| Wylie | e-texts produced with BDRC’s OCR application |
ཆེན་པོ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལོ་མངོན་པར་བསྟོད།། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོག་སྷོ།། །། རྒྱ་གར་གྱི་མ ་བ~ཾ་ཛི་ན་མི་ཏྲ་དང་། དྲན། ཤཱི་ལ་དང་། ནུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསང་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་བའ་ག། རྒྱ་གར་སྐ་དུ། ཨ་མྲྀ་ཏ་བྷ་བ་ནཱ་མདྷཱ་རཎཱ ་།། བོད་སྐད་དུ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅྡོཾས་རྒྱལ་པོའི ་ཁབ་བྱང་ཆུབ་ཀྱི་ཤིང་དྲང་ན།། འཁོར་རྣམ་བཞི་དང་། ལྷ་དང་། མི་རྣམས་ཀྱིས་བསྐོར་ནས་བཞུག་སོ།། དེ་ནས་འཁོར་རྣམས་ཀྱི་ནང་ནས་ཁྱིམ་བདག་བཟང་སྐྱོང་གིས། བཅོམ་ལྡན་འདས་ཀྱི་འཁོར་རྣམ་པ ་བཞི་དང་། རིགས་དྲུག་གི་སེན་ཐད་ལ། སྤོས་དང་། སྨན་དང་། ཞལ་ཟས་ཀྱི་མཆོད་པ་ཆེན་པོ་བཤམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཟའ་བ་དང་བཅའ་བ ་དང་།། བཏུང་བ་འདི་རྣམས་སེན་རྣམས་ཀྱི་དོན་དུ་བྱིན་གྱིས་བརླབས་ཏུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། ཞལ་ཟས་ཀྱི ་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟང་དུ་རཾ་དཀར་བོ་ལ་ཆོས་ཐད་རྡུལ་དང་བྲལ་བའོ།། ཞེས་བྱ་བའི་སྒྲ་བྱུང་བས་ཞལ་ཟས་ཀྱི་དམ་དག་པར་གྱུར་ཏོ།། ཡང་ཟླ་བའི་དཀྱིལ་འཁོར་གྱི ་སྟང་དུ་ཨ་དཀར་པོ་བསམས་ཏེ། ཞལ་ཟས་ལྷའི་བདུད་རྩི་དང་ཡོ་བྱད་དུ་གྱུར་ཏོ།། ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ།། ཨོཾ་ཞེས་པས་འཕགས་པ་དང་སེན་ཐད་མཉེས་ཤིང་ཚིམ་པར་གྱུར་ཏེ།། ་ད་ནས་བཅྡོཾས་ཀྱིས་ཕྱག་ན་རྡོ་རྗེ་ལྟར་བྱས་ཏེ་གཟུངས་འདི་གསུང་སོ།། ཨོཾ་སརྦ་དྷརྨ་ཏཱ་བཛྲ་སིདྡྷ་ཧཱུཾ། ཨོཾ་ཨ་མྲྀ་ཏ་ཙྪ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤཱ་མུ་ཁེ་བྷྱ། སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ། ་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀོ་ཏོ་ས~ཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལ~ཾ་ཙན་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ།། ཞེས་གཟུངས་འདི་བརྗོད་མ་ཐག་ཏུ་མཆོད་པའིན ་ཟས་ཀྱིས་མཆོད་ནས། འཕགས་པ་ཟད་མཉེས་པ་དང་། སེན་ཛད་བདེ་བར་གྱུར་ཏེ།། དེ་ནས་ཁྱིམ་བདག་བཟང་སྐྱོང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། སངས ་རྒྱས་དང་བྱང་ཆུབ་སེདེའ་ཐད་ཀྱི་མཐུ་དང་། ཆོས་ཀྱི་དབྱིངས་རྣར་དག་པའི་བྱིན་གྱིས་བརླབས་ཀྱི་མཐུ་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་འཕགས་པ་ཐད་ཀྱི་གྲོང་དང་། སེན ་བད་ཀྱི་གནས་དང་། སེམས་ཅན་ཐང་ཀྱི་རྒྱུད་ལ་ཆོས་དང་ཟང་ཟིང་གི་ལོང་སྤྱོད་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ཁྱབ་པ་བརྗོད་ཀྱིས་མི་རྫོགས་པ་འཐུང་ཞིང་རྒྱས་པར་གྱུར་ཅིང་། སངས་རྒྱས ་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། ཕྱག་རྒྱ་དང་། ཏི་འཛིན་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ་ཆོས་ཀྱི་སྦྱིན་པ་དང་། བདག་གི་ཟང་ཟོང་གི་སྦྱིན་པ་འདིས་བདེ་བ་དང་། དགའ་བར་གྱུར་ཅིག། བཅོམ་ལྡན། འདས་ཀྱིས་ལེགསོ།། ཞེས་བྱ་བ་བྱིན་ཏེ། ཁྱིམ་པ ་བཟང་སྐྱོང་ལག་སོ།། དགའ་བའི་སྤྱོད་པ་འདི་ལྟ་བུ་བྱེད་པ་ལེག་སོ།། ངའི་འཁོར་ལྷོ་དང་མི་རྣམས་ཀྱིས་ཀྱང་འདི་ལྔར་མཆོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ང་སྐད་ཅེས་བཀའ་སྩལ་ནས། ་ཐང་དང་ལྡན་པའི་འཁོར་དང་། ཁྱིམ་བདག་བཟང་སྐྱོང་རྗེ་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དགའ་བར་གྱུར་ཏོ།། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས ་རྫོག་སྷོ།། །། ཡི་དྲགས་ཁ་ནས་མ་འབར་བ་ལ་སྐྱབས་མཛད་པའི་གཟུངས།། དེའི་ཆ་བཅོས་ཡུལ་སེར་སྐྱ་ན། དགེ་འདུན་གྱི་གནས་ན། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་ས་དེའ ་