CLOSE WINDOW

L411: 'phags pa rig sngags kyi rgyal mo rma bya'i yang snying zhes bya ba
Wyliee-texts produced with BDRC’s OCR application

དང་། ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་སར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་མ་ཡཱ་རི ་བིདྱཱ་གརྦྷེ་ནཱ་མ། བོད་སྐད་དུ། འཕགས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ་བཅོམ་ལྡན་འདས་རྨ་བྱ་ཆེན་མོ་ལ་ཕྱག་འཚ་ལོ།། སངས་རྒྱས་ལ་ཕྱག ་འཆེའོ།། ཆོས་ལ་ཕྱག་འཚལ།། དགེ་འདུན་ལ་ཕྱག་འཚལོ།། དགྲ་ཡིས་འཇིགས་པ་འམ། འབབ་རྩོད་ཀྱིས་ཇིགས་པ་འམ། བགེགས་ཀྱིས་འཇིགས་པ་འམ། དུས་མ་ཡིན ་བར་འཆི་བས་འཇིགས་པ་དང་། སྦྲུལ་གྱིས་འཇིགས་པ་འམ། གཅན་ཟན་གྱིས་འཇིགས་པ་འམ། དུག་གིས་འཇིགས་པ་འམ། མེའི་འཇིགས་པ་འམ། ཆུའི་འཇིགས་པ་འམ། རླུང་གི་འཇིགས ་བ་འམ། འཇིགས་པ་ཟད་ཀྱི་ནང་ན་འདུག་ནའང་ཡིད་ལ་བྱའོ།། རླུང་ལས་གྱུར་པ་འམ། མཁྲིས་པ་ལས་གྱུར་པ་འམ། བད་ཀན་ལས་གྱུར་པ་འམ། འདུས་པ་ལས་གྱུར་པ་འམ། ་གདོན་གྱི་ཟིན་ཏམ། རིམས་ཀྱི་བཏབ་པ་འམ། དུག་འཐུངས་སམ། ནང་ཟད་ཀྱི་ནང་ན་འདུག་ནའང་ཡིད་ལ་བྱའོ།། ན་མོ་བྷ་ག་ཥ་ཏི། ཨིནྡྲ་ཡ། ཨིནྡ་ཀོ་མི་སི་ཀཱ་ཡ། ཨཱ་ཤ་ནེ་བཱ་ཤ་ན། ་པ་བ་ནི་ཀཱུ་ལེ། ཀ་པི་ལ་མིཏྟི། ཨི་ལི་མིཏྟེ་སྭཱ་ཧཱ། གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག། ནཱ་རཱ་ཡ་ནི། བཱ་རཱ་ཡ་ཎི། ཧ་རི་ཏ། ཏཱ་ལི། ཀུནྡྷ་ལི། ཨི་ལི་མི་སྟི། ཀི་ལི་ཏི་ལི་མི་སྟི་སྭཱ་ཧཱ། རིཿ ་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག། ཧ་ཧ་ཧི་ཧི་ཧུ་ཧུ། ཁ་རཱ། མ་རཱ། ཁ་ཧི་ཁ་ཧ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བདག་ལ་བསྲུངས་ཤིག་བསྲུངས་ཤིག། ལོ་བརྒྱ་འཚོ་བར་གྱུར་ཅིག། སྟོན་བརྒྱ་མཐོང ་བར་ཤོག་ཤིག། ལན་ཉི་ཤུ་རྩ་གཅིག་བརྗོད་དེ། གཏོར་མ་རི་ཆེན་པོ་ལ་བཏང་བར་བྱའོ།། དེས་ཐམས་ཅད་ཞི་ཞིང་ཕྱིར་བཟློག་པར་འགྱུར།། རྨ་བྱའི་སྙིང་པོ་རིག་པ་དང་བཅས་པ་རྫོག་སོ།། ། ་!།། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏི་ས་ར་བི་དཱ་རཱ་ཛཱི། བོད་སྐད་དུ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐ~ཾད་ལ་ཕྱག་འཚལ ་འདི་སྐད་བདག་གིས་ཟས་པ་དུས་གཅིག་ན། ཆོམ་ལྡན་འདས་རྡོ་རྗེའི་ལྡན་པ་ཆེན་པོའི་ཟམ་ན།། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པ་ཏིང་འཛིན་གྱི་སའི་གནས། རྡོ་རྗེ་ཆེན་བར་དཔོན ་བསམ་གྱི་ཤིང་ལྡན་པས་ལེགས་པར་རྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེ་དང་། པདྨའི་འོད་ཀྱིས་སྣང་བར་བྱས་ལ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་གདལ་ག་རྡོ་རྗེ་ཆེན་པོར་བྱིན་གྱིས ་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེའི་སེངྒེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་། ་འཕྲུལ་ཅན་སངས་རྒྱས་ཟད་ཀྱི་བྱིན་གྱིས་བརླབས་ཀྱི་བྱིན་གྱི་བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་པད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ནི་བྱང་ཆུབ ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོན་པ། མཐུན ་བེ་ཐོབ་པ་རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང་། ཏིང་འཛིན་གྱི་སངས་རྒྱས་ཀྱི་ཞིང་དུ་མར་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སོན ་ཐམས་ཅད་ཀྱི་སེམས་དང་། སྤྱོད་པའི་རྗེསུ་འཇུག་པའི་ཆོས་སྟོན་པ་སྣ་ཚོགས་སྙན་ཅིང་རྒྱ་ཆེ་ལ་ཟབ་ཅིང་ཡངས་པ་དང་། སྤོབས་པ་དང་། ཆོ་འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར ་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཚོ་ད་པ་དང་། རྣམ་པར་ཐར་པའི་སྒོ་དང་གཟུངས་དང་། ཏིང་འཛིན་དང་། དབང་དང་མངོན་པར་ཤེས་པ་དང་། མ་འདྲིས་པ་དང་། བྱང ་ཆུབ་ཀྱི་ཡན་ལག་དང་། ལམ་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་བྱམས་བ་དང་། སྙིང་རྗེ་དང་། དཀའ་བ་དང་བཏང་སྙོམས་དང་། ་བྱམས་པའི་སྟོབས་དང་། བདེན་པ་དང་། ཡོང་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། རྡོ་རྗེའི་ལུས ་དང་རྡོ་རྗེའི་བློ་གྲོས་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་མཐུ་བོ་ཆེ་དང་། རྡོ་རྗེ་རྣམ་པར་འཕྲུལ་པ་དང་། རྡོ་རྗེ་བརྩེགས་པ་དང་། རྡོ་རྗེ་ཕུང་པོ་དང་། རྡོ་རྗེ་བཟང་པོ་དང་། བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཏོག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐད་ཀྱང ་། དགྲ་བཅོམ་པ་ཟག་པ་ཟད་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངསུ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི ་ཁྱབ་པས་རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ་ཐོབ་པ། ཀུན་ཉོན་མོངས་པའི་བག་ཆགས་ཀྱིས་ས་བོན་ངེས་པར་བསྲེགས་པ ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་བྱམས་པའི་བུ་གང་བུ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་ཀ་པ་རབ་འབྱོར་དང་། ཚེ་དང་ལྡན་པ་མོའུ་འགལ ་