CLOSE WINDOW

L48: 'phags pa ting nge 'dzin mchog dam pa
Wyliee-texts produced with BDRC’s OCR application

མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨརྱཱ་ས་མ་དྷི་ཨ་གྲ་ཨུད་ཏམ། བོད་སྐད་དུ། ་འཕགས་པ་ཏིང་འཛིན་མཆོག་དམ་པ། བམ་པོ་གཅིག་གོ། འདི་སྐད་བདག་གིས་བོས་པ་དུས་གཅིག་ན། བཅོམ་ལྡན། ངས་རྒྱལ་པོའི་ཁབ་ན། དགེ་སློང་ཆེན་པོའི་དག ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ལྔ་སྟོང་དུ་མ་དང་། ལྷ་ཀླུ་ལ་སོགས་པ་སྡེ་བརྒྱད་དང་། ལྷ་དང་མི་ལ་སོགས་པ་འཁོར་མང་པོ་དང་ཐབས ་གཅིག་ཏུ་བཞུག་སོ།། དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞིའི་མགོན་པོ་བཞི་དང་། སྲིན་པོ་དང་ཡི་དགས་ལ་སོགས་ཏེ་སྡེ་བཞི་ཡང་འཁོར་དེར་འདུས་པར་གྱུར་ཏོ།། དེའི་ཚེ་ན ་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་འཛིན་ལ་བཞུགས་ནས། ཅང་མི་གསུང་ཞིང་བཞུགས་པ་ལས་འཁོར་མང་པོ་རྣམས་ཐེ་ཙོམ་དུ་གྱུར་ནས། དེ་ནས་འཇམ་དཔལ་གནོདུ་ཆོས ་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས། ཚིག་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། ཤིམ་ཏུ་ལེག་སོ་ཆོས་ཀྱི་རྗེ། ་འཛིན་ལ་ཞི་བར་ཞུགས།། འཁོར་གྱི་དཀྱིལ་འཁོར་མང་པོ་རྣམས།། ཐམས་ཅད་ཐེ་ཙོམ་སྐྱེས་པར་གྱུར།། ཤིན་ཏུ་ལེགསོ་ཉི་ཟླའི་འོད་།། ཅང་མི་གསུང་བར་སྣང་མི་མཛད།། ཤིན་ཏུ་ལེགས་སོ ་རིན་ཆེན་གཏེར།། དབུལ་ཕོངས་རྣམས་ལ་སྦྱིན་མི་མཛད།། ཤིན་ཏུ་ལེགས་མེ་ཡི་རྒྱལ།། ཏིང་འཛིན་ལས་བཞེངསུ་གསོལ།། ཤིན་ཏུ་ལེགསོ་ཀླུའི་རྒྱལ།། བདུད་རྩིའི་ཆ་རབ་དཔག་ཏུ་གསོལ། ་ཤིན་ཏུ་ལེགསོ་ལྔ་ཡི་མཆོག། མྱུར་དུ་ཆོས་རྣམས་བསྟན་ཏུ་གསོལ།། ཤིན་ཏུ་ལེག་སོ་སེམས་ཅན་ལ།། ཐེག་པ་གཅིག་དོན་སྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཏིང ་འཛིན་དེ་ལས་བཞེངས་ནས། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ལ་རིན་པོ་ཆེ་བླ་ན་མེད་པའི་ཡེ་ཤེས་མང་དུ་ཡོད་པ། ཁྱེད་ལ་ཕན་པ་དང་བདེ་བར་མཛད་ཅིང་། ་དབུལ་ཕོངས་པ་དང་བྲལ་བར་བྱ་བ་ཡོད་ཀྱིས། ཐེ་ཙོམ་མེད་པར་ཅི་དང་ཅི་འདོད་པ་དྲིས་ཤིག། དེ་ནས་དགའ་བོ་སྟན་ལ་ས་ལངས་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་བདག་གིས་ནི་མང་དུ་ཐོས་པས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་སྙམ་ན། མདོ་སྡེ་དག་ལས་བཤད་པ་ཐོས་ལྟར་ན། མང་དུ་ཟོས་ཤིང་ཤེས་རབ་རྣོ་བའི་དབང ་པོ་དང་ལྡན་པས་ནི། བྱང་ཆུབ་ཐོབ་པ་ཤིན་ཏུ་དཀའ་སྟེ། བགེགས་བརྒྱད་དུ་སྐྱེའོ་ཞེས་འབྱུང་ན། བདག་གིས་ཇི་ལྟར་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཐོབ་པར་འགྱུར། བཅོམ་ལྡན་འད ་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་མང་དུ་ཐོས་པ་ལ་སེམས་རྣམ་པ་གཉིས་ཏེ། གང་ཞེ་ན། ཏིང་འཛིན་གྱི་སེམས་དང་། འཁྲུལ་པའི་སེམསོ།། སེམས་ཏིངངེ་འཛིན་ལ་གནས ་ན་ནི་མང་དུ་ཐོས་ཀྱང་གནོད་པ་མེདོ།། སེམས་འཁྲུལ་པ་ལ་གནས་པ་ནི་མང་དུ་ཐོས་པས་ཀྱང་ཕན་པ་མེད། གང་གིས་ཏིང་འཛིན་དང་ཤེས་རབ་དང་ཤིན་ཏུ་ལྡ ་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུརོ།། དགའ་བས་གསོལ་པ། བཅོམ་ལྡན་འདས་ཅིའི་སླདདུ། མདོ་ཀུན་ལས་དིང་འཛིན་དང་ཤེས་རབ་ནི་མཆོག་དམ་པའོ་ཞེས་བསྟོད།། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཏིང་འཛིན་དང་ཤེས་རབ་དུ་ལྡན་པ་ནི་རི་དགས་ཀྱི་ནང་ན་སེངྒེ་མཆོག་ཏུ་གྱུར་པ་དང་། སྣང་བ་ཐ~ཾད་ཀྱི་ནང་ནཉི་མ ་མཆོག་ཏུ་གྱུར་པ་དང་། རིའི་ནང་ན་རི་རང་ལྷུན་པོ་མཆོག་ཏུ་གྱུར་པ་ལྟ་བུའོ།། དེ་ཡང་ཅིའི་ཕྱིར་ཞེ་ན། ཏིང་འཛི་ན་དང་ཤེས་རབ་དུ་ལྡན་པའི་ཤུགས་ནི། མཆོག་དམ་པ་ཡིན་པ། ་ཕྱིརོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བ་ཀའ་སྩལ་པ། དགའ་བོ་གལ་ཏེ་མི་ཞིག་གིས་ཤིང་ཙན་དན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་པ ་བའི་གཙུག་ལག་ཁང་བརྩིགས་པ་དང་། མི་གཞན་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས། ་མི་དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། མི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་བསོད་ནམས་མཆོག།། སངས་རྒྱས་ཀྱི ་དགའ་བོ་ལ་བཀའ་སྩལ་པ། གཞན་ཡང་མི་ཞིག་གིས་གསེར་ཐ་མལ་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་པ་དང་། མི ་གཞན་ཞིག་གིས་གསེར་བཙེ་མ་ལས་སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དག ་བེས་གསེལ་པ། གསེར་བཙེ་མ་ལས་བགྱིས་པ་བསོད་ནམས་རབ་ཏུ་ཆེའོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་ཤིང་ཙན་དན་དང་། སྤོས་ཀྱི་ཤིང་གཞན ་དག་ལ་སྟེང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུག་བྱས་ཏེ་མཆེད་ཅིང་ཕྱག་འཚལ་བ་དང་། མི་གཞན་ཞིག་གིས་གསེར་བཙེ་མ་དང་། རིན་པོ་ཆེ་སྣ་བདུན་ལས ་སྟེང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་ན། མི་དེ་གཉིས་ཀྱི་བསེད་ནམས་ལ་ཁང་པར་ཡང་དམ་དགའ ་ས་གསོལ་བ། རིན་པོ་ཆེ་སྣ་བདུན་དང་། གསེར་བཙེ་མ་ལས་སྐུ་གཟུགས་བགྱིས་པའི་བསོད་ནམས་ཆེ་སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ནག ་ཀིས་སྟེན་པ་ཆེན་པོའི་སེམས་བསྐྱེད། རིན་པོ་ར་སྣ་བདུན་གྱི་བང་མཛོད་དང་། ཆུང་མ་དང་བུ་སྦྱིན་པ་སྦྱིན་པ་དང་། མི་གཞན་ཞིག་གིས་ཡན་ལག་གི་དམ་པ་མགོ་དང་། མིག་དང ་དང་དེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན་པ་སྦྱིན་ན། མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད། དགའ་བོས་གསེལ་བ། རིན་པོ་ཆེ་སྣ་བདུན་དང་། ལུས་པ ་དཔལ་བུར་བཅསུ་སྨིན་པ་སྦྱིན་པའི་བསོད་ནམས་ཆེ་བ་ལག་སོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་སྟོང་གསུམ་གྱི་སྟེང་མ ་པེའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ལ་འཇིག་རྟེན་དུ་སྤེལ་ཏེ། ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པ་དང་། དེ་ལ་མི་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན ་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ཡི་གེ་བཞིན་དུ་འདོན་ཅིང་། ཡི་གེ་ཡང་དོན་སྟོན་ཅིང་ཁོང་དུ་ཆུད་ན། མི་དེ་གཉིས་ཀྱི་བསོད་ནམས་གང་ཆེ། དགའ་བས་གསོལ་པ། ཡི་གེ ་བཞིན་དུ་འདོན་ཅིང་ཁོང་དུ་རུད་པ་བསོད་ནམས་ཆེའོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་ཐོགས་པ་མེད་པར་ཁ་དོན་དུ ་ལ་དོན་ཟབ་མོ་མི་ཤེས་པ་མདོ་སྡེ་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ཙམ་འཆང་བ་དང་། དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས་ཀྱང་བ ་ཁ་ཏོར་བྱང་བར་ཤེས་ལ། དོད་ཟབ་མ་ཡང་རྟོག། ས་ཏེ་མདོ་སྡེའི་གླགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ཙམ་འཆང་ན། མི་དེ ་གཉིས་ཀྱི་བསོད་ནམས་གང་མཆོག་ཏུ་གྱུར་པ་ཡིན། དགའ་བོས་གསོལ་པ། ཁ་ཏོན་བགྱིད་པ་ལ་དོན་ཡང་རྟོགས་ཏེ། གཞན་ལ་ཡང་སྟོན་ཅིང་འཆང་པའི་བསོད་ནམས་མཆོག་ཏུ ་བ་ལགས།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་འགྲེལ་ཅིང་འཆང་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས ་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མི་སྤྱོད་པ་དང་། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། ་བྱམ་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་རྒྱ་ཆེར་སྤོང་། སེམས་ཅན་རྣམས་ལ་བུ་ཅིག་པ་དང་འདྲ་བ་མཉམ་སྙོམས་ན། མི་དེ་གཉིས་བསོད་ནམས་ཆེ་བ་ཡིན། དགའ་བོས ་གསོལ་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚུལ་ཁྲིམས་དང་། བཟོད་པ་སྤྱོད་ཅིང་། སེམས་ཅན་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཆེ་ཞིང་མངའ་བ་ལག་སོ།། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆང་ཤེས་ལ། བསྟན་བཅོས་ལུ་ཏ་བཅོ་ལྔ་ཡང་བྱང་བར་འཆད་ཤེས་ཏེ། ་འཇིག་རྟེན་དུ་སྤེལ་བ་དང་། དེ་ལ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆང་ཤེས་ལ། བཀྲ་བའི་སྟན་བཅོས་དང་། ངེས་པའི་བསྟན་བཅོས་དང་། ཕུང་པོ་ལྔའི་བསྟན ་བཅོས་དང་། རྟེན་ཅིང་འབྲལ་བར་འབྱུང་བ་བཅུ་གཉིས་ཀྱི་བསྟན་བཅོས་དང་། ཁམས་བསོ་བརྒྱད་ཀྱི་བསྟན་བཅོས་དང་། སྟོང་པ་ཆེན་པོའི་བསྟན་བཅོས་དང་། ཉི་ཟླའི་བསྟན ་བཅོས་དང་། ཉི་ཟླ་སྤྲིན་གྱི་བསྟན་བཅོས་དང་། མདོ་སྡེ་རྒྱན་གྱི་བསྟན་བཅོས་དང་། དོན་དམ་པ་ཉིད་ཀྱི་བསྟན་བཅོས་དང་། རྡོ་རྗེ་སྙིང་པོའི་བསྟན་བཅོས་དང་། རྣམ་པ་ཐམས་ཅད་མཁྱེན ་པའི་བསྟན་བཅོས་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བསྟན་བཅོས་ལ་སོགས་པ་བསྟན་བཅོས་འུ་ཏ་བཅོ་ལྔ་ཡང་ཤེས་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། ་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་སྤྱོད། ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་བསྲུང་བ་དང་། སེམས་གཉིསུ་མེད་ཅིང་།། ན་མཁའ་ལྟར་མཉམ་པ་དང་། ་གྱི་སྐྱོན་ཐམས་ཅད་མི་མཐོང་ཞིང་། སེམས་ཅན་རྣམས་ལ་བུ་ཅིག་པ་དང་འདྲ་བར་སྙོམས་ཏེ། དགྲ་སྡང་བ་ལ་ཡང་ན་མཁའ་ལྟར་ལའམ་པ་དང་། དེ་ལ་མི་ཞིག་པ ་ཕྱོགསུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་བ་མི་འདེབས་ན། མི་དེ་གཉིས་ཀྱིས་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། ཕྱོགས་རྒྱས་པའི་མདོ་སྡེ་གཉིས་ལ་སྐུ ་བ་མ་བཏབ་ན། མི་དེའི་བསོད་ནམས་ཚད་མ་མཆིས་གྲངས་མ་མཆིས་ཏེ། བསམ་གྱིས་མི་ཁྱབ་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་ཡང་མི་ཞིག་གིས ་གོང་དུ་སྨོས་པའི་བསོད་ནམས་ཐམས་ཅད་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ར་བྱེད་ནུས་ལ། མདོ་སྡེ་བཅུ་གཉིས་དང་། བསྟན་བཅོས་འ་བ ་ལྔ་སྙེད་ཀྱང་ཁ་ཏོན་དང་འགྲེལ་ཅིང་འཆད་ནུས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་ལ་སོགས་པ་ཡང་སྤྱོད། སྦྱིན་པ་ཡང་བྱེད། མང་དུ་ཐོས་པའི ་མཆོག་ཏུ་ཡང་གྱུར་ལ། ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད། དེ་ལྟར་ཕན་པ་དང་བདེ་བ་བྱས་ཀྱང་། དེ་ནི་མི་ཞིག ་ཉིན་ཅིག་གམ་མཚན་གཅིག་ཏིངངེ་འཛིན་དུ་ཞུགས་པ་ཙམ་མ་ཕོད་དོ།། དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པའི་གང་ཟག་ནི་རི་འམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ།། དེ་ལྟར་ང་རྒྱལ་ཆ ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུརརོ།། དམྱལ་བ་དེ་ལས་ཐར་ན་ཡང་། མདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན། མང་དུ་ཐོས་པ་ལ་ཕན་པ་མ ་གང་ལ་བསམ་གཏན་གྱི་ཏིང་འཛིན་ཡོད་པ་ནི་སྐྱེ་ཤིའི་འཁོར་བའི་སྡིག་ཁ་ན་མ་ཐོ་བའི་ལས་ལྕི་བ་འབྱུང་བར་ནུསོ།། མང་དུ་ཐོས་པ་ནི་རྩཝ་དང་འདྲའོ།། ཏིངངེ་འཛིན་ནི་མེ་དང་འདྲས ་མང་དུ་ཐོས་པ་ནི་ལྕགས་དང་འདྲའོ།། བསམ་གཏན་གྱི་ཏིངེ་འཛིན་ནི་གསེར་དང་འདྲའོ།། མང་དུ་ཐོས་པ་ནི་རྩི་གདུག་པ་འདྲའོ།། བསམ་གཏན་གྱི་ཏིང་འཛིན་ནི་རྩཝའི་སྡོང་པོ་དང་འདྲལ ་མང་དུ་ཐོས་པ་ནི་རྩང་པོ་དང་འདྲའོ།། བསམ་གཏན་གྱི་ཏིང་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ། ངས་བསམ་གཏན་གྱི་ཏིང་འཛིན་གྱི་བསོད་ནམས་དང་ཡོན་ཏན་བཤང་ན་ཟད་པའི་མཐའ ་མེད། བསྐལ་པར་ཡང་མི་རྫོགསོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ངས་མངོན་སུམ་དུ་དྲན་པ་སྔོན་འདས་པའི་དུས་ན། ང་མང་དུ་ཐོས་པའི་སྐྱེ་བ ་གྱུར་པའི་ཚེ། འཇམ་དཔལ་དངང་གཉིས་ཡོད། མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ནི་ཡེད་ཅེས་སྨྲས། ངས་ནི་མེདོ་ཞེས་སྨོས་ཏེ། ཡོད་མེད་གཉིས་ཀྱི ་བདེན་པ་ལ་བརྩོད་པར་གྱུར་ཏེ། གཅིག་ཏུ་མ་ཆ་དོ།། མཐའ་ཚེ་འཕོས་ནས་ངན་སོང་གསུམ་དུ་སྐྱེ་བར་གྱུར་ཏེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བ ་གྱུར་ཏོ།། དམྱལ་བ་དེ་ལས་ཐར་ཏེ། སངས་རྒྱས་འོད་སྲུང་དང་ཕྲད་ནས། ཡོད་པ་དང་མེད་པ་གཉིས་འོད་སྲུང་གིས་འདི་སྐད་དུ་བཤདདོ།། ཆོས་ཐམས་ཅད་ཀྱི་རང་བཞིན ་གཅིག་ཏུ་ངེས་ཤིང་ཆད་པ་མེད།། ཁྱད་ཡོད་པ་དང་མེད་པར་སྨྲ་བ་ལྟ་བུ་མ་ཡི་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ཞི་བ་སྟེ། བདེརན་པ་འདི་གཉིས་ནི ་། ཡོད་པ་ཡང་མ་ཡིན་ལ་མེད་པ་ཡིན་ཏེ། ཁྱེད་ཤེས་པ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱི། དོན་ཟབ་པོ་མི་ཤེས་པས།། དོན་འདི་ལྟ་བུ་ནི་ཁྱེད་དམུས་ལོང་འམ་འོན་པ་ལྟ་བུ ་ཡིན་ན། དོན་ཟབ་མོ་འདི་ལྟ་བུ་ཇི་ལྟར་ཤེས་ཤིང་རྟོགས་པར་འགྱུར་ཞེས་བཤད་པ་ཐོས་ནས། རི་དབེན་པར་སོང་སྟེ། བདག་ཉིད་ཡིད་ལ་བྱས་ནས། བསམ་གཏན་གྱི་ཏིངངེ་འཛིན་ལ ་ཡིད་ཞུགསོ།། ཞག་བདུན་ལོན་པ་དང་། བསམ་གཏན་བཞི་པའི་ཏིང་འཛིན་དང་། ཏིང་འཛིན་རྣམ་གསུམ་དང་། ཡེ་ཤེས་རྣམ་གསུམ་དང་། ཆེན་པོ་སྟོང་པ་ཉིད་དང་། དེན་དམ་པ་སྟེ་པ་ཉིད ་དང་སྟོང་པ་ཉིད་སྟོང་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད། པར་གྱུར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ་ཅི་ཡང་མེད་པར་རྟོག་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཟདན ་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིརོ།། དེ་བས་ན་བསམ་གཏན་སྐེམ་པ་ནི། མཆོག་དམ་པར་རིག་པར་བྱ་སྟེ། ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་བདུན་གྱི་བར་དུ་བས ་གཏན་གྱི་ཏིང་འཛིན་བསྒོམས་ན། བསྐལ་པ་གྲངས་མེད་པ་ཚུན་ཆད་ཀྱི་ཁ་ན་མ་ཐོ་བའི་སྡིག་ལྕི་བ་ཡང་ཁད་ཀྱིས་ཞི་ཞིང་བྱང་བར་འགྱུར་རོ།། གཞན་ཡང་ཁ་ར་མ་ཐོ་བའི་སྡིག ་ལྕི་བ་བྱང་བར་འགྱུར་ཏེ། དེ་ཡང་གང་ཞེ་ན། ཕ་མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང་། དགེ་འདུན་གྱི་གནས་ཁང ་བཏང་བ་ཡིན། ཕས་ཕམ་པ་བཞི་དང་། ཕས་ཕམ་པ་བརྒྱད་དང་། ལྕི་བ་ལྔ་དང་། རང་བཞིན་གྱི་ལྕི་བ་དྲུག་ཉམས་པ་ཡིན། ཕྱོགསུ་རྒྱས་པའི་མདོ་སྡེ་ལ་བསྐུར་བ་བཏབ་པ ་ཡིན། ཕ་རོལ་པོའི་ཉེས་པའི་སྐྱོན་སྨྲ་ཞིང་བསྐུར་བསྟི་མི་བྱེད་པ་ཡིན། གང་དུ་སྐྱེས་པར་ང་རྒྱལ་ཆེ་བ་དང་། རང་བཞིན་གྱིས་སྡིག་ལྕི་བ་ཡང་ཡིན་ཏེ། དེ་ཡང་བསམ་གཏན་གྱི་ང ་འཛིན་བསྒོམས་ན། རང་ནི་ཞིང་འབྱུང་བར་འགྱུར། དེ་ཡང་བསམ་གཏན་གྱི་ཏིང་འཛིན་གྱི་མཐུས་འབྱུང་གི།། གཞན་གྱིས་འབྱུང་བ་མ་ཡིན།། ཉིན་ཞག་བདུན་ཙམ་གྱིས་ཀྱང་དེ་ལྟར ་ཡོན་ཏན་དང་བསོད་ནམས་དཔག། ཏུ་མེད་པ་འཐོབ་ན། ཚེ་གཅིག་ཏུ་དབེན་སར་རི་དང་ཤིང་དྲུང་དུ་འདུག་སྟེ། རྟོགས་པ་བསྐུལ་བ་དང་། འཇུག་པ་དང་། སྤོང་བ་ཡིད་ལ་བྱེད་པ ་ལྔ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སེམས་ནི་འབད་ཆུ་དང་འདྲ་སྐད་ཅིག་ཀྱང་མི་སྦེང་། སེམས་ནི་སྤྲེའུ་དང་མཚུངས་ཏེ། གཅིག་བཏང་ཡང་གཅིག་ལ་འཛིན་ཏོ།། མ ་ན་སེམས་ནི་ཏིང་འཛིན་གྱི་དབང་གིས་མི་གཡོའོ།། གལ་ཏེ་སེམས་གཡོན་ཆོས་ཐམས་ཅད་ལ་འཁྲུལ་པའི་འང་ཤེས་སྐྱེའོ།། གལ་ཏེ་ཏིངེ་འཛིན་ལ་གནས་པ་ནི ་འཇིག་རྟེན་གྱི་སྐྱེ་བ་དང་། གནས་པ་དང་། འགོག་པ་འདུ་ཤེས་ཤིང་རྟོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ། མི་རྟག་པར་འགྱུར་ཞིང་འཕོ་བ། སྟེང་ཞིང་བདག་མེད་པ། སྒྲ ་མ་དང་འདྲ་བ། སྤྲུལ་པ་ལྟ་བུ་ཀློག་དང་། རླུང་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ། ཆུའི་དབུ་བ་དང་། སྨིག་རྒྱུ་དང་། བྲག་ཆ་དང་། བར་སྣང་གི་བྱ་རྗེས་ལྟ་བུར་རྟོག་སོ།། འཇིག་རྟེན་ན་སྲང ་པ་རི་དང་ཚལ་རྩང་པོ་དང་། འབབ་ཆུ་དང་། མཚེའུ་དང་། སྟེང་ཀ་དང་། རྒྱ་མཚོ་ལ་སོགས་ཏེ། ཆུ་ཐ~ཾད་ཀྱང་མའི་བསྐལ་པ་ཆེན་པོ་བྱུང་བའི་ཚེ། ཐམས་ཅད་ཚིག་ཅིང་ཟད་པར་འགྱུར་ཡང ་།། བསམ་གཏན་བཞི་དང་། གཟུགས་མེད་པའི་ཏིང་འཛིན་བཞི་མ་རྟོགས་པར། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ན། བསམ་གཏན་གྱི་མཐུ་ནི་ཤིན་ཏུ་བསམ་གྱིས ་མི་ཁྱབ་པའི་ཕྱིརོ།། སེམས་ཏིང་འཛིན་ལ་གནས་ན། ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཉི་མ་དང་། ཟླ་བ་དང་སྐར་མ་དང་། འབབ་ཆུ་དང་། ཕུང་པོ ་དང་རྒྱ་མཚོ་དང་། རི་དང་། ནགས་ཚལ་དང་། ཀླུང་དང་། ལུང་པ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ།། བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ན་རྫུ ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཕྱིན་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རླུང་དང་མེ་དང་ས་དང་ཆུ་དེ ་མ་དང་། ཟླ་བ་དང་སྐར་མ་དང་། གཟའ་དང་རི་དང་ཚལ་དང་མུ་ཤིང་དང་། ལྷའི་ཕེཾ་བྲང་དང་། ཀླུའི་ཕོ་བྲང་ཡང་རྫུ་འཕྲུལ་གྱིས་སྦྲུལ་ནུས་ཏེ། དེ་བས་ན་བསམ་གཏན་གྱི ་མཐུ་ནི་ཤིན་དུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། བསམ་གཏན་གྱི་ཏིང་འཛིན་གྱི་ཤུགས་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྦྲུལ་ནུསོ།། དགའ ་བོ་མོའུ་དགལ་གྱི་བུ་ཆེན་པོ་ཏིང་འཛིན་དུ་ཞུག་སོ།། ཏིང་འཛིན་གྱིས་རྣམ་པ་སྣ་ཚོགསུ་སྤྲུལ་ཅིང་། ཏིང་འཛིན་གྱིས་ས་ཆེན་པོ་འདི་ཡང་མགལ་མེ་བསྐོར་བ་བཞིན་དུ་བསྐྱོང་ནུས ་མང་དུ་ཐོས་པས་དེ་ལྟར་མི་ནུས་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ས་ཆེན་པོ་སྐུལ་ཅིག་ཅེས་བཀའ་སྩལ་པ་དང་། དགའ་བོས ་གསོལ་པ། བདག་ལ་བསམ་གཏན་གྱི་ཏིང་འཛིན་མ་མཆིས་པས་སྦྲུལ་རྔོ་མི་ཐོག་གོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། བསམ་གཏན་གྱི་ཏིང་འཛིན་བསྒོམ་པ ་དགེ་སྦྱོང་གི་འབྲས་བུ་བཞི་མ་ཐེབ་ཀྱང་། མང་དུ་ཐོས་པ་ལས་ཁྲི་ཕྲེག་བརྒྱད་སྟོང་གིས་འཕག་སོ།། དེའི་ཚེ་དེའི་དུས་ན་འོད་མའི་ཚལ་ན་གནས་པའི་དགེ་སློང་ལྔ་བརྒྱ་ཙམ་ཞིག། ཐང ་མང་དུ་ཐོས་པ་རློམ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། མོའུ་དགལ་གྱི་བུ་ཆེན་པོའི་རྫུ་འཕྲུལ་དང་ཏིང་འཛིན་མཆོག་ཞེས་གསུངས་པ་ཐོས་ནས། སངས་རྒྱས ་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མ་གོ་བོས་ཕྱག་འཚལ་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་མང་དུ་ཐོས་པ་བརླབ ་མདོ་སྡེ་བཅུ་གཉིས་ཀྱང་ཁོང་དུ་ཆུད་པས། རྒྱལ་ཁམས་ཆེན་པོ་བཅུ་དྲུག་སྙེད་ཀྱང་བདག་ཅག་ལ་སངས་རྒྱས་དང་འདྲ་བར་གུས་ཤིང་བཀུར་བསྟི་བགྱིད་ན། ཅིའི་སླད་བཅོམ ་ལྡན་འདས་ཀྱིས་མང་དུ་ཐོས་པ་ནི། ནམ་ཡང་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་མི་འགྱུར་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་ལྔ་བརྒྱ་པོ་འདི་དག་འཐུན་པར ་དུས་གཅིག་ཅིག་། ཏུ་བདག་ཅག་ནི་མང་དུ་ཐོས་པ་ན་སྤང་ཞིང་བསམ་གཏན་གྱི་ཟས་འཛིན་ལ་སློབ་བོ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ ་པ་དགེ་སློང་མང་དུ་ཐོས་པ་སྤངས་ཏེ། བསམ་གཏན་གྱི་ཏིང་འཛིན་ལ་འཇུག་ཞེས་མ་སྨྲ་ཤིག། ངས་བལྟས་ན་ཁྱེད་ཀྱི་ཤེས་རབ་ནི་སྦྲང་བུའི་འདབ་མས་ཉི་ཟླ་སྒྲིབ་པར་འདོད་པ་དང་། ་དམུས་ལོང་གིས་རི་རབ་ལྷུན་པོ་ལ་འཛེག་པར་འདོད་པ་དང་། གྲ་གཟིངས་མེད་པར་རྒྱ་མཚོ་ལས་རྒལ་བར་འདོད་པ་དང་། བྱ་འདབ་མ་མ་ཆག་པ་ན་མཁའ་ལ་འཕུར་འདོདཔ ་བཞིན། ཁྱེད་ཀྱང་དེ་དང་འདྲའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཤི་བ་ཙམ་དུ་འཇིགས་ཤིང་སྐྲག་པའི་སེམས་སྐྱེསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ ་པ་དགེ་སློང་ཁྱེད་མ་འཇིགས་མ་སྐྲག་པར་སེམས་ཏིང་འཛིན་ལ་ཞིག་ཤིག། དགེ་སློང་རྣམས་ཀྱིས་གསོལ་པ། བདག་ཅག་ལ་བསམ་གཏན་གྱི་མཐུ་ཡང་མ་མཆིས་ན། ཏིངེ་འཛིན་དུ་ག་ལ ་འགྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལ་སྨན་དམ་པ་ཡང་། ཁྱེད་ཏིང་འཛིན་ཐོབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་བསྟིན་དུ ་གསོལ།། བདག་ཅག་གིས་དེ་བཞིན་དུ་སྤྱོད་པར་འལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དམ་པ་ཞེས་བྱ་བ་ནི། འདི་ལྟ་སྟེ་རྟོག་པ་དང་། ་བ་དང་། འཇུག་པ་དང་། སྤོང་བའོ།། དགེ་སློང་རྣམས་ཀྱིས་གསོལ་པ། རྟོག་པ་དང་། བསྩལ་པ་དང་། འཇུག་པ་དང་། སྤོང་བ་ཅི་ལགས། བདག་ཅག་གིས་མ་འཚལ་ན། བཅོམ་ལྡན་འདས ་ཀྱིས་བསྟན་དུ་གསོལ།། དེ་ནས་ཡང་སངས་རྒྱས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དང་པོའི་སེམས་ནི་རྟོགས་པ་ཞེས་བྱ། སེམས་གཉིས་བྱུང་བ་ནི་བསྐུལ་བ་ཞེས་བྱ། སེམས ་གསུམ་བྱུང་བ་ནི་འཇུག་པ་ཞེས་བྱ། སེམས་བཞི་བྱུང་བ་ནི་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ་གཏན་དང་པོ་ལ་རྟོག་པ་ཞེས་བྱ། བསམ་གཏན་གཉིས་པ་ལ་བསྩལ་བ་ནི ་བྱ་བསམ་གཏན་གསུམ་པ་ལ་འཇུག་པ་ཞེས་བྱ། བསམ་གཏན་བཞི་པ་ལ་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ་གཏན་ཞེས་བྱ་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་དང་། སེམས ་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་བཞིན་དུ་མངོན་པར་ཤེས་པ་བཞི་དང་། ཆོས་ཐམས་ཅད་ནི་འདི་ལྟར་ཡང་དག་པར་སྤོ ་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། བདེན་པ་བཞི་དང་། ཏི་ངེ་འཛིན་བཞི་དང་། མཚན་མ་མེད་པ་བཞི་དང་། བྱང་ཆུབ་བཞི་ཡིན་ན། དགེ་སློང་ཁྱེད་བསམ་གཏན་དང་པོ་ཡང་གསལ་བར་མ ་རྟགས་ན། བསམ་གཏན་བཞི་དང་། ཆོས་ཐམས་ཅད་ལྟ་ཅི་སྨོས། དགེ་སློང་དག་བབས་སྣ་ཚོགས་ཀྱིས་བསམ་གཏན་གྱི་ཏིང་འཛིན་ལ་འཇུག་པར་བྱའོ།། གལ་ཏེ་མི་གཙང་བ་ལ ་རྟག་ན། ལུས་ཀྱི་ཆེན་པོ་བཞི། ལྤགས་པ་དང་། རུས་པ་དང་། ཚོགས་པ་དང་། གནག་ཁྲག་ཟག་པ་དང་། སྣོད་བུ་གུ་དགུ་ཡོད་པའི་ནང་དུ་ནུ་བླུགས་ན་ཟག་པ་བཞིན་དུ་མི་གཙང་བའི ་དངོས་པོ་བཤང་ཅི་ཆ་རླུང་དང་། བརྩོག་པ་ཤིན་ཏུ་སྦྱོར་རུང་བ་ཟག་པ་མཐོ་།། ཏིང་འཛིན་དེ་ལས་ཀྱང་དངོས་པོ་རྣམ་པ་སྣ་ཚོགས་མཐོང་བ་ནི། འདི་ལྟར་གཡོ་བ་དང་། གནས་པ་དང་། རྣམ ་སྔོས་པ་དང་། རྣམ་པར་སེར་བ་དང་། རྣམ་པར་དཀར་བ་དང་། རྣམ་པར་གནག་པ་སྣ་ཚོགས་མཐོང་བ། སེམས་མ་འཁྲུལ་པར་གྱུར་ན། དངོས་པོ་དེ་དག་མཐོང་བའི་ཚེ་ཕྱིར་བཟློག་པར་བྱའོ།། ་རུས་པ་དཀར་པོ་དང་། དབུགས་ཀྱི་ནང་དུ་ཆུབ་བགྲང་བའི་རྟག་པ་ཡང་དེ་དང་འདྲིའོ།། གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པ་དང་། དགེ་སློང་མས་རྩ་བ་བརྒྱད་ཉམས་པ་དང་། དགཽ ་མས་ཁྲིམས་རྩ་བ་བཞི་ཉམས་པ་དང་། དགེ་སྦྱོང་གིས་ཁྲིམས་བཅུ་ཉམས་པ་དང་། དགེ་སློང་མས་ལྕི་བ་དྲུག་ཉམས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན ་སྤྱི་དཀོར་བརྐུས་པ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། ཕ་མ་དང་། དགེ་འདུན་གྱི་དཀོར་བརྐུས་པ་དང་། ཕྱོགསུ་རྒྱས་པའི་མདོ་སྡེ་ལ་བསྐུར་བའི་གང་ཟག་དེ་ལྟ་བུ་ནི་ཁས ་གཏན་གྱི་ཏིང་འཛིན་ལ་འཇུག་པའི་ཚེ། བདག་གི་ལུས་ལས་དང་རླུང་ནག་ཆེན་པོ་ལྟ་བུ་དང་། ཁྲག་ནི་མེ་རབ་ཏུ་འབར་བ་དང་འདྲ་བ་དང་། རུས་པ་ནི་རོ་དང་བྲག་ལྟ་བུ་དང་། རྩེན་ཤིང་ལྟ ་བུ་དང་། ནང་གྲོལ་ལྔ་ནི་སྦྲུལ་ལམ། རྩངས་པ་ལྟ་བུར་མཐོང་བ་དང་། ལག་ན་མེ་ཆེན་པོ་ཐགས་ཏེ། རླུང་ཆེན་པོ་རྒྱག་པ་དང་། མགོ་ལ་འི་ཆེན་པོ་ཁྱེར་ཞིང་ལངས་ཀྱང་རྔབ་འཚས ་དང་། ཁ་ནས་སེངྒེ་འབྱུང་བ་དང་། ལིག་ནས་འབར་བ་མོ་འབྱུང་བ་དང་། སྣ་ནས་སྦྲུལ་ཆེན་པོ་འབྱུང་བ་དང་། རྣ་བ་ནས་པར་སྦྱང་འབྱུང་བ་དང་། གཤང་གཅི་ཆེ་ཆུང་ཆུ་ལྟར་འདབ ་ཅིང་། རྒྱ་མཚོ་ལྟ་བུར་མཐོང་བ་དང་། གལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོ་འཕྲུལ་རྣམ་པ་མང་པོ་སྟོན་པ་མཐོང་ན། མཚན་མ་དེ་ལྟ་བུ་མཐོང་བའི་ཚེ་བསམ་གཏན་ལས ་ལངས་ཏེ་ཚལ་ལ་རི་དགོན་པར་སོང་སྟེ། ཕྱོགསུ་རྒྱས་པའི་མདོ་སྡེ་འདོན་ཅིང་འགྱོད་ཚངས་བྱའོ།། དེ་ལྟར་སྔོན་གྱི་ཁ་ན་མ་ཐོ་བའི་སྡིག་འགྱོད་ཚངས་བྱའོ།། ཡང་མནག་བདུན་རམ། བདུན ་གཉིས་སམ། བདུན་གསུམ་འམ། བདུན་བཞི་འམ། བདུན་ལྔ་འམ། བདུན་དྲུག་གམ། བདུན་བདུན་གྱི་བར་དུ་འགྲོལ་འཚངས་བྱའོ།། དེ་ལྟར་སྡིག་སྦྱངས་ནས་བསམ་གཏན་བསྒོམ་པ ་སྟེ། དེ་ལ་སྡིག་ཆུང་བ་རི་བགས་ཀྱིས་བདག་གི་ལུས་བཻ་ཌཱུརྱའི་རི་ལྟ་བུ་མཐོང་བར་འགྱུ་རོ།། གང་རྩ་བ་བཞི་མ་ཉམས་པ་ནས། རང་བཞིན་གྱི་ཁྲིམས་ལྕི་བ་ལྔའི་བར་དུ་མ་ཉམས་པ ་ཡིན་ན། ཏིངེ་འཛིན་ཏུ་འཇུག་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོན་པ་དང་། དེ་ཡང་བདེན་པ་བཞི་འམ། ཡང་དག་པའི་སྤོང་བ་བཞི་འམ། རྫུ་འཕྲུལ་གྱི་རྐང་པ་བཞི ་འམ་སྡུག་བསྔལ་དང་། བཟོད་པ་དང་། སྤྱི་བོ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གིས་ཆོས་སྟོན་པ་དང་། ཡང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། བསམ་གཏན་བཞི་དང་། སྐྱེས་བུ་ཡ ་བརྒྱད་ཀྱི་ཆོས་དང་། སྟོང་པ་ཉིད་བཞི་དང་། ཏིང་འཛིན་གསུམ་དང་། རྣམ་པར་ཐར་པ་བརྒྱད་སྟོན་པར་མཐོང་བ་དང་། ཏིང་འཛིན་ལས་མུན་ནག་མཐོང་བ་དང་། སྣང་བ་མཐོང་ན་ཏི ་འཛིན་དེ་ལས་ལངས་ཏེ། ཤིན་ཏུ་དགའ་བའི་སེམས་བསྐྱེད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ཕྱིར་གནས་པའི་ཚལ་དུ་དོང་སྟེ། བསམ་གཏན་གྱི་ཏིང་འཛིམ་ཉིད ་ཞག་བདུན་བསྒོམས་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་གང་ན་བ་དེར་ལྤགས་ཏེ། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་བདག་ཅག་ནི་སངས་རྒྱས་ཀྱི་བསྟན་པ་བཞིན་འཁོར་བ་ལས་ཐར་ཏེ། བླ་ན་མེད་པའི་འབྲས་བུ་ཐོ་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཐོབ་ན་ཆོ་འཕྲུལ་བསྟན་པའི་དུས ་ལ་བབ་བོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ལྔ་བརྒྱ་རྣམས་སྟེང་གི་བར་སྣང་ལ་འཕགས་ཏེ། ཉལ་བ་དང་འདུག་པ་དང་འགྲོ་བ་དང་སྡོད་པ་དང་། ལུས་ལ་ཆུ་དང་མ་ལ་སོགས་པ་འབྲུ ་བའི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མངོན་པར་བསྟན་ཏེ། དེའི་ཚེ་མང་དུ་ཐོས་པའི་དགེ་སློང་རྣམས་བསམ་གཏན་བསྒོམས་པས་མོའུ་དགལ་གྱི་བུ་ཆེན་པོ་དང་འདྲ་བ ་རྫུ་འཕྲུལ་ཐ་མི་དད་པར་གྱུར་ཏོ།། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དམ་པའི་ཆོས་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ན ་ཇི་སྲིད་དུ་གནས་ཤིང་དུས་ངན་པའི་ཚེ་སེམས་ཅན་ཇི་སྙེད་ཅིག་ཆོས་འདི་བསྒོམས་པས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ ་ངང་ཕྱིན་ཆད་དཔྱིད་ཟླ་འབྲིང་པོ་ལ་རྩ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདའོ།། ང་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན་མང་དུ་འབྱུང་སྟེ། དུར ་ཁྲོད་དང་ཤིང་དྲུང་ན་གནས་ཤིང་། འདི་ཉིད་ཡིད་ལ་། དེ། རྟོག་པ་དང་བསྐུལ་བ་དང་འཇུག་པ་དང་སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ ་འགྱུརརོ།། ལོ་སུམ་བརྒྱའི་བར་དུ་ནི་སེམས་ཅན་སྟོང་ཕྲག་བརྒྱ་ལ། སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུརརོ།། ལོ་སུམ་བརྒྱ་ཕན་ཆད། ལྔ་བརྒྱ་ཚུན་ཆད། ངའི་ཉེ་གན ་རྣམས་བགས་ཀྱིས་མི་དགེ་བའི་ཆོས་སྤྱོད་དོ།། དྲག་དོག་གི་སེམས་ཀྱིས་ལོག་པའི་འཚོ་བས་འཚོ་བར་འགྱུརོ།། སྟོང་ཕྲག་བརྒྱ་ལ་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་འཐོའོ།། ་བརྒྱ་ཕན་ཆད་བརྒྱད་བརྒྱ་ཚུན་ཆད་ངའི་ཉེ་གནས་རྣམས་ཁྱིམ་པའི་གོས་གྱོན་ནས། བ་ལང་དང་ལུག་དང་བི་ལ་དང་བོང་བུ་དང་རྟ་གསོ་ཞིང་འབྲུ་མང་པོ་བསོགས་ཏེ་རང་གིས་ལག་དར་ཞིང་རང ་ཟ་བ་དང་། བྲན་པོ་དང་བྲན་མོ་ཡང་གསོ་བར་འགྱུར་ཏེ། དེའི་ཚེ་སྟོང་ཕྲག་སྟོང་ལ། སྟོང་ཕྲག་གཅིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུརརོ།། ལོ་བརྒྱད་བརྒྱ་ཕན་ཆད་ནས། ལོ་སྟོང་ནུན ་ཆད་ནི། ངའི་ཉེ་གནས་རྣམས་སྡིག་པའི་ཆོས་སློབ་སྟེ། རྒྱལ་པོ་དང་། རྒྱལ་བུ་དང་། བློན་ཆེན་པོ་དང་། ཁྱིམ་བདག་ལ་གྲོགས་བོར་སྟེན་ཅིང་། ཕན་ཚུན་ཐ་ན་ཕྲིན་གྱིས་འདྲུལ་ཞིང་། ཞིང་རྨོ ་བརྐོ་བྱེད། འབྲུ་བཟན་མང་པོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་སོག་ཅིང་ཤ་ཟ་ཞིང་ཆང་འཐུང་སྟེ། ཆེན་པོ་བཞི་གསོས་ཞིང་རྟས་པར་བྱེད་པ་དང་། སྨད་འཚོང་མ་ལྟར ་གོས་སྡུག་གུ་གྱོན་ཞིང་འདྲིད་པ་དང་། སླུ་བའི་ལས་བྱེད། དེ་ལ་འབུམ་ཕྲག་ཁྲི་ལ། བརྒྱ་ཙམ་ཞིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོའོ།། ལོ་སྟོང་པན་ཆང་སུམ་བརྒྱ་ཚུན་རང་ནི ་ཐང་དུ་འཁྲུགས་ཏེ། ངའི་ཉེ་གནས་རྣམས་ལུས་ལ་ཆོས་གོས་གྱོན་ཡང་། ཤིང་ཁ་ལ་པན་སྙིང་བརྟགས་དང་འདྲ་སྟེ། གཟི་བྱིན་མེད་ཁྱིམ་པས་མཐོང་ན་ཡང་བཀུར་བསྟི ་མི་བྱེད་པས་ཤན་པ་དང་འདྲ་བར་འགྱུ་རོ།། དེའི་དུས་ན་ཡུལ་ཁམས་ཀྱང་འཁྲུགས་ཏེ། གཅིག་ལ་གཅིག་དགྲ་བྱེད་ཅིང་གསོད་པས། རྒྱལ་པོ་དང་། བློན་པོ་དང་། ཕ་མ་དང་། ཁུ་དང་། བུ་མོ་དང ་གཅིག་ལ་གཅིག་དགྲ་བྱེད། བྱམས་པ་དང་། སྙིང་རྗེའི་སེམས་ཀྱང་མེད་པས། གཟའ་བ་དང་། བཏུང་བས་ཉོན་མོངས་ཏེ། ཁྱིམ་ཐབ་མེད་པ་དང་། རླུང་མ་མེད་པ་དང་ཁུ་བོ་མེད་པ་དང་། ་བུ་མོ་མེད་པ་དང་། ལོང་བ་དང་། འོན་པ་དང་། ལྐུག་པ་དང་། དབང་པོ་མ་ཚང་བ་དང་། བྲན་མོ་དང་བྲོས་པ། ཡུལ་ཁམས་ཕྱུང་བར་བྱེད་པ་དང་། འཚོ་བས་རང་མི་སོས་པ་དག་ངའི་ཆོས་ལ ་། ནས་ཁྱིམ་པ་རྣམས་ཀྱིས་ཀྱང་རྔོན་པ་དང་འདྲ་བར་ལྟ་སྟེ། དཔེར་ན། ལྷའི་གླང་ངམ། རྔ་རློང་ངམ། ཁན་གླང་མྱོས་པ་ལྔར་གདུལ་དཀའ་བ་རང་དགའ་ཡང་འགྲེ་བ་སློབ་དཔོརན་དང་། ་སློབ་མ་ཡང་མི་རྒོང་མ་རུངས་པ་དང་འདྲ་སྟེ། འདོད་ཆགས་ལ་ངག་མེད་པར་སྤྱོད་ཅིང་། བླ་མ་དང་འོག་མའི་རིམ་པ་ཡང་མེད། བཟང་ངན་གྱི་རིམ་པ་ཡང་མེད། དུད་འགྲོ་ཕྱུགས་དང་འདྲ་བ ་མཐོ་བའི་སྡིག་པ་མང་པོ་བྱེད་ཅིང་། ངན་སོང་གསུམ་གྱིས་མི་འཇིགས་པར། གར་སོང་གར་གནས་ཀྱང་། རང་འདོང་བ་དང་། ཤན་པ་དང་། རྔོན་པ་དང་། སྨད་འཚོང་མ་དང་བསྟེན་ཅིང་འགྲོགས་པ ་ཁ་ནས་ཀྱང་ངག་སྡིག་པ་སྨྲ་ཞིང་། སེམས་ལ་ཡང་སྡིག་པ་སེམས། ཡང་ན་བློན་དང་བསྟེན་ཅིང་དགེ་བའི་མི་དག་ལ་ཐབས་སྣ་ཚོགས་ཀྱིས་བསྡིགས་ཤིང་ནོར་ཕྲོགས་ཏེ། བུ་སླད་གསོའོ།། ཡང ་མངོན་པའི་ཡོ་བྱད་ཉ་རྒྱ་ལ་སོགས་འཆང་ཞིང་། 1སོགས་པ་བརྐུས་ནས། རང་གིས་ལག་དར་ཏེ། བསོད་པ་དང་། བསྲེག་པ་དང་། ཟླ་བ་འ་བ་དང་། ཤི་བའི་ཚེ་གསོ་སྦྱིན་མི་བྱེད ་རང་ཉམས་གཏོང་བ་དང་། ཚུལ་ཁྲིམས་ཀྱི་ལས་བྱེད་པའི་རྣམས་ཕན་ཚུན་རྩོད་ཅིང་བླ་མ་དང་། གྲོགས་པོ་ལ་ཞེ་སྡང་བ་དང་། གདུག་པའི་སེམས་སྐྱེད་པ་དང་། སློབ་དཔོན་དང་། སློབ་མ ་གཅིག་ལ་ཅིག་སྐྱོན་འདྲུ་ཞིང་འཕྱ་བ་དང་སྲོག་པའི་གཏས་སྨྲ་སྟེ། དཔེ་ན་རྩ་ལས་པ་མང་པོ་ཀུན་གཅིག་ཏུ་འདུས་པ་དང་འདྲ་བ་དང་། ཕན་ཚུན་དཔུང་དང་སྡེ་ར་གཅིག་ལ་ཅིག་ཚིག་ངན་གྱིས ་སྐྲ་འབེབས་པ་དང་། ཁྭ་འོག་གི་རིམས་ཡང་མེད་པ་དང་། མི་རྒོང་མ་རུངས་པ་ལྟར། མི་དགེ་བ་བྱེད་པ་དང་།། ཁེ་དེང་གྲགས་པ་ལ་ཆགས་ཏེ། ཆོག་མི་ཤེས་པར་གྱུར་པ་དེའི་ཚེ།། མདོ་སྡེ་བཅུ ་གཉིས་ཀྱང་ནུབ་པར་འགྱུར་ཏེ། ཀློག་པ་དང་འདོན་པ་ཡང་མེད་པ་དང་། དེའི་སློབ་པ་རྣམས་ཀྱང་དགྲ་ཆོས་དང་། གཙུག་ལག་དང་། ཡི་གེ་དང་། འཇིབ་དང་། བཅོམ་པ་དང་། བེན་ཆོས་དང་། མིག ་གླ་གར་དང་། དུ་བ་དང་། སྡུག་པ་དང་། འཕོང་རྩལ་དང་། རྟ་རྒྱུག་པ་ལ་སོགས་པའི་ཆོས་མ་ཡིན་པ་སློབ་ཅིང་སྤྱོད། དེ་ལྟར་མ་ལེགས་པའི་ཆོས་སྦེད་པས། ཆེ་འཕོས་མ་ཐག། ངན་སོང་དུ་ལྡང་སྟེ། ་བསྐལ་པ་གྲངས་མེད་པར་ངན་སོང་གི་སྡུག་བསྔལ་མྱོང་ནས། དེ་ལས་བར་ནས་ཡང་བྱོལ་སོང་དུ་སྨྲས་ཏེ། ལྟོགས་པ་དང་། སྐོམ་པ་དང་། སྡུག་བསྔལ་གྱིས་ཉེར་པ་དང་། ཁལ་ལྕི་བ་འགེ་བའི ་འགྲོ་བར་འགྱུརརོ།། ཅི་ཞིག་ན་སྦྱངས་པའི་ཡོན་ཏན་སློབ་པ་ཡང་ཆོས་མ་ཡིན་པ་མང་དུ་བྱེད། རི་དང་། ཚལ་དང་། དུར་ཁྲོད་དང་། ཤིང་དྲུང་ན་མི་གནས་ཤིང་རྟག་ཏུ་གྲོང་དུ་རླག་སྟེ། སེམས་ལ ་རྟོགས་པ་མང་ཞིང་།། ཁེ་དང་གྲགས་པ་ཚོལ་ཏེ། ནོར་རྫ་ས་དང་། ལོངས་སྤྱོད་ལ་ཆགས་ཤིང་ཆོག་མི་ཤེས་པ་དང་། ས་སྔོན་པོའི་བཤང་མཁས་ཞིག་ཡིན་ན་ཡང་། སངས་རྒྱས་ཀྱི ་ཆེས་སྟེན་པ་ཡང་ཁྲི་ཙམ་ལ་གཅིག་ཙམ་ཡང་ཐོག་ཏུ་མི་ཕེབས་ཏེ། འཁོར་མང་པོ་དང་འགྲོགས་ནས་གྲོང་རྒྱུ་ཞིང་ཁྱིམ་དུ་ཞུགས་ནས། ཁྲིམ་པ་ལ་ཆོས་སྟོན་པ་ཁེ་དང་། གྲགས་པའི་ཕྱི ་ལེ་སྡེང་མང་དུ་སོགས་ཤིང་ཤན་པ་དང་འདྲའོ།། ཤ་དང་རང་ལ་མི་སྤྱོད་པ་དག་གིས། དགེ་སློང་དག་ཁྱེད་ནི་བཙུན་པ་ཁྱིམ་ནས་ཁྱིམ་མེད་པར་རག་བྱུང་བ་ཡིན་ན། སྙིང་རྗེ་བའི་སེམས་ཀྱང ་མདོ་འདི་ལྟར་ཆོས་མ་ཡིན་པ་མང་དུ་སྤྱོད་པས། ཁྱེད་ནི་ཤན་པ་དང་འདྲའོ་ཞེས་སྤྲོ་ཞིང་བརྒྱད་པར་འགྱུརོ།། དགེ་སློང་དེ་དག་དེ་སྐད་ཅེས་གཤེ་བ་ཟོས་ནས། ཀུན་ལོག་དེ་ངེས་བརྡེག་པ་ད ་། གཤེ་བ་དང་བརྐྱང་བཀག་སྟེ། གཅིག་ལ་གཅིག་འདི་སྐད་དུ་སྨྲའོ།། དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི། དེང་ཤ་དང་ཆང་འཐུང་བ་མ་གནང་སྟེ། དངེང་དེ་བཞིན་གཤེག ་པ་མ་ངན་ལས་འདས་ནས། ད་ནི་ཅི་ཡང་གནང་བས། དེད་ཤ་དང་ཆང་འཐུང་བ་ཡིན།། ཁྱིམ་པ་དང་བྲལ་བའི་འོག་དུ་དེ་དག་གཅིག་ལ་གཅིག། བདག་ཅག་གིས་ཤེས་པ་ནི་སངས་རྒྱས་ཀྱི་ཞལ ་ནས་གསུངས་པ་དང་འདྲའོ་ཞེས་སྨྲ་ཞིང་། ལ་ལ་ནི་ཚིག་ཀྱལ་པ་དང་དོན་མེད་པའི་ཚིག་དང་། འདྲན་ཏོར་གྱི་ཚིག་དང་། འཁྲུལ་པའི་ཚིག་ཏུ་སྨྲ་ཞིང་། དཔེར་ན་དམུས་ལོང་ཞིག་འཛུབ་མེ་གཉིས ་ཉི་མ་ལ་བཙུགས་ཏེ། ཉི་མ་ཡ་བའི་ནི་ནུང་།། ཡང་སོ་དོག་གོ་ཞེས་སྨྲ་བ་འམ། མི་ངོན་པ་ཞིག་བདག་གིས་གནམས་ཀྱི་སྟེང་ན་ཆོས་འཆད་པའི་སྒྲ་ཐོསོ་ཞེས་ཟེར་བ་དང་འདྲ་བར།། དམུས ་ལོང་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་འོད་སྲུང་ཆེན་པོ་ལ་སོགས་པ་སྦྲུལ་དེའི་ནང་ན་བཞུགས་ཀྱི་ང་ཀུན་གྱིས་བརྡེག་ཅིང་གཤེ་སྟེ། དེ་ནས་སྐྲོད་ཅིང་འདུག་ཏུ ་མེ་སྟེ་རོ།། གཞན་ཡང་དཔེར་ན་སེངྒེ་ནི་སྤོས་ཀྱི་རི་ལ་གནས་ཏ། རི་དགེས་དང་གཅན་ཟན་གང་ཡང་གནས་དར་ཉར་མི་བཟོ་དོ།། སེངྒེ་རི་ལས་བྱུང་སྟེ། སོང་བའི་འོག་ཏུ་ནི་གདུག་པ་ཁྲོ་བོ་ལ ་སོགས་པ་གཅིག་གིས་གཅིག་བོས་ཏེ་སྤོས་ཀྱི་རི་ལ་ལྷགས་ནས་འབྲས་བུ་ཞིམ་པོ་ཟ་ཞིང་ཆུ་མིག་ལས་འཐུང་།། དེ་ལྟར་ཟ་ཞིང་འཐུང་བ་ལས་ཐམས་ཅད་སྐམས་ཤིང་མེད་པར་གྱུར་ཏོ།། ་སྤོས་ཀྱི་རི་ལ་གནས་པའི་ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར་བས།། རྩཝ་གདུག་པ་སྐྱེས་ཏེ། ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་འགྱུར།། མྱ་ངན་འདས་པའི་འོག་། དགེ་སློང་ཟད་ཀྱིས་ངས ་བསྟན་པའི་མདོ་སྡེ་བཅུ་གཉིས་འདོན་ཅིང་ཀློག་པ་ཡང་གོང་མ་ནི་བར་དུ་བཅུག། བར་མ་ནི་འོག་ཏུ་བཅུག། འོ་ག་མ་ནི་གོང་དུ་བདུག། བར་མ་ནི་འོག་དང་ཐ་མར་བདྲུག་སྟེ། དོན་མ་ཡིན་པ་ལ་དོན ་ཞེས་ཟེར། དོན་ལ་ནི་དོན་མ་ཡིན་ཞེས་ཟེར་ཏེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་ངའི་གཞུང་ནི་བདེན་པ་ཡིནོ་ཞེས་ཟེར་བ་དང་འདྲའོ།། དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་།། ་གཟི་བརྗིད་དང་མཐུ་མེད། ལ་ལ་ཞིག་འདོན་ཏམ་ཀློག་ཀྱང་མི་གཅིག་འགའ་ཡང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ་མེདོ།། དེ་ལྟར་ངའི་སློབ་མ་རྣམས་ཀྱང་རྒྱལ་པོ་སྲིད་སྟོར་བ་འམ། བྱ་འདབ་མ ་མེད་པ་དང་འདྲ་སྟེ། གཙུག་ལག་ཁང་དང་མཆོད་རྟེན་ཡང་སྟེ། ངས་ཤིང་། ཞིག་རལ་གསོ་བ་ཡང་མེདོ།། ཇི་ལྟར་སྐུ་གཟུགས་དང་བ་དན་དང་རིན་པོ་ཆེའི་གདུགས་ཡོད་པ་ཡང་དགྲ་མ་ཞིག་པ ་དང་འདྲ་སྟེ། ཕུག་རོན་དང་བྱེའུ་དང་ངག་དང་ཁྱི་དང་ལུག་ལ་སོགས་པའི་ཚང་དང་གན་སུ་འགྱུ་རོ།། དགེ་སློང་སོ་སོ་ན་འདུག་པའི་གནས་ནི་བྱི་དོར་བཟང་དུ་བྱེད།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། འདི་ཡང་ཁྱོད་ལ་མདོ་ཙམ་ཞིག་བཤད་པ་ཡི་ནོ།། དགའ་བོས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ་དུསོ།། དེ་ལྟར་དགའ་བོ་ཡིད་གདུང་ཞིང་ངུ་བ་ནི་བཏང ་བ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་དེ་ལྟར་མ་ངུ་བར་མདོ་སྡེ་འདི་གཟུངས་ཟུང་ལ་འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག། དེ་ནས་དགའ་བོས་གདོང་མཆི་མ་ཕྱིས་ན ་བཅོམ་ལྡན་འདས་ལ་བདག་གིས་གཟུངསུ་བཟུང་ཞེས་གསོལ་ཏོ།། བརྒྱ་བྱིན་དང་། ལྷ་དང་མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲསོ།། བཙུན་པ་བདག་གིས་ཀྱང་ཡོངས་བཟུང་སྟེ། ་གང་དག་མདོ་སྡེ་འདི་རི་འམ། ཚལ་ལམ། ཤིང་དྲུང་ངམ། བས་མཐའ་འམ་དུར་ཁྲོད་ན་གནས་ཏེ་འདོན་ཏམ་ཀློག་ན། བདག་ཅག་གིས་ལྷ་དང་མིའི་འཁོར་དང་། མི་མ་ཡིན་པ་དང་བ ་ཏེ། གནས་དེར་འགྲོ་ཞིང་། ཆུང་དུ་ན་ཚིགས་བཅད་པ་གཅིག་གམ། ཚིག་གཅིག་ཙམ་ཡང་མི་མརྗེད་མི་ཉམས་པར་བཟུང་ཞེས་གསོལ་ཏོ།། མདོ་སྡེ་འདི་གསུངས་པའི་ཚེ། དགེ་སློང་སྟོང་སྙེད་ཀྱིས ་དགེ་སློང་གི་འབྲས་བུ་བཞི་ཐོབ་པར་གྱུར་ཏོ།། དགེ་སློང་མ་སྟོང་ལྔ་བརྒྱས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་བསྙེན་ལྔ་བརྒྱ་ཡོངསུ་དག་པར་གྱུར་ཏེ། ལྷ་དང་མི་དང་ལྷ་མ་ཡིན། ་ལ་སོགས་པ་ཕྱག་བྱས་ནས་ཕྱིར་དོང་།། འཕགས་པ་ཏིང་འཛིན་མཆོག་པར་རྫོགས་སྷོ།། ། མདོ་འདི་ལ་མཁས་པ་བློ་གྲོས་ཞི་བ་མོས་དགོངས་འཚལ། རྒྱ་གར ་སྐད་དུ། ཨཱརྱ་མཱ་ཡོ་པ་མ་ས་མ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་འཛི་ན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོ།། སངས་རྒྱབ་དང ་