ལྔ་པའི་བཞི་བིའི་ཡི་གེ་ལ། གསུམ་པའི་ལྔ་པ་སྦྱར་བར་བྱ།། བཞི་པའི་དང་པོའི་ཡི་གེ་ལས།། དབྱངས་ཡིག་བཞི་པས་བརྒྱན་པར་བྱ། འབྱུང་བཅུ ་།། གི་ཡི་གེ་ལ།། དེ་ཡི་འོག་ཏུ་སྦྱར་བར་བྱ།། རིན་པོ་ཆེ་ཡི་ཡི་གེ་དང་། ལས་ཀྱི་ཡི་གེ་མཐའ་མར་བརྗོད།། ཚོགས་བདག་ཆེན་པོའི་རྩ་བའི་སྔགས།། འདོད་པ་ཐཾང་སྒྲུབ་བྱེད་ཡིན།། གནོད་སྦྱིན་བརྒྱད་ཀྱི ་གསང་སྔགས་ནི།། ཡ་ཞེས་བྱ་བ་ལ་སོགས་པ། ཡ་ཡ་ཞེས་བྱ་ལ་སོགས་དང་། བམ་ཞེས་བྱ་བ་ལ་སོགས་དང་། བི་ན་ཡ་ཀ་ཞེས་བྱ་བ་ལ་སོགས་པ་དང་། བྷ་ར་ཞེས་བྱ་བ་ལ་སོགས་པ་དང་། ཧཱུ~ཾ་ཞེས་བྱ་བ་དང ་ཞེས་བྱ་བ་སྟེ་བརྒྱད་ལ་ཧཱུཾ་དང་ཕཊ་ཀྱིས་མཐའ་རྟེན་པས་སྲོག་སྙིང་པོའོ།། ཀླུའི་སྔགས་ནི་མིང་ལས་བསྐྱེད།། ཨོཾ་དང་ཧཱུཾ་ཕཊ་དང་ལྡན་པར་བྱ།། རྒྱལ་པོ་ཆེན་པོའི་གསང་སྔགས་ནི།། བྷ་ཞེས་བྱ་བ་དང་། བྷི་ཞེས་བྱ ་དང་། བྷ་ཞེས་བྱ་བའི་སྔག་སུ་འགྱུར།། གནོད་སྦྱིན་ཆེན་པོ་རྣམས་ཀྱི་གས་སྔགས་འབྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། བསྒྲུབ་བྱ་དགུ་པའི་སྔགས་ནི་ཡ་དང་ཀྵ་དང་ཀ་དང་ལ། མ ་ཧ་དང་བྷ་ར་བྷེ། ཏྲི་དང་ར་དང་ཙ་དག་གིས།། ཤ་ཏྲཱུཾ་ནརི་ཛ་ན་ཛི་ཞེས་ལན་གངས་མང་དུ་བཟླས་པར་བྱའོ།། གནོད་སྦྱིན་བརྒྱད་ཀྱིས་གསང་སཱ་ཌ་ཀྱིས། དག་བོའི་བླ་རྡོ་བླང་བར་བྱ།། དེ་ནས་བླ་རྡོ་བསྲེག་པར་བྱ ་དེ་ནས་བླ་རྡོ་མནན་པར་བྱ།། རྦད་པའི་གསང་སྔགས་རྒྱལ་པོ་ནི། ཡ་དེང་ཀཱ་དང་ཀ་དང་ལ།། མ་དང་ཧཱ་དང་བྷེ་ར་བེ།། ད་བ་ཡ་ཀཱ་ཡ་མ་དང་། ནཱ་ག་ནཱ་ག་ཟུམ་རི་ལ་ཡཾ། ཆེ་གེ་དགྲ་བོ་ཐུམ་རི་ལ་ཡ། ཡ་ཡ་ཅེས་ཀྱང་བསྐུ ་བར་བྱ།། དེ་བསད་པ་ཡི་གསང་སྔགས་ནི།། མ་དང་ཧཱ་དང་བྷེ་ར་བེ། ཡཀྵ་ལ་སོགས་གོང་དང་འཐུན།། དེར་རྗེས་འདི་སྐད་བརྗོད་པ་བྱ།། ན་ཤ་ཡན་ལེན་གཉིས།། ད་ཡ་ཙཱུཎྜ་ཙཱུརྞ་ཡ།། ན་ཡ་ཀ་ཏྲ་མ་རཱ་ཡ། ཧ་ན་ཙརྠ ་རིམ་པ་གཉིས། ཥི་ནཱ་ཡ་ཀ་ཛི་\ུ0f7f\ུ0f7f། དྷ་ཀཱར་ད་ནས་བརྗོད། ཚག་མཱ་ར་ལ་ཞེས་པ། ཧཱུ~ཾ་ཧཱུཾ་ཕཊ་ཕག། དྲག་པོ་ཟསད་པ་སྔགས་ཀྱི་ལེའུ་བཅུ་བན་པའོ།། དེ་ནས་ཡང་ནི་དྲག་པོ་སྔགས། མཿ ་བྷི་བ་བྷི་སརྦབི་དཱ་བི་ནཱ་ཤ་ཡ་ཏྲ~ཾ་མི་ཏ་ཡ། ཧཱུ~ཾ་ཙི་ཏུ་པ་ཏུ། བྲམ་རུ་ཏཱ་ཡ། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། པ་ཙ་བཙ། བྲཧྨ་བྲཧྨ། པྲདྷཱ་ཡ་པྲཧྨཱ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཁར་བ.རམ་ཡང་ན་ཟངས་དག་ལ། ལོག་འདྲེན་ཆེན་པོའི་མ ་བྱས་ལ། དེ་ལ་རབ་གནས་མཆོད་པ་བྱ།། དགྲ་བོ་གཟུགས་བརྙན་འོག་ཏུ་གཞུག།། ཚོགས་ཀྱི་བདག་པོའི་སྟན་དུ་བྱ།། ངག་དེ་འཆི་བར་ཐེ་ཚོ་མེད།། ཡང་ནི་སྦྱོར་བའི་ལས་རྣམས་ནི།། དགོས་པ་ཆེན་པོ་འདི་གསུངས ་ཚེར་གྱི་བདག་པོའི་སྐུ་ཙན་དན་ནམ་རིན་པོ་ཆེ་བྱས་ཏེ། རབ་གནས་བྱས་ལ་མཆོག་པ་ཕུལ་ཏེ། སེར་བ་གཅོད་པར་འདོད་ན་སེར་བའི་བདག་པོ་རླུང་ལྷ་དང་། ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་གྱི་གཟུགས་དང་། འབྲས ་གཟུགས་བྱས་ལ་ཚོགས་ཀྱི་བདག་པོའི་གདན་དུ་མནན་པར་བྱའོ།། བདག་ཉིད་ཀྱིས་ཀྱང་མནན་པར་བསམས་ཏེ། ཧི་ཀ་ཙཱནྡ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་སེར་བ་ཆེད་པར་འགྱུརརོ།། ཡུངས་ཀར ་ཡང་ཕྱོགས་གཏོར་བར་བ་རོ།། སར་བ་འབེབས་པར་འདོད་ན།། ཆུ་དང་སྤྲི། གྱི་མཎྜལ་མངོན་པར་བྲི་ཏེ། ཚོགས་བདག་ཆེན་པོ་འབྲུག་ལ་ནོད། བར་བསྒོས་ཏེ། འདགི་བཀའ་ཉན་པར། གསང་བ ་རྫསུ་བྱ་བ་ལ། ལྕགས་ཕྱོ་གསར་བྱ་ཟངས་མ་རྣམས།། གནམ་ཚེ་འབྲས་ཀྱི་བྱས་སྨྲས་ཏེ། སེར་འཛི་ཙམ་འདོད་པའི་དཤིབས་ཆེ་ཆུང་བྱས་ལ་ཁྲག་གི་ཐུགས་ལ་བདུན་དང་བདུན་ཕྲག་སང་དུ་བྱས་ཏེ། ཀ་ཀ་ཀྵི ་ཀུའི་ཐོད་པའི་ནང་ང་བླུགས་ཏེ། སྤྲིན་གྱིས་དགབ་པར་བྱའོ།། ཀ་ཀཾའི་ཐོད་པ་ལ་སྔགས་བྲི་བར་བྱའོ།། རིམ་པ་གསུ་མོ།། རྗིད་ཀྱི་རྫས་ཀྱང་བཞག་པར་བྱའོ།། བྲུ་མ་བྲྀ་བྷཱ་རི་ཤ་ཡ་ཞེས་བྱ་བ་ལོགས་པའི་སྔགས ་ཕྲག་ཅིག་བཟླས་པ་དང་།། ཀ་ཀརི་ཐོད་པའི་ནང་དུ་སེར་བ་དངོ་སུ་མོ་བདུན་ནམ་བརྒྱད་ནི་བ་དང་། ངགའི་ཡུལ་དུ་བསྐྱལ་ཏེ། སྥཊ་ཟློས་ནས་བཟླས་པས་འོབའ་བོ། གལ་ཏེ་མ་བབ་ན་ཚོགས་ཀྱི་བདག་པོའི་སྐུ་དབུ་པ ་ལ་བསྟན།། ཞབས་གྱེན་ལ་བསྟན་པ་དགེ་པོའི་ཡུལ་གྱི་དབུ་སུ་སྦའོ།། མདོ་ལ་སེར་བ་འབབ་སྟེ། བྱ་ཀ་ལན་ད་ཀའི་སློང་ཙམ་དང་། དབྱིབས་དམར་ལོ་ཤ་བའི་རླིག་འབྲས་ཙམ་པ་ཡུན་རིང་པོ་འ ་བོ་ལོ་ཏོག་འཇོམས་པའི་སྔགས་ནི་ཐུ་ཅེས་བྱ་བའོ།། དེ་གཙོ་ཏུ་བར་འདོད་ན་ནི་སྐུ་དང་ཀ་ཀི་མ་བྱུང་བ་ལ་ཉི་མ་རི་རེར་འབབ་པས་དབྱུང་བར་བྱའོ།། ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་དབུལ་བར་བའོ།། གསངས ་ཀྱང་དབུལ་ཞབས་མ་ནོར་བར་རིན་པོ་ཆེའི་ཕྲེང་བ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། སྐུ་ཁྲུས་གསོལ་བ་བདགགི་དཀྱིལ་འཁོར་གྱི་དབུསུ་བཞུགསོ་ལོ།། དེ་ལ་སོགས་པ་མཐའ་ཡས་མཆོག། ཚོགས་ཀྱི་བདག་པོས ་བྱེད་པ་ཡིན།། ཕྱག་འཚལ་དང་ལྡན་ཚོགས་བདག་དགྱེས།། ཕྱག་འལ་དང་ལྡན་ཚོགས་བདག་ཆེ།། ཕྱག་འཚལ་དང་ལྡན་ནི་ཁྲོཿདངོས་གྲུ་འབྱུང་བའི་རྒྱུད་ལས་ཚོགས་ཀྱི་བདག་པོ ་ལ་བསྟོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ཚོགས་ཀྱི་བདག་པོའི་རྒྱུ་དདངོས་གྲུབ་འབྱུང་བ་ཞེས་བྱ་བ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས།། འཇིག་ཅན་དངོས་གྲུབ་ཆ་དུ་ནི ་རྒྱ་གར་ཡུལ་ནས་བསྣམས་ནས་བྱོན།། རྒྱལ་བའི་འབྱུང་གནས་ལ་བཏང་བ་ཡིན། རྒྱུད་འདི་བསམ་པས་གྲུབ་པ་ཡིན།། རྒྱ་གར་སྐ་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏནྟེ། འོད་སྐད་དུ། དཔལ་ནག་པོ་ཆེན་པོ་རི་རྒྱུད། དང ་