| Wylie | e-texts produced with BDRC’s OCR application |
བ་བནྡྷ་ཡེ་ཤེས་སྔ་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཨརྱ་སང་གྷ་ཏ་སཱུ་ཏྲ་དྷརྨ་པརྱ་ཡ། བེད་སྐད་དུ། འཕགས་པ་ཟུང་གི་མདོ ་ཆོས་ཀྱི་རྣམ་གྲངས། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི ་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་སུམ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་དང་། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཤཱ་རཱིའི་བུ ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། ཚེ་དང་ལྡན་པ་བཀུ་ལ་དང་། ཚེ་དང་ལྡན་པ་བཟང་སྐྱོང་དང་། ཚེ་དང་ལྡན་པ་བཟང་དཔལ་དང་། ཚེ་དང་ལྡན་པ་ཙན་དན་དཔལ་དང་། མེད ་ལྡན་པ་དུག་སེལ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་དགའ་སྡེ་དང་། དེ་ལ་སོགས་པ་དགེ་སློང་སུམ་ཁྲི་ཉིས་སྟེང་དང་། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ཉིས་ས ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན། ཏུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུ ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞི་ནུར་གནས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི ་འབྲིང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བ་ཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ ་རྒན་པོ་བལྟ་ན་སྡུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔ ་སེམས་དཔའ་ཆེན་པོ་དྲུག་ཁྲི་ཉིས་སྟོང་དང་། ལྷའི་བུ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་སྲིད་སྒྲུབ་དང་། ལྷའི་བུ་བཟང་པོ་དང་། ལྷའི་བུ་ཤིན་ཏུ་བཟང་པོ་དང་། ལྷའི་བུ་ཆེས་འདོད་དང་། ལྷའི་བུ་ན ་སྙིང་པོ་དང་། ལྷའི་བུ་ནན་དེན་གནས་དང་། ལྷའི་བུ་ཙན་དང་དང་། དེ་ལ་སོགས་པ་ལྷའི་བུ་ཁྲི་ཉིས་སྟེང་དང་། ལྷ་མོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་མོ་རྡོ་ལྡན་དང་། ལྷའི་བུ་མོ་མཛེས་ལྡན་དང་། ་ལྔའི་བུ་མོ་བདག་ཉིད་ཆ་ལྡན་དང་། ལྷའི་བུ་མོ་མིག་དཔལ་དང་། ལྷའི་བུ་མོ་སྐྱེ་དགུའི་བདག་མོ་གནས་པ་དང་། ལྷའི་བུ་མོ་སྟོབས་འཛིན་དང་། ལྷའི་བུ་མོ་ནོར་དཔལ་དང་། ལྷའི་བུ་མེ་ལག་པ་བཟང ་ལྡན་དང་། དེ་ལ་སོགས་པའི་ལྷ་མོ་བརྒྱད་སྟོང་དང་། ཀླུའི་རྒྱལ་པོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སོགས་མ་མེད་དང་། ཀླུའི་རྒྱལ་པོ་ཨ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་འམིག ་དང་། ཀླུའི་རྒྱལ་པོ་བུམ་པའི་སྙིང་པོ་དང་། ཀླུའི་རྒྱལ་པོ་བུམ་པ་མགོ་དང་། ཀླུའི་རྒྱལ་པོ་དགེ་བྱེད་དང་། ཀླུའི་རྒྱལ་པོ་ཤིན་ཏུ་དགའ་བ་དང་། ཀླུའི་རྒྱལ་པོ་མདབ་བཟངས་དང་། ཀླུའི་རྒྱལ་པོ་གླང་པོའི་མགོ ་དང་དི་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱད་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་དག་ཐཾད་ཀྱང་རྒྱལ་པོའི་ཁབ་ག་ལ་བ་དང་། བྱ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱར་སྔར་འཁོད་པ་དང་། བཛྲ ་ཅང་མི་གསུང་བར་གྱུར་པས་གནང་།། དེ་ནས་བྱང་ཆུབ་སེམ་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལ་ངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས ་པའི་ལྷ་ང་ས་ལ་གཅུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་ས། ད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་བྱེ་བ་དང་། ལྷའི་བུ་མོ ་བྱེ་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་མང་པོ་དང་། བཅོམ་ལྡན་འདས་ཉན་ཐོས་བྱེ་བ་མང་པོ་དང་། ཀླུའི་རྒྱལ་པོ་རྣམས་ཀྱང་ཆོས་ཉན་པའི་སླད། འདུས་ནས་འཁོད་ཅིང་མཆིས་ན། དེ་བཞིན་བ ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཚུལ་ལ་འཇུག་པ་ཇི་ལྟ་བུས་སེན་རྒན་པ་རྣམས་ནི་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ། ་སེམས་ཅན་གནོན་རྣམས་ནི་དགེ་བའི་ཆོས་རྣམས་ལ་མངོན་པར་བརྩོན་ཞིང་ཁྱད་པར་དུ་འཕགས་པ་ཐོས་པར་གྱུར་ཏེ། དགེ་བའི་ཆོས་རྣམས་ལས་མི་ཉམས། ཡེངསུ་མི་ཉམས་ཤིང་ཡེངསུ་ཉམ ་པར་མི་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ལ་འཇུག་པ་དེ་ལེགས་པར་བར་དུ་གསོལ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་འདས ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་དཔའ་བ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ཀུན་ཏུ་དཔའ་བ་ལེགསོ་ལེགསོ།། ཀུན་ཏུ་དཔའ་བ་ཁྱོད་དེའི་ཕྱིར་ལེགས་པར་རབ ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱེད་ལ་བཤདོ།། མ་ལྡན་འདས་དེ་བཞི་ནོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་ག། བཅོམ་ལྡན་འདས ་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེ་ས་བཀའ་སྩལ་ཏོ།། ཀུན་ཏུ་དཔའ་བཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ད་ལྟར་ཡང་འཛམྦུའི་གླིང་ན་སྤྱོད་པ་ཞིག་ཡོད། གང ་ལ་ལ་ཞིག་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། དེའི་མཚམས་མེད་པ་ལྔའི་ལས་རྣམས་འབྱུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུའོརོ།། ་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། གང་གིས་ཟུང་གི་མདོ་འདི་ཐོས་ན། དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་སྐྱེད་པར་འགྱུརོ་སྙམ་ན་ཡང་བཀུན་ཏུ་དཔའ ་བ་དེ་ལྟར་མི་བལྟའོ།། ཀུན་ཏུ་དཔའ་བས་གསོལ་པ། འོ་ན་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུ་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོ་པ་ཡང་དག་པར་རྫོག ་། པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྲེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བསོད་ནམས་ཀྱི་ཕུང་པོ་ཡང་དེས ་སྐྱེད་པར་འགྱུརརོ།། ཀུན་ཏུ་དཔའ་བ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་འགྱུརརོ།། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བར་འགྱུརརོ།། དེ་དག ་ཐད་ནི་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བར་འགྱུརརོ།། དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརོ།། དེ་དག་བདེ ་ཀྱི་དགེ་བའི་ཆོས་གང་དག་འཐོབ་པར་འགྱུར་བ་དེ་དག་ལ་བ་དུད་སྡིག་ཅན་གྱིས་མི་རྫི་བར་འགྱུརོ།། ཀུན་ཏུ་དཔའ་བ་གང་དག་ཟུང་གི་མདོ་འདི་ཐོས་པ་དེ་དག་ཐམས་ཅད་སྐྱེ་བ་དང ་འགགས་པ་ཤེས་པར་འགྱུརརོ།། དེ་ནས་བྱང་ཆུབ་སེམས་དཔ། འདེ་དག་ཐམས་ཅད་དེའི་ཚེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་གསུ ་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ ་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོའི་ཚད་ཉོན་ཅིག། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་དང་། འཛམྦུའི་གླིང་གི་རྡུལ་ཕྲ་རབ་ཇི་སྙེད་པ་དང་། གངྒཱའི་ཀླུང་གི་བྱེ་མ་དང ་མཉམ་པ་དེ་དག་ཐེ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི།། སངས་རྒྱས་གཅིག་གི་བསོད་ནམ ་ཀྱི་ཕུང་པོ་ཆེས་མང་ངོ་།། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་རྣམས་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཀྱང་ཆེས་མང་དུ་སྐྱེད་པར་འགྱུར་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ ་སྙེད་པ་ནི། བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུ་སོ།། ཀུན་ཏུ་དཔའ་བ་དེའི་ཚེ་དེའི་དུས་ན། གང་ཚིག་འདི་ཐོས་ནས། སྤྲོ་བ་ཆེན་པོར་འགྱུར་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་སྐྱེ ་པར་འགྱུ། བཅྡོཾས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་ཆོས་ཀྱིས་ཡོངསུ་སྒོམ་པར་འགྱུར་བ་དེ་དག ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་དཔའ་བ་སེན་གཉིས་པ ་འདི་དག་ནི། ཆོས་ཀྱིས་ཡོངསུ་སྒོམ་པ་ཡིན་ཏེ། གཉིས་གང་ཞེ་ན། ཀུན་ཏུ་དཔའ་བ་འདི་ལྟ་སྟེ། གཅིག་ནི་སེམས་ཅན་ཐ་མས་ཅད་ལ་སེམས་མཉམ་པའོ།། ཀུན་ཏུ་དཔའ་བ་གཉིས་པ་ནི ་གང་ཆོས་ཐོས་ནས། སེམས་ཅན་ཐཾད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དང་། འབས་གསོལ་པ། བཅོམ་ལྡན་འདས་ཆོས་ཐོས་ནས། སེམས་ཅ ་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པ་གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་གཅིག་ནི་ཆོས་ཐོས་ནས་བྱང་ཆུབ་ཏུ་ཡོངསུ་སྔོ་སྟེ། ནམ ་དུག་ཏུ་ཡོངསུ་སྔོ་བ་དེ་ནི། སེཾན་ཐམས་ཅད་ཀྱི་ཕྱིར་ཆོས་ཀྱིས་ཡོངསུ་སྐོམ་པ་ཡིནོ།། ཀུན་ཏུ་དཔའ་བ་གཉིས་པ་ནི། གང་ཐེག་པ་ཆེན་པོ་ལ་འཇུག་སྟེ། རྟག་ཏུ་ཡང་ཆོས་ཀྱིས་ཡོངསུ་སྒོམ་པ ་།། ཡིན།། དེ་ནས་ལྷ་དང་། ཀླུ་དང་། མི་དང་ལྷའི་བུ་མོ་བྱེ་བ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་ནས ་ལྡན་འདས་བདག་ཀྱང་ཆོས་ཀྱིས་ཡོངསུ་སྒོམ་ཞིང་མཆིས་ན། བཅོམ་ལྡན་འདས་བདག་ཅག་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོང་སུ་རྫོགས་པར་མཛདདུ་གསོལ།། དེ་ནས་བཅོམ་ལྡན་འདས ་ཀྱིས་དེའི་ཚེ་འཛུམ་པ་མཛད།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལག་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སེ་མས་ཅན་གང་དག་འདིར་ལྷགས་ནས། བླ་ན་མེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ ་བ་དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངསུ་བསྒྲུབ་པ་གྲུབ་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་རྒྱུ་གང་ལགས་རྐྱེན་གང ་གིས་ན། སེམས་ཅན་འདིར་ལྷགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁྱོད་དེ་བཞིན ་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགསོ་ལེག་སོ།། ཀུན་ཏུ་དཔའ་བ་དེའི་ཕྱིར་འདི་ལ་ཡོངསུ་བསྔོ་བའི་ཁྱད་པར་ཉོན་ཅིག། ཀུན་ཏུ་དཔའ་བ་སྔོན་བྱུང་བ་འདས་པའི་དུས། བསྐལ་པ་གྲངས་མེད། ་པར་གྱུར་པ་དེའི་ཚེ། དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་ཞེས་བྱ་བ་རིག་པ་དང་ཞབསུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན ་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་།། ཀུན་ཏུ་དཔའ་བ་དེའི་ཚེ་དེའི་དུས་ནང་བྲམ་ཟེའི་ཁེའུ ་ཞིག་ཏུ་གྱུར་ཏེ། ངས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་བཀོད་པ་དེ་དག་ཐམས་ཅད་དེའི་ཚེ་དེའི་དུས་ན། རི་དག་སུ་གྱུར་ནས། ངས་དེའི་ཚེ་དེའི་དུས་ར། འདི་སྐད་ད་ལྟར་རི་དགས ་གང་ལ་ལ་སྡུག་བསྔལ་གྱིས་ཡོངསུ་གཟིར་བར་གྱུར་པ་དེ་དག་ཐམས་ཅད། ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅི་ག། དེ་དག་ཐམས་ཅད་ཀྱང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས ་ལ་སོ་སོར་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། རིད་གས་དེ་དག་གིས་ཀྱང་། ཚིག་དེ་ཐོས་ནས། དེ་བཞིན་དུ་གྱུར་ཅིག་ཅེས་དེ་སྐད་སྨྲས་ཏེ། ཀུན་ཏུ་དཔའ་བ་དགེ་བའི་རྩ་བ་དེས་ན། སེན ་དེ་དག་འདིར་ལྤགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས ་ལྡན་འདས་ལས་སྤྲོ་བ་ཆེན་པོ་ཟོས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་དེ་དག་གི་ཆའི་ཚད་ཇི་སྲིད་ཅིག་ཐུབ་པར་འགྱུར། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སེམས་ཅན་དེ་དག་གི་ཚེའི་ཚང་ནི་བསྐལ་པ་བརྒྱད་ཅུ་ཐུབ་པར་འགྱུརོ།། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་བསྐལ་པའི་ཆང་ཇི་ཙམ་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། འདི་ལྟ་སྟེ་དཔེར་ར། མི་ལ་ལ་ཞིག་གིས་ར་བ་རྒ་ཞེང་དུ་དཔག་ཚད་བདུ་གཉིས་ལ་འཕང་དུ་དཔག་རད་གསུམ་པ་ཞིག ་བརྩིགས་ཏེ། ར་བ་དེའི་ནང་ཏིལ་གྱི་འབྲ་ཤ་སྟག་གིས་ཡོངས་གང་བར་བྱས་ལ། དེ་ནས་མི་དེས་ལོ་སྟེང་འདས་ཤིང་། ར་བ་ཏིལ་གྱི་འབྲས་ཡོངསུ་གང་བ་དེ་ལས་ཏིལ་གྱི་འབྲུ་གཅིག་ཕྱི་རོལ་ད ་ཏེ་དེ་ལྟ་བུའི་ཚལ་དུ་མི་དེས། ཏིལ་གྱི་འབྲུ་དེ་དག་ཐམས་ཅད་ཟད་པར་བྱས་ལ། ར་བ་དེ་རྨང་ཡང་མེད། གཞི་ཡང་མེད་པར་གྱུར་དུ་ཟིན་ཀྱང་། བསྐལ་པ་ནི་ཟད་པར་མི་འགྱུ་རོ།། ཀུན་ཏུ་དཔའ་བ་གཞན ་ཡང་འདི་ལྟ་སྟེ་དཔེར་ན། རི་རྔམས་དཔག་ཚད་ལྔ་བཅུ། འཕང་དུ་དཔག་ཚད་བཅུ་གཉིས་པ་ཞིག་ཡོད་ལ། དེ་ནས་པི་ལ་ལ་ཞིག་གིས། རེ་དེའི་ངེས་ལ་ཁྱིམ་བརྩིགས་ཏེ། དུས་རིང་པོ་ལོ་བརྒྱ་འང ་ཤིང་ཀ་ཤི་པའི་རས་ཀྱིས་ལན་ཅིག་ཕྱིས་ཏེ། དེ་ལྟར་བས་བས་རི་དེ་ཟད་པར་གྱུར་དུ་ཟིན་ཀྱང་། བསྐལ་པ་ནི་ཟད་པར་མི་འགྱུ་རོ།། ཀུན། ཏུ་དཔའ་བ་བསྐལ་པའི་ཚད་ནི་དེ་ཡིནོ།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྔོ་བ་གཅིག་གིས་ཀྱང་། བསོད་ནམས ་ཀྱི་ཕུང་པོ་མང་དུ་སྐྱེད་པ་ནི་འདི་ལྟ་སྟེ། བདེ་བར་དེའི་ཚད་བསྐལ་པ་བརྒྱད་ཅུ་ཐུབ་པར་འགྱུར་ན་གང་དེ་བཞིན་གཤེགས་པའི་བསྟན་པ་ལ་བསྙེན་བཀུར་ཤིན་ཏུ་མང་པོ་བགྱིད་པ་ལྟ་སྨོས་ཀྱང ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེའི་ཚེ་ཚད་ཀྱང་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་འགྱུར་ན། ཀུན་ཏུ་དཔའ་བ ་གང་ཟུང་གི་མདོ་ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་ལྔ་ཅི་སྨོས་ཏེ། ཀུན་ཏུ་དཔའ་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་པོར་འགྱུརོ།། ཀུན་ཏུ་དཔའ་བ་སེམས་དང་བ་གང་ཞིག་ཟུང་གི་མདོལ ་སྙིང་ཐེག་པ་ནས་ཕྱག་འཚལ་བ་དེ་ནི། བསྐལ་པ་དག་བཅུ་རྩ་ལྔར་ཚེ་རབས་དྲན་པར་འགྱུ་རོ།། བསྐལ་པ་དྲུག་ཅུའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུ་རོ།། ཚེ་འདི་ལ་ཡང་ཐམས་ད ་དགའ་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་དེ་ནི་མཚན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར། དུག་གིས་འཆི་བའི་དུས་བྱེད་པར་མི་འགྱུ་རོ།། དེ་ལ་བྱད་ཀྱིས་ཚུགས་པར་མི་འགྱུརོ།། འཆི་ཁར་ཡང་སངས ་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་ལ་སྐྱེས་བུ་དམ་པ་ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི ་རྣམ་གྲངས་ཆེན་པའི་གས་པར་འི་མང་པོ་བསི་པས་ཁསད་རྣམས་ཀྱི་ཕུང་པོ་འདི་སྟེ་སྟེ། སངས་རྒྱས་བཅོམ་ལྡན་འས་བྱེ་བདྲག་དགུ་བསྲེམ་དགུ་པ་དེ་དག་གིས་ཀྱང་འཇིག་རྟེན་གྱི ་ས་སོར་ལུང་སྡོམ་པར་འགྱུར་ན། ཀུན་ཏུ་དཔའ་བ་གང་གཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི། མཐའ་དག་རྫོགས་པར་རྒྱ་ཆེར་ཐོས་པ་ལྟ་ཅི་སྨོས་ཀྱིས་མ་འཇིགས་ཤིག་ཅེས་དབུམས ་འབྱིན་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་རླུང་གི་མཛིམ ་རྣམ་ཐས་ཆེན་པ་མཉན་པར་བགྱིས། བཅོམ་ལྡན་འདས་བདག་སང་རྣམས་ཀྱི་རུང་བ་ཇོམམ་མི་གརྐྱང་བར་འགྱུར་བཅོམ་ལྡན་ལས་ཀྱིས་པ་འསྩལ་པ་འམ ་། བཅོམ་ལྡན་འདས་པདྨའི་ཀླུང་གི་བྱེ་མ་དང་མཉམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར་སེམས་ཅན་དེ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེད་པར་འགྱུའོ།། གསོལ་པ ་བཅོམ་ལྡན་འདས་ནམ་བདག་ཟུང་གི་མངའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་པ་དེ་ན་བཅོམ་ལྡན་འདས་ངོམས་ལ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁོམ ་རྣམས་ཀྱིས་ངོམས་མི་ཤེས་པ་ལ་མི་ལེག་སོ་ལེག་སོ།། ཀུན་ཏུ་དཔའ་བ་ང་ཡང་ཆོས་རྣམས་ཀྱིས་ངོམས་མི་ཤེས་ན། ཀུན་ཏུ་དཔའ་བ་བྱིས་པ་ས་སའི་སྐྱེ་བོ་རྣམས་ཀྱིས་ངོམས་མི་མྱོང་བར་བྱ་བ ་སྨོས། ཀུན་ཏུ་དཔའ་བ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་པ་དེ་བསྐལ་པ་སྟོང་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། བསྐལ་པ་ལྔ་སྟོང་དུ་དང་འགྲོར་སྐྱེ ་བར་མི་འགྱུར། བསྐལ་པ་ཁྲི་ཉིས་སྟོང་དུ་བློ་ངན་པར་མི་འགྱུར། བསྐལ་པ་ཁྲི་བརླང་སྟོང་དུ་མཐའ་འཁོབ་ཀྱི་སྐྱེ་བོའི་ནང་དུ་སྟེ། བར་མི་འགྱུར། བསྐལ་པའི་ཁྲི་རབ་ཏུ་སྦྱིན་པ་ལ་དཔའ ་འགྱུར། བསྐལ་པ་ཉི་ཁྲི་ལྔ་སྟོང་དུ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པར་སྤད་པ་སྤྱོད་པར་འགྱུ་རོ།། དེ་བསྐལ་པ་བཞི་ཁྲིར་ཁྱིམ་གྱི་གནས་ནས་འབྱུང་བར ་འགྱུར། བསྐལ་པ་ལྔ་ཁྲིར་ཆོས་འཛིན་པར་འགྱུར། བསྐལ་པ་དྲུག་ཁྲི་ལྔ་སྟོང་དུ་འཚེ་བ་རྗེ་སུ་དྲན་པ་བསྒོམ་པར་འགྱུརོ།། ཀུན་ཏུ་དཔའ་བ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་སྡིག་པའི་ལས ་ཅུང་ཟད་ཀྱང་འབྱུང་བར་མི་འགྱུརོ།། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུརོ།། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུརོ།། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས ་པ་དེ་དག་ནི་གང་དང་གང་དུ་སྐྱེ་ཡང་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་ལྔར་འོག་པར་ལྟུང་བར་འགྲོ་བར་མི་འགྱུརོ།། བསྐལ་པ་བརྒྱད་ཁྲིར་ཐོས་པ་འཛིན་པར་འགྱུརརོ།། བསྐལ་པ་སྟོང་དུ་སྲོག་གཅོད་པ ་སྤོང་བར་འགྱུར། བསྐལ་པ་དགུ་ཁྲི་དགུ་སྟོང་དུ་བརྫུན་དུ་སྨྲ་བ་སྤོང་བར་འགྱུར། བསྐལ་པ་ཁྲི་སུམ་སྟོང་དུ་ཕྲ་མའི་ཚིག་སྤོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེ ་དེ་དག་ནི་རྙེད་པར་དཀའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྦ་ང་ས་ལ་བཅུ ་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུ་དེ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོ་མ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བ ་ངག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་མང་ངོ་།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག ་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁ་རོག་ཁ་རོག། ང་ལ་སྡིག་པའི་ལས་ཀྱི་ཕུང་པོ་ཀུན་མ་འདྲི་ཤིག། ཀུན་དུ་ད ་བ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ལ་གནོད་སེམས་བསྐྱེད་པ་བས་ནི།། གང་གཟུང་གི་མང་ལ་སྤོང་བ་དེ། ་བས་མི་དགེ་བའི་ཕུང་པོ་ཆེས་མང་དུ་སྐྱེད་།། ཀུན་ཏུ་དཔའ་བ་གང་དག་ཐེག་པ་ཆེན་པོ་ལ་གནོད་པའི་སེམས་བསྐྱེད་པ་དེ་དག་ཀྱང་། དགེ་བས་མི་དགེ་བའི་ཕུང་པོ་ཆེས་མང་དུ་སྦེད་པར་འགྱུར་བ། ་།། ཀུན་ཏུ་དཔའ་བ་སེམས་ཅན་དེ་དག་ནི་ཚིག་པའོ།། རིག་པ་ཉིད་།། ཀུན་དུ་དཔའ་ངས་གསོལ་པ། བཅོམ་ལྡན་འདས་སེམས་ཅདང་དག་ན་བར་པར་བགྲོ་མ་ནུས་ལགས་སམཁ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་བཞིན་ཏེ། ཐར་པར་མི་ནུསོ།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གི་མགོ་བཅད་ན། དེ་ལ་དེས་སྨན་སྦྲང་རྩེ་འམ། ཁ་ར་འམ། ་འམ། མར་རམ། འབྲུ་མར་རམ། བསྡུ་བའི་སྨན་གང་ཡང་རུང་བ་ཞིག་གིས་མགོ་ལ་བསྐུས་ན། ཀུན་ཏུ་དཔའ་བ་འདི་ཇི་སམ་དུ་སེམས། སེམས་ཅན་དེ་སླར་ལྡང་ནུས་སམ། ཀུན་ཏུ་དཔའ་བས ་གསོལ་པ། བཅོམ་ལྡན་འདས་རྔོ་མི་ཐོག།། བཅོམ་ལྡན་འདས་ཀྱི་ས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་གཞན་ཡང་མི་གཞན་ཞིག་གང་ཡོད་པར་གྱུར་ལ།། དེས་སེམས་ཅན་གཞན་ལ་མཚན ་རྣོན་པོས་བཏབ་ན། མཚན་ཐང་གཅིག་བཏབ་པས་སྲེག་ཆོད་མ་ནུས་ཀྱང་། ཀུན། དྲི་དཔའ་བ་རྨ་འབྱུང་བར་འགྱུར་ཏེ། སྨན་གྱི་ས་སྦྱར་ན་དེའི་རྨ་འཚེ་བར་འགྱུའོ།། ནམ་སོས་པར་གྱུར ་དེ་ན། སྡུག་བསྔལ་དྲན་པ་དེ། ད་ནི་བདག་གིས་ཤེས་ཀྱིས། ལན་འགའ་ཡང་སྡིག་པ་མི་དགེ་བའི་ལས་མངོན་པར་འདུ་བྱ་བ་མི་བྱའོ་སྙམ་དུ་སེམས་དེ་བཞིན་དུ་ཀུན་ཏུ་དཔའ་བ་མི་དེ་ནམ་སྡུག ་བསྔལ་དྲན་པ་དེ་ན། སྡིག་པ་ཐམས་ཅད་ཡོངསུ་སྤོང་།། དེའི་ཚེ་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པར་འགྱུརརོ།། ཆོས་ཐམས་ཅད་མངོན་སུམ་དུ་བྱས་ནས། དེའི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངསུ ་རྫོགས་པར་བྱེད་པར་འགྱུརརོ།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཤི་བའི་ཕ་མ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོར་ཀྱང་། དེ་ལ་སྐྱབས་བྱེང་རུས་པ་མེད་པ་དེ་བཞིན་དུ། ཀུམ་དུ་དཔའ་བ་བྲིས ་བས་སའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་བྱེད་མི་ནུས་ཏེ་པ་མ་དེར་ཐག་ཆད་པ་བཞིན་དུ་སེམས་ཅན་དེ་དག་ཀྱང་འཆི་བའི་དུས་ཀྱི་མེར་ཐག་ཆད་པར་ནུ ་ཀུན་ཏུ་དཔའ་བ་གཉིས་པོ་འདི་དག་ནི་སེམས་ཀྱི་རེ་ཐག་ཆད་པ་ཡིན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཅིག་ནི་སེམས་ཅན་སྡིག་པ་བྱེད་པ་འམ། བྱེདདུ་འཇུག་པའོ།། མི་གཅིག་ཤོས་ནི་དམ་པའི་ཆེས ་སྤོང་བ་སྟེ། གཉིས་པོ་དེ་དག་ནི་སེམས་ཅན་རྣམས་འཆི་བའི་དུས་ཀྱི་ཚེ་རེ་ཐག་ཆད་པའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་གི་འགྲོ་བ ་གང་ལགས། ཚེ་སླད་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སེམས་ཅན་དམ་པའི་ཆོས་ལ་སྨོད་པ་རྣམས་ཀྱི་འགྲོ་བ་ནི་མཐའ་ཡས་ཏེ། ཚེ་ཕྱི་མ་མཐའ ་ཡསོ།། ཀུན་ཏུ་དཔའ་བ་དམ་པའི་ཆོས་སྤོང་བའི་སེམས་ཅན་དེ་དག་ནི་བསལ་པར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོང་དུ་ཚོར་བ་མྱོང་བར་འགྱུརོ།། བསྐལ་པར་བསྡུས་གཞོམ་དང ་བསྐལ་པར་ཚ་བ་དང་། བསྐལ་པར་རག་ཏུ་ཚ་བ་དང་། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང་། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དང་། བསྐལ་པར་སོ། ་དམྱལ་བ་ཆེན་པོ་སྤུ་ཟིང་ཞེས་བྱེད་པ་དང་། བསལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཀྱི་ཧུད་ཟེར་བ་དང་། ཀུན་ཏུ་དཔའ་བ་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ང། བསྐལ་པ་བརྒྱ ་ཀྱི་བར་དུ་སྡུག་བསྔལ་མོང་བར་འགྱུརོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྡུག་བསྔལ ་ལགས།། བདེ་བར་གཤེགས་པ་སྡུག་བསྔལ་ལགས་ཉན་པར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིགསུ་པ་དང་པ་འདི་དག་བཀའ་སྩལ་ཏོ།། སེམས་ངན་དམྱལ་བར་སེམ ་ཅན་རྣམས།། ཇི་ལྟར་སྡུག་བསྔལ་རབ་ཚོར་མྱོང་།། འཇིག་པ་ཆེན་པོའི་རིག་འདི་ལ།། ཁྱོད་ནི་ཉན་པར་སྤྲོ་མ་ཡིན།། གང་ཞིག་དགེ་བའི་ལས་བྱེད་པ།། དེ་ནི་དགེ་བར་འགྱུར་བ་ཡིན།། གང་ཞིག་དགེ་བའི ་ལས་བྱེད་པ།། དེ་ཡང་སྡུག་བསྔལ་ཉིད་འགྱུར།། གང་ཞིག་བདེ་རྒྱུ་མི་ཤེས་པ།། སྐྱེས་ནས་འཆི་བའི་སྡུག་བསྔལ་དང་།། མྱ་ངན་བཅིངས་པའི་སྡུག་བསྔལ་གྱིས།། བྱིས་པ་རྟག་ཏུ་སྡུག་བསྔའོ།། གང་དག ་སངས་རྒྱས་མཆོག་དྲན་པ།། མཁས་པ་རྣམས་ནི་བདེ་བ་ཡིན། ཐེག་པ་མེ་ལ་དད་པ་ཡང་།། དེ་དག་ངན་འགྲོར་འགྲོ་མི་འགྱུར།། ཀུན་ཏུ་དཔའ་བ་དེ་བཞིན་དུ།། སྔོན་གྱི་ལས་ཀྱིས་རབ་བསྐུལན ་ལས་ནི་ཆུང་ངུ་བྱས་པ་ཡང་།། འབྲས་བུ་མཐའ་ཡས་སྤྲོད་པར་འ་གྱུར།། སངས་རྒྱས་ཞིང་གི་ཞིང་མཆོག་ཏུ།། ས་བོན་བཏབ་ན་འདྲ་ས་བུ་མ།། ཇི་ལྟར་ས་བོན་འང་བཏབ་ལས།། འབྲས་བུ་མང་བེར ་སྤྱོད་པ་བཞིན།། རྒྱལ་བའི་སྟན་ལ་དགའ་བྱེད་དང་།། མཁས་པ་རྣམས་ནི་བདེ་བར་འགྱུར།། སྡིག་པ་དག་ནི་རྣམ་པར་སྤོང་།། དགེ་བ་དག་ཀྱང་མང་དུ་བྱེད།། གང་དག་དེའི་བསྟན་པ་ལ།། སྦྱིན་པ་སྐྲ་མ ་བྱིན་པ་ནི།། བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ།། ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་།། གང་དང་གང་དུ་སྐྱེས་པར་ཡང་།། དེ་དག་རྟག་ཏུ་སྦྱིན་པ་འདྲ་ན།། དེ་ལྟར་སངས་རྒྱས་སྦྱིན་པའི་གནས།། ཟབ་མོ་དེ་ན ་འབྲས་བུ་ཆེ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་པའི ་ཆོས་འཇལ་བར་བགྱི་བཅོམ་ལྡན་འདས་ཇི་ལྟར་ན་ཟུང་གི་མངོའི་ཆོས་ཀྱི་རྣམ་གྲངས་ཐོས་ནས།། དགེ་བའི་རྣ་བ་ཡང་སུ་འཛིན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩམ་པ། ཀུན་ཏུ་དཔའ་བགང ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་ལ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ངས་པ་ལྟར་གང་གིས ་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དགེ་བའི ་བ་ཡོངསུ་རྫོགས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོ་མ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གང་ག ་བའི་རྩ་བ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པ་རུ་བྱའོ།། དགེ་བའི་རྩ་བ་དེ་བཞིན་གཤེགས་པ་དང་མཚུངས་པར་འཚལ་བར་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱི ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཆོས་སྨྲ་བ་དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ།། ཀུན། དཔའ་བས་གསོལ་པ། བཅོམ་ལྡན་འདས་རོས་སླུ་བ་གང་ལགས། བ ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟུང་གིས་མདོ་སྒྲོགས་པ་དེ་ནི་ཆོས་སྨྲ་བའོ།། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པ་དག ་ཀྱང་འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་ན། གང་དག་ཡི་གེར་འདྲི་བ་དང་། ཀློག་པ་ལྟ་ཅི་སྨོས་ཏེ། དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར་བཅོམ་ལྡན ་།། འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཉོན་ཅིག། འདི་ལྟ་སྟེ། དཔེར་ན། ཕྱོགས་བཞིའི་ཕྱོགས་རེ་རེ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ ་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་བསྐལ་པ་བཅུ་གཉིས་ཀྱི་བར་དུ་བཞུགས་ཤིང་ཆོས་སྟོན་ཏོ།། རླུང་གི་མདོ་འདི་ཡི་གེར་འདྲི་བ་དེའི་བསོད་ནམ་ཀྱི་ཕུང་པོ་བརྗོད་ཀྱང་དེའི་བསོད་ནམས་ཀྱི་པུ ་པོ་མཐའི་རྟོགས་པར་རམ། ཚིག་གིས་བརྗོད་པར་མི་ནུསོ།། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་བ་ནི་བསུ་རྩ་བརྒྱད་ཀྱི་བྱེ་མ་རྙེད་ཀྱིས་ཀྱང་ཡི་གེར་འདྲི་བའི་བསོད་ནམས་ཀྱི་ཕུང་པོ་དགྲ ་པར་མི་ནུས་ན། གང་ཡི་གེར་འདྲི་བ་དང་། སེམས་པ་དང་། ཀློག་པ་དེ་དག་ཀྱང་ཆོས་ཀྱི་གཏེར་དུ་འགྱུར་བ་ལྟ་ཅི་སྨོས། བྱང་ནུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ ་ལྡན་འདས་ཀློག་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚོགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཚིག་བནི་ཚིགསུ་བཅད་པ་ཙམ། ཀླགས་པ ་རྣམས་ཀྱི་དག་པ་གང་།། གང་ག་བརྒྱད་དུ་རྩ་བཞི་ཡི།། བྱེ་མ་སྙེད་ཀྱི་རྒྱལ་བ་ཡིས།། འདི་ན་ཟུང་གི་མདོ་ཀླགས་པ།། དེ་དག་བསོད་ནམས་གང་ཡོད་པ།། རྒྱུན་མི་ཆད་པར་བརྗོད་གྱུར་ཀྱང་།། བསོད། ་དེ་ནི་ཟད་མི་འགྱུར།། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། རྙེད་པར་དཀའ་ཞིང་མཐའ་ཡ་སོ།། ཡང་དེའི་ཚེ་དེའི་དུས་ན། ལྷ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་ཕྲག་དྲུག་ཅུ་རྩ་བཞིས་ཟུང་གི་མདོའི་ཆོས་ཀྱི་རྣམ ་གྲངས་བསྟན་པ་གལ་བ་དེ་ལོག་སུ་བལ་མོ་སྦྱར་བ་བདུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླད། ཆོས་ཀྱི་གཏེར་འདི་ལྟར་བཅོམ་ལྡན་འདས་ཀྱིས་འམ ་བུའི་གླིང་འདིར་བཞག་པ་ནི་ལེག་སོ་ལེགསོ།། གནན་གཅེར་བུ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅོ་བརྒྱད་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། ཀྱེ་དགེ་སྦྱོང་གོའུ་ཏ་མ་རྒྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་རྟག་ཏུ་རྒྱའོ།། ཀྱེ་མུ་སྟེགས་ཅན་གཅེར་བུ་ངན་དག། མུ་སྟེགས་ཅན་ཁྱེད་རྣམས་ཅི ་ལྟར་རྒྱལ་བར་འགྱུར། དེ་དག་གིས་སྨྲས་པ། རྒྱལ་བར་མཛོད། དགེ་སྦྱོང་གོའུ་ཏ་མ་རྒྱལ་བར་མཛོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཁྱེད་རྣམས་ལ་རྒྱལ་བ་མ་མཐོའོ།། ཁྱེད། ་བྱིན་ཅི་ལོག་གནས་ན།། ཇི་ལྟ་བུར་ནི་རྒྱལ་བར་འགྱུར། གཅེར་བུ་ཁྱེད་རྣམས་ཉོན་ཅིག་དང་།། ཁྱེད་ལ་ཕན་པ་བརྗོད་པར་བྱ།། བྱིས་པའི་བློ་ལ་བདེ་བ་རེད།། ཁྱེད་ཅག་རྒྱལ་བར་ག་ལ ་འགྱུར།། ངས་ནི་སངས་རྒྱས་སྤྱན་གྱིས།། ཟབ་མོའི་ལམ་ཡ་ང་བསྟན་པར་བྱ།། དེ་ནས་གཅེར་བུ་པ་དེ་དག་བཅོམ་ལྡན་འང་ས་ལ་ཁྲོས་ནས།། མ་དད་པའི་སེམས་སྐྱེད།། དེའི་ཚེ་དེའི་དུས ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་། དེ་ནས་གཅེར་བུ་པ་བྱེ་བ་ཕྲག་བ.རོ་བརྒྱད་པོ་དེ་དག་སྔངས་སྐྲག་ནས། སྡུག་བསྔལ་ཆེན་པོས་ཉམས་ཐག་སྟེ། ངུ་ཞིང་མཆི་མ་ཟག་པ་དང་། དེ་བའི ་གཤེགས་པས་ཀྱང་སྐུ་མི་སྣང་བར་མཛད།། དེ་ནས་གཅེར་བུ་པ་དེ་དག་ངུ་ཞིང་གདོང་མཆི་མས་གང་བས། བཅོམ་ལྡན་འདས་མ་མཐོང་ནས།། ཚིགསུ་བཅད་པ་འདི་དག་སྨྲསོ།། འདི་ན་དཔུང་གཉེ ་སུ་ཡང་མེད།། དེ་བཞིན་པ་མེད་མ་ཡང་མེད།། འབྲོག་དགོམ་བཞིན་དུ་རབ་དུ་མཐོང་།། ཁང་པ་སྟེང་པ་གནས་མེདོ།། འདི་ན་ནུ་ཡང་ཡོད་མེད།། ཤིང་ཡང་མེད་ཅིང་བྱ་ཡང་མེད།། འདིར་སྐྱེ་བོ་མ་མཐོང་སྟེ། ་། མགོན་མེད་སྡུག་བསྔལ་ཚོར་བ་ནི།། དེ་བཞིན་གཤེགས་པ་མ་མཐོང་བས།། མི་བཟང་ཆེན་པོ་མྱོང་བར་གྱུར།། ཡང་དེའི་ཚེ་ན་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་སྐད་པ ་ལངས་ཏེ། པུས་མོ་གཉིས་ས་ལ་གཙུགས། སྒྲ་འབྱིན་ཅིང་དབྱངས་ཀྱིས་གོ་བར་བྱེད།། དེ་བཞིན་གཤེགས་པ་ཐུགས་རྗེ་ཅན།། རྫོགས་པའི་སངས་རྒྱས་དང་གཉིས་མཆོག། བདག་ཅག་རྣམས་ལ ་ཕན་པ་མཛོད།། འགྲོ་བ་ཉམ་ཐག་བསྐྱབ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སོང ་གཞན་མུ་སྟེགས་ཅན་གཅེར་བུ་པ་རྣམས་ལ་ཆོས་ཤོད་ཅི་ག། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ད ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རི་ནག་པོ་རི་རབ་རིའི་རྒྱལ་པོ་ལ་གོར་མ་བཀུམ་པར་རྩེ་མོར་འདུད་ན་དེ་བཞིན་གཤེགས་པ་ཞུགས་བཞིན་དུ་བདག་གིས་ཇི ་ཆོས་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་རོག་རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་གང་གིས། ཀུན་ཏུ་དཔའ་བ་སོང་ལ་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམསུ་ལྟོས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་སྣང་བ། དེ་བཞིན་གཤེགས་པའི་གདན་གང་དུ་བཏིང་བ་ལྟོས་ཤིག་དང་། ཀུན་ཏུ་དཔའ་བ་ང་ཉིད་ཀྱིས་གཞན་མུ་སྟེག ་ཅན་གཅེར་བུ་པ་རྣམས་ལ་ཆོས་བསྟན་པར་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་རང་གི་རྫུ་འཕྲུལ་གྱིས་སམ། འོན་ཏེ་དེ་བཞིན་གཤེགས་པ ་རྫུ་འཕྲུལ་གྱི་མཐུས་སམ། སུའི་རྫུ་འཕྲུལ་གྱི་མཐུས་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་སོང་ཤིག ་ཀུན་ཏེ་དཔའ་བ་དེ་བཞིན་གཤེགས་པའི་མཐུས་ནི་ཕྱིར་ཤོག་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་ཀུན། ཏྲ་དཔའ་བ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་བསྐོར་བ་བས་ཏེ། དེ་ཉིད་དུ ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་དེ་དག་ལ་ཆོས་བསྟན་པ། གྲོག་པོ་དག་སྐྱེ་བ་ནི་སྡུག་བསྔལ་བ་ཡིན་ཏེ། སྐྱེ་བ་ཉིད་ཀྱང་སྡུག་བསྔལ་བའོ།། ་སྐྱེས་ནས་སྡུག་བསྔལ་གྱི་འཇིགས་པ་མང་དུ་འབྱུང་།། སྐྱེ་ས་ནས་ནད་ཀྱི་འཇིགས་པ་རྣམས་འབྱུང་།། ནད་ལས་རྒལ་བ་འི་འཇིགས་པ་རྣམས་འབྱུང་།། རྒས་པ་ལས་འཆི་བའི ་འཇིགས་པ་འབྱུང་།། བཅོམ་ལྡན་འདས་སྐྱེས་པ་ལས་སྐྱེ་བའི་འཇིགས་པ་སྐྱེ་བར་འགྱུར་ཞེས་བགྱི་བ་གང་ལ་གས། མིར་སྐྱེས་ནས་འཇིགས་པ་མང་དུ་འབྱུང་སྟེ། ་རྒྱལ་པོའི་འཇིགས་པ་འབྱུང་།། ཀུན་པོའི་འཇིགས་པ་འབྱུང་།། མེའི་འཇིགས་པ་འབྱུང་།། དུག་གི་འཇིགས་པ་འབྱུང་།། ཆུའི་འཇིགས་པ་འབྱུ་།། རླུང་གི་འཇིགས་པ་འབྱུ་།། གྲོང ་འཁྱིལ་བའི་འཇིགས་པ་འབྱུང་།། རང་གིས་བྱས་པའི་ལས་རྣམས་ཀྱི་འཇིགས་པ་འབྱུང་།། བཅོམ་ལྡན་འདས་ཀྱིས་སྐྱེ་བའི་གླེང་གཞི་དེ་ལྟ་བུ་རྣམ་པ་མང་པོས་ཆོས་བསྟན་པ་དང་། དེའི་ཚེ ་དེའི་དུས་ན། གཞན་མུ་སྟེགས་ཅན་གཅེར་བུ་པ་དེ་དག་རབ་ཏུ་སྐྲག་པར་གྱུར་ནས། བདག་ཅག་ནི་ཕྱིན་ཆད་སྐྱེ་བ་ལ་ནམ་ཡང་མི་མོས་ཞེས་དེ་སྐད་སྨྲསོ།། བཅོམ་ལྡན་འདས་ཀྱིས་ཟུང་གི ་།། མདོའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།། གཞན་མུ་སྟེགས་ཅན་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་རུང་ཡོངསུ་རྗོན། ་པར་གྱུར་ཏོ།། རང་གི་འཁོར་ལས་ཀྱང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅོ་བརྒྱད་ས་བདུལ་རབ་ཏུ་གནས་པར་གྱུར་ནས་ཐམས་ཅད་ཀྱིས་ཀྱང་། རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ ་པ་འདི་ལྟ་སྟེ། རྟའི་གཟུགས་དང་། གླང་པོ་ཆེའི་གཟུགས་དང་། སྟག་གི་གཟུགས་དང་། ནི་མཁའ་ལྡིང་གི་གཟུགས་དང་། རི་རབ་ཀྱི་གཟུགས་དང་། གཡུང་དྲུང་རིས་ལྟ་བུའི་གཟུག ་དང་། ལ་ལ་དག་ནི་ཤིང་ལྗོན་པའི་གཟུགས་སྟོན་ཅིང་ཐམས་ཅད་ཀྱང་པདྨའི་ཁྲི་ལ་དཀྱིལ་མོ་ཀྲུང་དུ་འཁོད།། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་ནི། བཅོམ་ལྡན་འདས ་ཀྱི་གཡས་རོལ་ན་འཁོད།། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་ནི། བཅོམ་ལྡན་འདས་ཀྱི་གཡོན་རོལ་ན་འཁོད་ཅིང་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར ་བཞག་སྟེ། ཐབས་མཁས་པས་སྟོན་པར་སྣང་།། ཞག་བདུན་པའི་ཉིན་མ་དེ་བཞིན་གཤེགས་པ་ཕྱག་གི་མཐིལ་བརྐྱང་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཀུན་ཏུ་དཔའ་བ། པདྨ་བླ་མའི་འཇིག་རྟེན་གྱི་ཁམས་ནས་འདིར་འོང་བར་མཁྱེན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ནམ་འགྲོ་བ་དེ་ན། རང་གི ་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས། པདྨ་བླ་མའི་འཇིག་རྟེན་གྱི་ཁམས་དེར་ཉིན་ཞག་བདུན་གྱིས་ཕྱིན་ཏོ།། ནམ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱང་བ་དེའི་ཚེ། བྱང་ཆུབ་སེམ ་དཔའ་ཀུན་ཏུ་དཔའ་བ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འདུག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་སེམས་དང་ཞིང་། བཅོམ་ལྡན་འདས་ག་ལ་བ ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཆིས་ན། བཅོམ་ལྡན ་འདས་བདག་གིས་རྫུ་འཕྲུལ་གཅིག་གིས་ནི།། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། རྫུ་འཕྲུལ་གཉིས་ཀྱིས་ནི། བཅོམ་ལྡན་འདས་བྱེ་བ་སྟོང་མཐོང་སྟེ། གདུགས་བདུན་པ ་ལ་པདྨ་བླ་མའི་འཇིག་རྟེན་གྱི་ཁམས་ཕྱིན་ནས། དེའི་བར་ན་སངས་རྒྱས་ཀྱི་ཞིང་མི་འཁྲུགས་པ་བྱེ་བ་བརྒྱ་སྟོང་དག་ཀྱང་མཐོང་སྟེ། བཅོམ་ལྡན་འདས་དེ་ནས་གདོད་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དག་ན། དེ་བཞིན་གཤེགས་པ་ཆོས་སྟོན་པ་དང་། དེ་ཉིད་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང ་བྱེ་བ་སྟོང་ཕྲག་བརྒྱད་དུ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འཇིག་རྟེན་དུ་བྱུང་བ་མཐོང་སྟེ། དེ་བཞིན་གཤེགས་པ་དེ ་ངག་ཐམས་ཅད་ལ་ཕྱག་བགྱིས་ནས་སླར་མཆིས།། བཅོམ་ལྡན་འདས་དེ་ཉིད་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དགུ་འདས་ནས། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང ་ཕྲག་སུམ་ཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དགུ་བྱུང་སྟེ། དེ་ཉིད་ཀྱི་གདུགས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ལན་གསུམ་བསྐོར་བ་བགྱིས ་པ་དང་། རྫུ་འཕྲུལ་གྱིས་མི་གདའ་བར་གྱུར་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དྲུག་ཏུ་རྣམསུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་ལཐོང་སྟེ། བཅོམ་ལྡན་འདས་སངས ་རྒྱས་ཀྱི་ཞིང་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། བདག་གིས་ཕྱག་བགྱིས་ནས། བདག་ཐལ་བྱུང་མཆི་སོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གཞན་བྱེ་བ་བརྒྱ་དག་ན་ཡང་། དེ ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདའ་བར་མཛད་པ་རྣམས་མཐོང་སྟེ། བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཕྱག་བགྱིས་ནས་ཐལ་བྱུང་མཆི་སོ།། བཅོམ་ལྡན་འདས ་གཞན་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དག་བཅུ་རྩ་ལྔ་དག་ན། དམ་པའི་ཆོས་ནུབ་པ་མཐོང་ནས། བཅོམ་ལྡན་འདས་བདག་དེ་ལ་བསམ་པ་སྐྱེས་པ་དང་མཆི་མགོ ་ཏོ།། གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འདོད་པའི་གཟུགས་ཅན་མང་པོ་དག་ངུ་ཞིང་། མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར་ཡང་མཐོང་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་གཞན ་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དང་བཅས་པ། རི་རབ་དང་བཅས་པ། ས་ཕྱོགས་དང་བཅས་པ་མ་ལུས་པ་ཐམས་ཅད་ཚིག་དེ་ལ་ཡང་ཕྱག་བགྱིས་ནས། རེ་ཐག་ཆད་པར་གྱུར་ཏེ་མཆི་ས།། བཅོམ ་ལྡན་འདས་བདག་པདྨ་བླ་མ་འཇིག་རྟེན་གྱི་ཁམ་སུ་མ་ཕྱིན་གྱི་བར་དེར། བཅོམ་ལྡན་འདས་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་ཕྲག་ལྔ་ཡང་མཐོང་སྟེ། ལྷོ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང ་དང་། བྱང་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། ཤར་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། ནུབ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། སྟེང་གི་ཕྱོགས་ན་ཁྲི་བཤམས་པ་བེ ་བ་བརྒྱ་སྟོང་མཐོང་སྟེ། བཅོམ་ལྡན་འདས་ཁྲི་བཤམས་པ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་བགྱིས་པ་ཤ་སྟག་སྟེ། ཁྲི་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས ་སྟོན་ཏེ། བཅོམ་ལྡན་འདས་དེ་ལ་བདག་ངོ་མཚར་དུ་གྱུར་ནས། དེ་བཞིན་གཤེགས་པ་དེ་དག་ལ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་མིང་ཅི་ཞེས་ཞུས་པ་དང་། དེ་བཞིནི་གཤེགས་པ ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ནི་པདྨ་བླ་མ་ཞེས་བྱའོ།། བཅོམ་ལྡན་འདས་དེ་ནས་བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་བསྐོར་བ་བགྱིས་ནས། ་སངས་རྒྱས་ཀྱི་ཞིང་དེའི་དེ་བཞིན་གཤེགས་པའི་མཚན་ཅི་ཞེས། ཞུས་པ་དང་། དེ་དག་གིས་བཀའ་སྩལ་པ། དེ་བཞིན་གཤེག། ས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་པདྨའི་སྙིང་པོ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཞིང་འདི་ན་སངས་རྒྱས་ཀྱི་བྱ་བ་བྱེད།། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ་ཞིག་ཀྱང་གདའ་ན། ་པདྨའི་སྙིང་པོ་ཞེས་བགྱི་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མ་འཚལ་ན། དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས ་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྙིང་པོ་ཞེས་བྱ་བ་དེ་ངས་ཁྱོད་ལ་སྟན་ཏོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུན ་མི་གདའ་བར་གྱུར་གྱི། བྱང་ཆུབ་སེམས་དཔའི་གཟུགས་ཤ་སྟག་དུ་གདའ་སྟེ། དེ་བཞིན་གཤེགས་པ་གཅིག་པུ་ཞིག་གདའ་ནས། བདག་གིས་དེ་བཞིན་གཤེགས་པ་དེའི་ཞབས་ལ ་མགོ་བོས་ཕྱག་འཚལ་ཏེ། དེར་མ་རིས་པ་དང་། ཁྲི་ཡང་བྱུང་བར་གྱུར་ནས། ཁྲི་དེ་ལ་མཆིས་པ་དང་། བཅོམ་ལྡན་འདས་དེའི་ཚེ་ཁྲི་དུམ་ཞིག་བྱུང་ནས། ཁྲི་དེ་དག་ལ་སུ་ཡང་མཆིས་པར་མ་མ ་ནས། བདག་གིས་དེ་བཞིན་གཤེགས་པ་དེ་ལ། བཅོམ་ལྡན་འདས་ཁྲི་འདི་ལ་སེམས་ཅན་འགའ་ཡང་མ་མཆིས་པར་མཐོང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས ་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་ཁྲི་འདི་དག་ལ་འདུག་པའི་མཐུ་མེདོ།། གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་ཅི་ཞིག་བསྐྲུན་ན། ཁྲི་དེ་དག་ལ་མཆིས་པར་འགྱུར། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། སེམ་ས་ཅན་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་དེ་ངག་དགེ་བའི་རྩ་བ་དེས་ཁྲི་དེ་དག་ལ་འདུག་པར་འགྱུ ་ཏེ། གང་དག་ཡི་གེར་འདྲི་བ་དང་། ཀློག་པ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ་ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པས། ཁྱོད་ཁྲི་འདི་ལ་འདུག་པར་གྱུར་གྱི། དེ་ལྟ་མ་ཡིན་ན་ནི། ཁྱོད ་སངས་རྒྱས་ཀྱི་ཞིང་འདིའི་ནང་དུ་ཆུད་པར་ག་ལ་འགྱུར། བཅོམ་ལྡན་འདས་དེས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ། བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱིད་པར་འགྱུར། དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོ་དེ་བཞིན་གཤེགས་པ་ལྔ ་པ་མཛད་པ་དང་། བཅོམ་ལྡན་འདས་དེ་ཅིའི་སླདུ་འཛུམ་པ་མཛད་པ། བདག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་རྒྱུ་གང་དང་ཅི་ཞིག་གི་སླད། དེ་བཞིན་གཤེགས་པ་འཛུམ་པ་མཛད ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་མཐུ་ཆེན་པོ་ཐོབ་པ་ཉོན་ཅིག། འདི་ལྟ་སྟེ་དཔེར་ན། ལ་ལ་ཞིག་གླིང་བཞི་ལ ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ལ་ངེས་གླིང་བཞིའི་ཞིང་རྣམས་ལ་ཏིལ་བཏབ་ན། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། དེའི་ས་བོན་མང་དུ་སྐྱེ་བ་ཡིན་ནམ། ཀུམ་ཏུ་དཔའ་བས ་གསོལ་པ། བཅོམ་ལྡན་འདས་མང་ལག་སོ།། བདེ་བར་གཤེགས་པ་མང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དང་། འ་བ་དེ་ལས་སེམས་ཅན་ལ་ལ་ཞིག་གིས་ཏིལ་གྱི་འདུད ་དག་ཕུང་པོ་གཅིག་ཏུ་བྱས་ལ། མི་གཞན་ཞིག་གིས་ཏིལ་གྱི་འབྲུའི་ཕུང་པོ་དེས། ཏིལ་གྱི་འབྲུ་རེ་རེ་ནས་བླངས་ཏེ། ཕྱོགས་གཞན་དུ་འཇོག་ན་ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས ་སེམས་ཅན་དེས་ཏིལ་གྱི་འབྲུ་དེ་དག་བགྲང་བ་འམ། དཔེ་བྱ་ནུས་སམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་མ་ལག་སོ།། བདེ་བར་གཤེགས་པ་དེ ་ལགསོ།། ཏིལ་གྱི་འབྲུ་དེ་དག་བགྲང་བ་འམ། དཔེ་བགྱི་བར་རྔོ་མེ་ཐོག།། ཀུན་ཏུ་དཔེའ་བ་དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི། དེ་བཞིན་གཤེགས་པ་མ ་གཏོགས་པར་གཞན་གྱིས་དཔེ་བྱ་བར་མི་ནུསོ།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ཏིལ་གྱི་འབྲུ་དེ་དག་ཇི་སྙེད་ཀྱི་དེ་སྐད་ཀྱི་དེ་བཞིན་གཤེགས་པར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་ཟུང ་གི་ཆེས་ཀྱི་རྣམ་གྲངས་ཐོས་པའི་དགེ་བའི་རྩ་བའི་བསོད་ནམས་ཡོངསུ་བརྗོད་ཀྱང་།། དཔེས་ཀྱང་བསོད་ནམས་ཟད་པར་མི་འགྱུར་ན། གང་ཡི་གེར་འདྲེ་བ་དང་། ཀློག་པ་དང་། འདྲིར ་འཇུག་པ་ལྔ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཡི་གེར་འདྲི་བས་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བ ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྩཝ་འམ་ཤིང་དེ་དག་ཐམས་ཅད་སེར་གཅིག་ཙམ་དུ་གཏུབས་པ་དང་། ཀུན་ཏུ་དཔའ་བ་དཔེར་བར ་གཉིས་ཀྱང་ཉེན་ཅིག། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་འམ། གཡང་ས་འམ། ས་འམ་རྡུལ་ཕྲ་རབ་ཇི་སྙེད་པ་དེ་དག་ཐམས་ཅད་གླིང་བཞི་ལ་དབང་བའི་འདྲ ་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ན། དེ་དག་གིས་བསོད་ནམས་དེ་དག་དེ་དཔེ་བྱ་བར་ནུས་སམ། ཀུན་ཏུ་དཔའ་བས་གསོལ་པ་བཅོམ་ལྡན་འདས་དེ་མ་ལག་སོ།། གཞན་དུ་ན་དེ་བཞིན ་གཤེགས་པ་ནི་མ་གཏོག་སོ།། ཀུན་དཔའ་བ་དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཡི་གེར་འདྲི་བའི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་དཔེ་བྱ་བར་མི་ནུས་ཏེ། འཁོར་ལོས་སྒྱུར་བར ་རྒྱལ་པོ་ཇི་སྙེད་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་ཡི་གེ་འབྲུ་གཅིག་ཙམ་བྲིས་ཏེ་འཇོག་པ་དེ། བསོད་ནམས་ཀྱི་ཕུང་པོ་ཆེས་མངད་སྐྱེ ་པར་འགྱུར་ཏེ། བསོད་ནམས་རབ་ཏུ་མང་གི། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་རི་དེ་ལྟ་མ་ཡིནོ།། ཀུན་ཏུ་དཔེའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ ་དེའི་དམ་པའི་ཆོས་འཛིན་ཅིང་གྲུབ་པ་ལ་གནས་པའི་བསོད་ནམས་དེ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཟིལ་གྱིས་གནོད་མི་ནུསོ།། དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཡི་གེ ་འདྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་ཡང་དཔེ་བྱ་བར་མི་ནུསོ།། ཀུན་ཏུ་དཔའ་བཟུང་གི་མ་དོ་འདི་ནི་བསོད་ནམས་ཀྱི་གཏེར་སྟོན་པའོ།། དེ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ།། ཆོས ་ཐམས་ཅད་ཀྱི་སྒྲོན་མ་འབར་བར་བྱེད་པའོ།། བདུད་སྡིག་ཅན་ཐམས་ཅད་ཕམ་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་རྣམས་འབར་བར་བྱེད་པའོ།། ཆོས་ཐམས་ཅད ་མངོན་པར་བསྒྲུབ་པ་མངོན་པར་བསྒྲུབ་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེ ་གསོལ་ཏོ།། བཅོམ་ལྡན་འདས་འདི་ལ་ཚངས་པར་སྤྱོད་པ་ནི་རབ་ཏུ་དཀའ་བ་སྤྱོད་པ་ལག་སོ།། དེ་ཅིའི་སླད་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་པ་ནི་དཀོན་པ ་ལགས་ཏེ། དེ་བཞིན་དུ་ཚངས་པར་སྤྱོད་པ་ཡང་དཀོན་པ་ལག་སོ།། གང་གི་ཚེ་ཚངས་པར་སྤྱད་པ་སྤྱོད་པ་དེའི་ཚེ། དེ་བཞིན་གཤེགས་པ་མངོན་དུ་མཐོང་བར་འགྱུར་ཏེ། ཉིན་མཚན་དུ་དེ་བཞིན ་གཤེགས་པ་མཐོང་བར་འགྱུ་རོ།། གང་གི་ཚེ་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་། ཉིན་མཚན་དུ་དེ་བཞིན་གཤེགས་པ་ལ་ལྟ་བར་འགྱུར་བ་དེ་ན་སངས་རྒྱས་ཀྱི་ཞིང་མཐོང ་ནམ་སངས་རྒྱས་ཀྱི་མིང་མཐོང་བ་དེ་ན་གཏེར་ཐམས་ཅད་མཐོང་།། དེ་འགུམ་པའི་དུས་ཀྱི་ཚེ་སྐྲག་པར་མི་འགྱུར། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར། ནམ་དུ་མྱ་ངན་དུ་མི་འ ་སྲེད་པའི་ཞགས་པས་བཅིངས་པར་མི་འགྱུརརོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་ཀུན་ཏུ་དཔའ་བ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་རྙེད་པར་དཀའོ།། གསོལ་པ། བཅོམ་ལྡན་འདས་རྙེད་པར་དཀའ་ལག་སོ།། བདེ་བར་གཤེགས་པ ་རྙེད་པར་དཀའ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་རྙེད་པར་དཀའོ།། ཀུན་ཏུ་དཔའ་བཟུང ་ཆས་ཀྱི་རྣམ་གྲངས་འང་ག་རྩ་ལམ་གྲགས་པར་འགྱུར་བ་དེ་བརྒྱད་ཅུའི་ཚེ་རབས་དྲན་པར་འགྱུརརོ།། བས?་ལ་པ་དྲུག་ཁྲིའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོ ་པར་འགྱུ་རོ།། བསྐལ་པ་བརླང་སྟོང་གི་བར་དུ་བརྒྱ་བྱིན་ཐོབ་པར་འགྱུརརོ།། བསྐལ་པ་ཉི་ཁྲིའི་བར་དུ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར།། ་བསྐལ་པ་སུམ་ཁྲི་བརྒྱད་སྟེང་གི་བར་དུ་ཚངས་པ་ཆེན་པོར་འགྱུ་རོ།། བསྐལ་པ་དག་ཁྲི་དགུ་སྟོང་གི་བར་དུ་ལོག་པར་ལྟུང་བར་མི་འགྱུརརོ།། བསྐལ་པ་འབུམ་གྱི་བར་དུ་ཡི་དགས་རྣམས་ཀྱི ་ནང་དུ་སྐྱེ་བར་མི་འགྱུ་རོ།། བསྐལ་པ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུརོ།། བསལ་པ་ཁྲི་སུམ་སྟོང་གི་བར་དུ་ལྷ་མ་ཡིན་གྱི་རི་སུ་སྐྱེ་བར་མི་འགྱུར ་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུ་རོ།། བསྐལ་པ་འི་ཁྲི་ལྔ་སྟོང་གི་བར་དུ་ཤེས་རབ་འཆལ་པར་མི་འགྱུརོ།། བསྐལ་པ་བདུན་སྟོང་གི་བར་དུ་ཤེས་རབ་སྤྱོད་པར་འགྱུརོ།། ས ་པ་དགུ་སྟེང་གི་བར་དུ་མཛེས་ཤིང་བལྟ་ན་སྡུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཡོངསུ་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་འགྱུརརོ།། བསྐལ་པ་ཁྲི་ལྔ་སྟོང་གི་བར་དུ་བུད་མེད ་སྐྱེ་བར་མེ་འགྱུརོ།། བསྐལ་པ་ཁྲི་དྲུག་སྟོང་གི་བར་དུ་ལུས་ལ་ནད་ཀྱིས་བཏབ་པར་མི་འགྱུ་རོ།། བསྐལ་པ་སུམ་ཁྲི་ལྔ་སྟེང་གི་བར་དུ་ལྷའི་མིག་ཅན་དུ་འགྱུ་རོ།། བསྐལ་པ་ཁྲི་དགུ་སྟོང་གི་བར་དུ ་ཀླུའི་སྐྱེ་གནས་རྣམསུ་སྐྱེ་བར་མི་འགྱུརོ།། བསྐལ་པ་དྲུག་ཁྲིའི་བར་དུ་ཁྲོ་བའི་ཟིལ་གྱིས་གནོན་པར་མི་འགྱུ་རོ།། བསྐལ་པ་མདུན་སྟོང་གི་བར་དུ་དབུལ་པོའི་ཁྱིམ་དུ་སྐྱེ་བར་མི་འགྱུརོ།། བསྐལ ་བཻ་བརྒྱད་ཁྲིའི་བར་དུ་གླེང་གཉིས་ལ་སྤྱོད་པར་འགྱུར།། ནམ་དབུལ་པོར་འགྱུར་བ་དེར་ཡང་འདི་འདྲ་བའི་བདེ་བ་རང་། ཏྲ་འཐོབ་སྟེ། བསྐལ་པ་ཁྲི་ཉིས་སྟོང་གི་བར་དུ་དབུས་ལོང་གི་སྐྱེ་གནས་། ་བར་མི་འགྱུར།། བསྐལ་པ་ཁྲི་སུམ་སྟོང་གི་བར་དུང་། སོང་རྣམས་སྐྱེ་བར་མི་འགྱུར།། བསྐལ་པ་ཁྲི་ཅིག་སྟོང་གིས་དུ་བཟོད་པ་སྨྲ་བར་འགྱུར།། འཆི་བའི་དུས་ཀྱི་ཡང་རྣམ ་ཤེས་པ་ཐ་མ་འགགས་པར་འགྱུར་བ་ན་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུརརོ།། ཁྲོ་བའི་ཟིལ་གྱིས་གནོད་པར་མི་འགྱུར།། དེས་ཤར་ཕྱོགསུ་སངས་རྒྱས་བཅོམ་ལྡན་འདས་གཎྜཱི་ཀཱ ་བཅུ་གཉིས་ཀྱི་དྲིམ་གང་མཐོང་བར་འགྱུར།། ལྷོ་ཕྱོག་སུ་སངས་རྒྱས་བྱེ་བ་ཉི་ཤུ་མངོན་སུམ་དུ་མདོང་བར་འགྱུར། ནུབ་ཕྱོག་སུ་སངས་རྒྱས་བཅོམ་ལྡན་འདས་བ་ཆུ་ག་ལྔའི ་སྙིང་མཐོང་བར་འགྱུར།། བང་པོགསུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུརརོ།། སྟེང་གི་ཕྱོག་སུ་སངས་རྒྱས་བར་མ་ལྡན་འདས ་། བ་སྟོང་ཕྲག་དགུ་བཅུ་མངོན་སུམ་དུ་མཐོང་བར་འགྱུརརོ།། འོག་གི་ཕྱོགསུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེ་དག་ཐམས ་ཅད་ཀྱིས་ཀྱང་རིགས་ཀྱི་བུ་དེ་ལ་རིགས་ཀྱི་བུ་ཁོད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པས། ཚེ་གཞན་དུ་ཡོན་ཏན་དང་པན་ཡོན་དང་བདེ་བ་འདི་སྙེད་འགྱུར་གྱིས་མ་འཇིགས་ཤིག་ཅེས ་དབུགས་འབྱིན་ཏོ།། ཀྱེ་རིགས་ཀྱི་བུ་ཁྱེད་ཀྱིས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས ་མཐོང་ལག་སོ།། བདེ་བར་གཤེགས་པ་མཐོང་ལག་སོ།། བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་དག་ཁྱོད་ལ་གཟིགས་བྱོན་ཏོ།། གསོལ་པ། བདག་གིས་དགེ་བའི་ལས ་ཞིག་བགྱིས་ན། དེ་བཞིན་གཤེགས་པ་མང་པོ་ཞི་ག་བདག་ལ་མཆིས་པར་བྱོན།། བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ཁྱོད་ཀྱིས་མིའི་ལུས་ཐོབ་སྟེ། ཟུང་གི་ཆོས་ཀྱི་རྣམ་གྲངས་ན ་ལམ་དུ་ཐོས་པས། དེའི་ཕྱིར་ཁྱོད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེ་སོ།། གསོལ་པ། བཅོམ་ལྡན་འདས་བདག་གིས་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྙེད་གྱུར་ན། གང་མཐའ་དག ་ཆུབ་པར་ཐོས་པ་ལྟ་སྨོས་ཀྱང་ཅི་འཚལ། བཀའ་སྩལ་པ། ཁ་རོག་ཁ་རོག། ཀྱེ་རིགས་ཀྱི་བུ་ཚིག་བཞི་པའི་ཚིག་སུ་བཅད་པའི་བསོད་ནམས་བརྗོད་ཀྱིས་ཉོན་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར ་མདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བདུ་གསུམ་གྱི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་། བསོད་ནམས་ཀྱི་ཕུང་པོ ་ཆེས་མང་དུ་སྐྱེད།། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བ་དུ་གསུམ་གྱི་བྱེ་མ་སྙེད་ལ་མཆོད་པ་བས་ནི། གང་གིས་ཟུང་གི་ཆོས་ཀྱི ་རྣམ་གྲངས་འདི་ལས་ཐན་ཚིག་བཞི་པའི་ཚིགསུ་བཅད་པ་ཙམ་ཐོས་པ་དེ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་བསེ་ཆེས་མང་དུ་སྐྱེད་པར་འགྱུར་ན། གང་མཐའ་དག་ནུབ་པར་ཐོས་པ་ལྟ་ཅི་སྨོས ་རིགས་ཀྱི་བུ་གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པར་འགྱུར་བ་ཉོན་ཅིག། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་དུ།། ཏིལ་བཏབ་པའི་ཏིལ་གྱི་འབྲུ་ཇི་སྐད་ཀྱི། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ལ།། དེ་ནས་སྐྱེས་བུ་བྱུག་ཅིང་ནོར་མང་ལ། ལེང་སྤྱོད་ཆེན་པོ་དང་ལྡན་པ་འགའ་ཞིག་ཡོད། འནས་སྐྱེས་བུ་ས ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་ལ་སྦེད་པ་བྱིན་པ་བས་འི། གང་གིས་རྒྱུན་ཏུ་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་པ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྤྱད།། སྟོང་གསུམ་རྩ ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཅན་ཏུ་ཞུགས་པར་གྱུར་ལོ་གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་ལན་ཅིག་བྱ ་འངབ་གཅིག་ལ་སྦྱིན་པ་བྱིན་ན། བསོད་ནམས་ཀྱི་ཕུང་པོ་དེ་ངས་ཆེས་མང་དྲི་སྐྱེད་།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལན་ཅིག་པར་འོང་བར་གྱུར ་ལ་གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་ཕྱིར་མི་འོང་བ་གཅིག་ལ་སྦྱིན་ན། ད་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེ་དོ།། སྟོང་གསུ ་། གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་འོང་བར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང ་དགྲ་བཅོམ་པ་གཅིག་ལ་སྦྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད།། སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ ་གྱུར་ལ་གང་གི་དེ་དག་ཐམས་ཅད་ལ་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས། གང་གིས་རང་སངས་རྒྱས་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད།། སྟེང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམ་ས་ཅན་དེ་དག་ཐམས་ཅད་རང་སངས་རྒྱསུ་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང ་པོ་དེ་བས་ནི། གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས། ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་དེ་བཞིན་གཤེགས་པ་གཅིག་ལ་སེམས་དང་བ ་བྱེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་ཡོངསུ་གང་བ་ལ་གང་སེམས་དང་བར་བྱེད་པ་དང་། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས ་པར་གྱུར་པ་དེ་ནི། བསོད་ནམས་ཀྱི་ཕུང་པོ་དངས་ཆེས་མང་དུ་སྐྱེད་ན། ཀུན་ཏུ་དཔའ་བ་གང་ཆེས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། འཛིན་པར་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ ་སྨོས་ཀུན་དུ་དཔའ་བཆོས་ཀྱི་རྣམ་གྲངས་འདི་ལ་སེམས་དང་བས་ཕྱག་འཚལ་བ་ལྟ་སྨོས་ཀྱང་ཅི་དགོས་ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། བྱིས་པ་སོ་སོའི་སྐྱེ་བོའི་ཐམས་ཅད་ཀྱིས་འདི ་ཐོས་པར་ནུས་སམ་ཞེ་ན། གང་དག་ཐོས་པར་འགྱུར་ཡང་དད་པ་སྐྱེད་པར་མི་འགྱུ་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག། བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ལས་གང་དག། རྒྱ་མཚོ་ཆེན་པོར ་གཏིང་དད་པར་ནུས་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་མ་མཆིསོ།། བཀའ་སྩལ་པ། ཀུན་ཏུ་དཔའ་བ་གང་ལག་མཐིལ་གཅིག་གིས་རྒྱ་མཚོ་ཟད་པར་བྱེད་པའི་སེམས་ཅན་ཡོད་དམ ་གསོལ་པ། བཅོམ་ལྡན་འདས་དེ་མ་མཆི་སོ།། བདེ་བར་གཤེགས་པ་དེ་མ་མཆི་སོ།། བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཇི་ལྟར་རྒྱ་མཚོ་སྐེམས་ནུས་པའི་སེམས་ཅན་འགའ་ཡང་མེད་པ་དེ་བཞིན ་དུ་ཀུན་ཏུ་དཔའ་བ་དམན་པ་ལ་མོས་པའི་སེམས་ཅན་གང་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ན་སོ།། ཀུན་ཏུ་དཔའ་བ་གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གངྒཱ ་ཀླུང་བཅུད་ཅུའི་བྱེ་མ་སེད་མ་མཐོང་བ་དེ་དག་གིས་ནི། ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་མི་རུ་ས།། གང་དག་དེ་བཞིན་གཤེགས་པ་གངྒཱའི་ཀླུང་དགུ་བཅུའི་བྱེ་མ་སྙེད་མ་མཐོང་བ་ད ་ངག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ནུ་སོ།། གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་མཐོང་བ་དེ་དག་གིས་ནི། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྤོང་བར ་འགྱུ་རོ།། ཀུན་ཏུ་དཔའ་བ་གང་དག་དེ་བཞིན་གཤེགས་པ་བྱེ་བ་བརྒྱ་ཕྲག་གངྒའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། སེམས་དང་བསྐྱེད་པར་འགྱུ་རོ།། དགའ ་བར་འགྱུ་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུ་རོ།། དེ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་ཅིང་མི་སྤོང་བར་འགྱུ་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག། གང་གིས ་ཟུང་གི་མདོ་འདི་ལས་ཚིགས་བཅད་པ་གཅིག་ཙམ་ཡི་གེར་འདྲི་བ་དེ་དག་ནི་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་ལྔ་ལས་འདས་ནས། དེ་དག་གི་སངས་རྒྱས་ཀྱི་ཞིང་ནི། བདེ་བ་ཅན ་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་དེ་བཞིན་དུ་འགྱུ་རོ།། ཀུན་ཏུ་དཔའ་བ་སེམས་ཅན་དེ་དག་གི་ཚེ་ཚད་ནི་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་འགྱུརོ།། ཀུན་ཏུ་དཔའ་བ་ཉོན་ཅིག། བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་གང་དག་ཟུང་གི་ཆོས་ཀྱི་རྣམ་གྲ་ངས་འདི་ལས་ཐ་ན་ཅིག་བཞི་པའི་ཚིགསུ་བཅད་པ་ཙམ་པོ་ས་པདག་དེ་དག་ནི། ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ་སེམས་ཅན་ལ་ལས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱདུ་བདུག་གམ། བྱེད་པ་རྗེ་སུ་ཡི་རང་བ་དེ་ཡང་། ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགསུ་བཅད་པར་ངམཉན ་ན་དེའི་མཚམས་མེད་པ་ལྔའི་སྡིག་པའི་ལས་དེ་དག་བྱང་བར་འགྱུར་བ་བཞིན་ནོ།། །། བམ་པོ་གཉིས་པ།། ཀུན་ཏུ་དཔའ་བ་ཉོན་ཅིག་དང་། ཡོན་ཏན་གཞན་ཡང་བཤད་པར་བྱའོ།། ་འདི་ལྟ་སྟེ་དཔེར་ན། སེམས་ཅན་ལ་ལ་ཞིག་མཆོད་རྟེན་བཤིག་པ་དང་། དགེ་འདུན་གྱི་དབེན་བྱས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་འཛིན་ལས་གཡོ་བར་བྱེད་པ་དང་། སངས་རྒྱས་ཀྱི་ཡེ ་ཤེས་ཀྱི་བར་ཆད་བྱེང་པ་དང་། མའི་སྲོག་གཅོད་པའི་སེམས་ཅན་དེ། ཕྱིས་འགྱོད་ཅིང་མྱ་ངན་དུ་བྱེད། ལུས་འདིས་བདག་ཕུ་།། འཇིག་རྟེན་ཕ་རོལ་ཏུ་ཡང་ཕུང་སྟེ། བདག་མ་རུང་སྙམ་དུ་དེ། ་སེམས་པ་ཆེན་པོ་བྱུང་བ་དང་། སྡུག་བསྔལ་གྱི་ཚོར་བ་མེང་།། མི་བཟོད་པའི་ཚོར་བ་མྱོང་།། ཀུན་ཏུ་དཔའ་བ་སེམས་ཅན་ཐམས་ཅད་ཀྱིས་སྤོང་བར་འགྱུརརོ།། སྨད་པར་འགྱུ་རོ།། སེམས་ཅན་དེ་ནི་ཚིག ་པ་མ་རུང་བར་གྱུར་པ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་མ་རུང་བར་བྱས་པ་ཡིན་ཏེ། ཇི་ལྟར་སྡོང་དུ་མ་ཚིག་པ་བཞིན་དུ་མི་དེ་ཡང་བསྐལ་པ་དུ་མའི་བར་དུ་དེ་བཞིན་དུ་འགྱུར ་ཇི་ལྟར་ཁྱིམ་ལེགས་པར་བྲིས་པའི་ཀ་གདུང་ཚིག་ན་མི་མཛེས་པ་དེ་ལྟར་འགྱུ་རོ།། འཇིག་རྟེན་འདི་ན་ཡང་མི་མཛེསོ།། གང་དང་གང་དུ་འགྲོ་བ་དེ་དང་དེ་དག་ཡང་སེམས་ཅན་རྣམས་ཀྱིས་སྤོ་ཞིང ་བརྡེགས་པ་དང་། བཀྲེས་པ་དང་། སྐོམ་པས་ཉིན་ཅིང་ཅུང་ཟད་ཀྱང་མི་རྙེད་པར་འགྱུ་རོ།། དེའི་ཕྱིར་སྡུག་བསྔལ་གྱི་ནོར་བ་མྱོང་སྟེ། བཀྲིས་ཤིང་སྐོམ་པའི་རྒྱུ་དང་། སྤྲོས་པའི་རྒྱུས་མཆོད་རྟེམ ་བཤིག་པ་དང་། མཚམས་མེད་པ་ལྔའི་ལས་རྗེསུ་དྲན་ནས་དེའི་ཕྱིར་བདག་གང་དུ་འགྲོ་བར་འགྱུར། བདག་གི་སྐྱོབ་པ་ནི་སུ་ཡིན་སྙམ་དུ་སྡུག་བསྔལ་ལ་སྟེ་ཤིནྡ་སྐྱེད། དེ་ཡང་འདི ་སྙམ་དུ་སེམསོ།། འདི་ན་ནི་བདག་གི་སླེབ་པ་སུ་ཡང་མེད་ཀྱིས། བདག་རི་དང་རིའི་སུལ་དག་དུ་སོང་ལ། དེར་འཆི་བའི་དུས་པའོ་སྙམ་དུ་སྨྲས་པ། བདག་གིས་སྡིག་པའི་ལས་བྱས་པས།། རྟག་ཏུ ་སྡོང་དུམ་ཚིག་པ་བཞིན།། འཇིག་རྟེན། དོ་ནའང་མི་མཛེས་ལ།། ཚེ་གཞན་ན་ཡང་མཛེས་མ་ཡིན།། ཁྱིམ་གྱི་ནང་ནའང་མི་མཛེས་ལ།། ཕྱི་རོལ་ནའང་མཛེས་མ་ཡིན།། ཉེས་པའི་རྒྱུས་ནི་སྡིག་བས ་། དེ་ནི་ངན་འགྲོར་འགྲོ་བར་འགྱུར།། ཆེ་གཞན་དུ་ཡང་སྡུག་བསྔལ་ན།། ངན་འགྲོ་འདིར་ནི་གང་དུ་གནས།། མཆི་མས་བརྣངས་པར་རབ་དུས་ནས།། ལྷ་རྣམས་ཀྱིས་ཀྱང་ཚིག་ཐོས།། ཀྱཻ་དུང་འཇིག ་། རྟེན་ཕ་རོལ་ཏུ།། ངན་འགྲོ་འགྲོ་བས་རེ་མདོ།། ལྷ་རྣམས་ཀྱིས་དེ་ལ་སྨྲས་པ།། སྐྱེས་བུ་བླུན་པོ་དེ་སྙམ་དུ།། སྡུག་བསྔལ་སེམས་པ་ཐོང་ལ་སོང་།། པ་བསད་ཅིང་ནི་མངས ་བདག་གིས་མཚམས་མེད་ལྔ་བྱས་པས།། བདག་ལ་སྐྱབས་དང་དཔུང་གཉེན་མེད།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། རི་ཡི་རྩེ་མོར་སོང་ནས།། དེ་ནས་བདག་ལུས་དོང་བར་བྱ།། སྐྱེས ་བུ་བླུན་པོ་མ་འགྲོ་ཤིག། གནོད་པར་བྱེད་པའི་སེམས་ཀྱིས།། ཁྱོད་ཀྱིས་སྡིག་པ་མང་བྱས་ཀྱིས།། སྡིག་པའི་ལས་ནི་མ་བྱེད་ཅིག། གང་དག་བདག་ལ་གནོད་བྱེད་རྣམས།། སྡུག་བསྔལ་སེམན ་དམལ་བར་འགྲོ།། མྱ་ངན་བྱེད་ཅིང་དུ་བས་ན།། དེ་ཕྱིར་ས་ལ་འགྱེལ་བར་འགྱུར།། བརྩོན་འགྲུས་དེས་ནི་སངས་རྒྱས་མི་འགྱུརརོ།། བྱང་ཆུབ་སེམས་དཔར་འགྱུར་བའང་མ་ཡིནོ།། ཉན་ཐོས་པར ་པའི་ཐེག་པའང་མི་འཐོབ་ཀྱིས།། བརྩོན་འགྲུས་གཞན་གྱིས་རབ་ཏུ་འབད་པར་གྱིས།། དྲང་སྲོང་ག་ལ་ཡོད་པའི་རི་དེ་སོང་།། སོང་སྟེ་དྲང་སྲོང་ཆེ་བ་ཉིད་མཐོང་ནས།། ངའི་རྐང་ལ ་མགོ་བོས་ཕྱག་འཚལ་ཏེ།། སེམས་ཅན་དམ་པ་བདག་ལ་སྐབས་མཛོད་ཅིག། བདག་ནི་འཇིག་སྐྱེད་སྡུག་བསྔལ་རབ་ཏུ་གཟིར།། སེམས་ཅན་སྙིང་པོ་དྲང་སྲོང་རིག་གནོན་ཅིག། བཞུགས་ལ ་སེམས་ཀྱི་སྐབས་ནི་དཔེ་མཛོད།། སྐད་ཅིག་ཙམ་ཞིག་དགེ་བའི་ཆོས་ཀྱང་ཤོད།། འཇིགས་སྐྲག་སྡུག་བསྔལ་རབ་ཏུ་གཟིར་བས་ན།། དེ་ཕྱིར་སྐད་ཅིག་ཡུད་ཙམ་བཞུགསུ་གསོལ།། བདག་གིས ་སྡིག་མང་གང་བགྱིས་བཤགས་པར་འཚལ།། དྲང་སྲོང་གིས་ནི་བདག་ལ་བཀའ་སྩོལ་ཅིག། དྲང་སྲོང་གིས་སྨྲས་པ། སྡུག་བསྔལ་དུ་ཞིང་མྱ་ངན་བྱེད་པར་གཟིར།། ཁྱོད་ནི་བཀྲེས་ཤིང་སྐེམ་པས ་ཞེན་པ་སྟེ། ར་ཆད་སྲིད་པ་གསུམ་དུ་འགྲོ་བས་ན། ཁ་ཟས་གང་དག་བྱིན་པ་དེ་དག་ཟོ།། ལུས་ནི་ཚིམ་པར་བྱ་བའི་ཕྱིར།། དྲང་སྲོང་གིས་ནི་ཟས་བྱིན་ཏེ།། ཡིད་འོང་བ་ཞིམ་ཟོས་ནས།། སེམས་ཅན་རབ་ཏུ་དགའ ་འགྱུར།། སྡིག་པ་ཐམས་ཅད་བྱང་བྱེད་པའོ།། ཆོས་རི་ཁོད་ལ་ཕྱིས་འང་།། དེའི་ཁ་ཟས་ཞིམ་པོ་དེ།། སྐད་ཅིག་གཅིག་ལ་ཟོས་པར་གྱུར།། ཟས་ཟོས་ནས་ཀྱང་ལག་བཀྲུས་ཏེ།། དྲང་སྲོང་ལ་ནི་བསྐོར ་བྱས་ནས།། སྐྱིལ་མོ་དཀྲུང་དུ་འདུག་ནས།། སྡིག་པ་གང་དང་གང་བྱས་སྨྲས།། པ་བསད་པ་དང་མ་བསད་དང་།། མཆོད་རྟེན་བཤིག་པ་བདག་གིས་བགྱིས།། བདག་གིས་བྱང་ཆུབ་སེམས་དཔའ་ཡི། སས ་འགྲུབ་པ་བར་རང་བགྱིས།། དེ་ཡི་ཚིག་དེ་ཐོས་ནས།། དེ་ནས་དྲང་སྲོང་ཚིག་སྨྲས་པ།། ཁྱོད་ཀྱིས་སྡིག་པ་བྱས་པས་ན།། ཀྱེ་མ་སྐྱེས་བུ་ཁྱོད་མི་དགེ། སྡིག་པའི་ལས་ནི་བྱས་པ་དང་།། བྱེད ་བརྡེག་པ་བཤགས་པར་གྱིས།། དེ་ནས་དེའི་ཚེ་མེ་མ་ངན་གྱིས་ཟུག་རྔུས་ཟུག་སྟེ། འཇིགས་སྐྲག་སྐྱེ་ནས།། བདག་ལ་སུ་ཞིག་སྐྱོབ་པར་འགྱུར།། བདག་གིས་སྡིག་པའི་ལས་བས་པས།། སྡུག ་བསྔལ་ཚོར་བ་མོང་བར་འགྱུར།། དེ་ནས་མི་དེས་པུས་མོ་གཉིས་སེ་ལ་བཙུགས་ནས།། དྲང་སྲོང་དེ་ལ་སྨྲས་པ།། བདག་གིས་བྱས་ཤིང་བྱེད་བཅུག་པ།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། སྡུག ་པའི་འབྲས་བུར་དེས་འགྱུར།། སྡུག་བསྔལ་བདག་གིས་མྱོང་མ་འགྱུར།། བདག་ནི་ཁྱོད་དང་ཉེ་གྱུར་གྱིས།། དྲང་སྲོང་བདག་གི་སྐབསུ་གྱུར།། འགྲེད་པ་མེད་ཅིང་ཞེབས་ན།། ངདག་གི་སྡིག་པའི་ལ ་རྣམས།། དེ་ནས་དེའི་ཚེ་དེའི་དུས་ན། དྲང་སྲོང་དེས་མི་དེ་ལ་སྨྲས་པ།། ང་ནི་སྐྱེས་བུ་ཁྱོད་ཀྱི་སྐྱབསུ་འགྱུར།། ང་ནི་རྟེན་དུ་འགྱུར། ང་ནི་དཔུང་གཉེན་དུ་འགྱུར་གྱིས་ཁོང་མ་འཇིགས་པར་མངོན་སུམ་དུ ་ཆོས་ཉོན་ཅིག། ཁྱོད་ཀྱིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དུང་ཟད་ཐོས་སམ་ཞེས་དབུགས་ཕྱུང་བ་དང་། ངེས་སྨྲས་པ། བདག་གིས་ཡོང་མཐོས།། དྲང་སྲོང་གིས་སྨྲས ་པ། གང་སྙིང་རྗེ་ལ་གནས་པས། སེམས་ཅན་རྣམས་ཆོས་སྟོན་པ་མ་གཏོགས་པར། སེམས་ཅན་ཚིག་པ་ལ་སུ་ཞིག་ཆོས་སྟོན། སྨྲས་པ་རིགས་ཀྱི་བུ་ཡང་ཉོན་ཅིག། སྔོན་བྱུང་བ་འདས་པའི་ས ་བསྐལ་པ་གྲངས་མེད་པའི་ཡང་ཤིན་འ་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཟླ་བ་དྲི་མ་མེད་པ་ཞེས་བཅོས་ཅན་གྱི་རྒྱལ་པོ་ཞིག་ཡོད། རིགས་ཀྱི་བུ་རྒྱལ་པོ་ཟླ་བ་དྲི་མ་མེད ་པ་དེའི་ཁྱིམ་དུ་བུ་ཞིག་བཅ་སོ།། དེ་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པས། བྲམ་ཟེ་མཚན་མཁན་རྣམས་བསྡུས་ནས། འདི་སྐད་ཅེས་སྨྲསོ།། བྲམ་ཟེ་གཞོ་རུ་ལ་མཚར་ཅི་ཞིག་མཐོང་།། དེ་ན ་བྲམ་ཟེ་མཚན་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་མི་དགེའོ།། གཞོན་བཅས་པ་འདི་ནི་མི་དགེའོ།། རྒྱལ་པོས་སྨྲས་པ། བྲམ་ཟེ་འདི་ཅིར་འགྱུར། མཚན་མཁན་རྣམས་ཀྱིས་སྨྲས་པ། ་རྒྱལ་བུ་གཞོན་འདི་གལ་ཏེ་ལོ་བདུན་ཐུབ་པར་གྱུར་ན། དེ་ཡབ་ཡུམ་གྱི་སྐུ་ལ་བརྒལ་བར་འགྱུར་རོ།། དེ་ནས་རྒྱལ་པོས་འདི་སྐད་སྨྲསོ།། ངའི་སྲོག་གི་བར་ཆ་དུ་གྱུར་ཀྱང་རུང་གིས། ངའི་བུ་འདི ་ནི་མི་གས་དོ།། བིརྒྱ་ལ་བརྒྱ་ལམ་ན་འཇོག་རྟེན་དུ་མིར་སྐྱེ་བ་འཐོབ་པས། གང་མིའི་ལུས་ལ་གནོད་པར་འགྱུར་བ་དེ་ལྟ་བུ་མི་བྱའོ།། དེ་ནས་གཞོན་དེ་སྐྱེ་དྲག་ཁྱད་ནི་དེ་ཟླ་བ་གཅིག་ལོན་ན་གན ་ལ་གཉིས་ལོན་པ་ཙམ་གྱི་མདུ་སྐྱེས་ནས། རྒྱལ་པོ་ཟླ་བ་དྲི་མ་མེད་པས་ཀྱང་། གཞོན་འདི་ནི་བདག་གི་ལས་བསགས་པས་སྐྱེས་པར་ཤེསོ།། དེ་ནས་རྒྱལ་པོས་གཞོནུ་དེ་ལ་རྒྱལ་ཐབས་བྱིན་ནས། ་འདི་སྐད་ཅེས་སྨྲ་སོ།། ཁྱོད་སྲིང་ཆེ་ཞིང་གྲགས་པའི་རྒྱལ་པོར་གྱུར་ལ་ཆོས་ཀྱིས་དབང་བྱའི་ཆོས་མ་ཡིན་པས་ནི་མ་ཡིནོ།། དེ་ནས་རྒྱལ་ཐབས་བྱིན་ནས་རྒྱལ་པོ་ཞེས་མིང་བཏག་སོ།། རྒྱལ་པོ ་ཟླ་བ་དྲི་མ་མེད་པ་ཡང་རང་གི་ཡུལ་གྱི་རྒྱལ་པོ་མི་བྱེད།། དེ་ནས་བློན་པོ་བྱེ་བ་དེ་དག་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། རྒྱལ་པོ་ཟླ་བ་དྲི་མ་མེད་པ་ལ་འདི་སྐད་ཅེ ་སྨྲས། ཀྱེ་རྒྱལ་པོ་ཆེན་པོ་ཁྱོད་དེ་ཅི་སླད་རང་གི་ཡུལ་གྱི་རྒྱལ་པོ་མི་མཛད། རྒྱལ་པོས་སྨྲས་པ། ངས་བསྐལ་པ་མང་པོ་གྲངས་མེད་པར། གང་རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག ་ལ་དབང་བར་གྱུར་ཀྱང་།། ངནམ་ཡང་ངོམས་མ་མྱོངོ་།། ཡང་དེའི་ཚེ་དེའི་དུས་ན། ཡུན་རིང་མོ་ཞིག་ལོན་པ་དང་། བུ་ངེས་པ་མའི་སྲོག་བཅད་དེས་མཚམས་མེད་པའི་ལས་བསག་སོ།། ཀྱེ་སྐྱེས ་བུ་གང་གི་ཚེ་རྒྱལ་པོ་དེ་སྡུག་བསྔལ་གྱི་ཚོར་བ་སྐྱེས་ན། ས་འགྱོད། མཆི་མས་བརྣངས་པར་ངུ་བ་དང་། ངས་དེ་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད།། ངར་སོང་ནས་ཆོས་བསྟནཔ ་དང་། དེས་ཀྱང་ཆོས་དེ་ཐོས་ནས་མཚམས་མེད་པོ་དེ་དག་ལྷག་མ་མ་ལུས་པར་མྱུར་དུ་བྱང་བར་གྱུར་པའི་དུས་དེ་ཡང་དྲན།། སྨྲས་པ། ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་རྒྱལ་པོ་དཀའ་འ ་ཆེན་པོ་གང་དག་གིས་ཐོས་པ་རྣམས་ཆོས་ཀྱི་གནས་བླ་ན་མེད་པ་སྔགམས་ཅད་བྱང་བར་འགྱུར་བ། ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བ་འདི་འཐོབ་པར་འགྱུརརོ།། གང་གིས་མྱུར་དུ་མཐར ་འགྱུར་བ།། ཆོས་རྣམས་བཤད་ཀྱིས་རབ་ཏུ་ཉོན།། ཚིག་བཞི་པའི་ཚིག་བཅད་ཙམ།། རྒྱུན་མ་ཆད་པར་བཤད་པ་ན། སྡིག་པ་ཐམས་ཅད་བྱང་གྱུར་ནས།། རྒྱུན་ཏུ་ཞུགས་པ་འཐོབ་པར་འགྱུར ་སྡིག་པ་ཀུན་ལས་ཐར་ཏོ་ཞེས།། ཆེད་དུ་བརྗོད་པ་མེ་དུ་བརྗོད།། སེམས་དཔལ་འཇིགས་པའི་བཅིངས་པ་ལས།། སེམས་ཅན་སྡུག་བསྔལ་རག་ཏུ་བཀྲོལ།། དེ་ནས་མི་དེ་སྟན་དེ་ལ ་ལངས་ཏེ་ཐལ་མེ་སྦྱར་བྱས་ནས།། དེ་ལ་མགོ་བོས་པག་འཚལ་ཏེ། ལེག་སོ་ཞེས་བྱ་རབ་ཏུ་བྱིན།། ལེགསེ་དགེ་བའི་བཤེས་གཉེན་རྣམས།། ལེགས་སྡིག་པ་འཇིག་བྱེད་པ།། གང་དག་ཟུང་མད ་ཚུལ་ཆེན་བསྟན།། ཐོས་པར་འགྱུར་བ་རྣམས་ཀྱང་ལེགས།། དེ་ནས་དེའི་ཚེ་དེའི་དུས་ན། སྟེང་གི་བར་སྣང་ལས་ལྷའི་བུ་ཁྲི་ཉིས་སྟེང་ཐལ་མོ་སྦྱར་ཏེ། དྲང་སྲོང་དེའི་གན་དུ་ལྷགས་ནས།། རྐང་པ ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས།། བཅོམ་ལྡན་འདས་དཀའ་ཐུབ་ཆེན་པོ་ཡུན་ཇི་སྲིད་ཚུན་ཆད་དགོངས་ཤེས་སྨྲས།། དེ་བཞིན་དུ་ཀླུའི་རྒྱལ་པོ་བྱེ་བ་ཕྲག་བཞི་ལྷགས།། གནོད་སྦྱིན་གྱི་རྒྱལ་བ ་ཁྲི་བརྒྱད་སྟེང་ལྷགས་ཏེ། དྲང་སྲོང་དེ་ག་ལ་བ་དེ་ལོག་སུ་ཐལ་མེ་སྦྱར་བ་བཏུད་ནས། འདི་སྐད་ཅེས་སྨྲས།། ཆེ་བ་ཉིད་དང་ལྡན་པ་ཡུན་ཇི་སྲིད་ཚུན་ཆད་དགངས་དྲང་སྲོང་གིས་སྣུ ་པ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམ་སོ།། སྨྲས་པ། དགེ་བའི་ལས་གང་གིས་ན། སྐད་ཅིག་གིས་སྡིག་པའི་ལས་འདི་རབ་ཏུ་ཞི་བར་འགྱུར། སྨྲས་པ། ཟུང་གི་ཆེས ་རྣམ་གྲངས་ཐོས་པསོ།། གང་དེར་སེམས་ཅན་ཚོགས་པ་རྣམས་ལས་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དད་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ལུང་བསྟན་ཏོ།། མི་གང་གིས་མཚམས་མེད་པ་ལྔའི་ལས་བྱས་པ་དེ་དག་གིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཡང་སྐད་ཅིག་གིས་མཚམས་མེད་པ་ལྔའི ་ལས་དེ་དག་མ་ལུས་པར་ཡོངསུ་ཟད་ཅིང་། ཡོངསུ་བྱང་བར་འགྱུར་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་གྲངས་མེད་པ་ཞིག་གི་བར་དུ་ངན་འགྲོ་རྣམས་ཀྱི་སྒོ་བཅད་པར་འགྱུར། 2 ་འཇིག་རྟེན་གྱི་སྒོ་སུམ་ཅུ་རྩ་གཉིས་ནི་ཕྱེ་བར་འགྱུ་རོ།། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན། ཚིག་བཞི་པའི་ཚིགསུ་བཅད་པ་ཙམ་ཐོས་པ་ཡང་། དེའི་དགེ་བའི་རྩ་བ་འདི་འདྲ ་བར་འགྱུར་ན། གང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚར་དང་། བ་དན་དག་གིས་སྟི་སྟང་བྱེད་པ་དང་། ་བཙུན་པར་བྱེད་པ་དང་། རི་མོ་བྱེད་པ་དང་། མཆོད་པ་བྱེད་པ་དང་། སིལ་སྙན་དང་། རོལ་མོ་སྦྱོར་བའི་ལས་བྱེད་ཅིང་ལ་ན་ཅིག་ཅིག་རྗེ་སུ་ཡི་རང་སྟེ། ལེགས་པར་བཤད་པ་ལེགས ་ལེགསོ་ཞེས་སྨྲས་པ་ལྟ་ཅི་སྨོས།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཟུང་གི་ཆོས་ཀྱི ་རྣམ་གྲངས་འཆད་པ་ན། གང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བ་དེ་དག་ཅི་ཐལ་མོ་སྦྱར་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་ལགས་མ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རིགས་ཀྱི་བུ་ཉོན་ཅིག། གང་དག་གིས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱེདུ་བཅུག་གམ། བྱེད་པ་ལ་རྗེ་སུ་ཡི་རང་བ་དེ་དག་ཀྱང་། ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས། བ་ན་ཚིག་བཞི ་པའི་ཚིགསུ་བཅད་པ་ཙམ་ཐོས་ནས། ཐལ་མོ་སྦྱར་ཏེ་ཕྱག་འཚལ་ན། དེའི་མཚམས་མེད་པ་ལྔའི་ལས་ཐམས་ཅད་ཀྱང་ཡོངསུ་བྱང་བར་འགྱུར་ན། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲང ་།། འདི་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས་ཏེ། དེ་ནི་བསོད་ནམས་ཀྱི་ཕུང་པོ་བས་ཆེས་མང་དུ་སྐྱེས་པར་འགྱུརརོ།། རིགས་ཀྱི་བུ་ཟུང་གི་མདོ་འདིའི་དོན་གོ་བར་བྱ་བའི་ཕྱིར་ཁྱོད ་ལ་དཔེ་བསྟན་པར་བྱའོ།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་མ་དྲོས་པའི་ཁ་ལ་ཉི་མ་ནམ་ཡང་མི་འཆར་བ་དེ་ནས་ཀླུང་ཆེན་པོ་ལྔ་འབབོ།། དེ་ནས་མི་ལ་ལ་ཞིག་གང་ཀླུང ་ཆེན་པོ་ལྔ་པོ་དེ་དག་གི་ཐིགས་པ་བགྲང་ན། ཀུན་ཏུ་དཔའ་བ་དེ་དག་གི་ཐིགས་པ་བགྲངས་པས་མཐའ་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔ་མི་ཐོག།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཀྱི་དགེ་བའི་རྩ་བ་ཡང་བསྐལ་པ་བརྒྱར་རམ། བསྐལ་པ་སྟོང་དུ་ཡང་བགྲང་བའི་ཚུལ ་གྱིས་མཐའ་རྟོགས་པར་མི་ནུ་ས།། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡུད་ཙམ་ཞིག་འཆད་པ་དེ་དཀའ་བ་བྱེད་པ་ཡིན་ནམ།། ་གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་འཆད་ནུས་པར་འགྱུར་བ ་དེ་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡི་ནོ།། འདི་ལྟ་སྟེ་དཔེར་ན། མཚོ་མ་དྲོས་པ་ལ། ཀླུང་ཆེན་པོ་ལྔ་འབབ་པ་ཀླུང་ཆེན་པོ་དེ་དག་གི་ཐིགས་པ་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པ ་མི་ནུསོ།། གསོལ་པ། བཅོམ་ལྡན་འདས་ཀླུང་ཆེན་པོ་ལྔ་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་གང་ག་དང་། སི་ཏ་དང་། པག་ཤུ་དང་། ཡ་མུན་དང་། ་ཙན་དྲ་བྷ་ག་དང་། ཀླུང་ཆེན་པོ་ལྔ་པོ་དེ་དག་ནི། རྒྱུ་ཚོ་ཆེན་པོར་འབབ་སྟེ། ཀླུང་ཆེན་པོ་རེ་རེ་ལ་འཁོར་ཀླུང་ལྔ་བརྒྱ་ལྔ་བརྒྱ་ཡོད།། ཀུན་ཏུ་དཔའ་བ་ཀླུང་ཆེན་པོ་ལྔ་པོ་འདི་དག་ཀྱང་འཁོར་སྟོ ་སྟེང་དང་ན་མཁའ་ལེས་བབས་ཏེ། དེ་དག་གིས་སྐྱེ་དགུ་རྣམས་ངོམས་པར་བྱེདདོ།། གསོལ་པ། འཁོར་སྟོང་སྟོང་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས ་ལྔར་ཞེས་བྱ་བ་འཁོར་སྟོང་དང་། དུང་ཅར་ཞེས་བྱ་བ་འཁོར་སྟོང་དང་། འབབ་པ་ཞེས་བྱ་བ་འཁོར་སྟོང་དང་། སྣ་ཚོགས་སྡེ་ཞེས་བྱ་བ་འཁོར་སྟོང་དང་། ཆོས་ཚུལ་ཞེས་བྱ་བ་འཁོར་སྟོང ་སྟེ། ཀུན་ཏུ་དཔའ་བ་ཀླུང་ཆེན་པོ་དེ་དག་ནི། འཁོར་སྟོང་སྟོང་དང་ལྡན་པ་ཡིན་ཏེ། དེ་དག་ནི་འཛམྦུའི་གླིང་དུ་ཆར་གྱི་རྒྱུན་འབེབ་སོ།། ཀུན་ཏུ་དཔའ་བ་དེ་དག་དུས་དུས་ཆར་པའི་ཧྲི ་པའི་རྒྱུན་ཏུ་སྟོང་སྟེ། དེས་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམས་སྐྱེའོ།། ནམ་འཛམྦུའི་གླིང་དུ་ཆར་གྱི་རྒྱུན་རབ་ཏུ་འབབ་པ་དེ་ན། ཆུ་སྐྱེ་བར་འགྱུར་ཏེ། ཆུ་སྐྱེས་པས་ཞིང་དང་། ཀུན ་དགའི་ར་བ་ཐམས་ཅད་ངོམས་པར་བྱེད་བདེ་བར་བྱེད།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། སྐྱེ་དགུའི་བདག་པོ་ནི་འཛུམྦུའི་གླིང་ཐམས་ཅད་བདེ་བར་བྱེད།། ཀུན་ཏུ་དཔའ་བ་དེ་བཞིན་དུ ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཛམྦུའི་གླིང་དུ་བཤོད།། སུམ་ཅུ་རྩ་གསུམ་ལྷ་རྣམས་ཀྱི་ཚེའི་ཆང་ཇི་ལྟ་བ་བཞི་། ་མི་རྣམས་ཀྱི་དེ་ལྟ་མ་ཡི་ནོ།། ཀུན་ཏུ་དཔའ་བ་སུམ་ཅུ་རྩ་གསུ་གྱི་ལྷ་རྣམས་གང་ཞེ་ན། ལྷའི་དབང་པོ་བརྒྱ་བྱིན་གང་ན་གནས་པ་དེ་དག་ནི། སུམ་ཅུ་རྩ་གསུམ་པ་ཞེས་བྱའོ།། ཀུན་ཏུ་དང ་བ་སེམས་ཅན་གང་དག་ངག་གིས་ལེགས་པར་སྤྱོད་པ་སྨྲ་བ་ཡང་ཡོད། དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཡང་དཔེ་བྱ་བར་མི་རུ་སོ།། སེམས་ཅན་གང་དག་གང་གིས་ཉེས་པ ་སྤྱོད་པ་སྨྲ་བ་ཡང་ཡོད། དེ་དག་གི་སེམས་ཅན་དམྱལ་བ་དང་། དུད་འགྲོར་འགྱུར་བ་ཡང་དཔེ་བྱ་བར་མི་ནུསོ།། སེམས་ཅན་གང་དག་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དེ་དག་ལ་སྐྱབས་གང་ཡང་མེད། དེ་ནར་ཐག་ཆད་ནས། སྨྲེ་སྔགས་འདོན་ཅིང་སེམས་ཅན་དམྱལ་བར་ལྷུང་བ་དེ་དག་ནི། མི་དགེ་བའི་གྲོགས་པར ་དབང་དུ་བལྟའོ།། སེམས་ཅན་གང་དག་གང་གིས་ལེགས་པར་སྤྱོད་པ་སྨྲ་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དཔེ་བྱ་བར་མི་ནུས་པ་དེ་ཡང་། དགེ་བའི་བཤེས་གཉེན་གྱི་དབང་དུ་བལྟ་སྟེ། ་ནམ་དགེ་བའི་བཤེས་གཉེན་མཐོང་བ་ད་ནི། དེ་བཞིན་གཤེགས་པ་མཐོང་བ་ཡིནོ།། ནམ་དེ་བཞིན་གཤེགས་པ་མཐོང་བ་ད་ན། སྡིག་པ་ཐམས་ཅད་བྱུང་བ་ཡིནོ།། ནམ་སྐྱེ ་དགུའི་བདག་པོ་འཛམྦུའི་གླིང་དུ་སྤྲོ་བར་བྱེད་པ་དེ་ན། འཛམྦུའི་གླིང་གི་སེམས་ཅན་རྣམས་ཀྱི་བདེ་བ་དཔེར་བྱ་བར་མི་ནུསོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི ་ཡང་འཛམྦུའི་གླིང་གི་སེམས་ཅན་རྣམས་ལ། སངས་རྒྱས་ཀྱི་བྱ་བ་བྱེད།། གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་སངས་རྒྱས་པར་མི་ནུས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་མི་ནུས། ཆོས་ཀྱི་འགན་དེ་རྡུང་མི་ནུས། ཆོས་ཀྱི་སངྒེའི་ཁྲི་ལ་འདུག་མི་ནུས། མྱ་ངན་ལས་འདས་པའི ་དབྱིངས་འཇུག་མི་ནུས། འོད་ཟེར་དཔག་ཏུ་མེད་པས་སྣང་བར་བྱེད་མི་ནུ་སོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ་གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ཀྱང་། བྱང་ཆུབ་ཀྱི ་སྙིང་པོ་ལ་འདུག་པར་མི་ནུསོ།། ཀུམ་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ངོ་མཚར་ཅུང་ཟད་ཅིག་ཞུའོ།། བདེ་བར་གཤེགས་པ་ངོ་མཚར་ཅུང་ཟད་ཅིག་ཞའོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁྱོད་ཅེ་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ཀྱི་དོག་པ་བསལ་བར་བྱའོ།། གསོལ་པ། གང་གིས་སེམས་ཅན་དེ་དག་མཚམས་མེད་པ་ལྔ་ལས་ཡོངས ་ཐར་པར་བགྱིས་ནས། ཕྱིར་མི་ལྡོག་པའི་ས་ལ་སོ་སོར་བཀོད་པའི་དྲང་སྲོང་དུ་གྱུར་པ་དེ་དག་གང་ལགས། བཀའ་སྩལ་པ། སངས་རྒྱས་རྣམས་ཀྱི་ཚིག་ཟབ་སྟེ།། ཀུན་ཏུ་དཔའ་བ་ང་ལ ་ཉོན། ཟུང་གི་མདོ་སྡེ་སྟོན་པ་ནི།། དྲང་སྲོང་གཟུགསུ་བསྟན་པའོ།། ཟུང་གིས་སངས་རྒྱས་སྐུ་དག་ཀྱང་།། སྙིང་བརྩེ་ཕྱིར་ནི་རབ་ཏུ་སྟོན།། གངྒའི་བྱེ་མ་ཇི་སྙེད་པ།། དེ་སྙེད་ཀྱི་ནི་གཟུགས་ཀྱང་སྟོན། ་སངས་རྒྱས་ཀྱི་ནི་གཟུགས་སྟོན་ཅིང་།། བདག་ཉིད་ཆོས་ཀྱང་རབ་ཏུ་སྟོན།། སངས་རྒྱས་ལྟེ་བར་གང་འདོད་པ།། ཟུང་ནི་སངས་རྒྱས་མཚུངས་པ་ཡིན།། ཟུང་ནི་ག་ལ་ཡོད་པ་ནི།། སངས་རྒྱས ་རྟག་པར་དེ་ན་ཡོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ཀུན་ཏུ་དཔའ་བ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དགུ་ན། སངས ་རྒྱས་བྱེ་བ་ཕྲག་བཅུ་གཉིས་བྱུང་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བ་བྱུང་བ་དེ་ན། ང་སྦྱིན་པ་ལ་དཔའ་བར་གྱུར་ནས། ངས་སངས་རྒྱས་ཟླ་བ་ཞེས་བྱ་བ་བྱེ་བ་ཕྲག་བཅུ ་གཉིས་ལ་བསྙེན་བཀུར་བྱས་ཏེ། བཟའ་བ་དང་། བཅའ་བ་དང་། སྤོས་དང་། བྱུག་པ་དང་། ཇི་ལྟར་བདེ་བ་དང་། ཁ་ཟས་བཟང་པོ་དང་། བདེ་བའི་ཡོ་བད་ཐམས་ཅད་ཀྱིས་རིམ ་གྲོ་བྱསོ།། རིམ་གྲོ་བྱས་ཀྱང་ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དྲ་ནོ།། ཀུན་ཏུ་དཔའ་བ་ངས། དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་སྣང ་བ་ཞེས་བྱ་བ་བྱེ་བ་ཕྲག་བཅོ་བརྒྱད་བྱུང་སྟེ། དེ་ན་ཡང་ང་སྦྱིན་པ་ལ་དཔའ་བར་གྱུར་ནས། དེ་བཞིན་གཤེགས་པ་སྙིང་པོའི་སྡེ་ཞེས་བྱ་བ་བྱེ་བ་ཕྲག་བཅོ་བརྒྱད་ལ་ངས་སྤོས་དང་། འཕྲེང་བད ་བྱུག་པ་དང་། རྒྱན་དང་། ལྷབ་ལྷུབ་ཀྱིས་སོ་སོ་ཙ་རིགས་པ་བསྙེན་བཀུར་བྱས་ནས། དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དྲན ་ཀུན་ཏུ་དཔའ་བ་ངས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་པུད་འབྱུང་བ་ཞེས་བྱ་བ་ཤ་སྟ་གོ།། ཀུན ་ཏུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ཤ་སྟ་གོ། དེ་ནས་ཡང་ང་སྦྱིན་པ་ལ ་དཔའ་བར་གྱུར་ནས། ངས་དེ་བཞིན་གཤེགས་པ་རྣམས་ལ་སྤོས་དང་། འཕྲེང་བ་དང་། བྱུག་པས་བཀུར་སྟི་བྱས་ནས། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་རི་མོར་བྱ་བ ་དེ་ལྟར་བླ་མ་དང་རིམ་གྲོ་བྱ་བས། རིམ་གྲོ་བྱས་ནས། དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ།། ཀུན་ཏུ་དཔའ་སངས་རྒྱས་འོད་དྲི་མ་མེད་པ ་ཞེས་བྱ་བ་བྱེ་བ་ཕྲག་བཅུ་དྲུག་བྱུང་སྟེ། དེའི་ཚེ་དེའི་དུས་ན། ང་ཁྱིམ་བདག་ཕྱུག་ཅིང་ནོར་ཆེ་ལ། ལོང་སྤྱོད་མ་སྟེ། བདོག་པ་ཐམས་ཅད་ཡོངསུ་གཏོང་བ་ཞིག་དུ་གྱུར་ནས། ངས་སངས་རྒྱས་བྱེ་བ ་ཕྲག་བཅུ་དྲུག་པོ་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགབ་པས་མཆེད། ཇི་ལྟ་བུས་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རིམ་གྲོར་བྱ་བ ་དེ་ལྟ་བུས་རིམ་གྲོ་བྱས་ནས། དེ་ཉིད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། ལུང་བསྟན་པའི་དུས་དང་ཚོད་ལ་ཡང་མ་བབ་བོ།། ་ཀུན་ཏུ་དཔའ་བ་ཉོན་ཅིག་སངས་རྒྱས་བྱ་བ་ཕྲག་དགུ་བཅུ་རྩ་ལྔ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ ་ཞེས་བྱ་བ་ཤ་སྟག་སྟེ། ང་ནི་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་དུ་གྱུར་ནས། ངས་དེ་བཞིན་གཤེ་གས་པ་ཤཱཀྱ་ཐུབ་པ་ཞེས་བ་བྱེད་ཕྲག་དགུ་བཅུ ་ལྔ་པོ་དེ་དག་ལ་སྤོས་དང་འཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགོ་བ་དང་། གདུགས་དང་། རྒྱལ་མཚན་དང་། བྲ་དན་གྱིས་བསྙེན་བཀུར་བས་ནས། དེ་ཉིད་ངས་བླ་ན་མེད་པ་ཡང་དག་པ ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ངས་དྲའོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཅེས་བྱང་བྱེ་བ ་ཕྲག་དགུ་བཅུ་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན། བྲམ་ཟེ་གཞོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། བདོག་པ་ཐམས་ཅད་ཡོངསུ་གཏོང་བ་ཞིག་དུ་གྱུར་ནས། དེ་བཞིན་གཤེག ་། པ་དེ་དག་ཐམས་ཅད་ལ་སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགེ་བ་དག་གིས་བསྙེན་བཀུར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་སོ་སོ་ཅི་རིགས ་པར་རིམ་གྲོ་བྱས་ནས། ངས་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་པ་ཡང་ངས་དྲན་ཏེ། ང་ལུང་བསྟན་པའི་དུས་དང་ཚོད་ལ་ཡང་མ་བབ་བོ།། ཀུན ་ཏུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག་བཅོ་བརྒྱད་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ ་སྟག་སྟེ། ང་དེའི་ཚེ་དེའི་དུས་ན། སྦྱིན་པ་དཔའ་བར་གྱུར་ཏེ། ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྤོས་དང་། འབྲང ་དང་བྱུབ་པ་དང་། གདིང་བ་དང་། བགོ་བ་དང་། རྒྱན་ན་མས་ཀྱིས་བསྙེན་བཀུར་བྱས་ཏེ། དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བ་དེ་ལྟར་བུས་རིམ་གྲོར་བྱས་ནས། ངས་དེ ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ངས་དྲན་ཏེ། ང་ལུང་བསྟན་པའི་དུས་དང་ཚོད་ལ་ཡང་མ་བབ་བོ།། ཀུན་ཏུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག ་བཅུ་གསུམ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ཤ་སྟག་སྟེ། དེས་དེ་བཞིན ་གཤེགས་པ་དགྲ་བཅོམ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། དགབ་པ་དང་། རྒྱན་རྣམས་ཀྱིས ་བསྙེན་བཀུར་བྱས་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རིམ་གྲོར་བྱ་བ་དེ་ལྟ་བུའི་བླ་མ་དང་རིམ་གྲོར་བྱ་བས། རིམ་གྲོར་བྱས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས ་ཀྱང་དོན་དང་འདུལ་བ་རྣམ་པར་ངེས་པའི་ཆོས་ཀྱི་སྒོ་སྣ་ཚོགས་བཤད་ནས། ངས་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན ་དེ་ན་ཡང་ལུང་བསྟན་པའི་དུས་ལ་མ་བབ་བོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་ཕྲག་ཉི་ཤུརྩ ་ལྔ་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན། རབ་ཏུ་བྱུང་ནས། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་ཏེ། ད་ལྟར་ང་ལ་ཀུན་དགའ་བོ་རིམ་གྲོ་བྱེད་པ་ཇི་ལྟ་བ ་དེ་བཞིན་དུ། ངས་ཀྱང་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱས་ནས། ངས་དེར་བླ་ན་མེད་པ་ཡང་དག་པ་ར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང ་ངས་དྲན་ཏེ།། དེ་ན་ཡང་ལུང་བསྟན་པའི་དུས་ལ་མ་བབ་བོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས ་བྱ་བ་བྱེ་བ་ཕྲག་བཅུ་གཉིས་འཇིག་རྟེན་དུ་བྱུང་སྟེ། ངས་དེ་བཞིན་གཤེགས་པ་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པས་བསྙེན་བཀུར་བྱས་ནས ་ཇི་ལྟ་བུས་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱ་བ་དེ་ལྟ་བུས། ངས་རིམ་གྲོར་བྱས་ཏེ་ང་དེའི་ཚེ་དེའི་དུས་ན། རབ་ཏུ་བྱུང་བར་གྱུར་ནས་དེ་ཉིད་ང་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐེབ་པ་ཡང་ངས་དྲན་ཏེ། རིང་པོ་མ་ལོན་པར་རྣམ་པར་གཟིགས་པ་ཐ་མ་གང་བྱུང་བ་དེས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། ་ངས་དེ་ཤེས་ནས་དེའི་ཚེ་འཛམྦུའི་གླིང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་རབ་ཏུ་བབ་སྟེ། དེ་ན་འཛམྦུའི་གླིང་གི་སེམས་ཅན་དེ་དག་དབུལ་བ་མེད་པར་གྱུར་ནས། ངས་དེ་ཉིད་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏེ། དེ་ནས་ཡུན་རིང་མེ་ཞིག་ལོན་གྱི་བར་དུ་ཡང་ང་ལུང་མ་བསྟན་ཏོ།། གསོལ་པ། དུས་དེ་གང་ལགས། ཚེད་དེ་གང་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཉོན་ཅིག། དེ་ནས་བསྐལ་པ་གྲངས་མེད་པ་ཞིག་ན་གདོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོ། ་པའི་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱུང་སྟེ། དེའི་ཚ་དེའི་དུས་ན། བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱུང་བ་དེ་ནི། ་ཡང་བྲམ་ཟེའི་ཁྱེའུ་གཟུགས་ཀྱིས་ཚངས་པར་སྤྱོད་པ་སྤྱད་པ་དེའི་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་ནས། མེ་ཏོག་ཨུད་པ་ལ་བདུན་གྱིས་གཏོར་ཏེ། བླ་ན་མེད་པ་ཡང་དག་པ ་རྫོགས་པའི་བྱང་ཆུབ་དུ་བསྔོས་པ་དང་། དེ་བཞིན་གཤེགས་པ་དེས། ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུ་རོ་ཞེས་ལུང་བསྟན་ཏོ།། ཀུན་ཏུ་དཔའ་བ་དེ་ནས་ང་ཤིང་ཏ་ལ་བཅུ་གཉིས་སྲིད་ཀྱི་སྟེང་གི་ནམ་མཁའ་བ ་སྣང་ལ་འདུག་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། གང་ངས་བསྐལ་པ་གྲངས་མེད་པ་རྣམསུ་ཚངས་པར་སྤྱོད་པ་སྤྱད་པ་དང་། གང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩབ ་དེ་ཐམས་ཅད་ཁར་ཚང་དང་དི་རིང་ཙམ་དུ་མངོན་སུམ་དུ་དྲན་ནས། ཀུན་ཏུ་དཔའ་བ་དེ་ན་ཡང་ངས། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དགེ་བའི་ཆོས་རྣམས་ལ་སོ་སོར ་བཀོད་པར་གྱུར་ན། ཀུན་ཏུ་དཔའ་བ་ངད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ ་ལྟ་ཅི་སྨོས་ཏེ། ཀུན་ཏུ་དཔའ་བ་ངས་སེམས་ཅན་རྣམས་ལ་ཆོས་རྣམ་པ་མང་པོ་བསྟན་ཏོ།། ཇི་ལྟ་བུའི་གཟུགས་ཀྱིས་འདུལ་བ་དེ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་རྣམས་ལ ་ཆོས་བསྟན་ཏེ། ལྷའི་འཇིག་རྟེན་དུ་ནི་ལྷའི་གཟུགས་ཀྱི་ས་ཆོས་བསྟན་ཏོ།། ཀླུའི་གནསུ་ནི་ཀླུའི་གཟུགས་ཀྱིས་ཆོས་བསྟན་ཏོ།། གནོད་སྦྱིན་གྱི་གནསུ་ནི་གནོད་སྦྱིན་གྱི ་གཟུགས་ཀྱིས་ཆོས་བསྟན་ཏོ།། ཡི་དགས་ཀྱི་གནས་ནི་ཡི་དགས་ཀྱི་གཟུགས་ཀྱིས་ཆོས་བསྟན་ཏོ།། མིའི་འཇིག་རྟེན་དུ་ནི་མའི་གཟུགས་ཀྱིས་ཆོས་བསྟན་ཏོ།། སངས་རྒྱས་ཀྱིས ་འདུལ་བའི་སེམས་ཅན་རྣམས་ལ་ནི། སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་བསྟན་ཏོ།། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་ནི། བྱང་ཆུབ་སེམས་དཔའི་གཟུགས ་ཀྱིས་ཆོས་བསྟན་ཏོ།། དེ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་དང་དེའི་གཟུགས་ཀྱིས་ངས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། ཀུན་ཏུ་དཔའ་བ་དེ་ལྟར་སེ ་། རྣམས་ལ་རྣམ་པ་མང་པོས་ཆེས་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་ཏུ་དཔའ་བ་སེམས་ཅན་རྣམས་ཇི་ལྟར་ཆོས་རྣམ་པ་མང་པོ་ཐོས་པ་དེ་ལྟར་སེམས་ཅན་སྙིང་པོ་དེ་། ་དགེ་བའི་རྩ་བ་རྣམ་པ་མང་པོ་དག་བྱེད་པར་འགྱུར་ཏེ། སྦྱིན་པ་རྣམས་སྦྱིན་པར་འགྱུར། བསོད་ནམས་ངག་བྱེད་པར་འགྱུར། བདག་གི་དོན་དུ་མི་ཉལ་བ་ཡང་བྱེད་པར་འགྱུར། འཆིང་རྗེ་སུ་དྲ ་པ་ཡང་སྒོམ་པར་འགྱུར་ཏེ། དེ་དག་དེ་ལྟ་བུའི་དགེ་བའི་ལས་མངོན་པར་འདུ་བྱ་བ་རྣམས་བྱེད་པར་འགྱུ་རོ།། དེ་དག་ཆོས་ཐོས་པའི་རྒྱུས་སྔོན་གྱི་དགེ་བའི་རྩ་བ་ད་དྲན་པར་འགྱུར་ཏེ། དེ ་ལྷ་དང་མི་དག་གི་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུརརོ།། ཀུན་ཏུ་དཔའ་བ་དེ་ལྟར་ན། ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་མ་ཐག་དུ་ཡོན་ཏན་དང་། ཕན་ཡོན་དེ་ལྟར་དཔག ་ཏུ་མེད་པར་འགྱུརརོ།། དེ་ནས་སེམས་ཅན་དེ་དག་གཅིག་ལ་གཅིག་འདི་སྐད་འཛེར་ཏོ།། གང་བྱས་ཤིང་བསགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་དགེ་བོའི་ཆོས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གཞན་འགའ་ཞིག་ཀྱང་ཡོད་པ་ལྔ། དིད། ་གིས་སྨྲས་པ་གང་དག་ཆོས་ལ་ཡིད་ཆེས་ནས། འདི་སྐད་ཅེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་ཡོད་ཞེས་ཟེར་བ་དེ་དག་གི་བདེ་བའི་རྣམ་པར་སྨིན་པ་འབྲས་བུ་ཆེན་པོ་ནི་ཆོས་ཀྱི ་བདེ་བ་བླ་ན་མེད་པར་འགྱུརོ།། སེམས་ཅན་གཏི་མུག་བླུན་པོ་གང་དག་འདི་སྐད་ཅེས་ཆོས་རྣམས་ཀྱང་མེདདོ།། ཆོས་རྣམས་ཀྱི་ཕ་རོལ་ཏུ་འགྲོ་བ་ཡང་མདོ་ཞེས་ཟེར་བ་དེ་དག་གི་ནམ ་པར་སྨིན་པའི་འབྲས་བུ་ཆེན་པོ་དེ་ངན་སོང་རྣམསུ་འགྲོ་བར་འགྱུར་རོ།། དེ་དག་ནི་ཕྱི་ཕྱིར་ཞིང་ངན་སོང་གི་ས་ལ་གཞོལ་བར་འགྱུརོ།། བསྐལ་པ་བརྒྱད་ཀྱི་བར་དུ་སེམས་ཅན་དམལ་པའི ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུ་རོ།། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཡི་དགས་ཀྱི་ཡུལ་རྣམསུ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུརརོ།། བསྐལ་པ་བཅུ་དྲུག་གི་བོར་དུ་ལྷ ་མེ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུརརོ།། བསྐལ་པ་དགུ་སྟོང་གི་བར་དུ་འབྱུང་པོ་དང་། ཤ་ཟ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུ་རོ།། བསྐལ་པ་ཁྲ་བཞི་སྟོང་གི་བར་དུ་ལྕེ་མེད་པར་འགྱུར། ་བསྐལ་པ་ཁྲི་དྲུག་སྟོང་གཽ་བར་དུ་མའི་མངལ་དུ་འཆི་བའི་དུས་བྱེད་པར་འགྱུརརོ།། བསྐལ་པ་ཁྲི་ཉིས་སྟོང་གི་བར་དུ་ཤ་རིལ་རིལ་པོར་འགྱུ་རོ།། བསྐལ་པ་ཁྲི་ཆིག་སྟོང་གི ་དུ་དམུས་ལོང་དུ་སྐྱེ་ཞིང་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། དེ་ན་པ་མ་དག་འདི་སྙམ་དུ་སེམས་པར་འགྱུརོ།། བ་ངག་ཅག་ནི་དོན་མེད་པར་སྡུག་བསྔལ་མྱོང་ངོ་།། ་བདག་ཅག་གི་བུ་སྐྱེས་པ་ནི་དོན་མེདོ།། ཟླ་བ་དགུའི་དོན་མེད་པར་མངལ་དུ་བཅ་སོ།། གྲང་བ་དང་དྲོ་བའི་ཚོར་བ་ཡང་མྱོངངོ་།། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་མྱོང་།། མེ་འདི་ལ་ཡང ་སྡུག་བསྔལ་མང་པོ་མོང་།། ཕ་མས་ཁྱིམ་ན་བུ་སྐྱེས་པ་མཐོང་ན་ཡང་། བྲིད་པ་མེད་ཅིང་ཕ་མར་རབ་ཏུ་རེ་ཐག་ཆད་པར་འགྱུ་རོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ། ངས་པའི་ཆོས་སྤོང་བ ་སེམས་ཅན་རྣམས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོར་གཞོལ་བ་ཡིན་ཏེ། དེ་དག་འཆི་བའི་དུས་ཀྱི་ཚེ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར་འགྱུ་རོ།། ཀུན་ཏུ་དཔའ་བ་གང་དག ་ཚིག་འདི་སྐད་ཅེས་ཆོས་རྣམས་ཡོད།། ཆོས་རྣམས་ཀྱི་ཕ་རོལ་ཏུ་འགྲོ་བ་ཡོད།། ཞེས་ཟེར་བ་དེ་དག་ནི་དགེ་བའི་རྩ་བ་དེས་བསྐལ་པ་ཉི་ཤུའི་བར་དུ་བྱང་གི་སྒྲ་མི་སྙན་དུ ་བར་འགྱུརོ།། བསྐལ་པ་ཉི་ཤུ་རྩ་ལྔའི་བར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུརརོ།། སུམ་ཅུ་རྩ་གསུམ་ནས་ཤི་འཕོས་ནས། བྱང་གི་སྒྲ་མི་སྲན་དུས ་བར་འགྱུརོ།། མའི་མངལ་དུ་སྐྱེ་བར་མི་འགྱུརརོ།། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དག་ཀྱང་མཐོང་བར་འགྱུར་ཏེ། ཐམས་ཅད་ཀྱང་བདེ་བ་ཅན་ཞེས་བྱ་བ་ཤ་སྟགོ།། སངས་རྒྱས་ཀྱི་ཞིང ་ཐམས་ཅད་ཀྱང་མཐོང་།། མཐོང་ནས་ཀྱང་དེ་ཉིད་དུ་གནས་ཏེ། དེ་ཉི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། ། ན་ཏུ་དཔའ་བ་དེ་ལྟར་ན་ཟུང་གི་ཆོས་ཀྱི་རྣམ་གྲང ་འདི་མཐུ་ཆེ་བའོ།། གང་དག་འདི་ལ་སེམས་དང་བ་དེ་དག་ན་མ་དུ་ཡང་ཡང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མིའོ་གྱུརརོ།། དེ་དག་ཚུལ་ཁྲིམས་ཡོང་སུ་དག་པ་དང་ལྡན ་པར་འགྱུརརོ།། ཀུན་ཏུ་དཔའ་བ་ལ་ལ་དག་དེ་བཞིན་གཤེགས་པས་ཉིན་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངསུ་ཐར་པར་བྱས་ཀྱང་།། ང་དུང་དུ་སེམས་ཅན་གྱི་ཁམས་ཟད་པར ་མ་གྱུར་ཏེ། མང་མོ་ཞིག་ནི་བྱང་ཆུབ་དུ་སྨོན་ལམ་འདེབས། མང་མོ་ཞིག་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས། མང་མོ་ཞིག་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་ན། རྒྱུ་གང་གིས ་སེམས་ཅན་རྣམས་ཟད་པར་མ་གྱུར་ཅེས་འཛེར་བའི་སེམས་ཅན་དག་ཡོད།། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དེ་དག་འདི་སློམ་དུ་སེམས་ཏེ་། བདག ་ཅག་དགེ་སྦྱོང་གོའུ་ཏ་མ་དང་འགེདུ་འདོད་སྙམ།། དེ་ནས་བྲམ་ཟེ་དང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བརྒྱད་ཁྲི་བཞི་སྟོང་དང་། གཅེར་བུ་པ་བརྒྱ་ཕྲག་དུ་མ་ཞིག་རྒྱལ་པོའི ་ཁབ་ག་ལ་བ་དེར་དོང་།། ཡང་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་འཛུམ་པ་མཛད།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ནས། བླ་གོས་དྲག ་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ། ་བཅོམ་ལྡན་འདས་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི། དེ་བ་ཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཛུམ་པ་མི་མཛད་ན། འཛུམ་པ་མཛད ་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱི་ས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། དེང་རྒྱལ་པོའི་ཁབ་འདིར་འདུས་པ་ཆེན་པོ་འབྱུང་བར་འགྱུརརོ།། བཅོམ ་ལྡན་འདས་འདིར་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། མི་འམ་མི་མ་ལགས་པ་འམ། སུ་དག་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེང་འདིར་ལྷ་དང་། ཀླུ་དང་། ་གནོད་སྦྱིན་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་འོང་བར་འགྱུར་ཏེ། བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་ཡང་འདིར་འོང་བར་འགྱུརརོ།། མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྨྱ་དང་། གསེ་བུ་པ ་བ་ཕྲག་དགུ་སྟོང་འོང་བར་འགྱུར་ཏེ། དེ་དག་དང་ངར་འགྱེད་པར་འགྱུརརོ།། དེ་དག་ཐམས་ཅད་ཀྱི་འགྱེད་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་སྟེ། བྲམ་ཟེ་དེ་དག་ཐམས་ཅིད་བླ་ར་མེད་པ་ཡང ་།། དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར།། མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་བྱེ་བ་སྟོང་ཕྲག་དགུ་པོ་དེ་དག་ཐམས་ཅད་ནི་རྒྱུ་མ ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར།། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་འོང་བར་འགྱུར་ཏེ། དེ་དག་ང་ལས་ཆོས་ཐོབ་པར་འགྱུ་རོ།། ཐོས་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུ་རོ།། གནས་གཙང་མའི་རིགས་ཀྱི་ལྷའི་བུ་བྱེ་བ་སྟོང་ཕྲག་དྲུག་ཅུ་འོང་བར་འགྱུར་རོ།། བདུད་སྡིག་ཅན་གཡོག་དང་བཅས་པ་བྱེ་བ ་སྟོང་ཕྲག་སུམ་ནུ་འོང་བར་འགྱུར་རོ།། ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་འོང་བར་འགྱུརོ།། རྒྱལ་པོ་ལྔ་བརྒྱ་ཙམ་ཡང་འཁོར་དང་བཅས་ནས་ཆོས ་ཉན་དུ་འོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ང་ལས་ཆོས་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་པར་འགྱུརོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིདུ་མི་སྣང་བ ་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཚན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུན ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བདུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ལྔ་བརྒྱ་ཙམ་པོ་དེ་དག་གི ་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཉོན་ཅིག། རྒྱལ་པོ་དགའ་བོ་ཞེས་བྱ་བ་དང་། རྒྱལ་པོ་ཉེ་དགའ་ཞེས་བྱ་བ་དང་། རྒྱལ་ངོ་རྒྱལ་བའི་ཁྱུ ་མཆོག་ཅེས་བྱ་བ་དང་། རྒྱལ་པོ་ཚངས་པའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་ཚངས་པའི་དབྱངས་ཤེས་བྱ་བ་དང་། རྒྱལ་པོ་བལྟ་ན་མཛེས་ཤེས་བྱ་བ་དང་། རྒྱལ་པོ་མཛའ་བའི་སྡེ་ཞེས་བྱ ་བ་དང་། རྒྱལ་པོ་དགའ་བའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་དང་། རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་དང་། རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་དང་། ་དེ་དག་ལ་སོགས་པ་རྒྱལ་པོ་ལྔ་བརྒྱ་ཙམ་དང་། རྒྱལ་པོ་རེ་རེ་ཞིང་ཡང་གཡོག་བྱེ་བ་བརྒྱ་སྟོང་ཡོད། རྒྱལ་པོ་འཕགས་སྐྱེས་པོ་མ་གཏོགས་པར། དེ་དག་ཐམས་ཅད་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟ་གོ།། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་ཅུ་འོང་ངོ་། ་ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་ལྔ་བཅུ་འོང་།། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དྲུག་ཅུ་འོང་།། བྱང་ཕྱོགས་ནས་བྱང་ཆུབ ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འོང་།། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་བཅུ་འོང་།། སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ ་སྟོང་ཕྲག་བརྒྱ་འོང་སྟེ། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པ་ཤ་སྟིག། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིརརོ།། རྒྱ ་པོའི་ཁབ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག ་པར་ཞུགས་པ་ཤ་སྟགོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁྱེད་ཕྱོགས་བཅུའི་འཇིག་རྟེན་གྱི་ཝ ་རྣམས་སོང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱིས། ཕྱོགས་བཅུའི་འཇིག་རྟེན་ན་གནས་པ་ཁྱེད་ཐམས ་ཅད་ཐལ་མོ་སྦྱར་ཏེ། ཡུད་ཅིག་ཅེས་དེ་སྐད་སྨོས་ལ་གོ་བར་བྱས་མ་ཐག་ཏུ་ཡུད་ཙམ་གྱིས་ཆོས་ཉན་དུ་སླར་ཤོག་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དངའ ་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། རྫུ་འཕྲུལ་གྱི་སྟབས་ཀྱིས ་མི་སྣང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སོང་ནས།། བྱང་ཆུབ་སེམས་དཔའ་རྣམས་ལ ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱིས།། དེ་ལ་ཁྱེད་ཅག་གིས་ལེག་སོ།། ཞེས་བྱ་བ་གསོལ་ཅིག་དང་། དེའི་ཕྱིར་ཁྱེད་དེང་ཉིད་ཕན་པ་དང་། ་བང་བ་ཆེན་པོ་ཐོབ་པར་འགྱུརརོ་ཞེས་བསྒོའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམསུ་སོང་ནས། སངྱས ་ཐམས་ཅད་ལ་བསྙེན་བཀུར་བྱས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྦྲོན་པ་ནི་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས། བྱང་ཆུབ་སེམས་དཔ ་སེམས་དཔའ་ཆེན་པོ་ཀན་ཏུ་དཔའ་བ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས། བཅོམ་ལྡན་འདས་ཀྱི་སྨན་སྔར་འདག།། དེ་ན་བྲམ ་ཟ་རྣམས་དང་། གཞན་མུ་སྟེགས་ཅན་སྤྲོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་རྣམས་ཀྱང་འདས། ལྷ་དང་། ཀླུ་དང་། གནོད་སྤྲིན་དང་། མི་མང་པོ་ཞིག་དང་། རྒྱལ་པོ་གཡོག་དང་བཅས་པ ་ལྔ་བརྒྱ་ཙམ་ཡང་འདས།། བདུད་སྡིག་ཅན་གཡོག་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་གསུམ་ཡང་འདྲ་ས།། ཡང་དེའི་ཚེ་རྒྱལ་ངོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་རབ་ཏུ་གཡོས།། དེ་ནས ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམསུ་ལྷའི་ཙན་དན་གྱི་ཕྱེ་མའི་ཆར་རབ་ཏུ་བབ། ལྷའི་མེ་ཏོག་གི་ཆར་ཀྱང་རབ་ཏུ་བབ་ནས། དེ་བཅོམ་ལྡན་འདས་ཀྱི་དབུའི་སྡེ ་གདུག་གི་མཚམས་ཁང་པ་བརྩེགས་པར་ཀུན་ཏུ་གནསོ།། ཡང་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར། བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་། དེ་ནས་དེའི་ཚེ་ཕྱོགས་བཞི་ནས། ་གི་རྒྱལ་པོ་བཞི་འཁྲུགས་ཏེ་ལངས་ནས། གང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཉལ་ཉིལ་དང་། ཕྱག་དར་དང་བྱེ་མ་དེ་རྣམས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བོར་ནས། ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་རྣམ་སུ་སྤོས་ཆུའི་ཆར་པབ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམསུ་མེ་ཏིག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་བའི་ཆར་ཀྱང་རབ་ཏུ་འངན ་།། མེ་ཏོག་དེ་དག་ཐམས་ཅད་ཀྱང་། སེམས་ཅན་དེ་དག་གི་སྤྱི་གཙུག་གི་སྟེང་དུ་མེ་ཏོག་གི་གདུག་སུ་གནསོ།། དེ་བཞིན་གཤེགས་པའི་དབུའི་སྤྱི་གཙུག་གི་བར་སྣང་ལ་ཁང་པ ་པ་བརྒྱད་ཁྲི་བཞི་སྟོང་ཀུན་ཏུ་གནས་ཏེ། འང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་པོ་རྣམས་ཀྱི་ནང་ནས། རིན་པོ་ཆེ་སྣ་བདུན་གྱི་ཁྲི་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། ཁྲི་དེ་དག་ཐམས་ཅད་ལ ་དེ་བཞིན་གཤེགས་པ་བཞུགས་ནས་ཆོས་སྟེན་ཏོ།། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོ་སོ།། དེ་ནས་བང་ཆུབ་སེམས་དཔའ་སེམ་དཔ ་ཆེན་པོ་ཀུན་ཏུ་དཔའ་བ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲེང ་ཁྱེར་ཆེན་པོ་འདིར་མོ་འཕྲུལ་འདི་ལྟ་བུ་གང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱི་ས་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། མི་ཙ་ཡ་ཅན་རྒད ་ད་པ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་གནས་པ། དབུལ་པོར་གྱུར་པ་ལ་ལ་ཞིག་ཡོད་ལ། དེའི་མགོ་ལ་རྒྱལ་པོས་བྱུགས་པ་དང་། དེ་རྒྱལ་པོའི་སྒོའི་བར་དུ་སོང་སྟེ ་བྱིན་ནས། ནམ་གྱིས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འགྲོ་བར་འདོད་པ་དང་། དེ་ནས་རྒྱལ་པོའི་བློན་པོ་དང་འཁོར་གྱིས་དེ་བཟུང་སྟེ། རྣམ་པ་མང་པོས་བརྡེགས་པ་དང་། དེ་ནས་དེའི་ཚེད ་དུས་ན། མི་དབུལ་པོ་དེ་ནན་གྱིས་ནང་དུ་འགྲོ་འདོང་ཞེས་རྒྱལ་པོས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། གདོན་མི་ཟ་བ་ང་ལ་གསོད་འདོད་པ་ཞིག་ཡིན་སྙམ་ནས། རྒྱལ་པོ་ཁྲོས ་འཁོར་རྣམས་ལ་འདི་སྐད་ཅེས། ཁྱེད་དེང་ལ་མི་དེ་རི་ཁྲོད་དེར་སོད་ཅིག། གཡོག་དང་པ་མ་དང་བུ་དང་། བྲན་པོ་དང་བྲན་མོ་དང་། ལས་བྱེད་པ་ཐམས་ཅད་ཀྱང་གསོད་ཅིག་ཅེས་བསྒོ་བ་དང་། དེ ་དེ་དག་ཐམས་ཅད་བསད་ནས། དེའི་གཉེན་བཤེས་ཐམས་ཅད་མ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་གྱུར་པ་དེ་བཞིན་དུ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱིས་ཆོས་བཤད་པ་དང་། དེ་ན་མི་ང་རྒྱལ་ཅན་ཇི་ལྟ་བ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་བཞིན་གཤེགས་པ་ལ་གཟུགས་དང་། ཁ་དོག་དང་། མཚར་དང་དབྱིངས ་དང་མཚན་མར་བཟུང་སྟེ། དེ་བཞིན་གཤེགས་པའི་ལུས་ཡིན་པ་སྙམ་དུ་ཤེས་ཤིང་། དེ་ན་དེ་དག་ཆེས་མང་པོ་ཐོས་ནས་ལྷག་པའི་ང་རྒྱལ་དུ་ལྷུང་སྟེ། ཀྱལ་བ་སྣ་ཚོགས་སྨྲ་བ་དང་། ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པའི་ཟིལ་གྱིས་ནོན་ནས། བདག་ཉིད་འདི་ལྟ་བུའི་ཆོས་མི་ཉན་མི་འ་མད། གང་ལ་ལ་ཞིག་མདོ་འམ། ཚིགས་བཅད་པའམཐན ་དཔེ་ཙམ་ཞིག་དེ་དག་ལ་བཤད་ན་ཡང་།། ང་བདག་གིས་ཤེསོ་ཞེས་དེ་དག་མི་འཛིན་ཅིང་རྣ་བས་ཀྱང་མི་ཉན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་རྒྱལ་ཅན་དུ་གྱུར་པའི་ཕྱིར་ཏེ། དེ་དག་ནི ་མང་དུ་ཐོས་པས་བག་མེད་པའོ།། གང་བྲིས་པ་སོ་སོའི་སྐྱེ་བོ་རྣམས་དང་འགྲོགས་པ་དེ་དག་ནི་འདི་ལྟ་བུའི་ཆོས་དང་ལྡན་པ་བྱེད་པར་མི་འགྱུར། དེ་དག་ནི་འདི་ལྟ་བུའི་ཆོས་དང་ལྡན་པའི ་ཚིག་ཐོས་པར་མི་འགྱུར་གྱི་དེ་དག་མང་དུ་ཐོས་པ་དེས་རྒྱགས་པར་འགྱུར་ཏེ། མི་དེ་ལྟ་བུ་དེ་དག་ནི་རང་གིས་རང་གཟོར་བྱས་པ་འཛེག་པར་བྱེད་། རང་གི་གཞུང་གི་གླེང་བཞི་ཡང་འཇོག ་། པར་བྱེད།། དེ་དག་ནི་བདག་དང་འཇིག་རྟེན་ཐམས་ཅད་ལ་སྤུ་ཞིང་དོན་མེད་པར་བྱེད་ཡུལ་འཁོར་གྱི་བསོད་སྙོམས་མང་པོ་ཟ་སྟེ། ཟོས་ནས་ཀྱང་ལགས་པར་འཇུ་བར་མི་འཇུན། ་དེ་དག་འཆི་བའི་དུས་ཀྱི་ཚེ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་གིས་ང་ལ་སྨྲས་པ། ཁྱོད་ཀྱིས་ང་ལ་བཟོའི་གནས་མང་དུ་བསླབ་ན། ཇི་ལྟར་ཁྱོད་བདག་འཇོག ་པར་མི་ནུས། དེས་དེ་དག་ལ་འདི་སྐད་ཅེས་སྨྲསོ།། གྲོགས་པོ་དག་ང་ནི་ད་ལྟར་བདག་འཇོག་པར་མི་ནུསོ།། དེ་ན་སེམས་ཅན་དེ་དག་སྨྲེ་སྔགས་རྣམ་པ་སྣ་ཚོགས་འདོན་པར་འགྱུར་ཏེ། ཇི ་ལྟར་གཞན་གྱིས་མ་ལན་གྱི་རང་གི་ལས་ཀྱི་རྐྱེན་གྱིས། གང་ཟག་དེ་གཅིག་པུའི་ཕྱིར་གཉེན་གྱི་ཚོགས་མང་པོས་བསད་པར་གྱུར་པ་དེ་བཞིན་དུ། སེམས་ཅན་དེ་དག་ཀྱང་འཆི་བའི ་དུས་ཀྱི་ཚེ། སྨྲེ་སྔགས་འདོན་ཅིང་མི་དགེ་བའི་གྲོ་གས་པོའི་ཕྱིར། བདག་ཅག་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་གཞོལ་བར་མཐོང་།། དེ་བཞིན་དུ་ཁྱེད་མ ་ལ་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ཁྱེད་ཀྱང་རྒྱགས་པར་མ་གྱུར་ཅིག། འདི་ལྟ་སྟེ་དཔེར་ན། མདབ་གཤོག་མ་རྫོགས་པར་ལྷའི་འཇིག་རྟེན་དུ་འགྲོ་བའི་ཕྱིར། ་ན་མཁའ་ལ་འཕུར་མི་ནུས་པ་དེ་བཞིན་དུ།། ཁྱེད་རྣམས་ཀྱང་མྱ་ངན་ལས་འདས་པ་འཐོབ་པར་མི་ནུས་ཏེ། ཁྱེད་ཅག་ལ་དེ་ལྟ་བུའི་རྫུ་འཕྲུལ་མེདོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་རྣམ ་པས་བྱ་གག་གི་སྐྱེ་གན་སུ་སྐྱེས་ནས། ལུས་འདི་རིང་པོ་མི་ཐོགས་པར་ལུས་འཇིག་ཅིང་མཐར་འཆི་བར་འགྱུར་ཏེ། འཆི་བའི་དུས་ཀྱི་ཚེ།། དེ་དག་རོ་བྲོ་བ་མེད་ནས། བདག་ཅག་གིས ་ལུས་འདི་ཅི་ཞིག་གི་ཕྱིར་བཟུང་། བདག་ཅག་གིས་གང་ལྷའི་འཇིག་རྟེན་གྱི་བདེ་བ་དང་། མིའི་འཇིག་རྟེན་གྱི་བདེ་བ་ཡང་མ་མྱོང་ལ། མྱ་ངན་ལས་འདས་པའི་གནས་པར་མ་གྱུར་ཏེ། བདག་ཅག ་གི་ལུས་འདི་ནི་དོན་མེད་པར་བཟུང་ན། བདག་ཅག་གི་འགྲོ་བ་ནི་གང་ཡིན། བདག་ཅག་གི་རྟེན་དུ་ནི་སུ་ཞིག་འགྱུར། གང་དུ་སྐྱེ་ཞིང་གང་དུ་འཇིག་པར་འགྱུར་ཞིག་གུ་སྙམ་ནས། ཡོངསུ་སྐྲག ་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་ཙར་བུ་པ་དེ་དག་ལ་བཀའ་སྩལ་པ། ཁྱེད་ཅག་རིན་པོ་ཆེའི་འཛེམྦུའི་གླིང་འདིར་ཡི་ཆེད ་པར་མ་བྱེད་ཅིག་ཁྱེད་ཆོས་དཀོན་མཆོག་ལས་ཕྱི་རོལ་དུ་མ་གྱུར་ཅིག། ཀྱེ་གྲོགས་པ་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱེད་ཀྱི་བསམ་པ་ཐམས ་ཅད་ཡོངསུ་རྫོགས་པར་བྱའོ།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དེ་དག་ཐམས་ཅད་སྟན་ལས་ལངས་ནས། གོས་དྲག ་པ་གཅིག་ཏུ་བགོས་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གདུགས་མཚན་དུ་སེམས་ཅན་རྣམས་འཁོར་བ་ལས ་ཡོངསུ་བཀྲོལ་ཡང་སེམས་ཅན་གྱི་ཁམས་ལ་བྲི་བ་འམ། གང་བར་ཡང་མི་གདའ་ན། བཅོམ་ལྡན་འདས་རྒྱུ་གང་དང་། རྐྱེན་གང་གིས་སེམས་ཅན་དེ་དག་སྐྱེ་བ་དང་འགོག་པ་ར ་པར་སྟོན། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། མུ་སྟེགས་འདི་དག་འགྱོད་པ་ཆེན་པོ་བསྐུལ་པ་དང་། ཆོས་ཀྱི ་། སྒྲོད་མ་ཆེན་པོ་འབར་བར་བྱ་བའི་ཕྱིར། གོ་ཆ་ཆེན་པོ་བགོས་ནས། འདྲི་བའི་གླེང་གཞི་ཆེན་པོ་འདྲི་སྟེ། ཕྱི་མའི་དུས་ན། སེམས་ཅན་གཞོན་དང་རྒན་པོ་རྣམས་སྐྱེ་བ་དང་། འ ་པ་ཤེས་པར་འགྱུར་རོ།། སྨན་གྱི་སྡེ་སེམས་ཅན་རྒན་པོ་དག་ཀྱང་གཞོན་བཞིན་དུ་ཅི་ཡང་མི་ཤེས་པ་ཡང་ཡོད།། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་སྲ་བསྐས་ནས་གོས ་སར་པ་བགོས་ཏེ། དེ་ཁྱིམ་གྱི་ཕྱི་རོལ་དུ་བྱུང་བ་དེ་ལ་སེམས་ཅན་རྣམས་ཀྱིས་ཁྱོད་གོས་པ་ལེགས་པར་བསོསོ་སོ་ཞེས་སྨྲས་པ་དང་། སེམས་ཅན་གཞན་ཞིག་ཀྱང་མགོ་བཀྲུས་ན ་གོས་རྙིང་པ་དཀྲུས་ཏེ་བགོས་པ་དང་། དེ་ཟེགས་ནས་མི་དེ་སྐྲ་བསྐུས་ཀྱང་མཛེས་པར་མ་གྱུར་ལ། དེའི་གོས་ཀྱང་མཛེས་པར་མ་གྱུར་དེ་བཞིན་དུ་སྨན་གྱི་སྡེ་འཛམྦུའི་གླིང་ན ་སེམས་ཅན་རྒན་པོ་ཡོད་པ་དག་ནི་མཛེས་པ་མ་ཡིན་ཏེ། སེམས་ཅན་གཞོན་དག་ནི་སྐྱེ་བ་དང་འགག་པ་སྟེ། ན་ཏོ།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ ་དང་། ཀུན་ཏུ་རྒྱུ་དེ་དག་ཐམས་ཅད་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གི་ནང་ན་གཞོན་ནི་གང་ལགས། རྒན ་པོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་ནི་ཡང་དང་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཚེར་བ་མཐོང་ཡང་།། ཁྱེད ་ད་དུང་དུ་ངོམས་མི་མྱོང་བས་ཁྱེད་ཅག་ནི་རྒན་པའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དག་ཐམས་ཅད་དང་། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་སླན་ཆད་འཁོར་བར་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་མི་སྦའོ།། གང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས། ་སེམས་ཅན་གཞོནུ་རྣམས་ལས་ཀྱང་གང་ཆོས་ཉིད་མངོན་སུམ་དུ་བྱེད་ནུས་པ་མེད།། དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན ་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད། སེམས་ཅན་རྣམས་མོས་པ་དཀའ་བ་ལ་གཟིགསུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི ་སྡེ་ཉོན་ཅིག་དང་། དེ་བཞིན་གཤེགས་པས་འཇིག་རྟེན་ཐམས་ཅད་མངོན་སུམ་དུ་མཛད།། དེ་ནས་སེམས་ཅན་གཞོ་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་དེ་བཞིན་གཤེགས་པའི ་སྨན་སྔར་འདུག་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་ཀྱང་མི་འཚལ། ཚིག་ཀྱང་མི་སྨྲའོ།། དེ་ནས་བཅོམ་ལྔ་ནོ་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ ་སྨོན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་འདི་དག་བཅོམ་ལྡན་འདས་ལ་མི་སྨྲ་ཀུན་ཏུ་མི་སྨྲ་ཞིང་། ཕྱག་ཀྱང་མི་འཚལ་ལ། བཅོམ་ལྡན་འདས་ལ ་ཞུ་བ་ཡང་མི་བགྱིད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། སེམས་ཅན་གཞན་རྣམས་ཀྱིས་ཆོས་ཉིང་མངོན་སུམ ་དུ་བྱེད་མི་ནུསོ་ཞེས་སེམས་ཅན་གང་དེ་སྐད་ཟེར་བ་ལ། སྨན་གྱི་སྡེ་འདི་དག་ནི་ཁྱེད་ཀྱིས་སེམས་ཅན་གཞོན་ཡིན་པར་བལྟའོ།། སེམས་ཅན་དེ་དག་གིས་འདི་སྐད་ཅེས་གསོལ ་བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་གཞནུ་ལགས།། བཙུན་པ་བདེ་བར་གཤེགས་པ་བདག་ཅག་རི་སེམས་ཅན་གཞདུ་ལགས།། བཅོམ་ལྡན་འདས ་བཀའ་སྩལ་པ། ཀྱི་སེམས་ཅན་འདི་དག་ནི་འཇིག་རྟེན་མངོན་སུམ་དུ་བྱེད་པ་ཡིན་གྱིས། དེ་རང་གི་ལུས་ལས་འཇིག་རྟེན་གྱི་ཚད་སྟོན་ཅིག། དེའི་ཆ་ངའི་དུས་ན་སེམས་ཅན་གཞོན་བྱ ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལུས་དང་མ་བྲལ་བར་སྟེང་གི་ན་མཁའ་ལ་གནས་ཏེ། ས་བཅུ་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་པ ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གང་དག་འཁོརརབ་ཡོངསུ་ཟད་པར་བགྱི་བ་དང་། ཡོངསུ་བྱང་བར་བགྱི་བའི་སླ། དུ་བརྩོན་འགྲུས་རྩོམ་པའི་སེམས་ཅན་དེ་ལྟར ་ནི་རྙེད་པ་ལེགས་པར་རྙེད། བཅོམ་ལྡན་འདས་སེམས་ཅན་འདི་ནི་དེང་ཉིད་སྐྱེས་ལ། བཅོམ་ལྡན་འདས་སེམས་ཅན་འདི་དག་དེང་ཉིད་ཡོངསུ་གྲོལ་ཏེ། ཐམས་ཅད་ཀྱང་ས་བཅུ ་རབ་ཏུ་ཐོབ་པར་མཐོང་།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཙར་བུ་པ་དང་། རྒྱལ་པོ་དང་། བདུད་སྡིག་ཅན་འཁོར་དང་བཅས་པ་ཐམས་ཅད ་ལྷགས་ནས་གཡོ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་འདིར་དེ་བཞིན་གཤེགས་པའི་གན་དུ་མཆིས་ཏེ། ཆོས་ཀྱི་རྣམ ་གྲངས་འདི་ཐོས་ནས། བདག་ཅག་གིས་སངས་རྒྱས་ཀྱི་བདེ་བ་འདི་ལྟ་བུ་ཐོབ་པར་གྱུར་ཅིག། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས ་རྒྱས་འདི་ལྟ་བུར་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་དེ་བཞིན་ཏེ། ཇི་ལྟར་ཁྱེད་དེ་བཞིན་གཤེགས་པའི་གན་དུ་ལྷགས་པ་རྣམས་ཀྱིས་ཁྱེད ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་ན་ཁྱེད་ཐམས་ཅད་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ། དེ་ནས་གཞན་མུ་སྟེགས་ཅན་དེ་དག་ཐམས་ཅད ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། ཐམས་ཅད་ཀྱང་ས་བཅུ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་སྟེང་གི་ནམ ་མཁའ་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་མངོན་པར་འཕག་སེ་ནས། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་དག་དེ་བཞིན་གཤེགས་པ་ལ་དབུལ་ཞིང་། ཐམས ་ཅད་ཀྱང་རྣམ་པར་འཕྲུལ་པ་སྣ་ཚོགས་བྱིན་གྱིས་རློབ་སྟེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་དབུའི་སྤྱི་གཙུག་གི་སྟེང་ལོག ་སུ་གནས་ལ་མེ་ཏོག་སིལ་མ་སྣ་ཚོགས་འཐོར་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིད་ལ་བྱེད།། རང་གི་ལུས་ལ་ཡང་སངས་རྒྱསུ་འདུ་ཤེས་སྐྱེདོ།། ལྷའི་བུ་བྱ་བ་བརྒྱ་སྟོང ་ཕྲག་དུ་མ་ཡང་དེ་བཞིན་གཤེགས་པ་ལ་མངོན་པར་མཐོང་ཞིང་། ཚིག་འདི་སྐད་དུ་དགེ་སྦྱོང་གོའུ་ཏ་མ་ནི་རྙེད་པ་ཆེན་པོའོ།། ཞིང་ཆེན་པོའོ།། འཇིག་རྟེན་གྱི་མགོནོ།། ཏིང་འཛིན་གྱི་སྣོ ་། བསྐྱེད་པ་བརྙས་པའོ།། མཁས་པ། མཁས་པ་ཚོལ་བ་ལགས་ཏེ། གང་སེམས་ཅན་འདི་ལྟ་བུ་དག་ཐབས་མཁས་པས་མཐར་གྱིས་འཁོར་བ་ལས་ཡོངསུ་ཐར་པ ་མཛད། ལེགས་པར་གསུངས་པ་གཅིག་ཙམ་གྱིས་ཀྱང་སེམས་ཅན་དེ་སྙེད་ཅིག་འཁོར་བ་ལས་ཡོངསུ་གྲོལོ་ཞེས་སྨྲ་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྨན་གྱི་སྡེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་འོག་སུ་བལ་མོ་སྦྱར་བ ་བཏུད། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་རིགས་ཀྱི་བུ་དེ་དག་ཚིག་འདི་འབྱིན་ཅིང་རྫུ་འཕྲུལ་མངོན་པར་འདུ་གྱི ་དེ་བཞིན་གཤེགས་པའི་བསྔགས་པ་མང་པོ་མངོན་པར་འདུ་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། དེ་དག་ནི་ང་ལ་བསྟོད་པ་མ ་ཡིན་གྱི། རང་གི་ལུས་ལ་སྟོད་ཅིང་། རང་གི་ལུས་ཆོས་ཀྱི་སྟན་དམ་པ་ལ་འཇོག་པར་འགྱུར་རང་གི་ལུས་ལས་ཆོས་ཀྱི་འོད་ཟེར་འབྱིན་པར་འགྱུར། བླ་ན་མེད་པ་ཡང་དག་པ ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངསུ་བཟུང་བར་འགྱུ་རོ།། མངོན་པར་རྫོགས་པར་སངས ་རྒྱས་ནས་ཀྱང་ཆོས་སྟོན་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། ་མ་པ་གརྣམ་པ། འཇམ་ལྡན་ལས་འ་བ་གགས་པ་གསུས་སས་དུ་མས་ཡང་གནམས་ཚུལ་སང་དུང་དུས་ས་ནན་ད་ས ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་གང་དེ་བཞིན་གཤེགས་པ་ལ་དེན་འདི་འདྲི་བར་སེམས་པ་ནི་ལེགས་ལེགས།། སྤྲིན་གྱི་སྡེ་འདི་ལྟ་སྟེ་དཔེར་མ་སྐྱེས་བྲལ་ལ་རྣཾ། ་དྲུག་ཅིང་ནོར་ཚ་ལ་ལོང་སྤྱོད་ཆེ་སྟེ། ནིར་དང་འབྲུ་དང་མཛོད་དང་བང་བ་མང་པོ་དང་ལྡན་ལ། བྲན་པོ་དང་བྲན་མོ་དང་ལས་བྱེད་པ་དང་། ན་ཤེས་འཚོ་བའི་མ་མང་པོ་དང་ལྡན་ཏེ། དེན ་གྱི་ཕུང་པོ་མངལ་ཞིང་དང་ཀུན་དགའི་ར་བ་མང་དུ་བདེག་ཅིང་། འདི་ལྟ་སྟེ། ནས་དང་། གྲོ་དང་། འབྲས་དང་། ཁལ་སྲན་དང་། སྲན་ནུང་ལ་སོགས་པ་འབྲུ་མང་དུ་བདེག་པ་ཞིག་ཡོད ་ལ་མི་ངེས་དཔྱིད་ཀྱི་དུས་ལ་འབྲུ་ཐམས་ཅད་ཀྱི་ས་བོན་པ་ཏབ་ནས། དུས་གཞན་ཞིག་གི་ཚེ་ས་བོན་དེ་དག་ཐམས་ཅད་ཡོངསུ་སྨིན་པར་གྱུར་པ་དང་། མི་དེས་འབྲུ་དེ་དང་དག ་སོ་སོར་འཇོག་སྟེ། བཞག་ནས་ཀྱང་དཔྱིད་ཀྱི་དུས་ཀྱི་བར་དུ་ཟོས་ནས། ཡང་འདེབས་པ་དེ་བཞིན་དུ་སྨན་གྱི་སྡེ་སེམས་ཅན་རྣམས་ཀྱང་སྔོན་ལས་བྱས་པའི་ལས་དེ་དག་ཐང ་ཡོངསུ་ཟད་པར་གྱུར་པ་དང་། དེ་ལ་བསོད་ནམས་ཀྱི་ཞིང་ཚོལ་ཏེ། དགེ་བའི་རྩ་བ་རྣམས་སྐྱེད་།། བསྐྱེད་ནས་ཀྱང་དགེ་བའི་ཆོས་དེ་དག་ལ་ནན་ཏན་གྱིས་སྒྲུབ་སྟེ། ཆོས་ཐམས་ཅད ་འཕེལ་བར་བྱས་ནས་དགའ་བ་དང་མགུ་བ་སྐྱེད། སྨན་གྱི་སྡེ་དགའ་ཞིང་མགུ་བའི་སེམས་དེས་བསྐལ་པ་བྱེ་བའི་བར་དུ་ཆུད་མི་ཟའོ།། སྨན་གྱི་སྡེ་དེ་བཞིན་དུ་བྱང་ཆུབ་སེམས་དཔ ་།། སེམས་དང་པོ་བསྐྱེད་པ་ཡང་ཆུང་ཟ་བའི་ཆོས་ཅན་དུ་ནམ་ཡང་མི་འགྱུར་ཏེ། མདོར་ན་ཆོས་ཐམས་ཅད་རབ་ཏུ་ཤེས།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་སེམས་དང་པོ་བསྐྱེད་པའི་རྨི་ལམ་ཇི་ལྟ་བུ་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་དུ་འཇིན ་པ་མང་པོ་མཐོང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཐམས་ཅད་ཡོངསུ་སྦྱོང་བའི་ཕྱིརརོ།། སེམས་ཅན་སྡིག་པའི་ལས་ཅན་གྱིས་ནི་སྡུག་བསྔལ་མི་བཟད་པ་སེལ་བར་མི་ནུས།། ་དོ་ནི་སྡིག་པའི་རྨིལ་མ་མཐིང་ཡང་འཇིགས་པ་མ་ཡིན།། ནས་ག། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་བ་སྙིང་པའི་རྨི་ལམ་དུ་ཇི་ལྟར་འཇིགས་པ་མེ ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་མ་རབ་ཏུ་འབར་བ་མཐོང་སྟེ། དེས་ནི་བྱང་ཆུབ་སེམས་དཔའ་དེས་བདག་གི་ཉོན་མོངས་པ་ཐམས་ཅད་ཚིག ་པར་རིག་པར་བྱའོ།། སྨན་གྱི་སྡེ་གཉི་སུ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེས་ཆུ་བྲག་ཅིང་རབ་ཏུ་བྲུག་པ་མཐོང་ཡང་འཇིག་པར་མི་བྱའོ།། ད་ཅིའི་ཕྱིར་ཞེ་ན། སྨན ་གྱི་སྡེ་དེ་བཞིན་དུ་གཏི་མུག་གི་བཅིངས་པ་ཐམས་ཅད་ལས་བཟློག་ནས་སྡིག་པ་བྱང་བར་བྱས་པ་ཡིནོ།། སྨན་གྱི་སྡེ་གསུམ་དུ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་སྐྱེད་པའི ་རྨི་ལམ་ན་འཇིགས་པ་ཆེན་པོ་མཐོང་།། གསོལ་པ། བཅོམ་ལྡན་འདས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ལུས་ཀྱི་མགོ་བྲེགས་པ་མཐོང་ཡང་། སྨན་གྱི ་སྡེ་དེ་ལ་དེས་འཇིགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བྲེག་པ་ཡིན་ཏེ། བདག་ནི་འགྲོ་བ་དྲུག་ཏུ་འདོར་བ་ལས་རྒྱལ་བ་མིན་སྙམ་མ།། ་དེ་སེམས་ཅན་དམྱལ་བར་གནས་པ་མ་ཡིན། དུད་འགྲོ་དང་། ཡི་དྭགས་རྣམས་ཀྱི་ནང་དུ་མ་ཡིན། ལྷ་མ་ཡིན་རྣམས་ཀྱི་ནང་དུ་མ་ཡིན། ཀླུ་རྣམས་ཀྱི་ནང་དུ་མ་ཡིན།། ལྷ་རྣམས་ཀྱི་ནང་དུས ་ཡིན་ཏེ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་རྣམསུ་སྐྱེ་བ་རབ་ཏུ་འཛིན་ཏོ།། སྨན་གྱི་སྡེ་ཕྱི་མའི་ཚེ།། ཕྱི་མའི་དུས་ན། གལ ་ཏེ་སེམས་ཅན་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་ཡོངསུ་སྔོ་བར་འགྱུར་ན་དེས་ཡི་དམ་ཆེན་པོ་བཅས་པར་བལྟ་སྟེ། བརྙས་པར་གནས་པར་གྱུར་ཀྱང་སྨན་གྱི་སྡེ་དེ་ལ་དེས་སྐྱོ་བའི་སེམས ་བསྐྱེད་པར་མི་བྱ། ཞུམ་པར་མི་བྱའོ།། སྨན་གྱི་སྡེ་ངས་ཆོས་མ་ང་དུ་བསྟན་ཏེ། སྨན་གྱི་སྡེ་ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཞིག་གི་བར་དུ་དཀའ་བ་སྤྱོད་པ་སྤ ་ཀྱང་སྨན་གྱི་སྡེངས་ལོང་སྤྱོད་ཀྱི་ཕྱིར་རམ། འཚོ་བའི་ལོངས་སྤྱོད་ཀྱི་ཕྱིར་རམ། དབང་ཕྱུག་གི་ལོངས་སྤྱོད་ཀྱི་ཕྱིར་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། སྨན་གྱི་སྡེ་ཆོས་ཀྱི་ངོ་བོ་ཉི ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ངས་དཀའ་བ་སྤྱོད་པ་སྤྱད་ཀྱང་། ང་སང་སྲིད་ཀྱི་བར་དུ་བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མོ་ཐོབ་ཀྱི་སྨན་གྱི་སྡེ་གང་གི་མེ་གང་གི་དུས་ན ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ཉིད་ཀྱི་ཉོན་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས་འ ་། ཟབོ། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་རྙེད་པར་དཀའོ།། སྨན་གྱི་སྡེ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་མཆོག་ཏུ་རྙེད་པར་དཀའོ།། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས ་འདི་འཛིན་པ་དག་ཀྱང་མཆོག་ཏུ་རྙེད་པར་དཀའོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་རོ།། སྨན་གྱི་སྡེ་བསྐལ་པ་སྟོང་དུ་འཁོར་བ་བསྙིལ་བར་འགྱུ་རོ།། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་རབ་ཏུ་རྙེད་པར་འགྱུ་རོ།། འགོག་པ་དང་ལམ་ཡང་རབ་ཏུ ་ཤེས་པར་འགྱུརོ།། གནས་རབ་ཏུ་ཤེས་པའི་སྐལ་བ་ཡོད། པར་འགྱུརརོ།། དགེ་བའི་གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུརོ།། མངོན་པར་ཤེས་པ་དང་དགེ་བའི ་གནས་རབ་ཏུ་ཤེས་པའི་སྐལ་པ་ཡོད་པར་འགྱུར་རོ།། དགེ་བའི་གནས་དང་འགོག་པ་རབ་ཏུ་ཤེས་པའི་སྐལ་བ་ཡོད་པར་འགྱུརོ།། དགེ་བའི་གནས་དང་འགོག་པ་རབ་ཏུ་ཤེས་པའི ་སྐལ་བ་ཡོད་པར་འགྱུརརོ།། སྨན་གྱི་སྡེ་ཅིའི་འགོག་པ་ཞེས་བྱ། གསོལ་པ། བཅོམ་ལྡན་འདས་ཀྱི་གནས་ནི་དོན་ཅེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ ་ཆོས་ཀྱི་གནས་གང་ཡིན། གསོལ་པ། བཅོམ་ལྡན་འདས་ཆོས་ཤེས་བགྱི་བ་ནི་བརྩོན་འགྲུས་བརྩམས་པ་ཉིད་དང་། ཚུལ་ཁྲིམས་བསྲུང་བ་ཉིད་དང་། ཚུལ་ཁྲིམས་དང་ལྡན་པ་ལེགས ་ཆོས་ཀྱི་གཏེར་ཞེས་བགྱིའོ།། བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་གཏེར་འབྱུང་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྤེལ་པ། སྨན་གྱི་སྡེ་དེ་བཞིན་གཟིགས་པ་ལ་དོན་འདི་ཡོངསུ་འདྲ ་བར་སེམས་པ་ནི་ལེགས་ལེག་སོ།། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་གང་དག ་མང་དུ་ཐོས་པ་དང་ལྡན་པ། རབ་ཏུ་ཤེས་པ་དེ་དག་གིས། དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་རབ་ཏུ་ཤེ་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་ཤེས་ནས། དེ་བཞིན་གཤེགས ་པ་རྣམས་ཀྱི་འབྱུང་བ་བདེ་བའི་གནས་འདི་རབ་ཏུ་ཤེསོ།། ནམ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་དེ་ན་སེམས་ཅན་རྣམས་ཀྱིས་ཆོས་ཐམས་ཅད་རབ་ཏུ་ཤེ་སོ།། ཐབས ་མཁས་པས་ཆེས་རྣམས་རབ་ཏུ་ཤེ་སོ།། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་ཤེསོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་རབ་ཏུ་ཤེས ་གསོལ་པ། ཡེ་ཤེས་ཉིད་རྟོགས་ནས་མངན་ལས་འདས་པ་གང་རབ་ཏུ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཆོས་རབ་ཏུ་ཤེས་ནས། ཆོས་རབ་ཏུ ་སྨར་གྱི་སྡེ་དེ་བཞིན་དུ་དམ་པའི་རེས་བསྡུ་བར་རབ་ཏུ་ཤེས་ནས་རེད་པ་དང་པོ་སྐྱེའོ།། ཆོས་ཇི་ལྟར་ཐོས་པ་བཞིན་དུ་བཟུང་ནས། ཆོས་དང་ལྡན་པ་ཉིད་རྙེད་པར་འགྱུརོ།། སྨན་གྱི་སྡེ་འ ་ལྔ་སྟེ། དཔེར་ན་མི་ཚོང་བར་གྱུར་པ་ལ་ལེ་ཞིག། མི་ཁུར་སྟོང་གི་གསར་ཁྱེར་ཏེ། དེ་ཁེ་སྤོགས་ཀྱི་ཕྱིར་སོང་བ་དང་། དེའི་ཕ་མ་འདི་སྐད་སྨྲ་སྟེ། བུ་ཉོན་ཅིག། གསེར་སྲང་སྟེང་ཁྱེར་ལ ་གཞན་དང་རང་གི་གསེར་ལེགས་པར་ཁྱེར་ཅིག། ཚོང་པ་དེས་གསེར་ཁྱེར་ཏེ་སོང་ནས་ཟླ་བ་གཅིག་ཙམ་ལོན་པ་དང་། གསེར་དེ་དག་ཐམས་ཅད་ཆད་གསར་ཏེ་མེད་པར་བྱས་ཀྱི་འོག་ཏུ ་དེ་ནས་མི་དེས་བསམས་པ་དང་། ཤིན་ཏུ་མི་དགའ་ནས་སྙིང་ལ་མྱ་ངན་གྱི་ཟུག་རྔས་ཟུག་སྟེ། དེ་ལ་གནོང་ཞིང་ངོ་ཚ་ནས་རང་གི་ཁྱིམ་དུ་མ་སོང་བ་དང་། དེའི་པ་ལས་ཐོས་ནས།། ་ཡི་ཆད་དེ་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས་གོས་དག་ཀྱང་དྲལ་ཏེ་བུ་ངན་པ་དེ་བདག་ཅག་གི་ཁྱིམ་དུ་བུའི་གཟུགསུ་སྐྱེས་ནས་ཁྱིམ་སོ་ཀུན་ཀྱང་བཤིག་སྟེ། བདག་ཅག་ལ་མཁོ་བ ་མེད་ཅིང་སྡུག་བསྔལ་བར་བསོ།། བྲན་གྱི་ལས་བྱེདདུ་བཅུ་གོ་ཞེས་དེ་སྐད་སྨྲེ་སྔགས་འདོན་ཏེ། དེའི་ཕ་མ་ཡི་ཆད་ནས་འཆི་བའི་དུས་བྱས་པ་དང་། དེ་ནས་བུ་ངེས་པ་མ་བདག་ལ་ཡི་མེད ་འཆི་བའི་དུས་བྱས་ཞེས་ཐོས་ནས། བུ་དེ་ཡི་ཆད་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ་དེ་བཞིན་གཤེགས་པས་དོན་འདི་བཤད་པ་ལ་ཡང་། གང་དག་ངའི་བསྟན་པ ་ལ་མི་དད་པ་དེ་དག་ནི། རཾ་ཐག་ཆད་ནས་འཆི་བའི་དུས་ཀྱི་ཚེ། སྙིང་ལ་མྱ་ང་གྱི་ཟུག་རྔུས་ཟུག་སྟེ། འཆི་བའི་དུས་བྱེད་པར་འགྱུར་རོ།། ཇི་ལྟར་པ་མ་དེ་དག་ཡི་རང་དེ། གསེར ་གྱི་ཕྱིར་མྱ་ངན་བྱེད་ཅིང་། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས། གཞན་དང་རང་གི་གསར་གྱི་ཕྱིར་མྱ་ངན་གྱི་ཟུག་རྔུ་དང་ལྡན་པ་དེ་བཞིན་དུ་སྨན་གྱི་སྡེ་གང་དག་ངའི་བསྟན་པ་ལ་མ ་ངང་པ་དེ་དག་ནི། ཕྱིས་འཆི་བའི་དུས་ཀྱི་ཚེ་གདུང་ཞིང་སྨྲེ་སྔགས་འདོན་ལ། སྡུག་བསྔལ་གྱི་ཚོར་བ་མྱོང་ཞིང་། སྔོན་ལས་བྱས་པའི་བསོད་ནམས་ངག་ཟད་ནས། ཕྱིན་ཆད་ཞིང་བཟང་བ ་དང་ལྡན་པའི་བསོད་ནམས་ངག་མི་བྱེད། དེ་དག་གི་སྙིང་མྱ་ངན་གྱི་ཟུག་རྔུ་དང་ལྡན་པས་དེའི་ཚེ་དེའི་དུས་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་ན ་དུ་སྐྱེ་ཞིང་། མི་བཟད་པ་དྲག་པོ་མཐོང་ནས། འཆི་བའི་དུས་ཀྱི་ཚེ་འདི་སྙམ་དུ་སེམས་ཏེ། གང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། གཤིན་རྗེའི་འཇིག་རྟེན་མཐོང་བ ་མི་འགྱུར་ཞིང་། སྡུག་བསྔལ་གྱི་ཚོར་བ་དེ་མྱོང་བར་མི་འགྱུར་བ་བདག་ལ་སུ་ཞིག་སྐྱོབ་པར་འགྱུར་སྙམ་པ་དང་། དེའི་ཕ་མས་འདི་སྐད་ཅེས་སྨྲ་སོ།། བུ་ཅིག་ནད་ཀྱིས་འཇིགས་ཆེན་ནི ་དབང་བར་མི་ནུས་ཇི་ལྟར་བྱ།། ན་བ་འཆི་བས་འཇིགས་མོད་ཀྱི།། བུ་ཁྱོད་འཆི་བ་ཡོད་མ་ཡིན།། ནད་ཀྱི་འཇིགས་དང་སྐྲག་པ་ལས།། ཁྱོད་ནི་བར་བར་འགྱུར་བ་ཡིན།། བདག་གི་རྣམ་པ ་ཤེས་པ་འགགོ།། བདག་གི་ལུས་ལ་རབ་ཏུ་གནོད།། ཡན་ལག་ཐམས་ཅད་སྡུག་བསྔལ་ཏེ།། བདག་གིས་འཆི་བ་མཐོང་བར་འགྱུར།། བདག་གི་མིག་ནི་མི་མཐོང་ཞིང་།། ་བདག་གི་རྣ་ཡང་མི་ཐོ་སོ།། ལུས་ཀྱང་ཟོ་མདོག་བདེ་མ་ཡིན།། ཡན་ལག་ཉིང་ལག་སྡུག་བསྔལ་ཏེ།། ཤིང་དང་འདྲ་བར་སེམས་པ་མེད།། བདག་གི་འཆི་བ་འོད་མེད་ཅེས ་ཡུན་གྱིས་བདག་གི་སྤྲོ་བསྲིང་ཟད།། མས་སྨྲས་པ། བུ་ཁྱོད་དེ་སྐད་མི་རིགས།། ང་ལ་མཆོག་ཏུ་འཇིགས་མ་བྱེད།། ཁྱོད་ཀྱི་ལུས་ལ་རིམས་བཏབ་པས།། རྣམ་པ་སྣ་ཚོགས་མཐོང ་བར་གྱུར།། བུས་སྨྲས་པ། ལུས་ལ་རིམས་ཀྱང་མ་མཐོང་སྟེ།། ན་བ་མེད་ཅིང་སྡུག་བསྔལ་མེད།། འཆི་བ་ཤིན་ཏུ་མི་བཟང་མཐོང་།། བདག་གི་ལུས་སྡུག་བཅོམ་པར་གྱུར།། བད ་གི་ལུས་ཀུན་སྡུག་བསྔལ་གྱིས།། རབ་ཏུ་གཟིར་བར་མཐོང་གྱུར་ན།། སུ་ལ་སྐྱབསུ་འགྲོ་བར་བྱ།། བདག་གི་སྐྱོབ་པར་སུ་ཞིག་འགྱུར།། པ་མས་སྨྲས་པ་བུ་ཁྱོད་ལ།། ལྷ་ཡང་རབ་ཏུ ་། བཀྱོན་གྱུར་གྱིས།། ལྷ་རྣམས་ལ་ནི་མཆོད་བྱས་ནས།། དེའི་འོག་ཏུ་འཚོ་བར་འགྱུར།། བུས་སྨྲས་པ། གང་གིས་བདག་ནི་འཚོ་འགྱུར་བ།། ཁྱེད་ཀྱིས་དེ་ལྟར་མཛད་གསོལ།། ་རིངས་ཤིང་རབ་ཏུ་མྱུར་བཞུད་ལ།། ལྷ་བོན་པོ་ལ་དྲི་བར་གསོལ།། དེ་ནས་དེའི་ཕ་མ་ལྷའི་རྟེན་གྱི་དྲུང་དུ་སོང་ནས་ལྷ་ལ་བདུག་པ་ཕུལ་བ་དང་། དེ་ནས་ལྷ་ངོན་པོས་ལྷ་ལ་བདུག་པ་ཕུལ ་ནས་ཚིག་འདི་སྐད་ཅེས་སྨྲ་སོ།། ཁྱེད་ལ་ལྷ་བཀྱོན་གྱིས་ལྔ་རྗེད་ཅིག། མཆོད་སྦྱིན་གྱིས་ཤིག། དེ་ལ་ཕྱུགས་སོད་ཅིག། མི་ཡང་སོད་ཅིག་དང་དེ་ནས་ཁྱེད་ཀྱི་བུ་ནད་ལས་ཡོངསུ་ཐར་པར ་འགྱུ་རོ།། དེ་ནས་པ་མ་དེ་དག་གིས་བསམ་པ་བདག་ཅག་ནི་དབུལ་ན་ཇི་ལྟར་བྱ། གལ་ཏེ་ལྷ་མ་མཉེས་ན་ནི་བུ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར།། ཇི་སྟེ་མཉེས་པར་བྱས་ན་བདག ་ནི་དབུལ་བས་མི་དང་ཕྱུགས་གང་ནས་བླང་སྙམ་ནས། དེ་དག་རིངས་ཤིང་མྱུར་བར་ཁྱིམ་དུ་དོང་སྟེ། ཁྱིམ་རྫས་ཅུང་ཟད་ཅི་བདོག་པ་དེ་ཐམས་ཅད་ཕྱུགས་ཉོ་བའི་ཕྱིར་འཚོང་དུ་དོང ་དེ་ནས་མི་གཞན་ཞིག་གི་གན་དུ་ཕྱིན་ནས། ཀྱེ་སྐྱེས་བུ་གསེར་ཞིག་བསྐྱིར་བྱིན། སྦྱིན་པ་ནི་ཞག་བཅུ་ན་སླར་འབུལ་ནུས་ན་ནི་ལེགས།། ཇི་སྟེ་འབུལ་མ་ནུས་ན་ཡང་ངེད་ཁྱོད་ཀྱི་དྲ། ་དུ་ཁས་བླངས་ཏེ་ལས་བྱའོ།། ཞེས་དེ་སྐད་སྨྲས་ནས། དེ་གཉིས་ཀྱིས་གསེར་དེ་ཁྱེར་ཏེ་མི་ཉོར་དོ་།། དེ་གཉིས་ཀྱིས་མི་ཉོས་ནས། མི་དེས་ཀྱང་བདག་གསད་པར་ནི་མ་ཤེསོ།། དེ་ནས ་པ་མ་རྨོངས་པར་གྱུར་པ་དེ་གཉིས་སླར་རང་གི་ཁྱིམ་དུ་མདོང་གི། ལྷ་རྟེན་གྱི་དྲུང་དུ་སོང་སྟེ། ལྷ་བོན་པོ་ལ་དམྱུར་དུ་མཆོད་སྦྱིན་མཛོད་ཅིག་ཅེས་སྨྲསོ།། དེ་ནས་ཕ་མ་དེ་གཉིས་དད། ་ཉིད་ཀྱིས་ཕྱུགས་ཀྱང་བསང་མི་དེ་ཡང་བས་དོ།། དེ་ནས་ལྷ་བོན་པོ་དེས་མཆོད་སྦྱིན་བྱ་བསམས་ཏེ་མེ་བུས་པ་དང་། དེ་ནས་ལྷ་དེ་བེབས་ཏེ། ཁྱེད་ཀྱི་བུ་ནི་ངས་ཁྱེ་རོ་ཞེས་སྨྲ་སོ།། དེ་ནས་པ་མ་དེ་གཉིས་དགའ ་ཞིང་མགུ་བས་ཁྱབ་ནས། བུ་འདི་སོས་ནས་བདག་ཅག་བྲན་དུ་གྱུར་ཀྱང་བླ་ཞེས་སྨྲས་ཏེ། ཕ་མས་ལྷ་ལ་མཆོད་སྦྱིན་བྱས་ནས་སླར་ལོག་སྟེ། རང་གི་ཁྱིམ་དུ་ཕྱིན་ནས་བུ་འཆི་བའི་དུས་བྱས་པ་མཐོང་། ་དེ་ནས་པ་མ་དེ་གཉིས་སྡུག་བསྔལ་ཞིང་ཡི་མུག་པ་ཆེན་པོས་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ། ཡི་ནད་པར་གྱུར་ནས། དེ་ཉིད་དུ་འཆི་བའི་དུས་བྱས་པ་དེ་བཞིན་དུ་སྨན་གྱི་སྡེ་མི་དགེ་བའི ་གྲོགས་པོ་དང་བསྟེན་པར་མི་བྱའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་གང་དུ་སྐྱེ་བ་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁ་འོག་ང་ལ་མ ་ཞིག་གསོལ་པ། བཅོམ་ལྡན་འདས་ཞུའོ།། བདེ་བར་གཤེགས་པ་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ང་ལ་མ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་སྐྱེསོ།། པ་ནི་སེམས ་ཕན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སྐྱེ་སོ།། བུ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེ་སོ།། ལྷ་བོན་ངོ་ནི་སེམས་ཅན་དམལ་བ་ཆེན་པོ་མནར་མེད་པར་སྐྱེ་སོ།། གསོལ་པ་བཅོམ་ལྡན ་འདས་མི་མའོངས་པ་དེ་གང་དུ་སྐྱེས། དེའི་ཚེ་སླངད་མ་གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་ལཾ་མི་མ་མཉེས་པ་ངནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས ་དུས་སོ།། གསོལ་པ། བཅོམ་ལྡན་འདས་རྒྱ་གང་དང་རྐྱེན་གང་གིས་མི་དེ་སུམ་ཅུ་མ་གསུམ་ལྔ་རྣམས་དང་སྐལ་བ་མཉམ་པར་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ ་ཅིག་མི་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ལ་སེམས་དང་པས། སངས་རྒྱས་ལ་ཕྱག་འཚལ་ཞེས་ལན་ཅིག་སྨྲས་ཏེ། སྨན་གྱི་སྡེ་དག་པའི་རྩ་བ་ངས་བསྐལ ་པ་དྲུག་ཅུའི་བར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བདེ་བ་མྱོང་བར་འགྱུར། བསྐལ་པ་བརྒྱད་ཅུའི་བར་དུ་སྐྱེ་བར་ཚེ་རབས་དྲན་པར་འགྱུརརོ།། སྐྱེ་བ་དང་སྐྱེ་བར་མྱ་ངན་གྱི་དྲུག ་རྔུ་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད།། སེམས་ཅན་དེ་དག་ཐམས་ཅད་ཡོངས་མྱ་ངན་ལས་བཟླ་བར་མི་ནུ་སོ།། གསོལ་པ ་བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་ཡོངསུ་མྱ་ངན་ལས་བཟླ་བར་རྔོ་ཐོགས་པ་ལགས། བཅོ་མ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བརྩོན་འགྲུ ་བརྩམ་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། བརྩོན་འགྲུས ་ཤེས་བྱ་བ་ནི་འབྲས་བུ་རྣམས་སྟོན་པའོ།། འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནསོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་ནི ་བརྩོན་འགྲུས་ཀྱི་གནསོ།། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནསོ།། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་འགག་པ་ཞེས ་བྱ་བ་ནི་བརྩོན་འགྲུས་ཀྱི་གནསོ།། རང་སངས་རྒྱས་ཀྱི་འབྲས་བུ་དང་། རང་སངས་རྒྱས་ཀྱི་འབྲས་བུའི་གནས་ཤེས་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནསོ།། བྱང་ཆུབ་སེམས་དཔ ་འབྲས་བུ་དང་། བྱང་ཆུབ་ཀྱི་གནས་ཤེས་བྱ་བ་བརྩོན་འགྲུས་ཀྱི་གནས་ཏེ། སྨན་གྱི་སྡེ་འདི་དག་ནི་བརྩོན་འགྲུས་ཀྱི་གནས་ཤེས་བྱའོ།། གསོལ་པ། བཅོམ་ལྡན་འདས་རྒྱུན་ཏུ་ཞུག ་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཇི་ལྟར་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་ཤིང་ཞིག་བསྐྱེད་ན། དེ་ཉིད་ཀྱི ་ཉིན་མོ་ཤིང་དེའི་རྩ་བ་ཟུག་ནས། དེ་ཉིད་ཀྱི་ཉིན་མོ་རྩ་བ་དེ་དཔག་ཚད་ཙམ་གྱི་འོག་ཏུ་སོང་།། མི་གཞན་ཞིག་གིས་ཀྱང་དེ་བཞིན་དུ་ཤིང་བསྐྱེད་པ་དང་། དེ་ཉིད་ཀྱི་ཉིན་མོ་རླུང་གི ་བསྐྱོད་དེ། ཤིང་དེའི་རྩ་བ་མ་ཟུག་ནས། དེ་ནས་མི་དེས་གནས་དེ་ནས་ཤིང་དེ་ཕྱུང་བ་དང་། མི་གཅིག་ཤོས་ཀྱི་ས་ཀྱང་ཅིའི་ཕྱིར་ངའི་ས་བརྐོས་ཤེས་འཐབ་འདྲེག་རྩི ་པར་གྱུར་ནས། དེའི་ཚེ་རྒྱལ་པོས་མི་དེ་གཉིས་འཐབ་འདྲག་རྩོད་པར་གྱུར་ཏེ་ཞེས་ཐོས་ནས། རྒྱལ་པོ་དེས་ཕོ་ཉ་བཏང་སྟེ། སོང་ལ་མི་དེ་གཉིས་ཁྲིད་ཤོག་ཤིག། ་ལྷ་དེ་ལྟར་འཚལོ་ཞེས་མི་དེ་རིངས་པའི་གཟུགསུ་བརྒྱུགས་ནས། མི་དེ་གཉིས་ལ་འདི་སྐད་ཅེས། ཁྱེད་ལ་རྒྱལ་པོ་འདོད་ཞེས་སྨྲས་པ་དང་། དེ་ནས་མི་གཅིག་ནི་འཇིག ་སྐྲ་གོ། མི་གཅིག་ནི་འཇིགས་ཤིང་སྐྲག་པ་མེད་པར་རྒྱལ་པོ་ག་ལ་བ་དེར་ཁྲི་།། ཁྲིད་ནས་རྒྱལ་པོའི་མདུན་དུ་འཁོད།། དེ་ནས་རྒྱལ་པོས་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། ་ཀྱི་ཁྱེད་ཅི་ཞིག་གི་ཕྱིར་འཐབ་ཅིང་རྩོད་པར་གྱུར། དེ་ནས་མི་དེ་གཉིས་ལངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲ་སོ།། རྒྱལ་པོ་ཆེན་པོ་གསན་དུ་གསོལ། བདག་ཅག་ལ་ནི་ས ་།། ཅུང་ཟད་ཀྱང་མ་མཆིས་ཀྱི། ས་གསར་པོ་ཞིག་ལ་ཤིང་བསྐྱེད་པ་ལས། རླུང་གིས་བསྡོད་ནས་རྩ་བ་ཡང་མ་ཟུག། ལོ་མ་དང་མེ་ཏོག་དང་འབྲས་བུ་ཡང་མ་བྱུང་སྟེ། ་རྒྱལ་པོ་ཆེན་པོ་དེའི་རྩ་བ་དཔག་ཚད་ཙ་གྱི་འོག་ཏུ་ཡང་མ་མཆིས་པ་དང་། ཁྱོད་ཀྱིས་ཉེས་ཞེས་མི་འདིས་བདག་ལ་ཐབ་མོ་བརྒལ་དུ་བས་ཀྱི། བདག་གིས་ནི་མ་ནོངས་ན། ལྔ་དེ་ལ་བ ་གིས་ཅུང་ཟད་ཀྱང་མ་ནོངས་པར་མཁྱེན་པར་མཛདདུ་གསོལ།། དེ་ནས་རྒྱལ་པོ་དེས་བློན་པོ་བྱེ་བ་ཕྲག་སུམ་ཅུ་བཀུག་སྟེ་བསོགས་ནས་འདི་སྐད་ཅེས་སྨྲའོ།། ཁྱེད་ཅིག་སྨོས་ཤིག། བློན་པོ ་རྣམས་ཀྱིས་གསོལ་པ། ཇི་སྐད་སྨྲ་བར་བགྱི། གང་ཉིན་མོ་ཤིང་བསྐྱེད་པ་ཉིད་ཀྱི་ཉིན་མོ་རྩ་བ་ཟུག་ནས། ལོ་མ་དང་མེ་ཏོག་དང་། འབྲས་བུ་འབྱུང་བ་ཁྱེད་ཀྱིས་གང་ན ་ཡང་མཐོང་ངམ་ཐོས་སམ། ཁྱེད་ཀྱིས་ཞག་བདུན་ནམ། ཟླ་བ་ཕྱེད་ཀྱིས་འདི་བྱེ་བྲག་ཕྱེད་པར་གྱིས་ཤིག། དེ་ནས་བློན་པོ་དེ་དག་སྟན་ལས་ལངས་ཏེ། རྒྱལ་པོ་ལ་འདི་སྐད ་ཅེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་བདག་ཅག་གིས་འདི་བྱེ་བྲག་ཕྱེད་པར་བགྱིར་མི་རུངངོ་།། འདི་བྱེ་བྲག་ཕྱེད་པའི་རྔོ་མི་ཐོག་གོ།། རྒྱལ་པོ་ཆེན་པོ་ནི་ངོ་མཚར་ཏེ། རེ་ཤིག་མི་འདི་ཉིད་ལ ་སྨྲ་བར་བགྱིའོ།། ཀྱེ་སྐྱེས་བུ་གང་སྨྲས་པའི་དོན་དེ་བདེན་ནམ། སྨྲོས་ཤིག། སྨྲས་པ། རྒྱལ་པོ་ཆེན་པོ་དོན་དེ་མེདོ།། རྒྱལ་པོས་སྨྲས་པ། གང་གི་ཉིན་མོ་ཤིང་བསྐྱེད་པ། དེའི་ཉིན་མོ ་རྩེ་བ་ཟུག་ཅིང་།། འདབ་མ་མེ་ཏོག་འབྲས་བྱུང་ཞེས། དེ་ཉིད་ཉིན་མོ་སྨྲ་བ་ནི། ཁྱོད་ཀྱི་ཚིག་འདི་གཏད་པར་དཀའ།། འདི་འདྲ་མཐོང་བ་འམ་ཐོས་པ་མེད།། དེ་ནས་མི་དེ་ཐལ་སྦྱ་། ་རྒྱལ་པོ་དེ་ལ་འདི་སྐད་སྨྲས།། གཤེགས་ལ་ཉིད་ཀྱིས་ཤིང་སྐྱེད།། རྩ་བ་ཟུག་ལ་གཟིགསུ་གསོལ།། དེ་ནས་རྒྱལ་པོ་དེ་བློང་པོ་བྱེ་བ་ཕྲག་སུམ་ཅུ་དང་ལྷན་ཅིག་ཕྱི་རོལ་དུ་བྱུང་ནས། མི་ད ་གཉིས་ཀྱང་བརྩོན་རང་བདུགོ།། དེ་ནས་རྒྱལ་པོ་དེ་ཉིད་ཀྱིས་ཤིང་བསྐྱེད་པ་དང་། ཤིང་དེ་རྩེ་བ་ཡང་མ་ཐུག། ལོ་མ་དང་། མེ་ཏོག་དང་འབྲས་བུ་ཡང་མ་བྱུང་ནས། དེ་ནས་རྒྱལ་པོ་དེ་ཁྲོས ་ཏེ་འདི་སྐད་ཅེས། ཁྱེད་མྱུར་དུ་དང་ལ་ཤིང་གཤེག་པའི་སྟ་རེ་རྣམས་ལོང་ཤིག་ཅེས་སྨྲས་ནས། བླངས་པ་དང་། དེ་ནས་གང་མི་ངེས་བསྐྱེད་པའི་ཤིང་དེ་ལ་ཁྲོས་ནས་ཤིང་དེའི་ལོ་མད ་མེ་ཏོག་དང་། འབྲས་བུ་བྱུང་བ་རྣམས་བཅད། ཤིང་གཅིག་པོ་དེ་བཅད་པ་དང་། ཤིང་བཅུ་གཉིས་བྱུང་།། ཤིང་བཅུ་གཉིས་པོ་བཅད་པ་དང་། རིན་པོ་ནི་སྣ་བདུན་གྱི ་ཤིང་རྩ་བ་དང་བཅས། ལོ་མ་དང་བཅས། མྱུ་གུ་དང་བརྩ་ས་པ་ཉི་ཤུ་རྩ་བཞི་བྱུང་།། དེ་ནས་ཤིང་ཉི་ཤུ་རྩ་བཞི་པོ་དག་ལས་བྱ་གསེར་གྱི་ཟ་བ་ཅན་གསེར་གྱི་མན་ཅན ་རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཅན་ཉི་ཤུ་རྩ་བཞི་བྱུང་།། དེ་ནས་རྒྱལ་པོ་དེ་ཁྲོ་བའི་ཟིལ་གྱིས་ནོན་ནས། རང་གི་ལག་གིས་སྟ་ར་བླངས་ཏེ་ཤིང་དེ་ལ་གཙབས་པ་དང་། ཤིང ་གཙབས་པ་དེ་ལས་བདུད་རྩིའི་ཆུ་བྱུང་།། དེ་ནས་རྒྱལ་པོ་དེ་ཡིད་མི་བདེ་ནས། སོང་ལ་མི་དེ་གཉིས་བཙོན་ར་ནས་ཕྱུང་ཤིག་ཅེས་བསྒོ་བ་དང་ལྷ་དེ་ལྟར་འཚལོ་ཞེས་དེའི་མོད ་རབ་ཏུ་བརྒྱུགས་ཏེ། མི་དེ་གཉིས་བཙོ་ནར་ནས་ཕྱུང་ནས་ཤིང་ག་ལ་བ་དེར་ཁྲིད་པ་དང་། རྒྱལ་པོས་སྨྲས་པ། ཤིང་གཅིག་བཅད་པ་ཉིས་གྱུར་ཏུ་འཕེལ་ཏེ། ཉི་ཤུ་རྩ་བཞིར་གྱུར ་།། པ་དེ་ཁྱོད་ཀྱིས་བསྐྱེད་དམ། ངས་བསྐྱེད་པའི་ཤིང་ནི་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མ་སྐྱེསོ།། དེ་ནས་མི་དེས་གསོལ་པ། རྒྱལ་པོ་ཆེན་པོ་བདག་གི་བསོད་ནམས ་འདྲ་བའི་བསོད་ནམས་ཁྱེད་ལ་མི་མངའོ།། དེ་ནས་བློན་པོ་བྱེ་བ་ཕྲག་སུམ་ནུས་པུས་མོའི་ལྷ་ང་གཉིས་ས་ལ་བདུགས་ནས། མི་དེ་ལ་འདི་སད་ཅེས་སྨྲས།། རྒྱལ་པོ་སྔ་པ་འང་མི་རུང་གིས། ་ཀྱིས་རྒྱལ་པོ་བྱ་དགོས།། དེ་ནས་མི་དེས་བློན་པོ་དེ་དག་ལ་ཚིགསུ་བཅད་པ་འདི་དག་སྨྲས།། རྒྱལ་པོ་ལོང་སྤྱོད་བདག་མི་དགོས། ནོར་དང་འབྲུ་ཡང་དགོས་པ་མེད།། སངས་རྒྱས་རྣམས་ལ ་བདག་དད་པས།། རང་གཉིས་ངག་གི་མཆོག་ཏུ་ཤེག། ཞི་བ་མྱ་ངན་འདས་པའི་དབྱིངས།། གང་ན་དེ་བཞིན་གཤེགས་པར་འགྲོ། མྱ་ངན་འདས་ཁྱིམ་འགྲོ་འགྱུར་བ།། ཆོ ་འདི་ཁྱེད་ལ་བཤད་པར་བྱ།། སྐྱིལ་མོ་ཀྲུང་ནི་བཅས་ན་སུ།། དེ་ནས་ཡ~ཾ་དམ་རབ་བཅ་སོ།། བདག་གི་སྔོན་བྱས་ལས་རྣམས་ཀྱིས།། རྒྱལ་པོའི་བཙོན་ར་ཕྱིན་པར་གྱུར།། སྨོན་ལམ ་འདི་ནི་བཏབ་པས་ན།། བདག་གི་ལས་ནི་ཟད་པར་གྱུར།། དེ་ནས་བྱ་བྱེ་བ་ཕྲག་ཉི་ཤུ་རྩ་བཞིས།། རྡོ་རྗེའི་མཆུས་སིལ་སྙན་རྣམས་དཀྲོལ་ཏོ།། དེ་ནས་དེའི་དུས་ན། ཁང་པ་བརྩེགས་པ་སུམ ་ཁྲི་ཉིས་སྟོང་བྱུང་སྟེ། ཁང་པ་བརྩེགས་པ་རེ་རེའི་ཚད་ཀྱང་དཔག་ཚད་ཉི་ཤུ་རྩ་ལྡི་ལྔ་པར་གྱུར་ཏོ།། ཁང་པོ་བརྩེགས་པ་རེ་རཾ་ལས་ཀྱང་བྱ་གསེར་གྱི་ཟ་བ་ཅན། གསེར་གྱི་མཆུ་ཅན ་གསེར་གྱི་གདོང་ཅན་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྔ་བྱུང་སྟེ། དེ་དག་གིས་མིའི་སྐད་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་ལེགས་མ་བྱས།། ཁྱོད་ཀྱིས་ཤིང་དེ་བཅད་པས་ན།། བྱེ་བ་བརྒྱའི་ཤིང་རྣམས ་ལས།། ཉི་ཤུ་རྩ་བཞིར་གནས་པར་གྱུར།། སེམས་ཅན་གང་གིས་ཤིང་བསྐྱེད་འདི།། ཅི་འདྲ་ཤེས་པ་མ་ཡིན་པ།། སྡིག་པའི་ལས་ཀྱིས་ཕྱིན་ཆད་ཀྱང་།། མི་སྡུག་འབྲས་བུ་མྱོང་བར་འགྱུར། ་རྒྱལ་པོས་སྨྲས་པ། བདག་གིས་དོན་འདི་མི་ཤེས་ཀྱིས།། བཀའ་ཐུབ་ཆེན་པོ་ལུང་སྟོན་ཅིག། བྱ་རྣམས་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་སྣང་བྱེད།། རྣམ་པར་འདྲེན་པར་འགྱུར་བ་ཡིན།། ་འཁོར་བའི་སྲིད་པའི་བཙོན་ར་ནས།། སེམས་ཅན་ཐམས་ཅད་ཐར་བྱེད་པའོ།། རྒྱལ་པོས་སྨྲས་པ། གང་གི་ཤིང་ནི་མ་སྐྱེས་པ།། སྐྱེས་བུ་གཉིས་པ་དེ་གང་ཡིན།། དེ་ནི་སྡིག་པའི་ལས་ག ་བྱས། གཉིས་སྐྱེས་རྣམས་ནི་སྨྲ་བར་བྱོས།། བྱ་རྣམས་ཀྱིས་སྨྲས་པ།། གང་གི་ཤིང་ནི་མ་སྐྱེས་པ།། ང་ནི་ལྷས་སྦྱིན་གླེན་པ་སྟེ།། དགེ་བ་ཅུང་ཟད་མ་བྱས་ན།། དེའི་ཤིང་ནི་ཇི་ལྟར་སྐྱེ།། དེའི ་དེའི་དུས་ན། བློན་པོ་བྱེ་བ་ཕྲག་སུམ་ནུ་པོ་རྣམས་ཀྱིས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་ཏེ། མངོན་པར་ཤེས་པ་སོ་སོ ་ཐོབ་པར་གྱུར་ཏོ།། རྒྱལ་པོ་ཡང་ས་བཅུ་ལ་གནས།། དགེ་བའི་ཆོས་མངོན་པར་རྟོགས་པ་རྗེ་སུ་ཐོ་བོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་བློན་པོ་བྱེ་བ་ཕྲག་སུམ་ཅུ་རྩ་གསུམ་པོ་རྣམས་བཅུ་ལ་གནས་ཏེ། མངོན་པར་ཤེས་པ་ས ་སོར་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག་དང་ལུང་བསྟན་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད།། དེ་ནས་ང ་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས། ཁ་དེག་བརྒྱ་སྟོང་ཕྲག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར ་པོ་དང་། ལེབ་རྒན་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་བརྒྱད་ཁྲི་བཞི་སྟེང་བྱུང་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱས་ཏེ། སླར་ལེག་ན ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག། ཏུ་ནུའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས ་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད། བཅོམ་ལྡན་འད ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བ་ཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས ་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས ་ཀུན་ནས་སྐྱེ་བོའི་ཚོགས་ངའི་གན་དུ་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་མ་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེའི་ཕྱིར་སྐྱ་བོའི་ཚོགས ་ལ་རྣམ་པར་རྟོགས་ཏེ་ལྟོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་རྣམ་པར་བལྟས་པ་དང་། ཤར་ཕྱོགས་ནས་ཤིང་དཔག་ཚད་བདུད་སྟོང་པ ་ཅིག་བྱུང་ནས།། དེའི་ཕྱོགས་གཅིག་ན། སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་མི་སྨྲ། མི་ཟེར། མི་རྗོད། མི་ཟ། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ ་དང་ལྷོ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ། ཡོངསུ་མི ་རྗོད། མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས ་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མ་སྨྲ། ཡོངསུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། བྱང་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང ་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩཿའདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ། ཡོངསུ་མི་རྗོད། མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་ལན ་པ་དང་། འོག་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟེང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་། མི་ཟེར་མི་སྨ་ཀུན་ཏུ་མི་སྨྲ། ཡོ ་སུ་མི་རྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། སྟེང་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ། ཡོངསུ་མི་རྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་མཐོང་།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས ་། སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏེ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་པ་ན། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱེད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ན། སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏེ།། བཅོམ་ལྡན་འདས་ཅིའི་སླད་ཕྱོགས ་བཞིའི་འཇིག་རྟེན་ནས་སྐྱེ་བོའི་ཚོགས་མང་པོ་ལྤགས་ཤིང་གནས་པ་ནས། འོག་དང་སྟེང་གི་བོགས་ཀྱི་བར་ནས། སྐྱེ་བོའི་ཚོགས་བྱེ་བ་ཕྲག་ལྔ་བཅུ་ལྤགས་ཏེ་གནས་པར་གྱུར་པ ་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱེད་སེང་ལ་འདི་དག་འཇིག་རྟེན་གྱི་ཁམས་གང་ནས་ལྷགས་པའི་དེ་བཞིན་གཤེགས་པ ་དག་ལ་ཁྱོད་ཉིད་ཀྱིས་ཞུས་ཤིག། གསོལ་པ་སུའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་རང་གི་རྫུ་འཕྲུལ་གྱི་སྟོབས ་བསྐྱེད་པས་སེང་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་མི་སྣང་བར་གྱུར་ནས། འཇིག ་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ། འཇིག་རྟེན་གྱི་ཁམས་ཟླ་བའི་སྒྲོན་མ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཟླ་བ་ཅན་གྱི་ཞིང་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་དུས་ཡོངསུ་བསྐོར་ཅིང་། བདུན་གྱིས་བལྟས་ནས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དེར ་ཕྱིན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་དེའི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ག ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བདུད། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་གིས་མི་མཛད་ཀྱི་འཇིག་རྟེན་གྱི་ཁམས། ཤཱཀྱ་ཐུབ་པ་དེ་བཞིན་ག ་པའི་སྤྱན་སྔར། སྐྱེ་བོའི་ཚོགས་ཕྱོགས་བཅུ་ནས་འདུ་ས་ཤིང་ལྷགས་པ་དག། དེ་ན་མཆིས་པའི་ཚེ་ན་མཐོང་ལ་འདི་ན་མཆིས་པའི་ཚེ་ནི་མི་མཐོང་བར་གྱུར། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་ཉིད་ནི་རྒྱུ་ཞིང་གནསོ།། གསོལ་པ་བཅོམ་ལྡན་འདས་ཡང་ཇི་ལྟ་བུ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྨན་གྱི་སྡེ། དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ་མཆིས་པ་ན། བཅོམ་ལྡན་འདས་བདག་གིས་དེ་དག་ཏུ་སེམས་ཅན ་ཇི་སྙེད་མཐོང་བ་དེ་སྙེད་ནི་གང་ན་ཡང་མ་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་ནི་སེམས་པ་མེད་པའི་ཤིང་ལས་བྱུང་།། གསོལ་པ། བ ་ལྡན་འདས་གང་སེམས་པ་མ་མཆིས་པའི་ཤིང་ལས་མི་བྱུང་བ་སུས་མཐོང་སུས་ཐོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་གང་སེམས་པ་མེད་པའི་ཤིང་ལས་མ ་འབྱུང་བ་ཁྱོད་ཀྱིས་མ་མཐོང་མ་ཐོས་སམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མ་མཐོང་མ་ཐོ་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མཐོང་བར་འདོད ་ན་དེ་ངས་བསྟན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་འཆའོ།། བདེ་བར་གཤེགས་པ་འཚ་ལོ།། དེ་ནས་དེ་བ་ཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གིས་ཕྱག ་བ་དང་། ཕྱག་དེ་ལས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བྱུང་སྟེ། སྐྱེ་བོའི་ཚོགས་རེ་རེས་ཀྱང་ལག་པ་བརྒྱ་བརྒྱ་བརྐྱང་ནས། སྤོས་དང་ཕྲེང་བ་དང་། བྱུག་པ་སྣ་ཚོགས་དེ་བཞིན ་པ་ལ་གཏོར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་ཀྱིས་སྐྱེ་བོའི་ཚོགས་འདིས་དེ་བཞིན་གཤེགས་པ་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་གཏེར་བ ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། བདེ་བར་གཤེགས་པ་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་བྱུང་བ་འདི་དག ་ནི་སེམས་པ་མེད་པའོ།། མི་འདི་དག་ནི་སེམས་པ་མེད་པའོ།། དེ་ནས་བྱེ་བ་སྟོང་ཕྲག་བརྒྱ་པོ་དེ་དག་ར་རེ་ཞིང་ཡང་གང་ལགས་པ་བརྒྱ་ཡོད་པ་དེ་དག་ཐམས་ཅད་ལྷུང་།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་དེ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། བདེ་བར ་གཤེགས་པ་འདི་ཅི་ཞིག་ལགས། གང་མི་རྣམས་ཀྱི་ལག་པ་བརྒྱ་པོ་ཡང་ཡུད་ཙམ་གྱིས་ལྷུང་སྟེ། བཅོམ་ལྡན་འདས་གལ་ཏེ་ལག་པ་བརྒྱ་པ་ཡང་གྲོལ་བར་མི་འགྱུར་ན།། ་ལག་པ་གཉིས་པའི་ནི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨེན་གྱི་སྡེ་དེ་བཞིན་དུ་སེམས་ཅན་རྣམས་ནི་སེམ་པ་མེད་པར་སྐྱེའོ།། སེམས་པ ་མེད་པར་འགགོ།། སྨན་གྱི་སྡེ་དེའི་ལུས་ཀྱང་སེམས་པ་མེད་པར་གྱུར་པར་ཤེས་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་དེ་དག་ལ་གཞོན་པ་གང་ལག ་རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་གཞོན་པ་ཡང་ཡོད་དོ།། རྒན་པ་ཡང་ཡོད་དོ།། གསོལ་པ། བཅོམ ་ལྡན་འདས་གཞོན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ད་ལྟར་ལྷུང་བ་དེ་དག་ནི་རྒན་པའོ།། གང་དག་ཤིང་རྣམས་ལས ་སྐྱེས་པ་དེ་དག་ནི་གཞོན་པའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་གནོན་རྣམས་མཐོང་བར་འཚལོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གིས་ཕག ་གཡས་པའི་མཐིལ་བརྐྱང་བ་དང་། དེ་ནས་སྐྱེ་བོའི་ཕྱོགས་བཅུ་ནས་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བརྒྱའང་།། འོག་དང་སྟེང་གི་ཕྱོགས་ནས་སྐྱེ་བོའི་ཚེགས་བྱ་བ་ཕྲག་ལྔ ་བཅཝ་ལྔ་བཅུ་འོང་སྟེ། སྐྱེ་བོའི་ཚོགས་དེ་དག་ལྷགས་ནས་ཀྱང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་ལ་མེ་སྨྲ། ཀུན་ཏུམ ་སྨྲ་ཞིང་ཅང་མི་སྨྲ་བར་འཁོད།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སྲདདུ་སན ་དེ་དག་དེ་བཞིན་གཤེགས་པ་ལ་མི་སྨྲ་ཀུན་ཏུ་མི་སྨྲ་ཞིང་ཅང་མི་མཆི་བར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མི་ཤེས་སམ། ས་ཕྱོགས་ནི་སེམས་པ་མེད ་མི་སྨ་ཀུན་ཏུ་མི་སྨྲ་ཞིང་། ཆོས་ཀྱི་ཕུང་པོ་ཡང་མིག་སོ།། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་འདི་ལ་སེམས་ཅན་གཞོན་རུ་ཁ་ཅིག་མཐོ་ཡང་སྐྱེ་བ་མི་ཤེས། འགག་པ་དང་། རྒ་བ་དང་། ན ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། མཿའ་བ་དང་བྱེ་བ་དང་། འཆི་བ་དང་། དུས་མ་ཡིན་པར་འཆི་བ་དང་། ་སྡུག་བསྔལ་མི་བཟད་པ་དེ་དག་ཐམས་ཅད་མི་ཤེས་ཏེ། མཐོང་ཡང་ཡིད་འབྱུང་བར་མི་འགྱུར་ན། ཤེས་པར་ལྟ་ག་ལ་འགྱུར་ཏེ། སྨན་གྱི་སྡེ་དེ་དག་ཡང་དང་ཡང་བསླབ་པར་བྱའོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཆོས་མ་འཚལ་བའི་སེམས་ཅན་གོ། ་ནུ་དེ་དག་གང་ནས་མཆིས། གང་ནས་འཆི་འཕོ་ཞིང་གང་དུ་སྐྱེ་བར་འགྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། མིའི་ལུས་ཡོངསུ་འཛིན་པ་དེ་དག་ནི་དངུལ ་མགར་གྱིས་ཀྱང་མ་བྱས། ཟང་མཁན་གྱིས་ཀྱང་མ་བྱས། ཤིང་མཁན་གྱིས་ཀྱང་མ་བྱས། རྫ་མཁན་གྱིས་ཀྱང་མ་བྱས་ཏེ། རྒྱལ་པོའི་འཇིགས་པས་ཀྱང་མ་སྐྱེས་ཀྱི། གནམ་དུན་སྐྱེས ་པ་དང་། བུད་མེད་འདུས་པ་དང་། སྡིག་པའི་ལས་དང་ལྡན་པ་ལས་བྱུང་།། སེམས་ཅན་དེ་དག་ཀྱང་ཡང་དང་ཡང་བཟོའི་ལས་རྣམས་སློབ་པས། དེ་དག་གི་སྡུག་བསྔལ་མི་བཟད་པོ་མ ་ཡས་པ་དང་། ཚོར་བ་མི་བཟད་པ་འབྱུང་སྟེ། དེར་དེ་དག་སྔོན་སྡིག་པ་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པ་མྱོང་།། སྨན་གྱི་སྡེ་འདི་ཉིད་གང་སེམས་ཅན་གཞོནུ་ལྷགས་པ་མི་ལྡང ་བ་འདི་དག་ནི་འདི་འདྲ་བའི་སྡུག་བསྔལ་གྱི་ཚོར་བ་མྱོ་ང་བར་འགྱུར་ཏེ། སྨན་གྱི་སྡེ་དེའི་ཕྱིར་མི་སྨྲ་ཀུན་ཏུ་མི་སྨྲའོ།། སྨན་གྱི་སྡེ། དེ་ལྟར་ན་སེམས་ཅན་གཞོན་དེ་དག་ནི།། ་དགེ་བ་ཡང་མི་ཤེས་སྐྱེ་བ་ཡང་མི་ཤེས། འགག་པ་ཡང་མི་ཤེས་ཏེ། དེ་དག་མིའི་ལུས་ཀྱང་འཐོབ་པར་མི་འགྱུར་བ་འདི་དག་ཀྱང་སྨན་གྱི་སྟེ། སེམས་ཅན་གནོར་རྣམས ་ཤེས་བྱའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་རྣམས་ཇི་ལྟར་སྐུ། ཇི་ལྟར་འགག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ན ་གིས་མེ་ལ་ཤིང་གིས་རེག་པར་བྱས་པ་དང་། ཤིང་དེ་ལ་མཐར་གྱིས་མེ་འབར་བ་དེ་བཞིན་དུ། སྨན་གྱི་སྡེ། ཐོག་མ་མིའི་ལུས་སུ་སྐྱེའོ།། སྐྱེས་ནས་གདོད་ཚོར་བ་མྱོང་།། གསོལ་པ། ་བཅོམ་ལྡན་འདས་སུ་ཞིག་འདིར་མངོན་པར་སྐྱེ། སྐྱེས་ནསུ་ཞིག་ཡོངས་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། སངས་རྒྱས་ཉིད་སྐྱེསོ།། དེ་བཞིན ་།། གཤེགས་པ་ཉིད་ཡོངསུ་མྱ་ངན་ལས་འདས།། འདི་ལྟ་སྟེ་དཔེར་ན། རྒྱལ་པོས་མཾ་ལ་ལ་ཞིག་བསིངས་ཏེ། ཁང་པ་མུན་པ་མུན་གནག་གི་རང་བཙོན་ར་བཅུག་པར ་མི་དེ་ཁང་པ་མུན་གནག་དེར་ཞུགས་ནས། ཁང་པ་མུན་ནག་ལ་ཁང་པ་མུན་ནག་ཏུ་མཐོང་།། དེ་ནས་མི་གཞན་སྡེན་སྡུག་བསྔལ་གྱི་ཚེར་བས་རེག་པ་ཞིག་གིས་མཐོང་ནས། ་མི་དེ་མ་རུངས་པར་གྱུར་ཏོ།། སྔོན་སྡུག་བསྔལ་མ་མྱོང་བས་འཚེ་བ། སྲོག་ཆད་པར་འགྱུར།། སྙམ་བསམས་ནས། དེས་དེར་མེ་ཁྱེར་ཏེ་འོངས་ནས། ཁྱིམ་དེའི་ནང་དུ་མ་རུང་ཟད ་ཅིག་བོར་བ་དང་། མི་བཙོན་རར་བཅུག་པ་དེས་མོད། མཐོང་མཐོང་ནས་ཀྱང་དེ་དབུགས་ཕྱིན་པར་གྱུར་ཏོ།། སྤྲོ་བ་སྐྱེསོ།། མེ་དེ་ཡང་རྒྱུ་གང་གིས་འབར་བའི་རྨ ་འབར་བ་དེས་ཁྱིམ་དེ་ཀུན་ཏུ་འབར་བར་གྱུར་ནས་མི་དེ་ཡང་དེ་ཉིད་ཚིག་པ་དང་། དེ་ཚིག་གོ་ཞེས་རྒྱལ་པོས་ཐོས་ནས། མི་དགའ་སྟེ་དེ་འདི་སྙམ་དུ།། ཕྱིན་ཆད་ནི་བདག ་གི་ཡུལ་དུ་སེམས་ཅན་གང་ཡང་བཙོན་རར་མི་གཞུགགོ་སྙམ་དུ་སེམས།། དེ་ནས་རྒྱལ་པོ་དེ་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་ལ། ཀྱེ་སེམས་ཅན་ཁྱེད་རྣམ ་མ་འཇིགས་ཤིག། མ་སྐྲག་ཤིག། ཁྱེད་ཅག་འཇིགས་པར་མ་གྱུར་ཅིག། ཕྱིན་ཆད་ངའི་ཡུལ་དུ་ཆད་པ་འམ། བཙོན་རར་གཞུག་པར་མི་བྱའོ།། སེམས་ཅན་གང་དག་ཡང ་སྲོག་དང་དབྲལ་བར་མི་བྱས། ཀྱེ་སེམས་ཅན་ཁྱེད་རྣམས་མ་འཇིགས་ཅིག་ཅེས། དེ་ལྟར་དབུགས་ཕྱུང་བ་དེ་བཞིན་དུ་སྨན་གྱི་སྡེ། དེ་བཞིན་གཤེགས་པ་ནི་ཉོན་མོངས ་པ་ཐམས་ཅད་བསྲེགས་པ། ནད་ཐམས་ཅད་རབ་ཏུ་ཞི་བའོ།། ཇི་ལྟར་ཁྱིམ་ཚིག་ནས་མི་ཉིད་ཀྱི་ལུས་ཀྱང་ཚིག་ནས་མི་ཉིད་ཀྱི་ལུས་ཀྱང་ཚིག་སྟེ། སེམས་ཅན་རྣམས་ཀྱི་དོན་དང་། ་ཕན་པ་དང་བདེ་བ་དང་ཕྱིར་ཞུགས་ནས་སེམས་ཅན་བཅིངས་པ་ཡང་བཅིངས་པ་ལས་ཡོངསུ་ཐར་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འདོད་ཆགས་དང་། ཞེ ་སྡང་དང་། གཏི་མུག་གི་དྲི་མ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྒྲོན་མ་བཞིན་དུ་འཇིག་རྟེན་དུ་བྱུང་ནས། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི ་དགས་དང་། ལྷ་མ་ཡིན་གྱི་ལུས་རྣམས་ལས་ཡོངསུ་ཐར་པར་མཛད་ཅིང་། སེམས་ཅན་གཞོན་དང་། རྒན་པོ་རྣམས་ཀྱང་ཡོངསུ་ཐར་པར་མཛད།། དེ་ནས་སྟེང་གི་བར་སྣང་ལས ་ཚིགསུ་བཅད་པ་འདི་དག་བྱུང་།། རྒྱལ་བའི་ཞིང་ནི་ངོ་མཚར་ཞིང་།། ཞིང་བཟང་མངོན་པར་འདུས་པ་ལ།། ལ་ས་བོན་བཏབ་པ་ནི།། རྣམ་པར་ཆུད་ཟར་མི་འགྱུར།། ་རྒྱལ་བའི་ཞིང་ནི་དག་པའི་ཞིང་།། སངས་རྒྱས་བསྟན་པ་སྔགས་པ་སྟེ།། སེམས་ཅན་ཐམས་ཅད་གཟུང་བའི་ཕྱིར།། སྟེན་པས་ཀྱང་ནི་ཐབས་མཛད།། མྱ་ངན་འདས་པའི་དྲུང་། ་གནས་ཀྱང་།། སའི་སྟེང་ན་ཀུན་ཏུ་སྣང་།། རྟག་ཏུ་འཇིག་རྟེན་ཞི་བྱས་ན།། སངས་རྒྱས་སྦྱིན་པའི་གནས་རྣམས་སྤོང་།། སེམས་ཅན་གཞོནུ་བར་པར་བྱེད།། རྒན་པོ་རྣམས་ཀྱང་ཐོར ་པར་བྱེང་།། སེམས་ཅན་ཐམས་ཅད་ཁམས་གསུམ་ལས།། མཐར་གྱིས་ཡོངསུ་ཐར་པར་བྱས།། སེམས་ཅན་དམྱལ་བའི་སྒོ་བཅད།། དུད་འགྲོ་ཡི་དྭགས་ཐར་བར་བྱས།། འཇིག་རྟེན་འདི་ཡང ་།། ཞིང་བྱས་ནས།། འཇིག་རྟེན་ཕ་རོལ་བདེ་བར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་བཀའ་སྩལ་པ། ལེགས་པ་རྣམས་ནི་མཐོང་ན་ལེགས།། སངས་རྒྱས ་རྣམས་ཀྱང་མཐོང་ན་ལེགས།། དམ་ཆོས་ཡོན་ཏན་ཞིང་ཡང་ལེགས།། དགེ་འདུན་འདུས་པ་མཐོང་ན་ལེགས།། ཟུང་བསྟན་པ་ཡང་ལེགས་པ་སྟེ། སྡིག་པ་རྣམ་པར་འཇིག་པ་ལེགས།། དེ་ནས ་ནུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གཞོན་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡ ་འདས་མཐོང་ལགསོ།། བདེ་བར་གཤེགས་པ་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་དག་ཐམས་ཅད་ནི་དང་ཉི་ས་བཅུ་ལ་རབ་ཏུ་གན ་པར་འགྱུ་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ། དཔག་ཚད་བརྒྱད་ཁྲི་སྲིད་ཀྱི་སྟེང་ག་ན་མཁའ་ལ་གནས་པ་དང་། ལྷ་བྱེ་བ་སྟོང་ཕྲག་བརྒྱད་ཅུ། བཅོམ ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་འབེབ་སོ།། སེམས་ཅན་གནོན་དེ་དག་ཀྱང་ཐལ་མོ་སྦྱར་ནས་ཕྱག་འཚལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས། ཁ ་སྣང་ལ་གནས་བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་ཏེ། ངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་གྱུར་པ་དང་། སེམས་ཅན་དམྱལ་བ་ཆེན་པོ་སུམ་དུ ་གཉིས་སྐྱེས་པའི་སེམས་ཅན་རྣམས་སྒྲ་དེ་ལ་ཉན་ཏོ།། ལྷའི་རིས་སུམ་ཅུ་རྩ་གཉིས་ཀྱང་སྒྲ་དེ་ལ་ཉར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་རབ ་གཡོ་སོ།། རྒྱ་མཚོ་ཆེན་པོའི་ནང་གི་ཀླུ་བརྒྱད་ཁྲི་བཞི་སྟོང་ཡང་འཁྲུགསོ།། སྲིན་པོ་བྱེ་བ་སྟེང་ཕྲག་སུམ་ཅུ་ཡང་འཛམྦུའི་གླིང་འདིར་ལྷག་སོ།། ཡི་དགས་དང་གནོད་སྦྱིན་དང་། སྲིད་པ་བྱེད ་སྟེང་ཕྲག་ཉི་ཤུ་རྩ་ལྔ་ཡང་ལྡང་ལ་ཅན་གྱི་ཕོ་བྲང་འཁོར་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་སྨན་སྔར་འདས་པ་ཆེན་པོ་ཀུན་ཏུ་འདུས།། དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅམགའ ་དེ་དག་ལ་ཆེས་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱེ་བ་སྟོང་ཕྲག་བརྒྱད་རང་རང་གི་རྫུ་འཕྲུལ་གྱིས་ལྤགས།། ་བམ་པོ་བཞི་པ་སྟེ་ཐ་མའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས། བཅོམ་ལྡན། འདས་ག་ལ་བ་དེ་ལེགསུ་ཐལ་མེ་སྦྱར་བ་བཏུད་ནས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདུས་ཤིང་མཆིས་པ་མང་ངོ་།། བདེ་བར་གཤེགས་པ་མང་ངོ་།། བཅོམ་ལྡན་འདས་ལྷ་དང་ཀཱ་འ ་ཤིང་མཆིས་པ་ཡང་མང་ངོ་།། སྲིན་པོ་བྱེ་བ་ཕྲག་དུ་མ་ཞིག་ཀྱང་ལྗང་ལོ་ཅན་གྱི་ཕོ་བྲང་འཁོར་ནས་ལྤགས་ཏེ་འདུས་ཤིང་མཆིས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་མར་ཤོག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས ་། སྟེང་ནས་བས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལེག་སུ་ཐལ་མོ་སྦྱར་བ་བདདེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ།། བཅོམ་ལྡན་འདས་ཆེས་ཀྱི་ཕུང་པོ ་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན། ཆོས་ཀྱི་ཕུང་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི། གང་ཚངས་པར་སྤོང་པ་ཡོངསུ ་ཚོལ་ཞིང་། གང་ཚངས་པར་སྤོང་བ་ཡོངསུ་བཙལ་ནས་ཀྱང་སྡིག་པ་ཐམས་ཅད་སྤོང་བའོ།། རིགས་ཀྱི་བུ་སེམས་ཅན་གཞོན་མི་ཚངས་པར་སྤོང་བ་སྤངས་ནས། གདོན་མི་ཟ་བར་གཟུས ་རབ་ཏུ་འཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་དང་ཡང་ལྡན་པར་འགྱུར་བ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ཐབས་གང་གིས་སེམས་ཅན་མང་མེ་ཞིག་འདུས་ཤིང་ཆེ ་ཀྱི་ཕུང་པོ་ཉན། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་གང་དག་སྐྱེ་བ་ཉིད་སྡུག་བསྔལ་དུ་མི་ཉན། རྒ་ཤི་ཉིད་སྡུག་བསྔལ་དུ ་མི་ཉན། ནད་ཉིད་སྡུག་བསྔལ་དང་། མྱ་ངན་སྡུག་བསྔལ་དང་། སྨྲེ་སྔགས་འདོན་པ་སྡུག་བསྔལ་དང་། སྡུག་པ་དང་བྲལ་བ་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་དུ་མི ་ཉན་པའི་སེམས་ཅན་ཡང་ཕལ་ཆེར་ཡོད།། འཆི་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཕྱིར་ལུས་དང་སྲོག་འཕྲོག་པ་ཡིན་ཏེ། སྨན་གྱི་སྡེ་འདི་ནི་སྡུག་བསྔལ་ཐམས་ཅད་ཅེས་བྱའོ།། དེ་ནས ་སེམས་ཅན་གཞོན་དེ་དག་གིས་བསྟན་པ་འདི་ཐོས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོཾ་ལྡན ་འདས་བདག་ཅག་ཀྱང་འགུམ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་དང་སེམས་ཅན་ཐམས་ཅད་ཀྱང་འཆིའོ།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འ ་བའི་དུས་ཀྱིས་ནོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འཆི་བའི་དུས་ན། རྣམ་པར་ཤེས་པ་ཐ་མ་ལ། རྣམ་པར་ཤེས་པ་འགག་པར་བྱེད་པ་ཞེས ་བྱ་བའི་རླུང་དང་། རྣམ་པར་ཤེས་པ་རྣམ་པར་འཁྲུལ་པར་བྱེད་པ་ཞེས་བྱ་བའི་རླུང་དང་། རྣམ་པར་ཤེས་པ་འཁྲུགས་པར་བྱེད་པ་ཞེས་བྱ་བའི་རླུང་དང་། རིགས་ཀྱི་བུ་རླུང་གསུམ ་པོ་འདི་དག་གིས། འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་གླེང་བར་འགྱུར། འཁྲུལ་པར་འགྱུར། འཁྲུགས་པ་སྐྱེ་ད་པར་འགྱུ་རོ།། དེ་དག་གིས་གསོལ་པ། ་ལྡན་འདས་འཆི་བའི་དུས་ཀྱི་ཚེ། རྣམ་པར་ཤེས་པ་འགག་པ་ན། ལུས་འཇོམས་པར་བགྱིད་པའི་རླུང་གསུམ་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས ་བོ་དག་མཚོན་ཅེས་བྱ་བ་དང་། སྐུལ་བ་ཞེས་བྱ་བ་དང་། ཟད་པ་ཞེས་བྱ་བས་ལུས་འཛེམ་པར་བྱེདདོ།། གསོལ་པ། བཅོམ་ལྡན་འདས་ལུས་ཤེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཀུན་ཏུ་འབར་བ་ཞེས་ཀྱང་བྱ། ཚིག་པ་ཞེས་ཀྱང་བྱ། རང་སྣབས་ཞེས་ཀྱང་བྱ། སྒེག་པ་ཞེས་ཀྱང་བྱ། དུར་ཁྲོད་པ་ཞེས་ཀྱང་བྱ། ་ངན་པའི་བློ་ཞེས་ཀྱང་བྱ། བུར་ལྕི་བ་ཞེས་ཀྱང་བྱ། སྐྱེ་བས་ཡོངསུ་གཟིར་བ་ཞེས་ཀྱང་བྱ། སྐྱེ་བས་ཀུན་ཏུ་དཀྲུགས་པ་ཞེས་ཀྱང་བྱ། སྲོག་ཡོངས་གདུང་བ་འས་ཀྱང་བ། འཆི་བ་དང་། ་།། སྡུག་པ་དང་བྲལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། གྲོགས་པོ་དག་འདི་རྣམས་ནི་ལུས་ཤེས་བྱའོ།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འགུམ་ཇི་ལྟར་འཚེ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཆི་བའོ།། ཚེ་དང་ལྡན་པ་བསོད་ནམས་ཞེས་བྱ་བ་ནི་འཚོ་བའོ།། གྲོགས་པོ་དག་ལུས་ཤེས་བྱ་བ ་ནི་འཆི་བ་སྟེ། རྒྱུས་པ་བྱེ་བས་ནི་དཀྲིས། སྤུའི་ཁུང་བརྒྱད་ཁྲི་བཞི་སྟོང་དང་ནི་ལྡན། ཡན་ལག་ཁྲི་ཉིས་སྟོང་གིས་ནི་སྦྲེལ། རུས་པ་སུམ་བརྒྱ་དྲུག་ཅུས་ནི་བརྟན། ལུས་ཀྱང་ན ་ན་སྲིན་བུ་རིགས་བརྒྱད་ཅུ་རྩ་བཞི་ནི་གནས་ཏེ། སྲོག་ཆགས་དེ་དག་ཐམས་ཅད་ལ་ཡང་འཆི་བ་ཡང་ཡོད། འཆི་བ་འགག་པ་ཡང་ཡོད།། ནམ་མི་འཆི་བ་དེ་ན། སྲོག་ཆགས་དེ་། ་ཐམས་ཅད་རེ་ཐག་ཆད་པར་འགྱུར་ཏེ། དེན་སྲོག་ཆགས་ཐམས་ཅད་གཅིག་ལ་གཅིག་ཟ་བས་རླུང་འཁྲུག་ཅིང་གཡོ་བར་འགྱུར་ཏེ། དེ་ན་དེ་དག་སྡུག་བསྔལ་གྱི་ཆོ ་བ་མྱོང་ངོ་།། ལ་ལ་ནི་བུའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་བུ་མོའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་གཉེན་གྱི་ཕྱིར་མྱ་ངན་བྱེད། དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུས་ཟུགོ། གི་རེག་ལ་གཅིག ་ཟར་བརྩམས་ནས། དེ་དག་གཅིག་གིས་གཅིག་ཟོས་ཏེ། སྲོག་ཆགས་གཉོས་ཤིག་ལས་པ་ན། དེ་གཉིས་ཀྱང་ཞག་བདུན་གྱི་བར་དུ་འཐོབས་ཏེ། ཞག་བདུན་འདས་པ་དང་། སྲོག་མ ་གཅིག་ནི་བཅོ་མོ།། གཅིག་ནི་ཐར་ཏོ།། ཚེ་དང་ལྡན་པ་ཆོས་ཤེས་བྱ་བ་གང་ཞེ་ན། འདི་ཇི་སྙམ་དུ་སེམས། ཇི་ལྟར་སྲོག་ཆགས་རྣམས་གཅིག་ལ་གཅིག་མི་འཐུན་པ་བྱས་ན། འཆི་བ ་འགྱུར་བ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་གཅིག་ལ་གཅིག་མི་འཐུན་པ་བྱེད། སྐྱེ་བས་མི་འཇིགས་རྒབས་མི་འཇིགས། ནད་ཀྱིས་མི་འཇིགས། འཆི་བས ་མི་འཇིག་སོ།། ཇི་ལྟར་སྲོག་ཆགས་གཉིས་འཐབ་པ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཕན་ཚུན་འཐའོ།། དེ་ནས་འཆི་བའི་དུས་ན། སྐྱེས་བུ་དགེ་བ་རྣམས་ཀྱིས་སྨྲས་པ། སྐྱེས ་བུ་ཁྱོད་ཅི་ཞིག་ལ་ཡིད་རྟོན། ཅི་ཁྱོད་ཀྱིས་ཉེས་པ་ཅུང་ཟད་ཀྱང་མ་མཐོང་ངམ། སྐྱེ་བའི་ཉེས་པ་མ་མཐོང་ངམ། རྒ་བ་དང་ན་བའི་ཉེས་པ་མི་མཐོང་ངམ། འཆི་བའི་ཉེས་པ་མ་མཐོང་ངམ། ་སྨྲས་པ། ཚེ་དང་ལྡན་པ་བདག་གིས་སྐྱེ་བའི་ཉེས་པ་ཡང་མཐོང་།། རྒ་བ་དང་ན་བའི་ཉེས་པ་ཡང་མཐོང་།། ཐམས་ཅད་ཀྱི་ཐ་མར་འཆི་བའི་ཞེས་པ་ཡང་མཐོང་།། སྨྲས་པ། ་ཅིའི་ཕྱིར་གང་དགེ་བའི་རྩ་བ་རྣམས་ཀྱི་བྱ་བ་མ་བྱས། ཅིའི་ཕྱིར་འཇིག་རྟེན་གཉི་གར་བདེ་བ་འཕེལ་བའི་ཆོས་ཀྱི་ཕུང་པོའི་དགེ་བའི་རྩ་བ་རྣམས་མ་བྱས། གྲོགས་པོ་དག་གཉིསུ ་དྲིའོ།། ཁྱོད་ཅིའི་ཕྱིར་གང་སྐྱེ་བ་དང་། འཚོ་བ་ལས་ཡོངསུ་ཐར་པའི་དགེ་བའི་ཚོགས་མ་བྱས། ཁྱོད་ཀྱིས་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་བརྟག་པ་མ་བྱས། ཇི་ལར་ཁྱོད ་ས་ལ་འགན་ཇི་རུང་བའི་སྐྱེ་མ་ཐོས། དེ་བཞིན་གཤེགས་པའི་ཞིང་ལ་དགེ་བའི་ས་བོན་བསྐྲུན་ཅིག་སྤོས་སམ་འཕྲེང་བ་འམ། མར་མེ་སྦྱིན་པམ་མཐོང་།། དེ་བཞིར་གཤེགས་པ་ལ་བརྩ ་བ་དང་བསའ་བ་འབུལ་བ་དང་། འཁོར་བཞི་ཚིམ་པར་བྱས་པ་ཡང་མ་མཐོང་། དགེ་སློང་དང་། དགེ་སློང་མ་དང་དགེ་བསྙེན་དང་དགེ་བསན་མ་བསྟན་པ་ལ་མངོན་པར་དད་པ་དེ་དག་ན ་འཁོར་བ་ཞིའོ།། དེ་ལྟར་དེ་ལ་ཕན་པའི་ཕྱིར་སྨྲས་ཏེ་བསད་པ་དང་། ཝ་ཅུང་ཟད་ཀྱང་མ་བགྱི་སོ།། མི་ཁྱོད་ཀྱིས་ནི་འཛམྦུའི་གླིང་དུ་འོངས་ནས། མི་དགེ་བ་བསོ།། དེའི་ཚེ་མི་ག ་ལ་ཆོས་ཀྱི་རྒྱལ་པོས་རྗེསུ་བསྟན་པའི་ཚིག་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་པ་འབྱུང་མཐོང་ཞིང་།། འགན་དེ་རྡུང་བ་ཐོས་གྱུར་ལ།། མ་ངན་འདས་པ་ཞིར་འགྲོ་བའི།། ཆོས ་བསྟན་ཐོས་ཀྱང་མ་བྱསོ།། དེ་ནས་མི་དེས་སླར་སྨྲས་པ།། བདག་ནི་བྱིས་པའི་བློར་གྱུར་ཏེ།། སྡིག་པའི་གྲོགས་ཀྱིས་ད་བང་སོང་ནས།། འདོད་པས་འཁྲུལ་པའི་སེམས་ཀྱིས།། བདག ་གིས་སྡིག་པའི་ལས་བྱསོ།། འདོད་པ་དག་ཀྱང་བསྟེན་པ་དང་།། བདག་གིས་སྲོག་ཆགས་རྣམས་ཀྱང་བསད། དགེ་འདུན་རྣམས་ཀྱང་ཆུད་གསན་པས།། མི་བརྒ་དེ་ཡི་འབྲས ་བུ་འོང་།། གནོད་པར་སེམས་པའི་ཡིད་ཀྱིསུ།། བདག་གིས་མཆོད་རྟེན་བཤིགས་པ་བྱས།། ཚིག་ངན་རྣམས་ཀྱང་རབ་ཏུ་སྨྲས།། བདག་གིས་མ་ཡང་གདུང་བར་བྱས།། བདག་གི ་ལུས་ཀྱིས་གང་བྱས་པ།། ཉེས་པ་དག་ཀྱང་རབ་ཏུ་ཤེས།། སེམས་ཅན་དམལ་བ་ཆེན་པོ་དུ་འབོད།། ཤིན་ཏུ་མི་བཟད་སྐྱེ་བ་མཐོང་།། བསྡུས་གཞོམ་དུ་ཡང་ཚོར་བ་མོང་།། དེ་བཞིན་རབ ་ཏྲ་ཚ་བ་དང་།། མནར་མེད་ཆེན་པོ་མི་བཟད་པར།། ཚོར་བ་རྫསུ་མྱོང་བར་འགྱུར།། པདྨ་ལྟ་བུར་ཆེར་གས་པའི།། སེམས་ཅན་དམལ་བར་སྡུག་བསྔལ་དུ།། ཐིག་ནག་བཏབ་པ་འཇིགས ་ཆེན་དུ།། ལན་བརྒྱ་བར་དུ་སྐྱེ་བར་འགྱུར།། སེམས་དམྱལ་སེམས་ཅན་བསད་ནས།། ཕྱིས་ཀྱང་འཇིགས་པ་དེ་མཐོང་སྟེ།། དོ་ག་ཚད་བརྒྱར་ནི་ཡང་དང་ཡང་།། འཇིགས་པ་ཆེན་པོ ་ལྟུང་བར་འགྱུར།། དེ་དག་སྡེ་སེང་མི་འགྱུར་ཏེ།། ཕྱིས་ཀྱང་མུན་པར་རབ་ཏུ་ལྟུང་།། སྤུ་གྲྀ་ཞེས་བྱ་སེམས་དམལ་དུ།། བྱེ་བ་སྟོང་ཕྲག་བརྒྱ་རྣམས་སོ།། སྤུ་གྲི་མདུན་དུ་འབྱུང་འགྱུར་ཏེ། ་གིས་ཉེས་པའི་ལས་བྱས་པས།། དེ་དག་གིས་ནི་དེ་ལུས་གཏབས།། རླུང་འཁྲུགས་ཆེན་པོ་མི་བཟད་པས།། ལུས་དེ་ཐམས་ཅད་འཇིག་པར་བྱེད།། རྟག་ཏུ་འདི་འདྲའ་སེམས་དཔལ་དུ།། བདག་གི ་སྡུག་བསྔལ་མེང་བར་འགྱུར།། ལུས་ནི་རབ་ཏུ་སྡུག་བསྔལ་བར།། སེམས་ཅན་ཀུན་གྱིས་བདག་མཐོང་།། ཁྱིམ་སོ་བྱ་ཕྱིར་གཞན་དག་གི། ནོར་ཡང་བདག་གིས་རབ་ཏུ་བླངས།། བདག་གི་བུ་པོ་བུ ་མེ་དང་།། དེ་བཞིན་པུ་ནུ་སྲིང་མོ་དང་།། བདག་གི་པ་མའང་དེ་བཞིན་ཏེ།། མཛའ་བོ་གཉེན་བཤེས་མང་པོ་དང་།། བྲན་དང་ལས་བྱེད་རྣམས་དང་ནི།། དེ་བཞིན་པ་དང་ཕྱུགས་དང་གཡོག། དགོས་པ ་ངན་ལ་བདག་འཁྲུལ་ཏེ།། གསར་དང་དངུལ་གྱི་སྣོད་རྣམས་དང་།། དེ་བཞིན་ཕྲ་རབ་གོས་རྣམས་དང་།། ཁྱིམ་བྱེད་བཅུག་པས་འཁྲུལ་པ་སྟེ།། ཁྱིམ་ཡང་ཤིན་ཏུ་བཀྲ་བྱས་ནས།། སྐྱེས ་པ་བུད་མེད་ལ་ལིང་དང་།། དེ་ཝང་སིལ་སྲན་འཁྲོལ་བ་ལ།། བདག་ཡིད་མ་དུལ་དགའ་གྱུར།། སྤོས་ཆུ་དག་གིས་ལུ་བཀྲུས་ཀྱང་།། ད་དུང་བྱས་པ་གཟོ་བ་མེད།། ལུས་ཁྱོད་སེམས་པ ་མེད་པ་སྟེ།། ང་ནི་ཁྱོད་ཀྱི་ཚང་ལ་འཁྲུལ།། ཕྱིན་ཆད་སེམས་ཅན་འགའ་ཙམ་ཡང་།། བདག་ལ་སྐྱོབ་པར་འགྱུར་བ་མེད།། རླུང་འཁྲུག་ཆེན་པོའི་མི་བཟད་པར།། ལུས་ནི་ཡངས་གདུང་བ ་ན། རོ་དང་ལྡན་པ་འིམ་ཟོས་སྟེ། ལྕེས་ཀྱང་སྣ་ཚོགས་དེ་བཞི་ནོ།། འཕྲེང་བ་སྣ་ཚོགས་བཟང་མཛེས་པ།། རབ་ཏུ་མང་པོ་མགོ་ལ་བཅིངས།། མིག་ནི་གཟུགས་ཀྱིས་འཁྲུལ་པས་ལ ་། མིག་གི་སྐྱབས་ནི་ཡོད་མ་ཡིན།། བདག་གིས་མཐོང་ནས་གང་བྱས་པ།། སྡིག་པ་རྣམས་ནི་མིག་གི་རྒྱུ།། ལག་པ་རྡོ་རྗེས་བཅད་པ་ནི།། བདག་གི་རྣ་བའི་རྒྱུ་ཡིན།། ལག་པ་གཉིས ་ལ་གདུ་བུ་བཏགས།། སོར་མོ་རྣམས་ལ་སོར་རྔུབ་བཅུག། མགུལ་དུ་མུ་ཏིག་སེ་མོ་དེ།། རྐང་པ་གཉིས་ཀྱང་རབ་ཏུ་བརྒྱན།། དེ་ལ་དྲ་བ་བྱས་པ་དང་།། དེ་ལ་གསེར་ཡང་གནས་པར་བྱས།། ལུས ་ལ་རིན་ཆེན་སྣ་ཚོགས་དང་།། གསེར་གྱི་གདུ་བུ་འང་དེ་བཞི་ནོ།། ལེང་སྤྱོད་ཆེན་པོས་རབ་བརྩེས་ནས།། ཡིད་ཀྱང་ཤིན་ཏུ་རྟག་པར་གྱུར།། རབ་ཏུ་འཇམ་ལ་བདག་རེག་ནས།། ཤིན་ཏུ་སྲེད་པས ་དེ་བསྟེན་ཏོ།། གདིང་བ་སྣ་ཚོགས་མལ་ཆ་ཡིས།། བདག་གིས་ལུས་ནི་རྩེར་བཅུགོ།། སྤོས་ཆུ་བཟང་པོས་ཁྲུས་བྱས་ཏེ།། སྤོས་རྣམས་ཀྱིས་ཀྱང་རབ་ཏུ་བསྐུས།། ལྷ་རྫས་ག་པུར་ཙན་དན་\ུ0f7f ་བདུག་པ་རྣམས་ཀྱིས་རབ་ཏུ་བདུགས།། ཁ་དོག་པ་ཟང་པོ་བྱས་ནས་ཀྱང་།། གླ་རྩི་ལྡན་པས་རབ་ཏུ་བསྒོས།། ལོ་ལོན་འབྲུ་མར་དྲི་དག་དང་།། སྣ་མ་ཙམ་པ་ཀ་ལ་སོགས།། ་བསྐུས་ནས་པྲ་མོ་ཀ་ཤི་བཾ།། དཀར་པོའི་གོས་ཀྱང་རབ་ཏུ་བགོས།། གླང་པོའི་རྒྱབ་ནས་བབས་ནསུ།། རྟའི་རྒྱབ་ཏུ་མངོན་པར་ཞོན།། བདག་ནི་རྒྱལ་པོ་ཡིན་སྙམ་སེམས།། སྐྱེ་བོ་དག་ནི ་མདུན་ན་རྒྱུག། གླུ་གར་ཤིན་ཏུ་བསླབས་པ་ཡི།། སླས་རྣམས་ཀྱང་ནི་རབ་ཏུ་ཤེས།། རི་དགས་རྣམས་ནི་མཉེས་པར།། བདག་གིས་མདས་ཀྱང་རི་དགས་བསད།། འཇིག་རྟེན་ཕྱི་མ ་མ་ཤེས་པས།། བདག་གིས་འདི་འདྲའི་སྡིག་བྱས་ཤིང་།། བདག་གིས་གཞན་གྱི་ཤ་ཟོས་པས།། དེ་ཕྱིར་བདག་ནི་སྡུག་བསྔལ་འདི།། མི་བཟད་འོང་བར་འགྱུར་བ་ཡི།། འཆི་བ་བདག ་གིས་མ་ཤེས་ཏེ།། བདག་ནི་བྱིས་པའི་བློར་གྱུར་པས།། བདག་གིས་ལུས་ཀྱང་གསོ་བ་བྱས།། དེང་ནི་བདག་ལ་འཆི་འོང་ན།། སྐྱབས་བྱེད་པ་ནི་སུ་ཡང་མེད།། གཉེན་རྣམས་ཁྱེད་ཅག་འ ་ཀྱང་། ང་ཡི་གདོང་དུ་བལྟར་ཅི་ཡོད།། ཅི་ཞིག་ཕྱིར་ནི་གོས་འདྲལ་ཞིང་།། ཅི་ཕྱིར་ངུ་ཞིང་སྨྲེ་སྔགས་འདོན།། ཅི་ཕྱིར་སྐྲ་རྣམས་རབ་འཇིག་ཅིང་།། ཅི་ཕྱིར་ཁྲག་ཀྱང་འབྱིན་པར་བྱེད།། ་ཕྱིར་མགོ་ལ་རྡུལ་འཐོར་ཞིང་།། དྲང་ཡང་རབ་ཏུ་རྡུང་བར་བྱེད།། བདག་གསོན་ཆེ་ན་སྡིག་པ་རྣམས།། སྤང་བར་ང་རིགས་ཁྱེད་ཅི་བདུད།། བདག་གི་ལུས་ནི་སྤུང་ཀི་དང་།། ཁྱི་དང་བྱ་རོག་རྣམས་དང་། ་བྱ་རྣམས་ཀྱིས་ཀྱང་བཟའ་བར་འགྱུར།། ལུས་འདི་དགོས་པ་མེད་པར་གསོས།། འཆི་བའི་སྦྲུལ་དང་ལྡན་གྱུར་ནས།། མི་ནི་རྟག་ཏུ་སྐྱེ་བར་འགྱུར།། འཇིགས་པ་འདི་ལས་གྲོལ ་འགྱུར་བ།། དེ་ལྟ་བུའི་སྨད་རྣམས་བསྙེན།། བདག་ལ་སྨན་པས་གང་བྱིན་པའི།། སྨན་དེ་དགོས་པ་མ་ཡིནོ།། ཉོན་མོངས་སྒྱུ་ལ་ལས་ཐར་བྱེད་པ།། ད་ལྟར་ཆོས་ཀྱི་སྨན་རྣམས་ནི།། འཆི ་འང་བདག་ལ་སྦྱིན་པར་བྱོས།། ཤ་ནི་ང་ལ་མ་སྦྱིན་ཅིག། ལུས་འདི་གསོ་བ་བྱས་ཀྱང་།། གདོན་མི་ཟ་བར་འཇིག་པར་འགྱུར།། གང་ཕྱིས་སྡུག་བསྔལ་སྤྲིན་འགྱུར་བ།། སྡིག་གི་ཕུང་པོ་ཅིའི་ཕྱི ་བླངས། ལུས་འདི་ཤིན་ཏུ་གསོས་བྱས་ཀྱང་།། བྲོས་པ་མ་རུངས་བྱེད་པར་འགྱུར།། བུ་དང་བུ་མོ་ཅི་ཞིག་ཕྱིར།། ང་ལ་མིག་གིས་ལྟ་བར་བྱེད།། ན་བ་འདི་ལས་ང་སློབས་ཤིག། དོན་མེད་པའི།། ་ཅིའི་ཕྱིར་དུ།། བུ་དང་བུ་མོ་ཁྱེད་ཅག་ནི།། ད་ནི་མ་རུང་མ་བྱེད་ཅིག། ཁྱེད་ཅག་གསོ་བར་བྱ་བའི་ཕྱིར།། ངས་ནི་གཞན་གྱི་ནོར་ཡང་ཕྲོགས།། ད་ནི་འཆི་དུས་བབ་པ་ནོ།། རེ་ཐག་ཆད་ཀྱིས་དེ་ནི། ་བྱེད།། སྐྱེ་དང་ངན་འགྲོས་རབ་ཏུ་འཇིགས།། འཆིབས་ཀྱང་ནི་ཡོངསུ་གཟིར།། ཚོར་བ་འདུ་ཤེས་འདུ་བྱེད་དང་།། རེག་པ་ཤིན་ཏུ་ཚོར་བའོ།། སྲེད་པས་བྱིས་པ་རྣམས་ཀྱང་འཇ ་མི་བཟད་འབྲས་བུ་རྣམས་ཀྱང་ཐོབ།། ངན་པའི་རིགསུ་སྐྱེ་བ་ནི།། དེར་ཡང་མྱ་ངན་བཅིངས་པར་འགྱུར།། བདག་ལས་བསོད་ནམས་ཆུང་ཤེས་རས།། སྐྱེ་བོ་གཞན་དག་མྱ་ངན་བྱེད།། ་སྦྱིན་དང་ཚུལ་ཁྲིམས་ཡོངསུ་ཉམས།། ཆོས་ལ་ཡང་ནི་རྒྱབ་ཀྱིས་ཕྱོགས།། ཡང་སྐྱེ་བ་ནི་མི་ཤེས་པས།། ཉོན་མོངས་སྦྲུལ་གྱིས་ཉོན་མོངས་པ།། མ་རིག་པས་ནི་བྱིས་པ་རྣམས།། གང ་ན་བར་པ་མེད་པར་འཁྱམ།། ཐར་པའི་དོན་ནི་མི་ཤེས་ནས།། འཁྲུལ་པས་སྡིག་པ་རྣམས་ཀྱང་བྱེད།། ཉོན་མོངས་རྣམས་ཀྱིས་བྱིས་པ་འཁྱམ།། ཡིད་ནི་རྟག་ཏུ་རྣམ་པར་འཁྲུགས ་བཅིང་བ་སྣ་ཚོགས་ལྡན་ལུས་ལ།། མེས་ནི་ཀུ་ན་ཏུ་འབར་ཞིང་ཚིག། གང་ན་བདེ་བ་མེད་པ་དོར།། ལུས་ནི་རྣམ་པར་འཁྲུལ་པས་འཁྱམ།། གང་ལས་ཤིན་ཏུ་བདེ་འབྱུང་བ། ་བདེ་བ་དེ་ནི་མི་ཤེས་ཏེ།། སངས་རྒྱས་ཞིང་ནི་བདེ་བ་སྦྱིན།། ཆོས་ཀྱི་འཁོར་ལོ་སྨན་གྱི་མཆོག། ཚུལ་ཁྲིམས་བདེན་པའི་ཚུལ་ཁྲིམ་སོ།། དེ་བཞིན་གཤེགས་པ་ཚངས་པའི་དབངས་དེ་ན ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྔ་སེམས་ཅན་དག་འཆི་བའི་དུས་ཀྱི་ཚེ་དེ་ལྟར་སྨྲེ་སྔགས་འདོན་ཀྱ ་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམས་པར་སྨིན་པ་མ་གཏོགས་པར་དེ་དག་གི་སྐྱོབ་པར་འགྱུར་བ་སུ་ཡང་མདོ་ཞེས་བཀའ་དེ་སྐད་སྩལ་ནས། ཚིག་སུ་བཅད་པ་འདི་དག ་གསུངས།། སྡིག་པའི་ལས་ནི་བྱས་པས་ན།། སེམས་ཅན་དམྱལ་བ་རྣམསུ་ལྟུང་།། བསྲེགས་པའི་གོས་ནི་གྱོན་པར་འགྱུར།། སྐོམ་དུ་ལྕགས་ཁུ་འཐུང་བར་འགྱུར།། ལུས་རྣམས་ལན ་མེ་མདག་འབབ།། ཚིག་ནས་རབ་ཏུ་མི་བཟང་དུ།། སེམས་ཅན་དམལ་བ་འཇིགས་ཆེན་དུ།། དེའི་ལུས་ནི་རབ་ཏུ་ཚིག། བདེ་བ་དག་ནི་མི་ཤེས་ཤིང་།། ཆོས་ཀྱང་རྣམ་པར་མི་ཤེས་ཏེ། ་མ་ཡིན་པས་བྱིས་པ་འཁྱམ།། བདེ་བ་ཅུང་ཟད་རྙེད་མི་འགྱུར།། དད་དོང་ཚུལ་ཁྲིམས་ཕུན་སུམ་ཚོགས།། ཤྭེ་རབ་ལྡན་ཞིང་དཀའ་ཐུབ་ཆེ།། དགེ་བའི་བཤེས་གཉེན་བསྟེན་པ་ནི།། དེ་བཞིན ་གཤེགས་པ་མྱུར་དུ་འགྱུར།། འཇིག་རྟེན་སངས་རྒྱས་འབྱུང་བའི་ཕྱིར།། བརྩོན་འགྲུས་ཀྱི་ནི་མཆོག་ཆོམས་ལ།། སེམས་ཅན་ཐམས་ཅད་ཡོངས་བཟང་བ།། དགེ་བའི་ལས ་ཀྱི་ཆོས་སྟོན་ཅིག་ཁྱམས་པའི་སེམས་དང་དེ་བཞིན་དུ།། ཚངས་སྤྱོད་མཆོག་ལ་སེམས་པར་ཞུགས།། སྨན་སྡེ་དེ་སྐད་ཐོས་ནས་ཀྱང་།། མཆོག་ཏུ་བསྒྲུབ་པར་འགྱུར་བ ་བྱ། རྣམ་གྲོལ་མཐོང་དང་སངས་རྒྱས་དང་།། སྒྲ་བསྒྲགས་རྣམ་པར་འདྲེན་པ་དང་།། འཇིག་རྟེན་གྱི་ནི་ཕ་དང་མ།། དེ་ནི་བྱང་ཆུབ་སེམས་ཤེས་བྱ།། འཇིག་རྟེན་དུ་ནི་ཆོས་འདི་ག ་སྟོན་པ།། དགེ་བའི་བཤེས་གཉེན་མཆོག་ཏྲ་རབ་སྙེད་དཀའ།། སངས་རྒྱས་བསྟན་ལ་གང་དག་གུས་ཉན་པ།། དེ་དག་བླ་མེད་སངས་རྒྱས་བདེ་གཤེགས་འགྱུར།། ཞི་བ་སངས་རྒྱས ་སྲས་རྣམས་ལ།། གང་དག་གུས་དང་བཅས་འགྱུར་བ།། དེ་དག་ཀྱང་ནི་སེམས་ཅན་ཀུན།། ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར།། དེ་ནས་བཅོམ་ལྡན་འདས་ལ།། བྱང་ཆུབ་སེམས ་། སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དོགས་འདི་དག་གཡོ། རབ་ཏུ་གཡོ། སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེར་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཅི་དེ་མཐོང་ལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བལྟས ་པ་དང་། ཕྱོགས་བཞི་ནས་གས་པ་མཐོང་།། ས་གས་པས་སོགས་པའི་ཕྲག་ནས། མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་། འོག་གི་ལེགས་ནས་མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་། སེང་གི་ཕྱོགས ་ནས་མི་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་བྱུང་བ་མཐོང་།། དེ་ནས་སེམས་ཅན་གཞོན་དེ་དག་གིས་རྣམ་པར་བལྟས་རས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད ་འདིར་སུ་དག་སྐྱེས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཅག་སྐྱེ་བོའི་ཚོགས་འདི་དག་ལ་ལྟོས། དེ་དག་གིས་གས་ལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་འདི་དག་ནི་ཁྱེད་ལ་བདེ་བའི་ཕྱིར་སྐྱེ་སོ།། གསོལ་པ། སེམས་ཅན་འདི་དག་ཀྱང་འགུམ་པར་འགྱུར་རམ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ཀྱང་འཆི་བར་འགྱུ་རོ།། དེ་ནས་སེམས་ཅན་གཞོན་སྔ་མ་གང་དག་ཐོག་མ་ཉིད་སྐྱེས་པ་དེ་དག་གིས། བརྩེ ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཡང་སྐྱེ་བ་དང་། འགུམ་པ་ལ་བལྟ་བ ་མ་སྤེར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོན་བརྩོན་འགྲུས་ཀྱི་སྟོབས་རྙེད་པར་སྤྲོ་འམ། དེ་དག་གིས་གསོལ་པ། དེ་བཞིན་གཤེགས་པ་མངོན་སུམ་ཏུ་བལྟ་བར་བརྒྱ ་དེ་ནས་ཆེས་གང་མཉན་པ་ཞུས་ཏེ། ཡིད་འོང་བ་མཉན་པར་བགྱིའོ།། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འདུས་པ་ལ་བལྟ་བར་བགྱིའོ།། བྱང་ཆུབ་སེམས་དཔའ་རྫུ ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ལ་བལྟ་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ལྟ་བུ་ལ་སྤྲོའོ།། སྐྱེ་བ་དང་འགུམ་པ་ལ་ནི་ལྟ་བར་མི་སྤྲོའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དང་ལྷན་ཅིག་ཏུ་སྟན་ལ་ས་ལངས་ནས། དེ་དག་ཐམས་ཅད་རྫུ་འཕྲུལ ་གྱིས་སྟེང་གི་བར་སྣང་ལ་འགྲོ་ཞིང་སྐྱིལ་མོ་ཀྲུང་བཅས་ནས། བསམ་གཏན་བྱེད། དེ་དག་ཐམས་ཅད་ཀྱི་ལུས་ལས་སེང་གེ་རྣམས་བྱུང་།། སྟག་རྣམས་བྱུང་།། སྦྲུལ་རྣམས་བྱུང་། ་གླང་རྣམས་བྱུང་།། རྫུ་འབྲལ་ཆེན་པོ་རྣམ་པར་འཕྲུལ་བ་སྟོན་ཏོ།། རི་ལ་ཡང་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད།། སྟེང་དུ་དཔག་ཚད་ཉི་ཁྲི་སྲིད་ཡང་འགྲོ། ཟླ་བ་དང་ཉི་མེ་བྱ་བ་སྟོང་དྲག ་བཅུ་ཡང་འབབ་པར་བྱེད།། དེ་ནས་བཅོམ་ལྡན་འདས་ལ། སེམས་ཅན་གཞོན་དུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་ཟེར་ཆེན་པོ་གདའ་བ་དང་། རྫུ་འཕྲུལ ་ཆེན་པོ་རྣམ་པར་འཕྲལ་བ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཟླ་བ་དང་ཉི་མ་བྱུང་བ་འདི་ལ་ལྔས ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགསོ།། བདེ་བར་གཤེགས་པ་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་བྱང་ཆུབ་སེམས་དཔ ་རང་གི་ལུས་ལས་འོད་ཟེར་སྣང་བ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་བསྟན་པ་སྟེ། བསྟན་ནས་ཀྱང་སྐྱེ་མོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་སེམས་ཅན་རྣམ་ལ་ཆོས་སྟེན་ཏེ། དེ་དག་འདིར་མིའི་ལུས་དང་། སྟོབས་དང་། ་བརྩོན་འགྲུས་བསྟན་ནས། འདི་འདྲ་བའི་སྟོབས་ཉེ་བར་སྟོན་ཏོ།། གསོལ་པ། བཅོམ་ལྡན་འདས་འོད་ཟེར་སྣང་བ་འབྱུང་བར་བ་གྱི་བའི་སླདདུ་ཆོས་བསྟན་དུ་གསོལ། དེ་སྐར ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩ། ལ་ཏེ།། སྨན་གྱི་སྡེ་ཁྱོད་ཀྱིས་སྟེང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགསོ།། བདེ་བར་གཤེགས་པ་མཐོང་ལག་སོ།། དེས་འདི ་བསམས་ཏེ། གང་བདག་གིས་དེ་བཞིན་གཤེགས་པ་ལ་དོན་དེ་ཞུའོ་སྙམ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག ་དང་ངས་དྲིས་པ་དེ་དང་དའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། བསྟན་པར་བྱའོ།། རྣམ་པར་དབྱེ་བར་བྱའོ།། སྨན་གྱི་སྡེ་གང་འདས་པ་དང་། མ་འོངས་པ་དང་། ད་ལྟ ་བྱུང་བའི་དུས་རྣམས་ཀྱི་དེ་ཐམས་ཅད་བསྟན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ཐེ་ཙོམ་བསྐུལ་བའི་སླད་དུ་གསལ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ ་ལྷའི་བུ་སྟེང་ཕྲག་བརྒྱད་ཅུ་རྩ་བཞིས་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བསྐོར་བ་དང་། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་ཀྱིས་བ ་བ་དང་། འབྱུང་པོ་བྱེ་བ་སྟེ་ཕྲག་བཅོ་བརྒྱད་ཀྱིས་བསྐོར་བ་དང་། ཡི་དགས་དང་། ཤ་ཟ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔས་བསྐོར་བ་མཐེ་རྗེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན ་གྱི་སྡེ་སེམས་ཅན་འདི་དག་ནི་སྨིཉན་པའི་ཕྱིར། འཁོར་འདིར་ངའི་གན་དུ་འདུས་ཤིང་འཁང་གོར་མ་ཆགས་སྟེ། སྨན་གྱི་སྡེ་འདི་དག་ནི་དེང་ཁོ་ནར་འཁོར་བ་བསྙིལ་བར་འགྱུར།། སེམས ་ཐམས་ཅད་ལ་ཕན་པར་འདོད་པས། དེང་ཉིད་ས་བཅུ་རབ་ཏུ་འཐོབ་པར་འགྱུར་རོ།། ས་བཅུ་ལ་རབ་ཏུ་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་རྗེསུ་འཐོབ་པར་འགྱུར ་རྒ་དང་འཆི་ལས་བར་བྱའི་ཕྱིར།། ལས་བྱས་བདེ་བ་ཐོབ་བྱེད་ཅིང་།། ཉོན་མོངས་ཞགས་པ་འཕམ་བྱས་ནས།། སངས་རྒྱས་བསྟན་པ་འཐོབ་པར་འགྱུར།། གསིལ་པ། བཅོམ་ལྡན ་འདས་སེམས་ཅན་གྱི་གནས་མང་པོ།། ལས་སྣ་ཚོགས་ཀྱིས་འབྱུང་བ་འདི་ཅིའི་སླད། བཅོམ་ལྡན་འདས་ལ་བསྐོར་ཅིང་གནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན ་སྡེ་ཉན་ཅིག། སེམས་ཅན་རྨོངས་པ་མི་ཤེས་པ།། ཐར་པར་འགྱུར་བ་ག་ལ་ཡོད།། སེམས་ཅན་གཞནུ་མང་པོ་དག། དེ་རིང་གཟུངས་རྣམས་འབབ་པར་འགྱུར།། ས་བཅུ་དག་ནི་འཕྲི ་།། ཕྱིར། ཆོས་ཀུན་རབ་ཏུ་ཤེས་པར་འགྱུར།། ས་བསུ་དག་ཀྱང་འཐོབ་པར་འགྱུར།། སངས་རྒྱས་བྱ་བ་བྱེད་པར་འགྱུར།། ཆོས་ཀྱི་འཁོར་ལ་བསྐོར་བར་འགྱུར།། ཆོས་མམག ་འབེབས་པར་འགྱུར།། ཇི་ལྟར་སེམས་ཅན་འདུས་པས་ན།། ང་ཡི་བསྟན་པ་དགའ་བའོ།། ལྷ་དང་ཀླུ་དང་ཡི་དྭགས་དང་།། ལྷ་མིན་ཤིན། དུ་མི་བཟད་པ།། ས་བཅུ་ལ་ནི་རབ་གནས་ཏེ། ་ཀྱི་སྒྲ་ཡང་སྒྲོགས་པར་འགྱུར།། ཆོས་ཀྱི་རྔ་ཡང་རྡུང་བར་འགྱུར།། ཆོས་ཀྱི་དུང་ཡང་རབ་ཏུ་འབྱེད།། སེམས་ཅན་གཞོནུ་འདི་དག་ཀྱང་།། བརྩོན་འགྲུས་མཐུ་དང་ལྡན་པར་འགྱུར། ་དེ་བཞིན་གཤེགས་པས་ཐོབ་པ་བཞིན།། དེ་དག་དེང་ནི་ཆོས་ཐོབ་འགྱུར།། དེ་ནས་སེམས་ཅན་གཞོན་ལྔ་སྟོང་ཙམ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ ་ལོག་སུ་ཐལ་མོ་སྦྱར་བ་བཏུདེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཕྱིར་མཐའ་ནི་མ་འཚལ་བ།། འཁོར་བ་ན་ནི་འཆིང་བ་སྟེ།། ལུས་ནི་ཁུར ་བཅོམ་ལྡན་འདས།། འཇིགས་པ་ཆེན་པོ་མི་བཟད་པ།། ལམ་ནི་རྣམ་པར་མ་འཚལ་ཏེ།། ལམ་ཉིད་ཀྱང་ནི་མི་གདའ་བས།། མགོན་པོ་བདག་ཅག་ལྗོངས་འགྱུར་ན།། བདག་ཅག་རྣམས་ནི ་བསྡུ་བར་གསོལ།། དཔའ་ལ་བདག་ཅག་གསོལ་བ་འཚལ།། འདྲེན་པས་ཆོས་ནི་བ་བདུ་གསོལ།། བདག་ཅག་ཤེས་རབ་ཆུང་ངུར་སྐྱེས།། བདེ་བ་མངོན་པར་མ་འཚལ་ཏོ།། བདག་ཅག་འ ་ཆོས་བཤད་གསོལ།། སྡུག་བསྔལ་མི་ཟད་གྲོལ་བར་མཛོད།། གང་དང་གང་དུ་སྐྱེས་པར་ཡང་།། བདག་ཅག་སངས་རྒྱས་མཐོང་གྱུར་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་སྨན་གྱི་སྡེ། སེམས་ཅན་གནོན་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲསོ།། ཁྱེད་ཅག་རྣམས་ནི་ཟས་ཟོ་ཤིག། རྨད་དུ་བྱུང་བའི་རོ་ཡང་འཐུང་།། འཇིག་པ་མེད་པ ་གྱུར་ནསུ།། ཕྱིས་གདོད་འཇིགས་མེད་ཆོས་ཉོན་ཅིག། སྨྲས་པ། བཙུན་པ་གནས་བརྟན་ཁྱོད་སུ་ཞིག། བདག་ཅག་རྣམས་ཀྱིས་ཁྱོད་མི་ཤེས།། ཁྱོད་ནི་རབ་ཏུ་མཛེས་པར་མཐོང་།། ་གཟུགས་ནི་ཞི་ཞིང་གྲགས་པ་ཆེ།། ཡི་དྭགས་འཇིག་རྟེན་འཇིགས་ཆེན་དང་།། སེམས་དམལ་དུད་འགྲོ་རྣམས་ལས་ཐར།། ཇི་ལྟར་འགྲོ་བ་མཛེས་པ་བཞིན།། ཁྱོད་ཀྱི་སྡིག་པ་ཐམས་ཅད ་ནི། ཁྱེད་ཀྱི་ལག་ནི་སྣོད་ཡོད་པ།། རིན་ཆེན་སྣ་བདུན་ལྡན་པ་དང་།། ལུས་ལ་རིན་ཆེན་སྲོད་བུ་དང་།། གཟི་བརྗིད་ཕུང་པོས་བརྒྱན་པ་མཐོང་།། ཞི་བ་ཁྱོད་ཀྱིས་ཚིག་སྨྲས་པ།། བདག་ཅག ་ལན་འདེབས་མི་ནུསོ།། བདག་ཅག་ལ་ནི་ཟས་རྣམས་དང་། ཞིམ་པོ་སྐོམ་ཡང་མི་དགོས་ཏེ།། ཟས་ལས་གཤང་བ་འབྱུང་བར་འགྱུར།། དེ་བཞིན་སྐེམ་ཡང་གཅིན་དུ ་འགྱུར།། ཁུ་བ་རྣམས་ལས་ཁྲག་དུ་འགྱུར།། དེ་བཞིན་ཁྲག་ལས་ཤར་འགྱུར་བས།། ཟས་དང་སྐོམ་རབ་སྦར་བ་ཡང་།། བདག་དག་རྣམས་ལ་དགོས་མ་ཡིན།། དར་དང་སྣམ་བུ་སྒྲི ་བ་དང་།། ཕྲ་མོའི་གོས་ཀྱང་དགོས་པ་མེད།། གསར་གྱི་གདུབ་བུ་མི་དགས་ཏེ།། མུ་ཏིག་འཕྲེང་བ་དགོས་མ་ཡིན།། སོར་རྡུག་དག་ཀྱང་མི་དགོས་ཏེ།། དེ་ཀུན་མི་རྟག་ཆོས་ཅན།། འོ་ས། ་ཅག་ངན་པར་འགྲོ་རྣམསུ།། འགྲོ་བར་མི་འགྱུར་སྲོག་ཆེའོ།། ལྷ་རྣམས་ཀྱི་ནི་བདེ་བ་དང་།། ཆོས་ཀྱི་སྦྱིན་པ་དོན་དུ་གཉེར།། དགེ་བའི་བཤས་གཉེན་རྣམས་དགོས་ཏེ།། འ ་།། ལས་སྦྱར་རྒྱལ་མ་ཡིན།། རབ་ཏུ་བཟང་བའི་གླིང་བོར་ནས།། འཁོར་ལེས་སྒྱུར་བ་འཆི་བར་འགྱུར།། བུ་ཡང་ཕྱི་བཞིན་མི་འབྲང་སྟེ།། རླུང་མ་བུ་མེ་རྣམས་ཀྱང་མིན།། རིན་ཆེན་སྣ ་བདུད་ཕྱེན་ལས།། ཕྱི་བཞིན་འབྲང་བ་མ་ཡིནོ།། སྐྱེ་བོ་མང་པོ་བསྡུས་པ་ཡང་།། ཕྱི་བཞིན་འགྲོ་བ་མ་ཡིན་ཏེ།། མདུན་དུ་རྒྱུག་པའང་མ་ཡིན།། ད་ལྟར་ཕྱིན་ཆད་མི་འགྱུརརོ།། ཚེ་ཅིག་གི་ནི་རྒྱལ ་ལས་མི་རྟག་པས་ནི་འཁྱམ་གྱུར་ཏེ།། སྡིག་པའི་ལས་རྣམས་མེད་བྱས་པས།། དེ་དག་སེམས་དམྱལ་དུ་འབོད་ལྟུང་།། རིན་ཆེན་སྣ་བདུན་རྫུ་འཕྲུལ་ཆེས།། ཕྱོགས་བཞི་ཀུན་ཏུ་བསྐུ ་ལགས།། གང་ཆེ་ངུ་འབོད་སྨིན་པའི་ཚེ།། རྫུ་འཕྲུལ་དེ་ནི་གང་དུ་སོང་།། ས་གང་དག་ན་ཡོད་མིན་པ།། ཤི་ནས་རྫུ་འཕྲུལ་བྱེད་མི་ནུས།། གནས་བརྟན་བདག་ཅག་རྣམས་ལ་གསོན།། ག ་ནདེ་བཞིན་གཤེགས་པར་བཞུད།། ཕ་དང་མ་ནི་ཇི་ལྟ་བར།། དེ་ནི་མཐོང་བར་རབ་ཏུ་འདོད།། བདག་ཅག་ལ་ནི་མ་ཡང་མེད།། པ་མེད་པུ་ནུ་རྣམས་ཀྱང་མེད།། འཇིག་རྟེན་གཅས ་བཞིན་གཤེགས། ཉིད་པ་དང་མ་ཡིན།། གང་ཉིམ་ཟླ་བ་སྟེ།། བདེ་བའི་ལམ་ནི་རབ་སྟོན་པའོ།། གང་ཕྱིར་ཕྱིན་ཆད་མི་སྐྱེ་བར།། དེ་ནི་འཁོར་བ་ཟར་མཛད་པའོ།། ནན་མངས་ཆུབ་འཛམས ་ཆེན་དང་།། ཆུ་བོ་སྒྲོལ་བའི་གྲུ་དེའོ།། དེ་ཡིས་སེམས་ཅན་རབ་བསྒྲལ་ཏེ།། ཕྱིན་ཆད་སླར་ནི་མི་ལྡོག་གོ།། བྱང་ཆུབ་མཆོག་ནི་རབ་སྟོན་པ།། དམ་པའི་ཆོས་ཀྱང་དེ་བཤད།། བདག་ཅག་རྣམ ་ལ་ཟས་མེ་དགེས།། རྒྱལ་སྲིད་འབྲས་བུ་མི་འདོད་དོ།། སེམས་ཅན་དམྱལ་བས་འཇིགས་པ་ནི།། ལྷ་ཡི་འཇིག་རྟེན་འགྲོ་མི་བྱ།། མི་ཡི་ཆ་ནི་བདེ་བ་སྟེ།། དེ་ན་ཐམས་ཅད་མཁྱེན་པ་སྣ ་རང་གི་ལས་ནི་ཉེས་བྱས་པས།། ཚེ་ཐུང་རྣམས་ནི་འཁྱམ་པ་ཡིན།། དེ་དག་འཆི་བ་མི་ཤེས་ཀྱི།། འདོད་པའི་ལོང་སྤྱད་རྒྱལ་སྲིད་ཤེས།། སྐྱེ་དང་འགགས་པས་བསླུས་པ་རྣམས།། ཤེས་པ་མེད ་ཅིང་འཇིགས་པ་མེད།། མི་རྟག་པས་ནི་སེམས་འཁྲུལ་རྣམས།། ཕྲ་བའི་ཆོས་རྣམས་མི་ཤེས་ཏེ།། ཕྲ་བའི་དགོས་པ་མི་བྱེད་ལ།། ཞི་བའི་དབྱིངས་ཀྱང་མིག་སོ།། འཆི་འཕོ་ལ་ནི་སྐྱོ་མེད་པ ་ཡང་དང་ཡང་དུ་སྐྱེ་བར་འགྱུར།། ཡུན་རིང་སྡུག་བསྔལ་རབ་གཟིར་ཅིང་།། རྟག་ཏུ་དབྱུག་པས་བརྡེགས་བྱས་ནས།། གཞན་དག་གི་ཡང་འཕྲོག་བྱེད།། དེ་བཞིན་བཅིང་ཞིང་བསད་པ་བྱས ་སྔོན་གྱི་སྡིག་པས་བསྐུལ་བས་ན།། དེ་དག་བཅིང་བ་ལྔས་བཅིངསོ།། རེ་ཐག་ཀྱང་ནི་ཆད་པར་འགྱུར།། མྱ་ང་ན་ཟུག་རྔུས་ཟུག་པར་འགྱུར།། རྣམ་པར་ཤེས་པ་འགག་པ ་ན་སྙིང་རྫ་བར་ནི་སྨྲེ་སྔགས་འདོན།། བདག་གི་སྐྱོབ་པར་འགྱུར་བ་ལ།། གསེར་དང་དངུལ་དང་ཤེལ་དག་དང་།། ལོང་སྤྱོད་ཐམས་ཅད་བདག་གིས་དབུལ།། བདག་ནི་བྲན་དུའང ་འགྱུར་བར་བྱ།། བྲན་གྱི་ཚུལ་དུ་གང་གྱུར་པ།། ལས་རྣམས་ཐམས་ཅད་རབ་ཏུ་བྱ།། རྒྱལ་སྲིད་ལོང་སྤྱོད་བདག་མི་དགོས།། ནོར་དང་འབྲུ་ཡང་མ་ཡིནོ།། རང་གི་ལུས་ནི་བདག་ལ ་དགོས།། སྡིག་པ་བྱེད་པ་མི་འགྲོལ་ཏེ།། དེ་ལྟས་གནས་བརྟན་བདག་ཅག་ལ།། བཟའ་བ་དགོས་པ་མ་ཡིན།། གང་དག་ཁ་ཟས་ཞིམ་ཟོས་པ།། རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར།། ་བཏུང་བ་མཆོག་ནི་འཐུངས་པ་ཡིན།། ལྷའི་བུ་རྣམས་འཆི་བར་འགྱུར།། ཆོ་མཚོ་དགུ་རོ་ལྡན་པ།། ཟས་དང་སྐོམ་ནི་རབ་བཤམས་ཏེ།། རྒྱལ་པོའི་མདུན་དུ་བླངས་ན་སུ།། ཁ་ཟས ་།། ལ་མི་ལྡེས་རེག་ནས།། རྒྱལ་པོ་རྣམས་ནི་རོལ་ཆགས།། སྡིག་པ་མ་རླུང་རྣམས་ཀྱང་བྱེད།། གང་ལ་སྙིང་པོ་མེད་པ་ཡི།། མི་རྟག་རོ་ལ་ཆགས་པར་བྱེད།། བདག་ཅག་རྣམས ་ལ་སྐོམ་མི་དགོས།། བཟའ་བ་དག་ཀྱང་དགོས་མ་ཡིན།། བདག་ཅག་སྡུག་བསྔལ་གང་གྲོལ་བ།། ཆོས་ཉིད་དེ་འདྲ་དགོས་པ་ཡིན།། སྲེད་པའི་བཅིངས་ལས་རབ་གྲོལ་ཞིང་།། སྲེད་པའི ་ཉོན་མོངས་རྣམ་ཐར་ཏེ།། བཅིངས་པ་ཀུན་ལས་རབ་གྲོལ་བའི།། སངས་རྒྱས་དེ་ལ་སྐབསུ་དོང་།། དྲང་སྲོང་ཆེན་པོ་འཇིག་མགོན་ལ།། བདག་ཅག་རྣམས་ནི་སྐྱབསུ་དོང་།། སེམས་ཅན་རྣམས ་ཀྱིས་མཐོང་དགའ་ལ།། ཕྱག་འཚལ་ཕྱིར་ནི་བདག་ཅག་འདོང་།། ཁྱོད་ཀྱི་མཚན་ནི་མ་འཚལ་གྱིས།། སྙན་པའི་མཚན་ནི་བསྟན་ཏུ་གསོལ།། སྨན་གྱི་སྡེས་སྨྲས་པ།། ཁྱེད་ཀྱང་སྐྱེ་བ ་ཀྱང་།། དེ་བཞིན་མིང་ནི་ཐོས་པར་འདོད།། སེམས་ཅན་གནོན་བྱེ་བ་ཕྲག། སྟོང་གིས་དེ་བཞིན་གཤེགས་པ་བསྒོ་དེ་དག་གིས་སྨྲས་པ། ཁྱོད་ནི་སངས་རྒྱས་ཉན་ཐོས་ཏེ།། ་མིང་ནི་ཟབ་པར་གྲགས་པ་ཡིན།། སྐྱེ་བོ་ཀུན་ཀྱང་དེ་བཞིན་དུ།། ཁྱོད་ཀྱི་མིང་ནི་ཐོས་པར་འདོད།། སྨྲས་པ།། ང་ཡི་མིང་ནི་སྨན་གྱི་སྡེ།། ང་ནི་སེམས་ཅན་རྣམས་ཀྱི་སྨན།། སྨན་རྣམ ་ཀུན་གྱི་དམ་པ་ནི།། ཁྱེད་ཅག་རྣམས་ལ་བཤད་པར་བྱ།། ནད་ཀུན་གྱིས་བཏབ་སྐྱེ་བོ་ཡི།། ནང་རྣམས་ཐམས་ཅད་ཞི་བར་བྱེད།། འདོད་ཆགས་ནད་ནི་ནང་པོ་ཆེ།། འཇིག་རྟེན་འཇིག་བྱེད ་མི་བཟད་པ།། གང་གིས་བློ་མེད་འཁྱམ་པ་ཡི།། གཏི་མུག་ནད་ནི་ཆེ་ཞིང་དྲག། སེམས་དམལ་དེ་བཞིན་དུད་འགྲོ་དང་།། ཡི་དྭགས་རྣམསུ་སེམས་ཅན་འགྲོ། བྱིས་པ་འདི་དག་ན ་སྡང་ཟིན།། དེ་དག་ཇི་ལྟར་ཞི་བར་འགྱུར།། དེ་དག་གིས་སྨྲས་པ།། དགེ་བའི་ཆོས་ནི་འདི་ཐོས་པས།། བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ།། བྱིས་པ་བློ་ནི་མི་ཤེས་པ།། སྡུག་བསྔལ ་ཀུན་ལས་གྲོལ་ནས་ཀྱང་།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བདག་ཅག་ཆོས་ཀྱི་སྦྱིན་པ་ཉན།། སྡིག་པ་ཐམས་ཅད་རྣམ་སྤངས་ནས།། འཇིགས་པ་མི་བཟད་རྣམས་ཀྱང་སྤངས། ་ནང་རྣམས་ཐམས་ཅད་ཞི་བྱེད་པ།། སྨན་གྱི་རྒྱལ་པོ་སྨན་པ་སྟེ།། སྡུག་བསྔལ་རྣམས་གསོ་བྱེད་པ།། ཡང་དག་སངས་རྒྱས་མྱུར་དུ་ལྟ།། དེ་བཞིན་གཤེགས་ལ་ཕྱག་བྱ་ཕྱིར།། གནས ་བརྟན་ཁྱོད་ནི་མྱུར་དུ་བཞུད།། ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག། འཇིག་རྟེན་རྣམ་པར་འདྲེན་ལ་གསུངས། ནད་ནི་རབ་ཏུ་ཞི་བར་མཛོད།། ལུས་འདི་ཐམས་ཅད་རབ ་འབར་ཏེ།། ཚིག་ཅིང་ཞི་བ་མེད་པ་ཡི།། མི་བཟད་མེ་ནི་ཞི་བར་མཛོད།། ལུས་ཀྱི་ཁུར་ནི་ཁུར་པོ་ཆེ།། ཤིན་ཏུ་མི་བཟང་རྣོ་བའི་ཁུར།། སྡུག་བསྔལ་གཟིར་བ་བདག་ཅག་ལ།། དརྟུལ ་ཞུགས་དམ་པ་ཐུགས་རྗེ་མཛོད།། སྐྱེ་བོ་རྟག་ཏུ་ཞེ་སྡང་དང་།། གཏི་མུག་གནོན་པའི་ཁུར་ཁྱེར་ཏེ།། ཁུར་ལས་ཐར་པ་མི་ཤེས་པ།། དེ་དག་ཡང་དང་ཡང་ཁུར་ཁྱེར།། ཐར་པའི་ལམིན ་མོ་ཤེས་ཤིང་།། ཐར་པའི་ལམ་ནི་མ་མཐོང་ནམས།། འཆི་བ་རྣམ་པར་ཤེས་མེད་ཀྱི།། འོན་ཀྱང་འཇིགས་པ་མ་སྤྱོད།། བདག་ཅག་ལ་ནི་ནམ་དུ་ཡང་།། འཆི་བ་མེད་སྙམ་བདེ་བར་གནས ་ཀུན་ཏུ་འཁྲུལ་པས་མ་ཡི་བ།། མཐོང་ཡང་རྣམ་པར་མི་ཤེསོ།། དེ་དག་པ་ཡང་མི་དྲན་ཏེ།། ནད་ཀྱིས་ཀྱང་ནི་རྟག་གཟིར་ཅིང་།། ཉོན་མོངས་ལས་ཀྱིས་རབ་དཀྲུགས་ན།། ཇི་ལྟ་ཁ་ཟས ་། འགྱུར།། སྡུག་བསྔལ་ཉམ་ཐག་མི་ཤེས་ཏེ།། བདག་ཅག་ངལ་བདེན་མེད།། ཁྱེད་ཀྱི་སྡུག་བསྔལ་འདི་འདྲ་བ།། མ་རིག་གཞི་ལས་སྐྱེས་པའོ།། འདུ་ཤེས་འདུ་བྱེད་ཚོར་བ་རྣམས། ་འཇིགས་ཆེན་ལྕི་བའི་ཁུར་ཡི་ནོ།། གང་ཆོས་རྣམ་པར་མི་ཤེས་པ།། བྱིས་པ་སྲིད་པས་རབ་ཏུ་འཁྱམ།། ལུས་ཀྱི་ཁུར་གྱིས་བསྐོར་བ་ནི།། འཇིག་རྟེན་དུ་ཡང་དོན་མེད་སྐྱེས།། གོས་གཙང་ཤིན ་ཏྲ་བཟང་བ་དང་།། ཁྲུས་དང་བྱུག་པ་དགོས་པའོ།། ལུས་ལ་གང་ཡིད་འོང་བ་ཡི།། ཁ་ཟས་ཞིམ་པོ་དགོས་པ་སྟེ།། ཡིད་འོང་བའི་སིལ་སྙན་རྔ།། དེ་བཞིན་རྣ་བས་ཚོལ་བར་བྱེད།། རིན་ཆེན་སྣ ་བདུན་ལས་བྱུང་བའི།། གཟུགས་ལ་མིག་གིས་ཆགས་པར་བྱེད།། ཞིམ་བཱི་རོ་རྣམས་ཐམས་ཅད་ནི།། ལྕེས་ཀྱང་ཚོལ་བར་བྱེད་པ་སྟེ།། འཇམ་ཞིམ་ཕྲ་བའི་རེག་པ་ཡང་།། ལུས་ཀྱིས ་རྟག་ཏུ་ཚོལ་བར་བྱེད།། ལུས་ཀྱིས་སུ་ནི་ཤ་གཉིས་པའོ།། དགའ་བར་ཡང་ནི་སྒྲུབས་པ་ལས།། སེམས་པ་མེད་པའི་ལུས་འདི་སྐྱེས།། དེ་ལ་དགའ་བ་སུ་ཞིག་རེང་།། དེ་ན་བདག་རྐང་དགའ ་བྱེད་པ།། ལྷམ་ནི་རབ་ཏུ་བཟང་གྱོན་ཡང་།། འཆི་བར་འགྱུར་ཆེ་གོས་རྣམས་དང་།། བྱུག་པ་སྐྱབསུ་མི་འགྱུར་ཏེ། ལུས་ཀྱང་སྐྱབསུ་འགྱུར་མིན་ན།། གོས་དང་བྱུག་པ་སྨོས་ཅི་དགོས།། མི་ཞེས་བྱ་བ ་ལུས་ཡིན་ཏེ།། དབུགས་དང་སྟོབས་ཆེན་རྙེད་པར་འགྱུར།། སོ་སོར་རྟོག་པ་རྣོ་བའི་སྟོབས།། དེ་ནི་ལུས་ལ་ཡོན་ཏན་མེ།། སྔོན་ཆད་རྟ་དང་གླང་པོ་ཡིས།། ཀུན་ཏུ་བསྐོར་ནས་རྩེ་ཞིང་འཁྱམ།། ར ་པའི་ཆོས་ནི་མ་ཤེས་ནས།། བདག་ཅི་སྡིག་པའི་ལས་ལ་དགའ།། འཇིག་རྟེན་ཕ་རོལ་མ་ཤེས་ནས།། རྩེ་བས་སྡིག་པ་བྱེད་བཅུག། བདག་ནི་ཡང་དང་ཡང་སྐྱེས་ཏེ།། ཤི་བ་བདག་ལ་ཡང་འོང་སོ།། ་དང་ཡང་དུ་མྱ་ངན་མཐོང་།། སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས།། མ་རྣམས་ཀྱང་ནི་ཤི་བ་མཐོང་།། ཕ་རྣམས་ཤི་དང་གཉེན་དག་དང་།། སྲིང་མོ་དང་ནི་བུ་དག་དང་།། ཆུང་མ་རྣམས་ཀྱང་ཤིང་མ ་མངོན་པར་འདུ་བྱེད་ཀུན་སྟོང་ན།། སེམས་དང་བཅད་པ་སུ་ཞིག་ཆགས།། འདོད་པས་ཟིན་པའི་སེམས་ཀྱིསུ།། བདག་གིས་ཡིད་བརྟན་རུང་བར་ཤེས།། ཞི་བའི་ཆོས་ནི་མི་དམིགས་ཏེ།། འཆི་བ་ལ་ནི ་མངོན་དགའ་མེད།། དེ་ཕྱིར་འདོད་པས་བསྒྲིབས་སེམས་ཀྱིས།། བདག་གིས་སྦྱིན་པ་མ་སྦྱིན།། དེ་བས་འདོད་དང་མཉམ་སྡིག་མེད།། དེ་ནི་ང་དུང་མི་ལྡོག། ཀུན་ཏུ་ནོར་པས་བདག་ཅག་སྐྱེས།། འགྲོ་བ ་མཐའ་དག་ཀུན་ཏུ་ནོར།། ཀུན་ཏུ་ནོར་བའི་སྒྲ་ཡང་ཉན།། དམ་ཆོས་མ་ཡིན་ཡོངསུ་འཛིན།། ཐར་པ་དང་ནི་བསམ་གཏན་ཙ་ལ།། ལུས་ནི་ཁུར་དུ་བཀུར་མི་བྱ།། འཇིག་རྟེན་དོན་དུ་འགྲོ་བའི་ག ་སངས་རྒྱས་སྟོན་པ་རྣམསུ་ཤོག། སངས་རྒྱས་འཇིག་རྟེན་པ་དང་མ།། སངས་རྒྱས་ལམ་ནི་རབ་སྟོན་པ།། འཛམྦུའི་གླིང་ནི་ཀུན་ཏུ་ཡང་།། རིན་ཆེན་མར་པ་རབ་ཏུ་འབེབས།། ཆོས ་ཀྱི་བསྡུ་བ་ཅི་འདྲ་བ།། སེམས་ངན་བླུན་པོས་མི་ཤེས་ཏེ།། བྱང་ཆུབ་དུ་ནི་སེམས་བསྔོས་ནས།། ཆོས་ཀྱི་བསྡུ་བ་ཐོབ་པར་འགྱུར།། འདུ་བྱེད་ཐམས་ཅད་སྟོང་པ་སྟེ།། དེ་བཞིན་ལོངས་སྤོང་ནོར་ཡ ་སྟོང་།། བདག་ཀྱང་སྟོང་པར་མཐོང་བས་ན།། མཐོང་ནས་རེ་བ་མེད་པར་འགྱུར།། གནས་བརྟན་སྨན་གྱི་སྡེ་ཁྱོད་ཀྱིས།། བདག་ཅག་རྣམས་ཀྱི་ཚིག་གསེན་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ཕྱིར། ཁྱེད་ནི་ཕོ་ཉར་བཞུད་འཚལོ།། འཁོར་བའི་ཞེས་པ་རྣམས་དྲན་ནས།། བྱང་ཆུབ་སེམས་དཔའ་སྐྱོ་བ་མེད།། བརྩོན་འགྲུས་ལྡན་ཞིང་དཀའ་ཐུབ་ཆེ།། ཡོན་ཏན་ཀུན་ཏུ་བསྡད་པར་བྱེད།། སྟོན ་། ག་ལ་བཞུགས་པར་བཞུད།། སྟོན་པ་བདེ་བར་རབ་སད་ནས།། རྒྱལ་བ་ཅུང་ཟད་མི་སྐྱེ་བར།། བདག་ཅག་སླ་དུ་ཞུ་བ་མཛོད།། ཁྱོད་ཀྱིས་བདུད་ནི་བཞོན་པ་དང་།། སྟོབས་དང་བཅས་པ ་ཕམ་པར་བྱས།། སེམས་ཅན་ཐམས་ཅད་ཡོངས་འཛིན་པའི།། ཆོས་ཀྱང་མྱུར་དུ་འབར་བར་བྱས།། གང་གིས་སངས་རྒྱས་འགྱུར་བ་ཡི།། ཆོས་ནི་བདག་ཅག་མ་ཐོས་ཀྱིས།། བདག་ཅག་རྣམས ་ཕན་པའི་ཕྱིར།། གནས་བརྟན་མྱུར་དུ་བཞུད་གསོལ།། སུམ་ཅུ་རྩ་གཉིས་མཚན་མངའ་བའི།། དེ་བཞིན་གཤེགས་པ་མ་མཐོང་བ།། དེ་སྲིད་བདག་ཅག་མི་རྒལ་ཞེས།། ཐམས་ཅད་གུས་དང ་བཅས་པར་གནས།། སྨན་གྱི་སྔ་སྨྲས་པ།། ཁྱེད་ཅག་ད་ལྟར་ཅི་ཞིག་མཐོང་།། རེ་ཤིག་གྱེན་ཏུ་བལྟ་བར་བྱོས།། དེ་དག་གྱེན་དུ་ལྦ་ས་པ་དང་།། ཁང་པ་བརྩེགས་པ་སུམ་སྟོང་དང་།། ་ལྔ་བརྒྱ་ཐམ་པར་ཚང་བ་ཞིག། ཀུན་ཏུ་ཡང་ནི་གནས་པར་གྱུར། རིན་ཆེན་བདུན་གྱིས་ཤིན་ཏུ་སྤྲས།། རིན་ཆེན་དྲ་བས་ལེགས་པར་བརྒྱན།། དབུས་ན་མེ་ཏོག་རབ་ཏུ་རྒྱས།། ་རྫས་སྤོས་ཀྱང་རབ་ཏུ་འབབ།། དེ་ནས་གནས་བརྟན་དྲིས་པ་ནི།། ཁང་བརྩེགས་རིན་ཆེན་དྲ་བ་དང་།། པདྨ་ཟེ་བ་ཀུན་གནས་པར།། འདི་ན་སྣང་བ་འདི་ཅི་ཞིག། སྨན་གྱི་སྡེས་སྨྲས་པ།། གམ ་འདི་དག་ནི་ཁྱེད་ཀྱི་སྟེ།། སངས་རྒྱས་ལྟ་བའི་ཕྱིར་དེང་ཤིག་འཇིག་རྟེན་འདས་གཙོ་གང་ཡིན་པ།། འཇིག་རྟེན་སྣང་བྱེད་དེ་ལ་ཐུད།། དེ་དག་གིས་སྨྲས་པ། དེའི་ལམ་ཡང་མ་འཚལ་ཏེ།། དེ་བཞི ་གཤེགས་པའང་མ་མཐོང་ན།། གང་ན་ལམ་ཡང་མ་འཚལ་བས།། ཕྱག་འཚལ་དུ་ནི་གང་དུ་མཆི།། སྨན་གྱི་སྔོས་སྨྲས་པ།། ནམ་མཁའ་མཐའ་ཡས་ཇི་བཞིན་དུ།། རེག་པར་རུང་བ་མ་ཡིན ་པས། བདུད་རྩི་རབ་སྦྱིན་སྟོན་པ་ལ།། ཕྱག་འཚལ་ཕྱིར་ནི་འགྲོ་མི་བྱ།། ཇི་ལྟར་རི་རབ་གནས་པ་ལྟར།། སྟོན་པ་དེ་ཡང་གནས་ན་བཞུགས།། རི་རབ་གཞལ་དུ་རུང་བ་ཡིན།། རྒྱ་མཚོ་ཆེན་པོ་གཏི ་ཚེད་ཟིན།། སྟོང་གསུམ་རྡུལ་ཕྲན་དཔག་ཏུ་རུང་།། སངས་རྒྱས་འབྱུང་བ་ཤེས་མ་ཡིན།། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས།། འཇིག་རྟེན་སྣང་བར་མཛད་ལ་འདུད།། སྨྲས་པ། འཇིག་རྟེན ་མགོན་པོ་བདག་ཅག་གཟིགས།། བདག་ཅག་བསམ་པ་རྫོགས་པར་མཛོད།། བདག་ཅག་སེམས་ཀྱིས་སྟོན་པ་ལ།། ཕྱག་བགྱིས་དེ་ནས་འབྲས་བུ་ཐོབ།། སྨན་གྱི་སྡེས་སྨྲས་པ། སྟོན་པ་དྲི་ལ་མི ་ཆགས་སྟེ།། ཕྲེང་བ་མ་ཡིན་བྱུག་པ་མིན།། གང་གིས་འདུས་བྱས་གྲོལ་འགྱུར་བ།། སེམས་ཅན་རྣམས་ཀྱི་རྒྱུ་འཛིན་ཏོ།། གང་གིས་ཡིད་ནི་བཏུལ་བྱས་ཤིང་།། སངས་རྒྱས་ལ་ཡང་སྒྲུབ ་སེང་བ།། དེ་ལ་བཏུད་ནི་མི་བཟད་མཆོག། བབ་མོ་རྒོལ་བར་མི་བྱེད།། འཆི་བའི་དབང་དུ་མི་འགྲོ་ཡི།། གཟུངས་ནི་མྱུར་དུ་རྙེད་པར་འགྱུར།། དེ་སེམས་རབ་ཏུ་དང་བྱས་ནས། ་དེ་ནས་སྟོན་པ་མཐོང་བར་འགྱུར།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་བིང་ཀའི་སྒྲ་སྐད་ཡིད་དུ་འོང་བ་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བཅོམ ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། འོད་ཟེར་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། འོད་ཟེར་དེ་དག་གིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པ ་གྱི་སྒོ་ནས་བྱུང་ནས། སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་ཐམས་ཅད་བགྱིས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བགྱིས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་པའི་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་ཡང་བཅོམ་ལྡ ་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་ལ ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཁྱོད་ཅི་དང་མི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་ར ་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་བྱེ་བ་སྟོང་ཕྲག་སུམ་ཅུ་བྱུང་བ་དེ་དག་གིས། དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས། སེམས་ཅནན ་པོ་རྣམས་ལ་སེམས་ཅན་རྒན་པོ་ཁྱེད་རྣམས་ནི་ཆོས་མིཤེས་པའོ།། རྟག་ཏུ་ཆོས་མ་ཡིན་པ་དང་མི་དགེ་བ་ལ་ཆགས་པའོ་ཞེས་ཕྲ་མེ་རྣམས་མི་སྙན་པ་མཆི་ཞིང་ཡོངསུ་བརྗོད་ལ་གནོད་། ་པ་བགྱིད་ན། བཅོམ་ལྡན་འདས་དེ་ཅིའི་སླདདུ་ཚིག་སྙན་པ་ཡིད་དུ་འོང་བ་འདི་དག་སྨྲས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་དག་ཅིའི་ཕྱིར་ཚིག་འདི་སྨྲས་པ་མི་ཤེས ་སམ། དེ་དག་ནི་དེ་བཞིན་གཤེགས་པ་ལ་འཛུམ་ཤིན། ཏུ་སྙན་པ་སྨྲ་སྟེ། ཆེས་ཀྱང་ཐོས་པས། སྨན་གྱི་སྡེ་དེའི་ཕྱིར་ཆོས་དེ་དག་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པར་འགྱུརརོ།། ཡོན་ཏན་ཟད ་དང་ལྡན་པར་འགྱུར་དེ་དག་ཐམས་ཅད་གཟུངས་རྟོགས་པར་འགྱུར། དང་ཕྱིན་ཆད་ས་བཅུ་ལ་གནས་པར་འགྱུར། དང་ཆོས་ཀྱི་རྔ་ཆེན་པོ་སྒྲ་འབྱིན་པར་འགྱུར། དེང་ཆོས་ཆེན་པོའི་རྣམ ་པ་དང་ལྡན་པར་འགྱུརརོ།། སྨན་གྱི་སྡེ་ཁང་པ་བརྡེགས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགསོ།། བདེ་བར་གཤེགས་པ་མཐོང་ལགས།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་ང་ཉིད་སེམས་ཅན་གཞོནུ་འདི་དག་ཁང་པ་བརྩེགས་པ་དེ་དག་གི་ནང་དུ་ཞུགས་ནས། ཆོས་མངོན་པར་རྟོགས་པ་འཐོབ ་པར་འགྱུརོ།། དེང་ཉིད་དགེ་བའི་ཆེས་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པར་འགྱུ་རོ།། དེང་ཆེས་ཀྱི་རྔ་ཆེན་པོ་རྡུང་བར་འགྱུར་ཏེ། ལྕེའི་རིས་དུ་མ་ཞིག་དང་ཆོས་མངོན་པར་རྟོགས ་པ་ཐོབ་པར་བྱེད་པར་འགྱུར་རོ།། སེམས་ཅན་དམྱལ་བའི་སེམས་ཅན་ལོག་པར་ལྟུང་བ་ལ་གནས་པ་མང་བ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་ཐོས་ནས། འཁོར་བ ་།། ལ་བསྒྲིལ་ཏེ་རྒྱལ་བར་འགྱུརོ།། དེའི་ཚེ་སེམས་ཅན་རྒན་པ་བྱེ་བ་སྟེང་ཕྲག་དགུ་བཅུ་ཐམས་ཅད་ཀྱིས་རྒྱུན། ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཐམས་ཅད་ཀྱང་ཆེས ་དང་ལྡན་པར་འགྱུརརོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་སྡུག་བསྔལ་ཐམས་ཅད་ཡོངསུ་སྤངས་པར་འགྱུརརོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་སྒྲུབ ་པར་འགྱུརོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་ཆོས་ཆེན་པོའི་སྒྲ་དང་ལྡན་པར་འགྱུརརོ།། སྨན་གྱི་སྡེ་ཕྱོགས་བཞིན་ལྟོས་ཤིག། བྱང་དུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི ་སྡེས་ཕྱོགས་བཞི་ཀུན་ཏུ་བལྟས་པ་དང་། ཤར་ཕྱོགས་ན། ས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་ལྔ་བཅུའི་བྱེ་མེ་སྙེད་འོང་། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དང ་གངྒའི་ཀླུང་བྱེ་བ་ཕྲག་དྲུག་ཅུའི་བྱེ་མ་སྙེད་འོང་། ནུབ་བྱོག་ས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བདུན་ནུའི་བྱེ་མ་སྙེད་འོང་བྱང་ཕེགས་ནས་བྱང་ཆུབ ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུའི་བྱེ་མ་སྙེད་འོང་། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འང་། སྟེང་གི་ཕྱོགས ་ནས་བྱང་ཆུབ་སེམས་དཔའའི་གང་གའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འོང་སྟེ། དེ་དག་ལྤགས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོང་།། པོགས་གཅིག་ཏུ་ལ ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ན་མཁའ་བར་སྣང་ལ་གཟུགས་ནག་པོ་ད ་གཟུགས་དམར་པོར་གདའ་བ་ཅི་ལགས།། བཀའ་སྩལ་པ། སྨན་གྱི་སྡེ་གང་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་མཐོང་བ་འདི་ཅི་ཡིན་མི་ཤེས་སམ། དེ་བཞིན་གཤེགས ་པས་ནི་མཁྱེན་ཏེ། སྨན་གྱི་སྡེ་འདི་ནི་བདུད་ཡིནོ།། སྨན་གྱི་སྡེ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་འཚལོ།། བདེ་བར་གཤེགས་པ་འཚའོ།། བཅོམ་ལྡན་འདས་ཀྱིས་བཀ ་སྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་པ་འདི་ལྟ་བུ་ལྷག་སོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི ་ངག་ལྷགས་པའི་རྒྱུ་གང་ལེགས། རྐྱེན་གང་ལགས། བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་གཞོན་རྣམས་ཀྱི་རྐྱེན་གྱིས་ཏེ། ད་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཆོས་དང ་ལྡན་པར་འགྱུརརོ།། སྨན་གྱི་སྡེ་ཁྱོད་ཀྱིས་སེམས་ཅན་གཟུགས་སྣ་ཚོགས་འདིར་ལྷགས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱིན་གྱི་རླབས་སྣ་ཚོགས་ཀྱིས་འདི ་ལྷགས་པ་དག་མཐོང་ངམ། གསོལ་པ། བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་། བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཁྲག ་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་ཅིག་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས། ཁ་དོག་སྣ་ཚོགས་པ་དག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོ ་ཀྱི་གནས་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་འཁོར་དང་བཅས་ནས། ཆོས་ཀྱི་གནས་ལ་གནས་པ་མཐོང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང ་། ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གསར་རིང་དེ་དག་ཏུ ་དང་ཐམས་ཅད་དང་ལྡན་པའི་འཁོར་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་འཕགས་པ་ཟུང་གི་མངའི་ཆོས་ཀྱི་རྣམ་གྲངས་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་རྗེ་སེ་ཤེས་སྔ ་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཨཱརྱ་ཨད་བྷཱུ་ཏ་དྷརྨ་པརྱ་ཡ་ནཱ་མ། བོད་སད་དུ། འཕགས་པ ་