| Wylie | e-texts produced with BDRC’s OCR application |
བ་ལ་མངོན་པར་བསྟོད།། འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་རྫོག་སྷོ།། ། དེ་ནས་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་རྟོག་པ་བཤད་པར་བྱ་སྟེ། དང་པོ་རེ་ཤིག་སྤྲིང་ཟླ་ཐ་ཆུང་གི་དཀར ་བོའི་ཕྱོགས་ཀྱི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་བོར་སོང་སྟེ། དེ་ནས་ནུ་མའི་བར་དུ་ཆུའི་ནང་དུ་ནུབ་པར་བྱས་ཏེ་འདག་ལ། ཉི་མ་ལ་སྔོན་དུ་ཕྱོགས་པར་ཡོངསུ་རྟོག་པ་ཇི་སྙེད་གནས་ཀྱི ་དུ་བཟླས་པ་བྱའོ།། བཟའ་བཟད་སྤངས་ཏེ། ཉོན་མོངས་ཤིང་སྨྲ་བཅད་བྱས་སྟེ། ནུབ་བདུན་ཏུ་བཟླས་པ་བྱའོ།། དེ་ནས་བཅོམ་ལྡན་འདས་མའི་ཐང་སྐྲ་ཡང་དབུ་སྨྲ་མ་གཏོགས་པར་བྱ ་གུམ་དང་། ཙན་དན་གྱི་བྱུགས་པར་བྱ་བ་ནི་ནུབ་མོ་སྔ་བར་ལངས་ཏེ། ཆུར་ཁྲུ་བདུན། ཞིང་དུ་ཁྲུ་གསུམ་སྟེ། ཁྲུ་བཅུ་དང་བཅས་པ་ལ་ཚེར་སྣ་མ་ལུ་ས་པ་གསོ་སྦྱོང་དང་ལྡན་པའི་ལྷ ་བཟས་བཅྡོཾས་མ་མདོག་ལྗང་སྡེར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པོ་ན་འབྲས་བུ་ཆེན་པོ་བསྣམས་པཾ། ཕྱག་གཡོན་པ་ན་སྒྲུབ་པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཐ་མ ་མུ་ཏིག་དང་། རྡོ་རྗེ་ཕ་ལམ་དང་། བཻ་ཌཱུརྱའི་འབྲས་བུ་ཅན་བསྣམས་པའི་ཕྱག་དང་ལྡན་པ་བྱའོ།། སྟེང་དུ་ལྔའི་བུ་རིན་པོ་ཆེ་ཆར་མངོན་དུ་འབེབས་བཞིན་པ་བྱའོ།། གཡས་ལོག་སུ་དཔལ་ཆེན་མོ་པདྨའི ་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོངས་པ་ལ་གནས་བཞིན་པ་བྱའོ།། གཡོན་ལོག་སུ་པདྨའི་དཔལ་རིན་པོ་ཆེའི་སྙིམ་པ་གང་བ་བྱའོ།། འོག་ཏུ་སྒྲུབ་པ་པོ་པདྨའི་ལག་པ་ཅན་བྱའོ།། དེ་ནས་ཟང་སྐུ། ་གདུང་དང་བཅས་པའི་མཆོད་རྟེན་གྱི་དདྲུང་དུ་ནུབ་ཕྱོགསུ་ཁ་བསྟན་ལ་བཀྲམ་སྟེ། དེ་ནས་ཉེ་བར་སྤྱོད་པའི་གཏོར་མ་མ་གཏོགས་པ་མཛོད་ཀྱི་བཞེངད་པ་ཡང་དབུལ་ཞིང་དྲི་ཞིམ་པོའི་མེ་ཏོག་གིས་མཆོད ་ཆེན་པོ་བྱས་ལ་ཙན་དང་ཨ་ག་རུའི་བདུགས་པས་བསྲེགས་པར་བྱའོ།། ཞུ་མར་གྱི་མར་མེ་བརྒྱུ་འབུལ་བར་བྱའོ།། དེ་ནས་སྟན་གཅིག་ལ་གནས་ལ་བཅོམ་ལྡན་འདས་མའི་ཞལ་ལ་དཔོགས་ལ་ནུ ་མོ་མཚན་བཟླས་པ་བྱས་ན། དེ་ནས་སྐྱ་རངས་ཤར་བའི་དུསུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་རིན་པོ་ཆེ་ཐད་ཀྱི་རྒྱུན་འབབ་ཅིང་ཁང་པར་འགྱུརརོ།། ཡང་ན་མཚན་ཕྱེད་ན་ཆུའི་ནང་དུ་ཞུགས་ལ་བརྒྱད་བརྒྱ ་བཟླས་པར་བྱའོ།། ཟླ་གཅིག་གི་སྦྱོར་བས་ནོར་གྱི་རྒྱུན་འབབ་པར་འགྱུར་ར་ཏེ། མི་ཤེས་པར་ཁ་ཅིག་འཕེལ་བར་འགྱུརརོ།། ཡང་ན་རྒྱལ་པོའི་སྐོར་མངོན་པར་འདོད་ནི་ཉིན་མོ་ཆུའི་ནང་དུ་བཟླས་པརྩ ་ཞིང་མཚན་མོའི་ཕྱེད་ན་ཏིལ་གྱི་སྦྱིན་བརྒྱད་བརྒྱ་བྱས་ན་རྒྱལ་རིགས་ལས་སྙེད་པ་ཆེན་པོ་ཐོབ་བོ།། ཡུང་ཀར་མང་ལ་བསྲེས་ནས་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་བྱིང་།། ཀུན་ཏུ ་རའི་སྦྱིན་སྲེག་བྱས་ན་རྒྱལ་པོའི་བློན་པོ་དབང་དུ་བྱེད།། ཁ་ཅིག་གིས་དེ་སྦྱོར་བ་གང་གིས་མཚན་མོ་བཅོམ་ལྡན་འདས་པདྨའི་གདན་ཅན་དྲན་པར་བྱས་ན་སྦྱིན་བདག་ཆེན་པོར་འགྱུར་།། ཡང་ན་སྤྲུ ་ཐབས་ཆེན་པོ་བཤད་པར་བྱ་སྟེ། ཚེ་འཕྲལ་གྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཟས་ཅི་སྲིད་དུ་བཅད་ནས་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་ན་ཐང་ཀ་ནུབ་ཕྱོགས་སུ ་བསྟན་ལ་དགྲམ་ཞིང་། ཉིན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་ཅིང་། མཚན་མོ་སྟན་ཅིག་ལ་གནས་པས། ནུབ་ཡལ་གྱིས་བཟླས་པ་བྱས་ན་ནོར་གྱི་ཕུང་པོ་ཆེད་པོ་རྙེད་དེ། མཐོང་གནོད་བྱས་ཀྱི ་མཛད་པར་མི་འགྱུར་ཏེ། ལྷ་ཁང་ཆེན་པོ་བྱའོ།། ཆོ་ག་འདིའི་ཚེ་འཕྲུལ་གྱི་དཀར་པོའི་ཕྱོགས་ལ་བཟླས་བྱས་ན་འཁོར་ལོས་བསྒྱུར་བ་འཐོབ་ཅིང་། བཅོམ་ལྡན་འདས་མ་ནོར་གྱུན་པ ་དེངསུ་མཐོང་ཞིང་ཕྱིར་མི་ལྡེག་པའི་བྱང་ཆུབ་སེ་དང་འགྱུརརོ།། ཇི་ལྟར་ད་ལྟར་ཚངས་སྤྱོད་བྱ་ཞིང་།། ཁ་ན་མ་ཐོ་བའི་ཟས་ཆང་དང་། ཉ་ཤ་ལ་སོགས་པ་སྤངས་ཤིང་མཚན་པོ་བཟླས་པ་བྱས་ན་དབུལ ་མི་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་ཀུན་དགའ་བོ་དང་། ཟླ་བ་བཟང་པོ་ཡོངསུ་དགའ་ནས་ཁྱིམ་བདག་ཟླ་བ་བཟང་པོའི་དོན་དུ་གསུངས་པ་ལ་མངོན་པར་བསྟོད།། བཅོམ་ལྡན་འདས ་མ་ནེར་རྒྱུད་མའི་ཏོག་པ་རྫོགས།། ། ན་མེ་རཏྣ་ཏ་ཡཱ་ཡ་ཨེ་བཱ་སུ་དྷ་ར་སྭཱཧཱ། སྙིང་པོའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱ་སུ་ཤྲཱི་སྭཱཧཱ། !བའི་སྙིང་པོའོ།། ན་མེ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱསྭ་སྭཱ ་