CLOSE WINDOW

L416: sgyu ma'i 'od zer can 'byung ba'i rgyud las phyung ba'i rtog pa'i rgyal po zhes bya ba
Wyliee-texts produced with BDRC’s OCR application

སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག། བདག་དུག་གི་འཇིགས་པ་ལས་སྐྱོབས་ཤིག། བདག་ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ལས་སྐྱོབས་ཤིག། འཁྲུགས་པ་དང་། མ་འཁ ་པ་དང་། ཉམས་པ་དང་། མ་ཉམས་པ་ཐད་དུ་ཡང་བདག་སིངྒ་ལས་བསྲུངས་ཤོག། བདག་སྟག་ལས་བསྲུངས་ཤིག། བདག་ཀླུ་ལས་བསྲུངས་ཤིག། བདག་སྦྲུལ་ལས་བསྲུངས་ཤེག ་སྭཱཧཱ། བག་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་མགོ་བ་དང་། འཁྲུགས་པ་ཐམས་ཅད་ལས་བསྲུངས་ཤིག་བསྲུངས་ཤིག། ན་མ་རཏྣ་ཏྲ་ཡཱ་ཡ~ཾ། ཏདྱ་ཐཱ། ཨ ་ལོ།། ཏཱ་ལོ། ཀཱ་ལོ། སརྱཱ་ལོ་ས་མ་པ་མཱཙྪི་རཀྵ་རཀྵ་མཱཾ། བདག་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་དང་། འཇིག་པ་དང་ནད་ཐམས་ཅད་ལས་བསྲུངས་ཤིག་སྭཱཧཱ། དཀོན་མཆོག ་གསུམ་ལ་ཕྱག་འཚལོ།། ལྷ་མོ་འོད་ཟིར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ད་མུ་ཁི། སརྦ་དུཥྚ་པྲ་པུཥྚཱ་ནཱཾ། ཙཀྵེར་པུ་ཁཾ་བན་བྷ་བནྡྷ ་བན་དྷ་མུ་ཁཾ། ཛཾ་བྷ་ཡ། སྭ་བྷ་ཡ། མོ་ཧ་ཡ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱུ~ཾ། ཨོཾ་བ་རཱྀ་ལི། བ་དཱ་ལི། བིཏྟཱ་ལི་བི་རཱི་ཧ་མུ་ཁ~ཾ། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། ཙཀྵུ་མུ་ཁེ་བྷེ་དྷ་བེ་དྷ་སྭཱ་ཧཱ། བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེ་དང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མོ་དང་། ལཱ་མ་ཡིན་དང་། དྲི་ཟར་བཅས ་བའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུ་ངེས་པ་ལ་མངོན་པར་བསྟོ་།། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་རྫོགསྷོ།། །། པཥྚི ་ཨ་མོ་གྷ་བཛྲ་དང་། ལོ་སློ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། །། དེ་ནས་ལྷ་མོ་འོད་ཟེར་འདིའི་གཟུངས་ཀྱི་རྟོག་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྒྱལ་བ ་ཆེན་པོ་ཡོངསུ་གཟུང་བའོ།། ཟླ་བའི་གཟུགས་བརྙན་ནས། ཉི་མའི་སྟེང་དུ་འོད་ཟེར་ཅན་རྣམ་པར་བསམ་པར་བྱའོ།། དེའི་འོད་ཟེར་ལས་ཡོངསུ་གྲུབ་པའི་ཁབ་དང་སྐུད་པ་དང་བཅས་པས ་གདུག་པ་ཅན་རྣམས་ཀྱི་མིག་དང་འདྲུབས་བཞིན་པར་མདུན་དུ་རྣམ་པར་བསམ་པར་བྱའོ།། ཕྱི་རོལ་མཐོང་བའི་སྒྱིད་ཡུལ་དུ་མཚམས་བཅིང་བ་བྱས་ལ་ཟླ་བ་དང་ལམ་གཉིས་དག་གི་འ ་ཟེར་ལས་ཡོངསུ་རྫོགས་བཞིན་པའི་ལྷ་མོ་འོད་ཟེར་ཅར་མ་མཉན་ཡོད་ན་བཞུགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ནི་རྒྱལ་བས་བཀའ་སྩལ ་པའོ།། དེ་ཉི་མ་དང་ཟླ་བའི་མདུན་ནས་འགྲོ་བ་ཡང་ལྷའི་ཚོགས་མང་པོས་ཀྱང་མཐོང་བར་མི་འགྱུར་རོ།། དེའི་ཚེ་བདག་ཀྱང་ལྟར་མེད་པའི་ཞེས་བྱ་བ་ལ་སོགས་པ་འདི་དང་། དེ་ཡང་དགུ་ཕྲག་གསུམ་ཡི ་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། ཨོཾ་པ་ཏཱ་ཀཱ་མ་སི། པ་རཱ་ཀྲ་མ་སི། ཨུཏྟཱ་ཡ་མ་སི། ཨུ་ད་མ་སི། ནཻ་ར་མ་སི། ཨནྡ་རྡྷ་ན་མ་སི། མང་ཉིད་རབ་ཏུ་སྥར་ཏེ། ལྷ་མོ་འོད་ཟེར་བྲང་ག་ལམ་དུ་སྨྲབས ་ཤིག། བདག་ལམ་ལོག་པ་ལས་སྐྱོབས་ཤིག། རྒྱལ་པོ་དང་། མེ་དང་། ངག་དང་། སེངྒེའི་འཇིགས་པ་ལས་སྐྱོབས་ཤིག། བདག་དུས་ཐམས་ཅད་དུ་ཕུད་སུམ་ཚོགས་པར་གྲུབ་པོ ་གྱིས་ཤིག། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨཱ་ལོ། ཀཱ་ལོ། ཏཱ་ལོ། སརྱཱ་ལོ། སརྦ་མཱུ་། རཀྵ་རཀྵ་མཱ། སརྦ་བྷ་ཡ་ཥཱ་སྭཱ་ཧཱ། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི། ཨོཾ་བ ་རཱ་ལི། ཁ་ཏཱ་ལི། བཏྟཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུཥྚཱ་ནྟེ་མུ་ཁེ། བནྡྷ་བནྡྷ། དུས་ཐམས་ཅད་དུ་ལེགས་པར་སྲུང་བར་འགྱུརརོ།། བསྐུལ་ཚིག་བཞི་བཅུ་རྩ་བཞི་ནི། རྒྱ་མཚོ་གསུམ་ནི་མཚན ་བརྗོད་པའི། ཨོཾ་དང་བཅས་པའི་སྙིང་པོ་དང་། ཉི་ཤུ་རྩ་གཉིས་པ་དང་། ཡོ་ག་གེ་དྲུག་པའི་ན་འཇིགས་པ་བདེ་ལས་སྲུང་བར་བྱེད།། སྙིང་པོའི་སྔགས་འདི་འཛིན་ན་བྷེ་རྣོ་བར་བདོ།། གླེང་བཞི་དང ་བཅས་པ་བསྔགས་འདི་བཟླས་པར་བྱས་ན། ནོར་དང་འབྲུ་དང་། གཡོག་འཁོར་འཕེལ་བར་བྱེད་པའི་མཆོག་སྦྱིན་པར་བྱེད་དོ།། དོན་ང་སྒྲུབ་པར་འདོད་པས་བང་ཀ་འམ།། ཤིང་ལོ་བ་ལ་བྲིས་སྐུ་བྱ ་ནི་མྱ་ངན་མེད་པའི་ཤིང་གི་སྡོང་པོའི་རྩ་བར་པདྨ་ལ་གནས་པ། རྒྱད་ཐམས་ཅད་ཀྱིས་བརྒྱན་པ་ལྗང་ཀུ་དང་། ཨང་ག་རག་སྔོན་པོ་དང་། སྟོང་གཡོགས་སྔོན་པོ་དང་། མགོ་བོ་ན་མཆོད་རྟེན་ཡོད ་གཞོན་ནུ་མ། གཡོན་པའི་ཕྱོགསུ་གཟིགས་པའི་སྤྱན་ཅན། མྱ་ངན་མེད་པའི་འོད་ཟེར་ཅན་ཞེས་བྱ་བ་བྲི་བར་བྱའོ།། སྔོན་དུ་བསྟན་པའི་ཚོགས་ཐང་ཀུ་འདི་མདུར་དུ་བལྟ་ཞིང་མཆོག་ཏུ་སྒྲུབ་པའི ་སྙིང་པོ་བཟླས་པ་སྟོང་བྱའོ།། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་ཐོ་བའོ།། མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་འགྲུབ་པར་འགྱུར།། རིམས་ཐམས་ཅད་མེད་པར་བྱེད་དོ།། རང་ཐམས་ཅད་མེད་པར་བྱིད་དོ།། ་བཟླས་པ་དང་། སྤྱིར་སྲོག་གིས་ཀྱང་འདི་ཟིང་ཅན་གྱིས་ནོར་འཇལ་བ་བསྐྱེད་པར་བྱེད་དོ།། ཞོ་དང་དུང་བ་གཉིས་ཀྱི་སྤྱོད་སྲེག་གིས་ནི་ངེས་པར་རང་མེང་པར་བྱེའོ།། སྦྲང་རྩི་དང་མར་གྱི་སྣ ་སྲེག་གིས་ནི་རྒྱལ་པོ་རྣམས་དབང་དུ་བྱེད་ངོ་། ཞོ་དང་འབྲས་བུ་ས་ལུ་དང་། བུ་མ་གྱི་སྦྱིན་སྲེག་གིས་ནི་གནོད་སྦྱིན་མོ་འགྲུབ་པར་བྱེད།། ཚ་བའི་མིང་དང་རིལ་པའི ་ཡལ་ག་སྟོང་གི་སྦྱིན་སྲེག་གིས་ནི་རིམོས་པར་བྱེད་དོ།། རང་གི་ཁྲག་དང་། རུས་པ་དང་། དུག་དང་། སྒོ་ཚེ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་པས་དགྲའ་འཚོའོ།། འོ་བའི་སྦྱིན་སྲེག་གིས་ནི་ཞི ་འགྱུར་རོ།། རྟག་ཏུ་བཟླས་ན་དུག་འཇོམས་པར་བྱེད་ཅིང་། འབད་བ་མེད་པར་མཁའགྲོ་བ་རྣམས་འཇོམ་སོ།། ཉི་མ་རེ་རེ་བརྒྱ་བརྩི་བརྒྱད་བཟླས་ན་འཛིན། བློ་རྣ་བར་འགྱུརརོ།། ཨོཾ་བཱ་ར་ལི། བ་དྲཱ ་ལི། བ་ཏཱ་ལི། བ་རཱི་མུ་ཁི་སརྦ་དུཥྚཱ་ནཱཾ། བན་དྷ་བར་དྷ་མུ་ཁེ་སྭཱ་ཧཱ།། འོད་ཟེར་ཅན་གྱི་སྙིང་པོའོ།། ཨོཾ་མཱ་རཱི་ནི་སྭཱཧཱ། བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་གསང་བའི་སྙིང་པོ་ཡི་གེ་དྲུག ་པའོ།། སྙིང་པོའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་སྦྱར་བར་བྱས་པའི་ལ་ཁ་ཕྱེ་བ་ཡང་རུང་སྟེ། མཐེ་བ་ཆེན་ཅུང་ཟད་བཀུགས ་གུང་མོ་གཉིས་པར་ཚུན་རེག་ལ་ཟླུམ་པའི་རྣམ་པ་མཚན་མེར་བྱས་ལ། སྐྱིལ་མོ་དཀྲུང་དུ་གནས་པས་ལྟེ་བའི་ཕྱོགསུ་གཏུགས་པར་བྱའོ།། ཕྱག་རྒྱ་འདི་མཆོག་གཙོ་བོ་སྟེ།། ལས་རྣམས་ཀུ ་ལ་སྦྱར་བར་བྱའི།། བ་མ་དང་ནི་འབྲིང་ལ་ཡང་། མཆོག་རྣམས་ལ་ཡང་འདི་བསྟན།། མྱུར་དུ་འདི་ཡིས་དོར་བྱེད་ཅིང་། ཀུན་ཏུ་གྲུབ་ཅིང་མཚད་བར་འགྱུར།། དག་བྱེད་བསོད་ནམས་ཆེན ་བོ་སྷོ།། བཀྲ་ཤིས་སྡིག་པ་ཉམས་བྱེད་ཅིང་།། བསོད་ནམས་སྡིག་པ་ཀུན་ཟད་པ།། དངོས་གྲུབ་རྒྱུ་ནི་ཕྱག་རྒྱ་ཡིན།། བཅོམ་ལྡན་འད་ས་འོད་ཟེར་ཅན་མིའི་མཚན་བརྒྱད་བརྗོད་ན་སྲུང ་ང་དང་། སྐྱོབ་པ་དང་། སྦེད་པར་འགྱུརརོ།། ཏང་ཐཱ། ཨརྐ་མ་སི་མ་རྐ་མ་སི། མརྐ་ཨུར་མ་མ་སཽ། བ་རམ་སི། ཙཱི་བ་ར་མ་སི། མ་ཧཱ་ནཱི་བ་ར་མ་སི། ཨེ་ཏརྡྷ་ན་མི་སཾ། ནམ ་རཏྣ་ཏྲ་ཡཾ་ཡཱ། ཏདྱ་ཐཱ། ཨོཾ་བ་དཱ་ལི། བཱ་ར་ལི། བ་རཱ་ཏྲ་མུ་ཁི་སརྦྦ་པུཥྚ་པྲ་དུཥྚཱ་ནཱཾ། མུ་ཁེ་བར་དྷ་བན་དྷ་སྭཱ་ཧཱ། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་རྟོག་པ་ནི་འདི་ཡི་ནོ།། དེ་ནས ་སྦྱོར་བ་གཞན་ནི་འོད་ཡིན་ཏེ། གསེར་མདོག་ཅན་གྱི་ཕག་པ་བསྒོམས་ལ། དེའི་སྟེང་དུ་འོད་ཟེར་ཅན་གོས་དཀར་པོའི་ཤམ་ཐབས་ཅན་བསྒོམ་པར་བྱའོ།། དེའི་སྤྱི་བོར་མཆོད་རྟེན་དང་། ་གཡོན་པའི་ཕྱག་གི་མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་ནོ།། འཇིགས་པ་ཆེན་པོའི་དུ་སུ་ཡང་བདག་ཉིད་ཕག་པའི་ཚོགས་ཀྱིས་ཡོངསུ་བསྐོར་བར་བསྒོམ་པ ་བྱའོ།། སྙིང་ཁར་ཆོས་གོས་ཀྱི་སྣའུ་བཟུང་སྟེ། ལན་བདུན་དུ་བསྔགས་ལ་མདུང་པ་བདུན་པས་ན་ལམ་དུ་ཀུན་མ་ལ་སོགས་པས་ཆོམས་པར་མི་འགྱུ་རོ།། དེ་ནས་མདུད་པ་ཡོངསུ་དཀྲོལ་བར་བྱ ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་འོད་ཟེར་ཅར་གྱི་རྟོག་པ་རྫོག་སོ།། །། རང་གི་སྙིང་ཁར་ཟླ་བ་ལ་ལམ་རྣམ་པར་བསམས་ལ། དེ་ཉིད་ཡིད་ཀྱིས་བརྗོད་པས་ཆོས་ཐམས་ཅད་བདག་མ ་པའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་ཡང་ན་མཁིའི་ཕྱོགསུ་བསམ་པ་ནི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པདྨའི་ལྟེ་བར་སེང་ལྡེང་གི་ཁཱི་ལ་རྡོ་རྗེའི་སྐྱིལ་དཀྲུང་གིས་བཞུགས ་པ། གསེར་གྱི་མདོག་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཏིང་འཛིན་ལ་སྙོམས་པར་ཞུགས་པ། རལ་པའི་དབུ་རྒྱན་འཆང་ཞིང་ཞི་བ་ཡི་གེ་མཱ་ཉིད་ཀྱིས་བརྗོད་པའི་རྣམ་པར་བསམ་པར ་བྱའོ།། དེ་རས་མདུར་དུ་ཟླ་བའི་གཟུགས་བརྙན་རྣམ་པར་སྣང་མཛད་ཀྱི་འོད་ཟེར་ལས་བྱུང་བའི་འོད་ཟེར་ཅན་མ། ཨོཾ་མཱ་རཱ་ཙྱཻ་སྭཱ་ཧཱ། ཞེས་བྱ་བས་གསེར་གྱི་མདོག་ཅན ་གྱི་སྤང་བ་དང་བཅས་པའི་ཁབ་འཛིན་པའི་ཕྱག་གིས་གདུག་པ་ཅན་གྱི་ཁ་དང་། མིག་ཡང་དག་པར་དྲུབས་པ་མདུན་དུ་རྣམ་པར་བསམ་པར་བྱའོ།། བུ་མོས་བསྐལ་བའི་སྐུད་པ་ཉི་ཤུ ་རྩ་གཅིག་ལ་རྩ་བའི་སྔགས་ཀྱི་རིག་པ་ལན་ཅིག་ཡོངསུ་བཟླས་པ་ན་དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ་མ་ཙྱཻ་དེ་བ་ཏཱ་ཡེ། ཧྲི་ད་ཡ་ཨཱ་བརྟ་ཡེ་ཥྱ། ཏདྱ་ཐཱ། ཨོཾ་བ་ཏི། ཏི་ལི། བ་ཏ་ཏི་ལི། པྲ ་ཏ་ཏི་ལི། པྲ་ར་ལི། བ་རཱདྲ་མུ་ཁི་སརྦ་པུརཱ་པྲ་དུཥྚཱ་ནཱ། ཙཀྵུ་མུ་ཁཾ། བན་དྷི་མ་སྭཱ་ཧཱ། ཞེས་བྱ་བ་དང་། ཡང་ལན་བརྒྱ་རྩ་བརྒྱད་འང་བཟླས་ཏེ།། ན་མོ་རཏྣ་ཏྲ་ཡཱ་ཡ། མཱ་རཱྀ་ཙྱཻང ་ཡེ་དྱ་ཐཱ། ཨོཾ་བཏྟ་ལི། བ་དཱ་ལི། བ་ར་ལི། བ་རཱ་དྲཱ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། གྲེ་བི་བི་དྷ་མི་སྭཱ་ཧཱ། ཞེས་བྱ་བ་བརྗོད་དོ།། དེ་སྐུད་པ་ལ་རང་ཉིད་སྲུང ་ཆེད་དུ་མདུད་པ་བདུན་པའོ།། གཡོག་པའི་ཆེད་དུ་བྱ་སྟེ། མིང་ཡོངསུ་གཟུང་བའི་སྦྱོར་བས་མདུད་པ་གཅིག་བྱའོ།། འགྲོ་བ་དང་འོང་བས་སྐུད་པ་དེ་རྐང་པ་ལ་བཅིངས་ཏེ་གླེང་གཞི་དང་བཅས ་པའི་འོད་ཟེར་ཅན་གྱི་རིག་པ་ཀླག་སྟེ། མདུན་དུ་འགྲོ་བར་བྱའོ།། དེ་ལྟར་བྱས་ན་རང་བཞིན་གྱི་སྲུང་བར་འགྱུརརོ།། ནུབ་མོ་མདུན་དུ་ཟླ་བ་ལ། ཉིན་མོ་ནི་ཉི་མའི་དཀྱིལ་འཁོར་ལོ་སྔོན་དུ་གསུངས ་པ་བཞིན་དུ་རང་གི་གན་སུ་བྱའོ།། དེའི་རྗེསུ་ཇི་ལྟར་གསུངས་པའི་རིག་པ་ལན་བདུན་དུ་བརྗོད་པར་བྱ་སྟེ། ན་མཿསརྦྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿཏདྱ་ཐཱ། ཨོཾ་ཨཱ་ལོ། ཀཱ་ལོ། ཏཱ་ལོ། ་སཉྩ་ལོ། སརྦ་མཱུདྷི། རཀྵ་རཀྵ་མཱཾ་སརྦ་བྷ་ཡེ་ཝུ་སྭཱ་ཧཱ།། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི་རིག་པའོ།། ཏདྱ་ཐཱ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བ་རཱ་ལཱི། ཥར ་ཧ་མུ་ཁི་སརྦྦ་དུཥྚ་པྲ་དུཥྚཱ་ནཱ~ཾ། བནྡྷ་བནྡྷ། མུ་ཁཾ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་བ་ཏཱ་ལི། བ་དཱ་ལི་བ་རཱ་ཧཱ་མུ་ཁ~ཾ། སརྦྦ་དུཥྚ་པྲ་དུཥྚ་ནཱཾ། བནྡྷ་བནྡྷ་མུ་ཁེ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ།། ཞེས ་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ངེས་པར་འདི་ཡིན་ནོ།། ཨོཾ་མཱ་རཱི་ཙྱཻ་བ་དཱཀྲ་མ་སི། པ་རཀྵ་མ་སི། ཨུ་ད་ཡ་མས། ནི་རྀ་མ་སི། ཨ་རྐ་མ་སི། ཨུརྻ་མ་སཾ། བན ་མ་སི། གུ་ལླ་མ་སེ། ཙི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སེ། ཨཻ་ཏཏྟེ་ན་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་བཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལཱི། བ་རཱ་ཧ་མུ་ཁི། སརྦ་དུཥྚ་པྲ་དུཪྵ་ནཱ། ་བནྡྷ་བནྟ་མུ་ཁ་སྭཱ་ཧཱ། ཨོཾ་མཱ་རཱི་ན་སཱཏྲ།། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་བའི་མཆོག་ནོ་ངེས་པར་འདི་ཡིན།། ཨོཾ་མཱ་རཱི་ཙྱཻ་བ་དཀྲ་མ་སི། པཱ་ཀྲ་མ་སི། ཨུ་ད་ཡ་མ་སི་ར་མ་སི། ཨནམ ་སི། མ་ད~ཾ་མ་སི། ཨུརྨ་མ་སཽ། བཾ་དྷརྨ་སི། གུལྨ་མ་སི། ཙཱི་རཱ་མ་སི། མ་ཧཱ་ཙཱི་བ་ར་མ་སོ། ཨེ་ཏདྷཱ་ར་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏྲདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི་ཁ་རཱ་ལི། བ་ར་ཏྲ་མུ་ཁིཿ ་དུཥྚཱ་ནཱ། བནྡྷ་བནྡྷ་སྭཱ་ཧཱ། ཨོཾ་བཏྟཱ་ལི། བ་དཱ་ལ~ཾ། བ་རཱ་ལིཎི་བ་རཱ་དྷ་མུ་ཁི། སརྦྦ་དུཥྚ་པྲ་དུཥྚཱནཱ། ཀྲཱ་མུ་ཁེ་བན་དྷ་མི་སྭཱ་ཧཱ། ཞེས་བྱའོ།། ཨོཾ་བཏྟི་ལི་ཁ་དཱ་ལི། བ་རཱ་ལི། བ་རཱ་དྲ་མུ་ཁིསརྦྦ ་དུཥྚ་པ་དུཥྚཱ་ནཱཾ། གཻ་དྷི་བེ་དྷ་མི་སྭཱ་ཧཱ་ཞེས་བརྗོད་པར་བྱའོ།། རང་ཉིད་སྲུང་བའི་དོན་དུ་སྔགས་འོད་དཱ་སྱ། ཨོཾ་ཨཱཏྨ། མ་སཽ་སྭཱ་ཧཱ། ཞེས་བྱེ་བ་དང་། ཨོཾ་མན་མ་སི་སྭཱ་ཧཱ་ཞེས་བྱ ་དཔེ་ཨོཾ་ཨེ་དྷཱི་ན་མ་ས~ཾ་སྭཱཧཱ་ཞེས་བྱ་བ་དང་། ཨོཾ་ཏ་ཛ་མ་ས~ཾ་སྭཱཏྨ་ཞེས་བྱ་བ་དང་། ཨོཾ་སུ་ད་ཡ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་གུལྨ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ངན ་སི་སྭཱཧཱ། ཞེས་བྱ་བ་དང་། ཨཾ་ཙཱི་བ་ར་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་པ་དཱཀྲ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་པ་རཱ་ཀྲ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཨུརྨ་མ་སི། སྭཱ་ཧཱ་ཞེས་བྱའོ།། དེ་ནས་ལས ་གཞན་ཡིན་ཏེ། མཆོག་ཏུ་གྱུར་པའི་སྔགས་ནི་ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིའི་ལས་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགུག་པའོ།། བདག་གི ་དོན་དུ་སྙིང་ཁར་ཏྲི་དང་སྤེལ་བའི་སྙིང་པོ།། ཨོཾ་དང་སྤེལ་བ་བྱས་ལེ། མགལ་མེའི་འཁོར་ལོ་ལ་གནས་པ་ལྕགས་ཀྱུ་དང་ཞགས་པས་དགུག་པར་བྱ་བོ་ནི་དཔག་ཚད་བརྒྱ་ཡིན་དུ་ཟིན་ཀྱང་ལྷ ་རྫས་ཀྱི་བུད་མེད་འགུགས་པར་བྱེད་དོ།། དེ་ནས་སྦྱོར་བ་གཞན་ཡིན་ཏེ། ཉི་མ་འཆར་ཀིའི་ཆེ་བ་སྟེ། གཞོན་རུ་མ་ལ་སྔགས་བརྒྱ་བཟླས་ཏེ་བའི་ལྕིབས་དཀྱིལ་འདྲ ་བྱས་ལ་བའག་བར་བ་སཱ། ཙནྡ་དཀར་པོས་ཡན་ལག་བྱུག་ལ་མེ་ཏོག་དང་ལེགས་པར་ཁྲུས་བྱས་ཤིང་གོས་དཀར་པོ་སྟོན་ལ་གུ་གུལ་གྱི་གདུག་པ་སྦྱིན་ཏེ་མཐེ་བོང་ལ་རྒྱ་སྐེགས་དཔ ་དང་མར་ནག་གིས་བསྒོས་ལ་སྔགས་བརྒྱང་བརྒྱ་བཟླས་ཏེ། དབང་བསྐུར་བ་བསྟར་བར་བྱའོ།། ལྷ་ལ་སོགས་པ་ཐམས་ཅད་སྔགས་ཀྱི་རྒྱལ་པོ་འདིས་བསྐུལ་ཏོ། ཨོཾ་ཙི་རོ་ཙི་རི་མུ་སྭཱ་ཧཱུ~ཾ་ཞེས་བྱ ་བ་ནི་སྔག་སོ།། ཨོཾ་མཱཿསྔགས་འདིས་མར་མེ་ལ་བརྒྱད་བརྒྱད་མངོན་པར་བསྔགས་ནས་གཞོན་ནུ་མ་ལ་བསྟན་པར་བྱས་ན་སྔོན་བཞིན་དུ་མངོན་པར་འགྱུརརོ།། མ་མོའི་ཚོགས་པ ་དགེ་པ་དང་། མི་དགེ་བ་ཡང་ཐོས་པ་ནི། ཨོཾ་བཱ་ཏཱ་ལི་ཡེ་མུཿསྔགས་འདི་ཁྲི་ཆོ་གཅིག་བཟླས་ཏེ་བསྟན་པར་བྱའོ།། ཡང་ན་ངག་པོ་རིམས་ཀྱིས་བཟུང་བར་འདོད་ན་མོའི་རུས ་ཕྱེ་མ་དང་། དུར་ཁྲོད་ཀྱི་བལ་བ་དང་། ཆུ་བིའི་ངོགས་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་རྡུལ་དང་བཅས་པ་ལ། གཟུགས་བརྙན་བྱས་ཏེ། དུག་དང་། མེ་དང་། སྐེ་ཆེ་དང་། ཉི་ཕྱེད་དང་། ་དང་ལྡན་པ་དུར་ཁྲོད་ཀྱི་རས་ལ་སྔགས་དང་སྤེལ་བ་བྲིས་བཞིན་པ་བྱས་ཏེ། ཨོཾ་མཱ་རཱི་ཙྱཻ་ཆེ་གེ་མོ་རིམས་ཀྱིས་ཟུང་ཤིག་ཟུང་ཤིག་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྒྱད་བརྒྱ་བཟླས་པོས་ངག་བ ་ཁང་པར་སྤྲས་ན། རིམས་ཀྱིས་འཛིན་པར་འགྱུརརོ།། ཡང་མཐོད་པ་ལ་སྔོན་དུ་བསྟན་པའི་རྫས་ཉིད་ཀྱི་མིང་བྲིས་ཏེ་ཡི་གེ་ཨ་བཞི་ནང་དུ་བཅུག་ནས་མེའི་ནང་དུ་ཡང་མཱཾ་གོས་ཡོངསུ་བསྐོར་ལ ་ཁྲོས་པས་སེང་ལྡེང་གི་མེ་ལ་བདུག་པར་བྱའོ།། སྲུང་ནས་སྐྱེ་བ་བཅིངས་པའི་བོང་བ་དགྲ་བོའི་ཁང་པར་སྦས་ན་འཕྲལ་དུ་རིམས་ཀྱིས་འཛིན་པར་འགྱུར།། ཡང་མ་དུར་ཁྲོད་དུ་བའོ།། དེ་ནས ་དག་པོ་བསད་པར་འདོད་ན། དུག་དང་། ཚ་དང་། སྐེ་ཚེ་དང་། ཁྲིག་གིས་མིའི་རུས་པའི་སྨྱུ་གུས་ཐོང་བ་ལ་མིང་མངོན་པར་བྲིས་ཏེ་ཧཱུཾ་དང་ཕཊ་གཉིས་ཀྱི་ནང་དུ་བཅུག་ནས་གསོད་པར་འགྱུར།། ་སྔགས་ཀྱིས་ཡོངསུ་བསྐོར་བ་བྱ་སྟེ། ཨོཾ་མཱ་རཱི་ནེ་ཧཱུཾ་ཆེ་གེ་མོ་སོད་ཅིག་ཧཱུཾ་ཞེས་བྱ་བ་སྟོང་ཕྲག་བརྒྱད་བཟླས་ན་འཆི་བར་འགྱུརརོ།། དུར་ཁྲོད་དུ་བྲིས་ན་ནི་ཞག་གསུམ་གྱིས་ཉམས་པར ་འགྱུརརོ།། ཡང་ན་སྐྲོང་བར་འདོད་ན། ཨོཾ་མཱ་བྱི་ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙི་ལ། གཱི་གྷྲ་ག་མི་ནི་ཆེ་གོ་མོ་སྣོད་ཅིག་ཧཱུཾ་ཕཊ། སྔགས་འདི་བ་རོག་གི་བཤོས་པ་བླངས་ལ་སྟོང་ཕྲག ་བརྐྱང་བཟླས་ཏེ། དག་པའི་ཁྱིམ་དུ་འབང་པས་སྦ་བར་བྱས་ལ། རྔ་མོའི་སྟེང་དུ་ཞོན་པ་སྒོམ་པར་བྱས་ན་དེ་མ་ཐག་ཏུ་སྤོང་བར་བྱེ་།། ཡང་མ་དབྱེ་བར་འདོད་མདུན་ཁྲོད ་ཐལ་བ་དང་། ཆུ་རླུང་གི་དགོས་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་ས་དང་། ཡང་དག་པར་བསྟན་པས་སོ་སོར་གཟུགས་རླན་བྱས་ལ་རྒྱབ་སྤང་ཏེ། མཽ་ཧེའི་ཤ་དང་རྟའི་མགོ་སྤུས་ལགས ་པར་བཅིངས་ལ། དུག་དང་། སྐེ་ཚེ་དང་། ཚ་བ་གསུམ་གྱིས་ལུས་བྱུགས་ལ། དེ་ཉིད་དང་མ་ཧེའི་ཤ་དང་། རྟའི་ཁྲག་དང་ལྡན་པས།། དུར་ཁྲོད་ཀྱི་རས་ལ་ཕཊ་བཞིའི་དབུས་སུ་ཧཱུཾ་གིས་སྤྲུལ ་བའི་མིང་བྲིས་ལ་མཱཾ་གྱིས་ཡོངསུ་བསྐོར་ལ་དེའི་སྤ་ཁར་བཅུག་སྟེ་སྔགས་བཟླས་ཤིང་མ་ཧེ་དང་རྟ་གཉིས་ལ་ཞོན་པ་གཉིས་ཀ་ཡང་འཐབ་བཞིན་རྣམ་པར་བསམ་ན་དཔེ་བར་བྱེད་དོ།། འདྲས ་བྱེད་དང་། དཀའ་བཟློག་མ་དང་བཅས་པས་དུར་ཁྲོད་དུས་བརློས་ལ་སྦའོ།། ཨོཾ་མཱ་དྷི་ཆེ་གེ་མོ་བྱེ་ཤིག་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ནི་སྔག་སོ།། དེ་ནས་སྦྱོར་བ་གཞམ་ནི་མ་ཧེའི ་དང་། རྟའི་རུས་པ་ལ་གཟུགས་བརྙན་བྱས་ཏེ། དུག་དང་གཏུམ་པོའི་ས་བོན་དང་། མ་ཧེའི་ཤ་དང་། རྟི་ཁྲག་གིས་སྙིང་ཁར་མིང་མངོན་པར་བྲིས་ལ་སྔགས་བཟློ་ཞིང་། སང་ལྡེང་གི་མེ ་ལ་གདུགས་ན་དེ་མ་བག་ཏུ་འབྱེད་པར་བྱེང་ངོ་།། ཡང་ན་དགའ་བོའི་ཁྱིམ་དུ་སྦས་ན་ཡང་འབྱེད་པར་བྱེད་དོ།། དེ་ཡང་དག་པར་བརྗོད་པར་བྱ་བ་ནི་འོད་ཟེར་ཅན་ཆེན་པོ་འབྱུང་བའི་རྒྱུད་ལས་བྱུང ་ནི་དགྲའི་དཔུང་རེངས་པར་བྱེད་པའི་ཚིག་སྟོན་ཏེ། ཁ་ཅིག་ཏུ་རྒྱལ་པོའི་དཔུང་གི་ཚོགས་གཡོས་པར་འགྱུར་ཞིང་གཞན་གྱི་ཡུལ་ཁམསུ་ཕུང་བར་བྱེད་པར་བརྩོན་ན་གང་གཱ ་ཆེ་ལ་རྒྱལ་པོ་འོངས་ནས་སླར་བྱེད་ཅིང་མཚད་དེ་སྔགས་པ་ལ་གསོལ་བ་འདེབས་ན་དེའི་ཆེ་སློབ་དཔོན་གྱིས་སེན་ཐམས་ཅད་ལ་རྗེསུ་བརྩེ་བས་བྱམས་པའི་སེམས་ཀྱིས ་ཏིང་འཛིན་པའོ།། དེ་ལ་འཚོག་ཆས་དགོས་པ་ཐམས་ཅད་དང་ལྡན་ཞིང་ལེགས་པའི་གྲོགས་པོས་ཆེད་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱི་བང་སྐུ་བཀྲམ་ལྀ། ཙན་ངན་དཀར་པོས་ཀྱི ་འཁོར་ཉེ་བོར་བྱུགས་ལ་མེ་ཏོག་དཀར་པོ་བཀྲམ་པ། བདུག་སྤོས་དང་། དྲི་དང་ཕྲེང་བ་དང་། གཏོར་མ་ཡང་བྱིན་ལ། ཞོ་དང་། སྦྲང་རྩི་དང་། དྲ་རམ་དང་ལྡན་པས་ལན་བདུན་དུ་བསྔགས་ལ ་དབུལ་པར་བྱའོ།། སྔགས་ན། ཨོཾ་མཱ་རུ་ནྱ་སཎྱེ་པྲཏཱ་ནྱ་སྭཱ་ཧཱ། ཨོཾ་མཱ་དཱ་སྱ་བནྡྷེ་པྲ་ཏི་ཤྭ་སྭཱ་ཧཱ། ཨོཾ་མཱཙྪ་ཙྱཻ་བུཥྤེ་པྲ་ཎི་སྭཱ་སྭཱ་ཧཱུ~ཾ། ཨོཾ་མ་ཏྲི་དྷུ་བི་པྲ་བ~ཾ་ས?་སྭཱ་ཧཱ། ཨོཾ་མ་ཛེས་དི་འཕྲ ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་མ་ལ་མཆོད་ཅིང་ཡོངསུ་བསྔོ་སྟེ། དགྱེས་པར་བྱས་ལ་བདག་ཉིད་བཅོམ་ལྡན་འདས་མིའི་གཟུགས་དམིགས་ཤིང་རང་ཉིད་དུ་རྒྱལ་དང་ལྡན་པས་ཁཱ ་གསུམ་བཟླས་པ་བྱའོ།། དེའི་སྔོན་དུ་སོང་བའི་བསྙེན་པ་ཡིན་ཏེ། མི་དགེ་བའི་མཚན་མ་མཐོང་བར་འགྱུརརོ།། དེ་ནས་ཕྱིས་ནི་སྦྱིན་སྲེག་བྱ་སྟེ། སྔོན་དུ་བསྟན་པའི་ཚོ་གས་ལས་ཐམས་ཅད་པའི ་ཁུང་དུ་ཎྱ་སྔགས་ཀྱི་ཤིང་དང་། བྱང་ཆུབ་ཀྱི་ཤིང་དང་། ཨུ་དུམ་བ་རིའི་ཡམ་ཤིང་གིས་མ་སྦར་ལ། ཞོ་དང་། འོ་མོ་དང་། མར་དུ་སྨྱུགས་པའི་ངུར་བ་ཉག་མ་རེ་རེ་རྣམས་སྟོང་ཕྲག་བརྒྱ ་སྦྱིན་སྲེག་བྱའོ།། དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ།། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི་ཁ་རཱ་ཧཱ་མུ་ཁི་སཔྤ་རི་པུ་སྟྲ་སྱཻ་བྷྱཱཾ་སྭ་བྷ་ཡ་སྭཱ་ཧཱ།། འདི་ནི་རིངས་པར་བྱེད་པའི་སྔགས་ཏེ ་རངས་པའི་ལས་ཐམས་ཅད་སྦྱང་བར་བྱའོ།། སྔ་གས་འདིས་བཟླས་པ་དང་སྦྱིན་སྲེག་ཀྱང་བྱའོ།། ཕྱིས་ནི་རྒྱལ་པོ་དང་མདུན་ན་འདན་ནི་གྲོ་ག་འམ། རས་ལ་གུར་བུམ་དང་། ་གི་ཝང་བདག་གིས་བསྒྲུབ་བྱའི་མིང་དང་སྔགས་སྦལ་ཏེ་མཱཾ་གིས་དཀྲིས་པ་ཡང་ཡི་གེ་བིཞེས་ཡོངསུ་བསྐོར་ཏེ། ཨོཾ་མཾ་བེ་མེ། ཕྱི་རོལ་ཏུ་བའི་ཡི་གེས་ཡོངསུ་བསྐོར་བའི་འཁོར་ལོ་བྲིས་ལ ་བང་གི་སྤྱི་གཙུག་གམ། མགུལ་བ་འམ། དཔུང་པ་ལ་བཏགས་ན་ལས་ཐམས་ཅད་ཉིད་ལ་སྲུང་བ་བྱེད་པ་ཡིནོ།། གཡུལ་ངོར་ཞུགས་ན་མཚོན་ཆས་ལུས་ལ་མཆོད་པར་འགྱུརརོ།། གཡུལ ་ངོ་ལས་དེ་ནི་རྒྱལ་བར་འགྱུར།། དེ་ནས་ཡང་ཕྱིས་ནི་མཆོག་ཏུ་གྱུར་པའི་གླང་པོ་འམ། མཆོག་ཏུ་གྱུར་པའི་ཤིང་རྟ་ལ་རྡོ་རྗེ་སློབ་དཔོན་ཞོན་ཏེ། གཡུལ་ལས་མངོན་པར་ཕྱོགས་པས་བཅོམ ་ལྡན་འདས་མའི་ཐང་སྐུ་བཀྲམ་ལ་རྒྱལ་མཚན་སེར་པོ་བཞུགས་ཏེ་རས་སེར་པོའི་ཤམ་ཐབས་དང་སེར་པོའི་ཐོད་བཅིངས་ཏེ། ཚོགས་ཆས་རྡོ་རྗེ་དྲིལ་བུ ་བཟུང་ཞིང་བརྙེས་པ་དང་བཅས་པས་སྔོན་བཞིན་ཕེག་པའི་ཤིང་རྟ་ལ་བསྒོམས་ལ་སྔགས་བརྗོད་པར་བྱའོ།། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧཱ་མུ་ཁི་སརྦྦ་དུཥྚ་རི་པྲ་སཾ་སྭཱཿ ་ཡ་ཧཱུཾ་ཕཊ་སྭཱ་ཧཱ།། ཕག་པས་བསྐོར་བའི་ནང་དུ་བསྒོམས་ནས་དེ་མ་བག་ཏུ་དགྲིའི་དཔུངས་ཚོགས་ལས་རྒྱལ་བར་འགྱུརརོ།། མཚོན་གྱིས་བཅང་བའི་མི་ཤི་བིའི་རེ་གོས་སམ། དུརུ་ཝང ་ངས་ལ་འཁོར་ལོ་འདི་བ་བླ་འམ། ཡུང་བའི་ཁུ་བས་བྲིས་ཏེ་ཆུ་བའི་ངོགས་གཉིས་ཀྱི་ས་འམ། རིང་རྩེ་མོའི་ས་འམ། དུར་ཁྲོད་ཀྱི་བལ་བ་དང་ལྡན་པས་དགྲའི་དཔོན་གྱི་གཟུགས ་བརྙར་བྱས་ལ་འཁོར་ལོ་དེའི་སྙིང་ར་བཅུག་ལ་ཡང་ས་དེ་དང་ལྷན་ཅིག་ཏུ་འབྲས་ས་ལུའི་ཁུ་བ་ལ་ཡུང་བའི་ཁུ་བ་དང་། ལྡན་པས་ཕག་པའི་གཟུགས་བྱས་ལ་དེ ་ཁ་རུ་དགྲ་བོའི་གཟུགས་བརྙན་ཁ་བུར་དུ་བསྟན་ལ་བཅུག་སྟེ། ཕག་པ་དེ་ཁམ་སྐྱོང་ཁ་སྦྱར་གྱི་ནང་དུ་བཅུག་ལ་སོང་སྟེ། དགྲའི་དཔུང་ལ་མངོན་དུ་ཁ་བལྟས་པས་བཞག་པར་བྱའོ།། ་ཟན་པ་དང་། ཉ་དང་། ཤ་རློན་པ་དང་ལྡན་པས་གཏོར་མ་བྱིན་ལ་སོར་བརྒྱད་པོའི་སེང་ལྡེང་གི་ཕུར་བུས་བཏབ་ལས་བརྐོས་ཏེ་བཟླས་ལ། སྔགས་སྟོང་ཕྲག་བརྒྱད་རྡོ་རྗེ་ཁྲོ་བའི ་སྟོབས་དང་། ལྡན་པས་བཟླས་པ་བྱས་ན་དག་པོའི་དཔུང་རེངས་པར་འགྱུརརོ།། དེ་ནས་གཞན་ཡང་འཁོར་ལོའི་མཚན་ཉིད་ནི་བསྒྲུབ་བྱའི་མིང་ཡིགས་ཡོངསུ་དཀྲིས་པར་བྱས་པ ་ཡང་རྩའི་ཡི་གེས་ཡོངསུ་བསྐོར་བར་བྱའོ།། ཡི་གེ་དེ་གཉིས་ཀྱི་བར་དུ་བཏྟཱ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བས་ཡོངསུ་བསྐོར་བར་བྱའོ།། ཡང་དེ་ལ་མཱཾ་གིས་བསྐོར་བ་བྱས་ལ། ་ཡང་ཡི་གེ་བཞིས་ཡོངསུ་བསྐོར་ཞིང་གྲུ་བཞིའི་ཕྱོགས་དེ་མཚམ་སུ་རྡོ་རྗེ་ས་མཚན་པར་བྱས་ནས་དེ་ཉིད་ཀྱིས་དེ་མ་ཐག་ཏུ་དགྲ་བོའི་དཔུང་རེངས་པར་བྱེད་ཅིང་ཉམས་པར་བྱེད་པ་ལ ་ངོ་ཚོམ་མདོ།། དགྲ་བའི་དཔུང་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་འཁོར་ལོ་འདི་སློབ་དཔོན་གྱི་མན་ངག་ལས་ཤེས་པར་བྱའོ།། དེ་ནས་གཞན་ཡང་རེངས་པར་བྱེད་པ་དང་། ་འབྱེད་པར་བྱེང་པ་དང་། གསོད་པར་བྱེད་པའི་སྦྱོར་བའི་དབང་དུ་བྱས་པའི་འཁོར་ལོ་ཡིན་ཏེ། གྲོགས་བཟ་ང་བོ་དང་ལེགས་པར་སྲུང་སྟེ། མིའི་བགེགས་ཡོངསུ་སྤངས་ཏེ ་དུར་ཁྲོད་དུ་གནས་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་བང་སྐུ་བཀྲམ་ལ། དེའི་མདུན་དུ་ལྕི་བའི་དཀྱིལ་འཁོར་བྱས་ཏེ། ཇི་ལྟར་འབྱོར་པའི་མཆོད་པ ་རྣམ་པ་ལྔ་དང་ལྡན་པར་མཆོད་ལ་གོས་ནག་པོ་བགྲོ་ཞིང་བོང་ནག་པོ་བཅིངས་ལ་ཚོགས་ཆས་དང་། རྡོ་རྗེ་དྲིལ་བུའི་མཆོག་བསྟེན་པས་ཁྲོས་པོས་སྔོན་བཞིན་དུ་ལྷ་མོ་འོད་ཟེར་ཅན ་བསྒོམ་པར་བྱ་སྟེ། ཕག་པའི་ཞལ་གསུམ་པ། སྤྱན་གསུམ་པ། ཞལ་འགྱུར་ཞིང་མཆེ་བ་གི་ཆགས་པ། གློག་བཞིན་ལྗགས་འཇིག་པར་བྱེད་པ་ཉི་མ་བཅུ་གཉིས་དང་འདྲ་བའི ་འང་འབར་ཞིང་འཕྲོ་ག་མུ་མེན་ལྟ་བུའི་གོས་སྔོན་པོའི་སྨད་དགྲིས་བྱས་ཤིང་ཤང་འགག་དང་སྲོང་གཡོགས་སྣ་ཚོགས་པའི་གོས་ཀྱིས་བྱས་པ།། རྒྱན་ཐམས་ཅད་ཀྱིས་བརྒྱན ་པ། ཕྱག་བརྒྱད་པ། གཡས་ན་མངའ་དང་། རྡོ་རྗེ་དང་། ཁབ་དང་། ལྕགས་ཀྱུས་བསྣམས་པའི་ཕྱག། གཡོན་དུ་གཞུ་དང་། ཞགས་པ་དང་། ཤིང་མྱ་ངན་མེད་པའི་ཡལ ་ག་དང་། སྐུད་པ་བསྣམས་པའི་ཕྱག་གོ། མཆོད་རྟེན་མགོ་ལ་ཡོད་པའི་སྒྲ་དང་ལྡན་པ། ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཁྲོས་པས་རྐང་པས་བསྩུ ་བྱ་མནན་པོ་ཉིད་དུ་བསམ་པར་བྱའོ།། ཆུ་བའི་ངོགས་ཀྱི་ས་དང་། མིའི་རུས་པའི་ཕྱེ་བ་དང་། དུར་ཁྲོད་ཀྱི་ཐལ་བ་དང་ལྡན་པས་གཟུགས་བརྙན་བྱས་ལ། ཆ་བ་གསུམ་དང་། དུག་དང་། ཁྲུན ་དང་། ཚྭ་དང་། སྐེ་ཆ་དང་། ད་དུ་ར་ཡིས་རི་གོས་ལ་བསྒྲུབས་བྱའི་མིང་དང་། ངེས་པར་བྱས་ལ་སྙིང་ཁར་གཞུག་པར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧཱ་མུ་ཥེ་ཧཱུཾ ་ཆེ་ག་མོ་སོང་ཅིག་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་ལ་ངི་དང་མིང་སྦལ་ཏེ་མི་ཤ་སྐམ་པོ་དང་། རུ་གུལ་དང་། ཡང་དག་པར་ལྡན་པས་རིལ་བུ་བྱས་ལ་མའི་ཚིལ་དང་བསྲས ་བསྲེགས་པའི་ཤིང་གི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ།། ཚ་བའི་མར་ནག་གིས་གཞན་གྱི་དཔུང་གི་རྒྱལ་པོའི་མིང་གཟུང་སྟེ། གལ་ཏེ་བསོད་པར་འདོད་ན་དེ་ཉིད་ཀྱིས་བདུགས་ན་འཆི ་བར་འགྱུརརོ།། གལ་ཏེ་རེངས་པར་འདོད་ན་ཡང་རེངས་པར་འགྱུར་རོ།། ཡང་ན་གཡུལ་ངོ་ལ་མངོན་དུ་བལྟས་ཏེ་མིའི་རུས་པའི་ཕྱེ་མ་འམ། མི་ཚིལ་དང་བསྲེས་པས་སྔགས་བཟླ་ཞིང་སྤྲིན་སྲེག ་བྱས་ན་དགྲའི་དཔུང་གི་ཚོགས་དེ་མ་ཐག་ཏུ་རེངས་པར་བྱེད་དོ།། དེ་ནས་གཞན་ཡང་སྦྱོར་བ་ནི། ལྕེ་སྤྱང་གི་ཉེ་བར་འཆེ་བ་ཞི་པར་བྱ་བར་འདོད་ན་གནག་གི་གནསུ་སོང་སྟེ་གནག་འཇུག་པའི ་སྤྲོའི་རྟ་བབས་ལ་སྔགས་མངོན་པར་བྲིས་ཏེ། རྒྱལ་མཚན་དཀར་པོའི་རྩེ་མོ་ལ་བཙུགས་ཏེ་ཙན་དན་དཀར་པོ་དང་། གུར་གུམ་དང་། གི་ཝང་གིས་ཁྱུ་མཆོག་གི་གཙོ་མོ་རྒན་པ་དང་ཕྱུགས་རྫུ ་མིང་དང་སྤེལ་ཞིང་བྱང་བུ་ལ་བྲིས་ཏེ་ཁྱུ་མཆོག་གི་རཱ་དཔ་ཕྱུགས་རྫི་རྣམས་ཀྱི་སྐྱེ་བར་འཁོར་ལོ་བཅིང་ངོ་།། འཁོར་ལོ་ནི།། ཨོཾ་མེ་བེ་མཾ། ཡང་བིའི་ས་བསྐོར་ཞིང་ཡང་ཙ་ཡིས་བསྐོར་ཏེ། ་ཕྱི་རོལ་དུ་མཱ་གས་བསྐོར་ལ་འཁོར་ལོ་ང་ཉིད་བྱའོ།། སླར་ཡང་སེང་ལྡེང་གི་ཕུར་བུའི་སོར་བརྒྱད་པའི་ཆང་ལ་ཚོན་སཱ་ལྔའི་སྐུད་པས་དཀྲིས་ཏེ། སྔགས་ལན་བདུད་དུ་བཟླས་ནས་ཕུར ་གང་པོ།། ཨོཾ་མཱ་རཱི་ཙྱཻ་སརྦྦ་བིགྷྣཱཾ། ཨུང་སཱ་ད་ཡ་ཧཱུཾ་ཕཊ། སྭཱ་ཧཱ། བགེགས་བསྐང་པོའི་འཕུར་བུའི་སྔག་སོ།། དེ་ནས་ཕྱི་ས་ནི་གནག་ལྷས་ཀྱི་དབུས་བཅྡོཾས་མའི་བང་སྐུ་ཁ་ཤར་དུ་བ ་པ་བཀྲམ་ལ་བློ་དང་ལྡན་པས་འབད་པ་དང་བ་ཅེས་པས་བྱའོ།། དེའི་མདུན་དུ་སྦྱིན་སྲེག་གི་ཐབ་ཁུང་གྲུབ་ཞི་བ་ལ་ཁྲུ་གང་ཙམ་བརྐོ་བར་བྱ་སྟེ། མཚམས་བཞི་རུ་དྲི་ཞིམ ་བའི་ཆུས་བཀང་བའི་བུམ་པ་འབྲུ་སཱ་དང་། དྲི་ཞིམ་པའི་ཆུས་ཡོངསུཾ་བཀང་ལ་ཅན་ངན་དཀོར་བའི་བྱུགས་ལ་གོས་དཀར་པོ་ཟུང་གིས་སྤེལ་བ་ཡལ་ག་རྣམ་པ་ལྔ་སྟེ། ནྱ་གྲོང་དང་། བྱང་ཆུབ ་ཀྱི་ཤིང་དང་། ཨུ་དུམ་བ་ར་དང་། ཨེ་འབྲས་དང་། ཤིང་ཨརྒའི་ཡལ་གས་རྒྱན་པ།། བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ལ་བཞིགོ། ཕཊ་ཁུང་དེ་ཉིད་ཀྱིས་མཚམས་པའི་རུས ་ལྡེང་གི་ཕུར་བུ་སྔོན་དུ་བསྟན་པའི་སྔགས་བཟླས་ལ་གདབ་པར་བྱའོ།། ཡང་ཕྱིས་ན་ལྕི་བས་མལ་ཉེ་བར་བྱུགས་ལ་ཁྲག་གི་གཏོར་མ་དང་། ཀུ་མུ་དང་། ཨུཏྤ་ལ་དང་། པདྨའི་ཕྲེང་བ་དང་། ་། དྲི་ཞིམ་པའི་མེ་ཏོག་གི་རྣམ་པར་བཀྲམ་ལ། དྲི་ཞིམ་པོ་དང་། ཙན་ངན་གྱི་ཆུས་ཆགས་ཆག་བཏབ་ལ་ཞོ་དང་། སྦྲང་རྩི་དང་། བུ་རམ་དང་ལྡན་པས་ཟས་ཁམ་ཅིག་ས ་ལྷ་བཤོས་དབུལ་བར་བྱའོ།། བའི་མར་གྱོས་མར་མེའི་ཕྲེང་བས་ལེགས་པར་རྒྱན་ཅིང་བླ་རེ་བརྒྱན་ལ་མེ་ཏོག་གི་ཕྲེང་བ་སྤྱན་ཤིང་གོས་དཀར་པོའི་རྒྱལ་མཚན་གྱི་རྩེ་མོར་སཱ། ་བྲོས་ལ་བཙུགས་ལ་གུ་གུལ་གྱི་བདུག་སྤོས་སྦྱིན་ནོ།། དེ་ལྟར་བཅོམ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་མ་ཡང་དག་པར་མཆོད་ལ་མཉེས་པར་བྱས་ཏེ། སྔོན་དུ་བསྟན་པའི ་སྔགས་ཀྱིས་མངོན་པར་བསྔགས་ལ་ཉེ་བ་ར་མཁོ་བ་ཐམས་ཅད་དབུལ་བར་བྱའོ།། ཡང་བང་སྐུའི་མདུན་དུ་སྦྱིན་སྲེག་གི་ཐབ་ཁུང་ཁྲུ་གོང་ཙམ་བརྐོས་པའི་གྲུ་བཞི་པ ་ཁ་ཁྱེར་སོར་བཞི་པ་རྡོ་རྗེའི་ཕྲེང་བས་བ་སྐོར་བ་རྩ་བ་དང་བཅས་པའི་པདྨའི་རྣམ་པར་བྱའོ།། དེའི་དབུ་སུ་པདྨ་ལ་རྡོ་རྗེའི་མཚན་པར་བྱས་ཏེ་བ་གླང་གི་ལྕི་བས ་དཀྱིལ་འཁོར་ལེགས་པར་བྱུགས་ལ་མེ་ཏོག་གི་རྣམ་པར་བཀྲམ་པར་བྱའོ།། དེ་ནས་སྔགས་པོས་ཁྲུས་བྱས་ཤིང་། གཙང་མས་གོས་དཀར་པོ་གྱོར་ལ་ཉེ་བར་འཁོ་བའི་བོང ་དཀར་པོ་བཅིངས་ཏེ། རྡོ་རྗེ་དང་དྲིལ་བུ་བཟུང་ཞིང་བསྟན་པ་དང་བཅས་པར་འཇུག་པར་བྱའོ།། ཐབ་ཁུང་གི་མངོན་དུ་བསྔགས་ཀྱིས་བགེགས་བསྐྲད་ལ་སེང་ལྗང་གི་ཕུར་བུ་ཡི ་ཐབ་ཁུང་སྤྱི་ཕྱི་རོལ་གྲ་བཞིང་གདབ་པར་བྱའོ།། དེ་ནས་སྔོན་བཞིན་དུ་ཐབ་ཁུང་གི་ཤར་ནས་ནུབ་དུ་མངོན་པར་ཕྱོགས་པར་གནས་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླས ་བའི་སྔགས་པས་ཀུ་ཤ་ཆང་བུའི་སྟེང་དུ་གནས་ལ་བབ་ཁུང་གི་ཕྱོགས་བཞར་ཀུ་ཤ་དགུམ་པར་བྱའོ།། དེ་ནས་དགོས་པ་ཐམས་ཅད་ལ་སྔགས་བརྒྱ་བཟླས་ཏེ་གཡས་ཕྱོགསུ་བརྡ། ་པར་བྱའོ།། གཡོད་ཕྱོགསུ་ཆུའི་སྣོད་བཞག་ཅིང་མདུན་དུ་མཆོང་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་དང་མེ་ཏོག་གིས་བཀང་བ་བཞག་ལ་ཞོ་དང་། བུ་རམ་དང་། སྦྲང་རྩི་དང་ལྡན་པ་ཡང ་བཞག་སྟེ། རྔུབ་ཤིང་གིས་བཏོན་པའི་མེ་ཐབ་ཁུང་གི་ནང་དུ་གཞུག་སྟེ། ནྱ་གྲོང་དང་། ཨུ་དུམ་བར་དང་། བ་ལ་ཤི་ར་ཡམ་ཤིང་གིས་མེ་སྦར་ལ། དེ་ནས་ཡང་ཨེ་ཡོངསུ་གྱུར ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ར་ཡོངསུ་གྱུར་པ་ལས་མེ་ལྷ་བསྒོམས་ལ་གཞན་པ་མེ་ལྷ་སྔ་གས་ཀྱིས་སྤྱན་དྲངས་ཏེ། ཨ་ཧྱཾ་ཧི་མ་ཧཱ་བྷཱུ་ཏ་དེ་ཝ་ཛར ་ཥི་སདྡྷ་མ་གྲི་ཧཱི་ཏཱ་ཨཱ་ཏུ་ཏི་ཨཱ་ཧ་ར་ཨ་སྨིན་ས་ནི་ཧི་ཏོ་བྷ་ག་མེ་ལྷ་སྤུར་དྲང་བའི་སྔག་སོ།། ཨོཾ་ཨགྣ་ཡེ་དཱི་པྱ་དཱི་པྱཱ་ཨཱ་བི་ཤ་མ་ཧཱ་ཤཱི་ཡེ་ཧ་བྱ་ཀཾ་བྱ་བཱ་དཱ་ནཱ་ཡ ་སྭཱ་ཧཱ། མེ་ལྷའི་སྡིག་སོ།། ཟླ་བའི་དཀྱིལ་འཁོར་ལི་གནས་པའི་ཞལ་དཀར་ཟླུམ་པ། ཕྱག་བཞི་པ་འབར་བའི་སྤྱན་གསུམ་པ། མེ་ལྷ་བཟང་པོ་སྟོན་ཀའི་ཟླ་བའི་འོད་འདྲ་བ། དྲི་མ ་མེད་པ་བདུད་རྩིའི་རྒྱུན་འབབ་ཅིང་ཞི་བ། དབྱུག་གུ་དང་། རིལ་བ་སྤྱི་བླུགས་དང་། ཕྲེང་བ་དང་། མཆོག་སྦྱིན་པ་འཚོང་བར་བསམས་ལ་མཆོད་ཡོན་སྦྱིན་ལ་སྔོན་དུ་བསྟན་པའི ་སྣོང་དུ་མཚང་བ་རྣམ་པ་ལྔ་དང་བཅས་པས་དེའི་ཞལ་དུ་གང་བྲགས་གསུམ་དབུལ་བར་བྱའོ།། ཡང་ཆུ་བ་སྲངས་ལ། ཞི་བ་ལ་ནི་འབར་བའི་ངོ་བོ་ཉིད་དུ་ཡོངསུ་གྱུར་ནས་གཞན ་ཉིད་དུ་ལྷ་མོ་འོད་ཟེར་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ། སྟོན་ཀིའི་ཟླ་བ་ལྟ་བུ་དཀར་ཞིང་གཞོན་ནུ་མ་ལ་ཨུཏྤ་ལ་སྔོན་པོའི་སྤྱན་ཅན་ན་བཟའ་དཀར་པོ་འཆ ་ཞི་བ་ལ་ནི་སྣ་ཚོགས་པའི་ངོ་བོ་བདུད་རྩིའི་བུམ་པ་འཆང་ཞིང་འབབ་ལ། འབར་བའི་མེ་ཏོག་ལྷ་བཞེངས་པ་ལྟ་བུ་གཞོན་ནུ་མ་འགྲོ་བ་ལ་བདུད་རྩིའི་རྒྱུན་གྱིས་འབབ་བཞིན་པའི་ལྷ་མོ་བསམས་ལ ་དེའི་ཞལ་དུ་གང་བླུགས་དབུལ་བར་བྱའོ།། ཕྱུགས་ཀྱི་མགོ་སྤུ་དང་། རུས་པ་དང་། དུང་བ་དང་། ལྡན་པས། ཞོ་དང་། སྦྲང་རྩི་དང་། མང་དང་། འོ་མ་དང་བསྲེས་ལ་ལན་སྟོང་ཕྲག་བརྒྱད་སྦྱིན་པསྲེག་བྱའོ།། ་གཞན་ཡང་གནག་ལྷས་ནས་ཕྱིར་སོང་ལ་འབྱུང་པོ་ཟད་པའི་ག་ཏོར་མ་མཆོད་པ་ལྔ་དང་བཅས་པ་ཞོ་དང་། འོ་ཐུག་དང་། འོ་མ་དང་། འབྲས་ཀྱི་ཕྱེ་མ་བུ་རམ་དང་བསྲེས་པའི་གོང་བུ་བྱས་ལ ་སྙིང་པོ་གསུམ་གྱི་མར་དང་། འབྲས་དང་། སྲན་མ་མ་འང་། དཱ་དང་། ཉ་དང་། ཤ་དང་། ནང་དུ་སྲན་མ་བླུགས་པའི་ཁྲུཿདང་། སྲན་མ་མ་འ་དང་། བུ་རམ་དང་བསྲེས་པའི་ཁྲུ ་དང་། ཁུར་བ་དང་བཅས་པ་ལ་ལན་བདུན་དུ་མངོན་པར་བསྔགས་ཏེ་སྦྱིན་པར་བྱའོ།། འོ་ཐུག་ནི་ཀླུ་རྣམས་ལའོ།། ཞོ་དང་འོ་མ་ནི་ལྷ་མ་ཡིན་རྣམས་ལའོ།། ཞོ་དང་འོ་མ་ནི་ལྷ་རྣམས་ལའོ།། སྙིང ་གསུམ་གྱི་མར་ནི་གནོད་སྤྲིན་རྣམས་ལའོ།། འབྲས་ཀྱི་ཕྱི་མ་བུ་རིམ་དང་བསྲེས་ཏེ་གོང་པོ་བྱས་པ་ནི་ཚོགས་ཀྱི་བདག་པོ་ལའོ།། ཁུར་བ་ནི་ཤ་ཟ་རྣམས་ལའོ།། འབྲས་དང་ཤམ་བསྲས ་བ་ནི་འབྱུང་པོ་རྣམས་ལའོ།། ཤ་ནི་སྲིན་པོ་རྣམས་ལའོ།། ཉི་ན་ཡི་དགྲས་རྣམས་ལའོ།། ཨོཾ་བྷཱ་བ། ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། གྲྀཧྞ་ཧཱུཾ་སརྦྦ་བྷཱུ་ཏ་པ་ལི་སྭཱ་ཧཱ། ཡང་ལྷའི་ཁང་པར ་བཞུགས་ཏེ། སྔགས་བརྒྱད་བརྒྱ་བཟླས་ཏེ་བུམ་པ་ཆུས་བཀང་བ་ཁྱུ་མཆེག་ལ་གཏོར་བར་བྱའོ།། དེས་ནི་ལྕེ་སྤྱང་གི་ཉེ་བར་འཚེ་བཞི་བར་འགྱུརརོ།། དེ་ལྟར་བྱས་ཏེ་དུས་གསུམ་དུ་ཞི་བའི་བཟླས་པས ་སྤྲིད་བསྲེག་ཞག་བདུན་དུ་བྱས་ན་ཞི་བར་འགྱུརརོ།། ཨོཾ་ཨཱ་རཱཿ་སྭཱ་ཧཱ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་གཉིས་སྦྱར་བའམ། རྩེ་མོ་ཁ་ཕྱོ་བ་ཡང་རུང་སྟེ། མཐེ་བང་གཉིས་བཀུག་ལ ་གུང་མེ་ལ་སྡིག་མཛུབ་གཉིས་ལ་འཁྲིལ་བའི་ཚུལ་དུ་སྤྱིར་བའི་རྣམ་པས་མཆད་པའོ།། སྐྱིལ་ཀྲུང་དུ་འདུག་སྟེ། ལྟེ་བའི་ཕྱོག་སུ་འདུག་པར་བྱའོ།། ཕྱག་རྒྱ་འདི་ནི་མཆོག་ཡིན་ཏེ། ལས་རྣ ་ཀུན་ལ་སྦྱར་བར་བྱ། གླང་པོ་ཆེ་དང་། རྟ་དང་། ཕྱུགས་དང་། མ་ཧེ་དང་། མི་དང་། མི་མོ་དང་། རྒྱལ་པོ་དང་། བྱིས་པ་རྣམས་ནི་འདིས་བཅོམ་མེད་པར་ཞི་བར་འགྱུ་རོ།། ང་ནས་སྦྱིན་སྲེག་གི ་བབ་ཁུང་གི་མཚན་ཉིད་ཡིན་ཏེ་ཞི་བ་ནི་པདྨ་དཀར་པོའི་རྣམ་པ་སྡོང་བུ་བཅས་པ་ཟླུམ་པོ་ཡིནོ།། དབུས་ཀྱི་པདྨ་ལ་རྡོ་རྗེས་མཚན་པ། ཁ་ཁྱེད་ཟླུམ་པོ་ལ་རྡོ་རྗེའི་ཕྲེང་བས ་རྒྱན་ཅིང་བསྐོར་བའོ།། ཁྲུ་གང་ཙམ་བརྐོས་པའི་ཐབ་ཁུང་དུ་པ་ལ་ཤ་དང་། ནྱ་གྲོ་དྷའི་ཡཾམ་ཤིང་བྱས་ལ་རུར་བ་ཉིག་མ་རེ་དེའི་སྦྱིན་བསྲེག་བྱའོ།། ཚེ་འདིང་པ་དང་། ཞི་བར་འདོད་པས། ་ས་བེང་རོ་ཞེས་བྱ་བའི་མེ་ལྔ་ཐམས་ཅད་དཀང་བའི་རང་བཞིན་ནི་ཞི་བ་ལ་བསྲེག་པར་བྱའོ།། རྒྱས་པ་ལ་མོ་གྲུ་བཞི་པ་ཁ་བྱེང་སོང་བཞི་པ་ལ་རྡོ་རྗེའི་ཕྲེང་བས་རྒྱན་ཅིང་པདྨ་དང་། འ ་དང་རིན་པོ་ཆེས་ཡང་དག་པར་རྒྱན་པ།། བབ་ཁུང་གི་མཚམ་སུ་སྣ་ཚོགས་རྡོ་རྗེས་མཚན་པ་ལ་ཨརྒ་དང་། ཨུ་དུམ་པ་རིའི་ཡམ་ཤིང་གིས་ཀུ་མུ་དང་། ཨུཏྤལ་དང་། པདྨ་དགར ་པོ་དང་། ཞོ་དང་། མར་དང་། སྦྲང་རྩི་དང་། བསྲས་པའི་རྫས་ཀྱིས་གསེར་ལྟ་བུ་བྱུགས་ཤིང་སེར་བའི་མའི་ལྷ་ལེགས་པར་རྒྱད་པའི་གནས་པར་བསམས་ལ་ཉེ་བར་མཁ ་བ་ཐམས་ཅད་སེར་པོ་ནི་རྒྱས་པ་ལ་དྲན་པར་བྱའོ།། ཡང་དབང་ལ་ནི་གྲུ་གསུམ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་ལྟ་བུའི་བབ་ཁུང་། དེའི་དབུསུ་ཡང་པདྨ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལྟ་བུ། དེའི ་སྟང་དུ་རྡོ་རྗེ་གསུམ་པ། ཁ་ཁྱེར་ལ་རྡོ་རྗེ་ལྕགས་ཀྱུའི་ཕྲེང་བས་རྣམ་པར་རྒྱན་པ། བྱང་ཆུབ་ཀྱི་ཤིང་གིས་ཡམ་ཤིང་བྱས་ལ་ཏིལ་དང་། ཚྭ་དང་། སྐེ་ཚེའི་རྫས་དང་། གོས་དམར་པོ་དང་། ་ཕྲེང་བ་དམར་པོ་དང་། ཙཱན་དམརི་བོ་དང་། ཀ་མ་ཧོ་ཞེས་བྱ་བའི་མེ་ལྷ་བན་དུ་ཀ་དང་། འཛའ་མའི་མེ་ཏོག་ལྟ་བུ་ལ་དཔར་པོ་བས་མོ།། མངོན་སྤྱོད་ལ་ནི་ཟླ་ཕྲད་ཀྱི་རྣམ་པ་ལྟ་བུའི ་ཁུང་ཁྱེར་ལ་རྡོ་རྗེའི་ཕྲེང་བས་རྒྱུན་པ། དབུ་སུ་རྡོ་རྗེ་ཁ་ཕྱེ་བའོ།། འོ་བ་སྲོགས་པའི་ཤིང་དང་། གཏུམ་མོའི་མ་ལ་མ་ཤ་དང་། མིའི་རུས་པའི་ཕྱེ་མ་དང་། མིའི་ཚལ་དང་བ ་པའི་རྫས་ནི་མངོན་སྤྱོད་ལ་ལྟ་སྟེ། ཀྲོ་དྷན་ཞེས་བྱ་བའི་མི་ལྷ་ནག་པོ་གོས་ནག་པོ་འཆང་བ། མཆེ་བ་གཙིགས་པའི་ཞལ་འཇིགས་པར་བྱེད་པ། འཇིག་པར་བྱེད་པའི་བསྐལ་པའི་མ་ལྟ་བུ་ལས ་བའི་རང་བཞིན་ནོ།། སྒྱུ་མིའི་འོད་ཟེང་ཅན་འབྱུང་བའི་རྒྱུད་ལས་ཕྱུང་བ་རྟོགས་པའི་རྒྱལ་པོ་ཡང་དག་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་དུ་ཇི་སྙེད་པ་རྫོགས། ་