| Wylie | e-texts produced with BDRC’s OCR application |
པོ་དགེ་བསྙེན་ཆེན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། སིདྡྷི་ཨེ་ཀ་ཝ ་རེ་མ་ཧཱ་ཏ་ནཱ་ར་ཛ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ་པོ་གཅིག་གྲུབ་དཔའ་བོའི་གཙོ།། རབ་མཆོག་སྨྲ་བ་རྣམས་ཀྱི་མཆོག། འགྲོ་བའི་བླ་མ་མཇམ་རྡོ་རྗེས།། འཇིག་རྟེན་དོན་ཏུ་རྒྱུད་རབ་གསུངས།། ལྷ་ཉིད་གསང་སྔགས་ཚུལ་གྱིས ་ནི། དངོས་གྲུབ་ཐཾད་སྩོལ་མཛད་པ།། སྔགས་པས་དེ་ཉིད་བསྒོམས་ནས་ནི།། དེ་གྲུབ་ན་ནི་དེ་གྲུབ་འགྱུར།། སྔགས་པ་ལུས་ནི་རྣམ་དག་དང་། གང་ཚེ་དངོས་གྲུབ་ཕྲ་མོ་གྲུབ།། སྣོད ་གྱུར་པའི་ལུས་ལས་ནོ།། དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེས།། རིམས་པ་འདི་ཡིད་འདི་ལ་ནི།། ས་ལ་སོགས་པ་ཐོབ་པ་སྐྱེ།། སྔགས་པ་ཡོད་བཞིན་ནོར་བུ་ལྟར། རྟག་ཏུ་སོན ་དེ་བྱེད་དོ།། དེ་ལྟར་མཁྱེན་ནས་ཐུགས་རྗེས་རྣོན།། རྡོ་རྗེས་འཆང་སོགས་ཀྱིས་ཞུས་ཚེ། གྲུབ་པའི་གསང་སྔགས་གསུངས་པ་ནི།། འགྲོ་བའི་དོན་ཏུ་གསུངས་པ་ཡིན།། ཨོཾ་ཀ་ལེ་མུ ་ལེ་ལུ་མེ་ལུ་སྟམྦྷ་ཡ་སཽ་ལཱ་བཪྵ་ཏུཥཱ་རེ་ཙ་ལུཙྪ་ཨི་ལུཙྪི་ཨོཾ་སྭཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་གསེར་བ་གཅོད་པར་བྱེད་དོ།། དྲན་པ་ཉིད་དང་ཐལ ་བ་ལ་མངོན་པར་བཟླས་པ་སེར་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དེར་འགྲོའོ།། དེ་བཞིན་དུ་གློག་དང་། རླུང་དང་། རྡོ་དང་། ཐོག་འབབ་པ་ལ་སོགས་པ་མེད་པ ་བྱེད་དོ།། ཨོཾ་ག་རུ་ཌ་ཧ་ས་ཧེ་ཙ་ལ་ཙ་ལ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཉིད་ན་སེར་བ་འབབ་པ་བཟློག་པར་བྱེདའོ།། རྡོ་རྒྱུས་ཀྱི་རྔ་པ་ཊ་ཧ་ལ་བྲིས་ཤིང་རྔ་ལྤཌ་ལ ་མངོན་པར་བཟླས་པའི་རྔ་པ་ཊ་ཏའི་སྒྲས་སོར་བ་བཟློག། པར་བྱེའོ།། དེ་བཞིན་དུ་དུང་ལ་སོན་པའི་སྒྲས་ཀྱང་བྱའོ།། ཨོཾ་ཧེ་ཧེ་ཏཥྛ། བནྡྷ། དྷཱ་ར་ཡ། ནི་རུནྟ། དེ་བ་ད་ཏ་ཨུན་མ ་ཎི་སྭཱ་ཧཱ། གསང་སྔཊ་ཀྱི་ཆོ་ག་འདི་སྔོན་དུ་བསྙེན་པའི་ཆོར་འབུམ་ཕྲག་གཅིག་ཡོངསུ་བཟླས་ན་འགྲུབ་པར་འགྱུརརོ།། གློག་དང་། རླུང་དང་རྡོ་དང་། ཐོག་འབབ་པ་ལཾ་སོཊ་པ་དྲན་པ ་ཙམ་ཉིད་ཀྱིས་བཟློག་པར་བྱེའོ།། ཆར་ཆེས་པ་ལ་ཐལ་བ་དང་ཉུངས་ཀར་ལ་མངོན་པར་བཟླས་ན་ཆར་ཆེས་པ་གཅོད་པ་དང་། བྱི་བ་དང་སྦྲང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད།། ་བསྐྱེད་མོས་ཚལ་ལམ་ཞིང་ལ་བྱེ་དང་འབུ་སྲིན་དང་བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བ་བཟློག་པར་བྱེད།། དུར་ཁྲོད་ཀྱིས་རས་ལ་མིང་དང་བཅས་པའི་སྤཊ་བྲིས་ལ་སྤྱི་ཚལ་གྱིས་བཏུམ ་།། ཏེ་དུར་ཁྲོད་ཀྱི་བུམ་པར་བཅུག་ནས་ཁ་བཅད་དེ་ཉིད་དུ་སྦས་པས་མངལ་རེངས་པར་བྱེད།། ཕྱུང་ནས་འོ་མ་ཆུས་བཀྲུས་ཏེ་ཆུར་བོར་བས་ཞི་བར་འགྱུར།། ཡུང་བ་འམ་བ་བླས ་གྲོ་ག་འམ། གོས་སམ། ལོ་མ་ལ་མངོན་པར་བྲིས་ཏེ་སྤྲ་ཚིལ་གྱི་ནང་དུ་བཏུམས་པའི་སྤབ་འདི་གློག་མཁར་གྱི་ས་ལས་འཛིན་བྱེད་ཀྱི་གཟུཊ་སུ་བྱས་པ་དེའི་སྟང་ཀར་བཅུག་སྟེ་ཐལ་བུ ་བཀང་ནས་སྦས་ན་རྒོལ་བ་དང་ཕྱིར་རྒོལ་བའི་ཁར་རེངས་པར་བྱེད།། རྩོད་སྐྱོང་བྱེད་པ་ན་གཟུན་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསླན་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་བཅིངས ་པར་འགྱུརརོ།། དེ་རྒྱུས་ཀྱིས་ཁམ་ཕོར་ལ་བྲོས་ཏེ་ཐལ་བས་ཁ་སྦྱར་དུ་བྱས་ཏེ་སྦས་ན་ནི་མི་སྙན་པར་སྨྲ་བའི་ཁ་རེངས་པར་བྱེད།། རྫ་མཁན་གྱི་ལག་པ་བྱས་པའི་འཇིམ་པ་ལས ་ལུག་གཟུན་བྱས་པའི་སྙིང་ཁར་སྨྲ་ཚིལ་གྱིས་བཏུམ། ས་པའི་སྤར་བཅུག་ན་ཁྲོས་པའི་ཁ་རེངས་པར་བྱེའོ།། སྐྱེ་འམ་དཔུང་པ་ལ་བཏ་ན་གཡུལ་པོ། ཀྱི་མཚོན་ཆའི ་དཔལ་ཞི་བར་བྱེད།། གྲོག་མཁར་གྱི་འཇི་བ་ལས་བྱས་པའི་ཆོན་ཀྱི་བདག་པོའི་རྐང་པའི་མཐིལ་དུ་སྤཊ་ཀྱི་རྒྱལ་པོ་བཅུག་སྟེ་བཞི་མདོར་སྦས་ན་འགྲོ་བ་དང་འོང་བ་ཐཾད་རེངས་པར ་བྱེདདོ།། བརྟན་པ་བྱེད་པ་ཐད་རེངས་པར་བྱེའོ།། གྲོ་ག་འམ་གོས་ལ་སྤན་ཀྱི་རྒྱལ་པོ་འདི་བྲོས་ལ་སྤྲ་ཚིལ་གྱོས་བཏུམས་ཏེ་དེ་ཉིད་ཀྱི་ཁོང་བར་བཅུག་ལ་བུམ་པ་སར་པ་ཆུས་བཀང་བའི ་ནང་དུ་བཅུག་ན་ཡོངསུ་བརྟག་པར་རེངས་པར་བྱེད།། བླ་གོས་ཀྱི་མཐའ་མ་ལ་སྤཊ་རྗེ་སུ་དྲན་ཞིང་མདུན་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོཊ་པ་རེངས་པར་བྱེད་ཅིང་ནགས་ཀྱི་ག ་མན་ལ་སོ། བར་ཅན་རྣམས་དང་། མཆེ་བ་ཅན་རྣམས་རེངས་པར་བྱེད།། གྱོ་མོ་ལ་ལན་བཟླས་ཏེ་ཆུར་བཅུག་ན་ཆུ་གནས་པ་རྣམས་ཁ་བཅིངས་པར་བྱེ།། དུར་ཁྲོད་ཀྱི་རས་ལ་ཕ་རོལ ་གྱི་དཔུང་གི་ཚོགས་ཀྱི་གཙོ་བོའི་མིང་སྨོས་པའི་སྤན་སྣ་ཚོགས་རྡོའི་དབུ་སུ་བྲིས་པ་སྣ་ཚོབ་རྡོའི་ཕྱི་རོལ་དུ་ཡོ་གེ་ལམ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང ་ལྡན་པ་བྲིས་ཏེ། ཕྱོགས་རྡོ་རྗེས་རྒྱན་པའི་སྤྲ་ཚལ་གྱིས་ཆོར་ཀྱི་བདག་པོའི་ཁོང་པར་བཅུག་པའི་སྔགས་ཕ་རོལ་གྱི་དཔུང་གི་ཆོ་ཀྱི་ས་མཚམ་སུ་བཅུག་ན་དཔུང་གི་ཚེ། ་རེངས་པར་བྱེའོ།། སྤཊ་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་ཐ་ཟུང་གིས་ཡོངསུ་བསྐོར་བའི་ཕྱི་རོལ་དུ་ཡི་ག་ལ་མ་བརྒྱད་ཀྱིས་བསྐོར་བ་དབང་ཆེན་གྱི་དཀྱིལ་འཁོར ་གྱིས་ས་ནོན་པ། སྣ་ཚེ། རྡོ་རྗེས་ཉེ་བར་མཛེས་པར་བྱ་ས་པ་གྲོ་མཁར་གྱི་འཛིབ་ལས་བྱས་པའི་ཚོན་ཀྱི་དག་པོའི་ཁོང་པར་བཅུག་ནས་དུར་ཁྲོད་ཀྱི་བུམ་པའི ་ནང་དུ་བཅུག་སྟེ་དུར་ཁྲོད་དུ་སྦས་པ་འམ། ཕུབ་མའི་སྦྱིན་སྲེ་གིས་ཕ་རོལ་གྱི་དཔུང་གོ་ཚེ་ཌ་རེངས་པར་བྱེདའོ།། མ་ལ་མངོན་དུ་ཕྱོགས་ཤིང་སྤར་འདིས་མངོན་པར་བེསླཊ་པའི་ཆུ་སྙིམ ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་གང་སྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད།། ཐལ་བས་སྲུང་བར་བྱེད།། ཐལ་བས་བཅིངས་པས་སྤྲུན་པ་ལྡོག་པར་བྱེད།། མཐེའུ་ཆུང་གི་རྩེ་དམ ་དུ་བཙིར་ལ་སྤར་བརྗོད་པས་སྤྱིར་བུ་མེད་པར་བྱེའོ།། ཐལ་བ་མངོན་པར་སྤན་པས་མིག་རེངས་པ་བྱེའོ།། འབྲུམ་བུ་ལ་སོཊ་པ་རྣར་འཚེ་བ་ལ་བྱང་བུ་ལ་བྲིས་ཏེ་ཁྱིམ་གང་གི་སྒོར ་། བརྟཌ་པའི་ཁྱིམ་དེར་འབྲུམ་བུ་ལ་སོན་པའི་རྣར་འཚེ་བ་བཟློག་པར་བྱེད།། ཉ་དང་། ཤ་དང་། ཆང་དང་། འབྲས་ཆན་ལ་སོཊ་པ་སྦྱིན་པར་འགྱུར་བ་ལས་གོངས་གི་ཕྱི་རོལ་གྱི ་ཆར་གཏོར་མ་ཆེན་པོ་བཏང་བར་བྱ་བ་འམ། ཡམ་ཤིང་ལྔ་དང་། འབྲུ་ལྔའི་བྱེ་བྲག་མར་ལ་བཏགས་པས་གྲོང་གི་དབུ་སུ་ཞི་བའི་ཐབ་ཁུང་དུ་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང་རྣམ་པར་འཚེ་བ ་ཐདེ་རེངས་པར་བྱེད།། གང་འགའ་ཞིག་ལ་གྲོང་ལ་སོཊ་པ་འབྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་བཟློག་པར་བྱེདདོ།། རྟག་ཏུ་བཟླས་ན་ལྷ་དང་ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས ་མི་མཐོང་བར་འགྱུརརོ།། དཔལ་རྗེ་བཙུན་སངས་རྒྱས་པ་རྗེས་མངོན་པར་བྱང་ཆུབ་པའོ་དུསུ་བདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་སྨན་ཀྱི་རྒྱལ་པོ་འདི་མཛད་པུས་ལས་ཕྱུང་བའི ་མཛོད་སྤུའི་ནོར་བུ་ཞེས་བྱ་བར་རབ་ཏུ་གྲན་པ་ཡིན། བཤག་མ་ལ་མངོན་པར་བསྡཊ་ཏེ་གཏོར་པས་བྲལ་དག་འབྱེར་བར་བྱེད།། རྩིག་ངོས་ལ་རྡོ་རྒྱུས་ལ་མངོན་པར་བསྡུ། ་བས་བྲིས་ན་སྦྲུལ་གྱི་ཟིལ་གྱིས་ནོན་པར་མི་འགྱུར་རོ།། ཡང་སྔཊ་རྡོ་ལེབ་ལ་གཟོང་བུས་བརྐོས་ཏེ་བྲིས་པ་སྦས་ན་རི་དགས་དང་སྦྲུལ་གདུག་པ་རྣམས་ཁྱིམ་འམ། གྲོང་ངམ་གྲོང་ཁྱེར་དུ་ཇི ་སྲོད་འདོད་ཀྱི་བར་དུ་མཆེ་བ་འཆིང་བར་བྱེད།། ཕྱུང་བས་གྲོལ་བར་འགྱུར་རོ།། སྔགས་འདི་མ་བསྒྲུབ་སུ་ཟིན་ན་ཡང་ལས་ཐཾད་བྱེད་པར་འགྱུརོ།། གཤག་མ་ལ་སོཊ་པ་ལ་ཡོངསུ་བཟླས ་ཏེ་གཏོར་ན་མཆེ་བ་ཅན་ཐཾད་ཀྱི་མཆེ་བ་འཚོང་བར་བྱེད།། དེ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚེ་རྡོའི་དབུསུ་བསྒྲུབ་པར་བྱ་བའི་མིང་དང་བཅས་པའི་སྔགས་ཐད་བྲི་བར། ་བྷའོ།། དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་ཕུར་བུ་ལ་ལན་བདུན་མངོན་པར་བསྤན་པའི་སྒོའི་སྟེང་དུ་སྦས་ན་སྐྱེད་ཀྱིས་འཚོ་བ་ཐཾད་ཀྱི་སྐྱེད་མེད་པར་བྱེདའོ།། ཕྱུང་བས་གྲོལ་བར་འགྱུརརོ།། ་ཨོཾ་ན་ཧཾ་ནོ་ཙྪ་ལ་ཨ་བྷ་ཡ་བྷ་ཡཾ་ཀ་རི་ཨེ་ཙུ་ལ་ལུ་ཤ་ལ་ཡ་ཌ་ཨི་ཛ་ཧ་ཡེ་ལུ་ཨཱ་ག་ས་པ་ཀེ་ར་ཏ་ཨི་ཨ་ཏུམྦཱ་རོ་ཁོ་ལླ་མོ་ཧིན་དྷཾ་བི་ཛ་ཀཱ་ར་ཛ་ཧི་ཏྲ་ཀ་རེ་ཎི་ཧི་ཛཿཏྲཿསྭཱ་ཧཱ། སྤཊ་ཀྱི་རྒྱལ ་པོ་འདིས་སྔར་སྨོས་པའི་ལས་རྣམས་མ་སྒྲུབ་སུ་ཟིན་ཀྱང་བྱེད་པར་འགྱུརརོ།། དེ་ལས་གཞན་པ་མངོན་པར་འདོད་པའི་ལས་ཐད་བྱེད་པ་ཐེ་ཚོམ་མེད། ལན་ཚྭ་དང་སྐྱེ་ཚེའི་སྦྱིན་སྲེག་གམ ་ཕུག་མའི་སྦྱིན་སྲེགས་ཕ་རོལ་གྱི་དཔུང་གོ་ཚེ་ཌ་རྣམ་ས་འབྱེར་བར་བྱེདོ།། ཨོཾ་ཨཾ་བྷཱ་ཤཽམྦྷ་ཀཔྤ་སུ་ཇོ་མ་ཕེཾ་དུ་པཱ་སུ།། སྭཊ་ཀྱི་རྒྱལ་པོ་འདི་མ་བསྒྲུབ་སུ་ཟིན་ཀྱང་རྟག་ཏུ་བཟླས ་ན་འཛིན་པ་ཐ~ཾད་བཟློག་པར་བྱེའོ།། རྡོ་ཆུའི་ཐིག་ལས་དགྲ་བོ་ཐཾད་རྨོངས་པར་བྱེད་ཅིང་ཁྲོ་བ་རབ་ཏུ་དང་བར་བྱ་དོ།། བཅིངས་པ་ལ་བཟླས་ན་བཅིངས་པ་གྲོལ་བར་བྱེད།། ཁོས ་པས་འགྱུར་བས་བཟླས་ན་རྙེད་པ་འགྲུབ་པར་འགྱུརརོ།། ཨ་ཤོན་ཐོ་ཧོ་ཧུ་ལུ་ཏུ་ཛྭ་ལཱ་ཛ་ཏེ་ཧུ་ལུ་རུ་ཏྲཾ་བ་པྲ་ཏི་རཙྪ་ན་ཧུ་ལུ་སྭཱཧཱ། སྨན་ཀྱི་རྒྱལ་པོ་འོདས་འཐབ་པ་དང་། འཐབ་མོ་དང་། ་རྣ་རྩོད་པར་ཐད་ལ་བཟླས་པ་བྱས་ན་ཞི་བར་འགྱུ་རོ།། ཕུབ་མའི་སྦྱིན་སྲེག་གིས་ཀྱང་ཐ~ཾད་དུ་ཞི་བར་འགྱུ་རོ།། ཇི་ལྟར་རྙེད་པའི་མེ་ཏོག་ལ་བཟླས་ཏེ་ཆུ་ལ་བསྐུར་ན་ཐད་དུ་ཞི་བར་འགྱུར ་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཙོམ་མདོ།། གྲོང་ཁྱེར་ཚིག་པའི་མེ་ལ་མངོན་པར་བྱོན་ཏེ་འདུག་ལ་མངོན་པར་བསླན་པའི་ཆུ་སྙོམ་པ་བདུན་ཁྱིམ་གང་སྲུང་བར་འདོད་པའི་ཁྱིམ་དེ ་སྲུང་བར་བྱེད་ཅིང་མེས་ཚིག་པའི་མེའི་ཁ་ལས་ཐར་པར་བྱེའོ།། རྐང་གཉིས་དང་རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྐྱོན་སྲེག་གིས་ཞི་བར་བྱེད།། ཨོཾ་པདྨེ་པདྨ་ཨཀྵེ་པདྨ་སུ ་བྷ་གེ་པུ། སྔགས་ཀྱི་རྒྱལ་པོ་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག་གསོས་པར་འགྱུར།། ཁྱ་བས་པས་མིག་རེངས་པར་བྱེད།། ལན་བདུན་མངོན་པར་བསྔགས་པའི་མིགོས་ཁྲས ་པ་མཐོང་མ་ཐག་ཏུ་རབ་ཏུ་དང་བར་བྱེདདོ།། ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན། སྐྱེ་བོ་ཐ~ཾད་དགའ་བར་བྱེད། རྩི་ཌ་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན ་མིག་གི་ནད་ཐཾད་འཇོམས་པར་བྱེདདོ།། དབེན་པར་འདུག་སྟེ་སེམས་རྩེ་གཅིག་པས་སྐྱེས་བུའི་མིག་གཉིས་ལ་མངོན་པར་སྤཪྵ་པ་བྱས་ན་གང་གི་ཚེ་གཡོན་པ་འདུལ་བར་གྱུར་པ་དེའི ་ཚེ་བསམ་པའི་དངོས་པོ་འགྲུབ་པར་སྟོན་པ་ཡིན།། གཡྻ་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད།། ཨོཾ་མོ་ཙ་ནི་ཡ་མོཀྵ་ཎི་མོཀྵ་ཡ་ཛ~ཾ་བཾ་བ་ར་ད་སྭཱ་ཧཱ། འདི ་མངོན་པར་བསླབ་པའི་ཏིལ་མར་གྱིས་བུད་མེད་ཀྱི་སྐྱེ་བའི་རྒོལ་བསྐུས་ན་སྣུམ་མ་བདེ་བར་བཙས་པར་བྱེདའོ།། བཅིངས་པ་ལ་ཕྱོན་པར་བྱེད་པས་ལན་བདུན་མངོན་པར་སྦུབས་པའོ་ཆུ ་སྙིམ་པ་བདུན་མངོན་པར་གཏོར་བ་དུས་གསུམ་དུ་བྱས་པས་བཅིངས་པ་རྣམ་གྲོལ་བར་བྱེད།། གུར་གུམ་མམ་གི་ཝང་གིས་གྲོ་ག་ལ་མངོན་པར་བྲིས་ཏེ་བཅིངས་པའི་མགོ་བོ་ལ ་མངོན་པར་བཏན་ན་བཅིངས་པ་ལས་མངོན་པར་གྲོལ་བར་བྱེད།། ཨོཾ་ཧ་རི་མ་ཀ་ཊ་ནཱ་མ་སོ་ཧ་ས་ཧ་སྲ་བ་ཧུད་དེ་བ་ད་ཏ་ཏཾ་བི་དྷ་ནཱ་མོཀྵ་ཡ་སྭཱ་ཧཱ། རྡོ་རྒྱུས་ལ་མངོན་པར་བསླན་པས ་སའི་སྟེང་དུ་ཡང་ཡང་དང་ཡང་དུ་བྲིས་ཏེ་ལུགས་ལས་བཟློག་པས་ཕྱིས་ན་བཅིངས་པ་ལས་གྲོལ་བར་བྱེའོ།། ལོ་མ་ལ་མིང་དང་། སྨར་སུ་བཅས་ཏེ་མངོན་པར་བྲིས་ཏེ་མགོ་བོ་ལ་བཏན་ན ་བཅིངས་པ་ཐེ་གྲོལ་བར་འགྱུརརོ།། ཨོཾ་ཏཱ་རི་ཎོ་ཏཱ་ར་ཡ་མོ་ཙ་ནི་མོ་ཙ་ཡ་མོ་ཀླ་ནི་མོ་ཀཱ་ཡ་ཛཾ་བཾ་བ་ར་དེ་སྭཱ་ཧཱ། སྥ་ཊ་ཀྱི་རྒྱལ་པོ་འདི་ལེཌ་པར་བཟླས་ན་ལས་ཐད་བྱེད་པར་འགྱུར་ཞིང་། ལན ་བདུན་མངོན་པར་བསྔགས་པའི་ཏོལ་མར་གྱི་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ་བར་འགྱུརརོ།། ལན་བདུན་མངོན་པར་བསྔགས་པའི་ཆུ་འཐུངས་ན་མངལ་ཁྱིམ་པ་བདེ་བར ་བཅའ་བར་བྱེའོ།། རྟག་ཏུ་བཟླས་ན་བདག་དང་གཞན་འཆིང་པྲ་ལས་ཐར་པར་བྱེད།། སྐྱེ་འམ་དཔུང་པ་ལ་སྲུང་བ་བཏགས་པས་སྡིག་པ་ཐཾད་ལས་སྲུང་བར་བྱེད།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ ་རེ་མོ་ཀྵ་ཡ་ཛ~ཾ་བཾ་སྭཱ་ཧཱ། སྔན་ཀྱི་རྒྱལ་པོ་འདིས་སྔར་སྨོས་པའི་ལས་ཐཾད་བྱེད་པར་འགྱུ་རོ།། གུར་གུམ་གྱིས་གྲོ་ག་ལ་གང་གིས་མིང་སྨོས་པའི་སྤཊ་མངོན་པར་བྲིས་ལ ་སྤྲ་ཚིལ་དུ་བཏུམས་ཏེ་དྲིདྲོ་ཆུས་བཀང་བའི་བུམ་པ་རྫས་རས་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ་པོ་ལ་སོཊ་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང་། འཐབ་མོ་དང་། ་རྩོད་པ་ཐཾད་ལས་རྣ་རྒྱལ་བར་འགྱུརརོ།། གུར་གུམ་གྱིས་གྲོ་ག་ལ་གང་གིས་མང་སྨོས་པ། ཨོཾ་ཨ་ར་ཎ་ཌ་སྱ་བ་ནཾ་ཀཱ་ཀོ་ར~ཾ་ག་ཏཱི་མ་ར་མུ་སྠི་ཏཿཡི་བ་ཏུ་དུ་ཏ་ཡཱ་ནི་ཡཾ་བི་ཤ་ལཱུ་བྷ་བ་ཏུ ་ཀུརྦི་ཎཱཾ། ལན་བདུན་མངོན་པར་བསླན་པའི་ཆུ་ཁྱོར་བ་གསུམ་པོ་ཉར་འོངས་པས་འཐུངས་ན་སྣུམ་མ་བདེ་བར་བཙའ་བར་བྱེད།། ཨོཾ་ཨ་མ་ར་ཎི་ཛ~ཾ་བནྡྷ་ཡེ་སྭཱ་ཧཱ། སྤ་ཀྱི་རྒྱལ་པོ་འདི་ལ། ་། པར་བཟླས་ན་ལས་ཐཾད་བྱེད་པར་འགྱུརརོ།། མངོན་པར་བསླར་པའི་ཆུ་འཐུངས་ན་འབྲུམ་བུ་འོང་བར་མི་འགྱུ་རོ།། ལུས་ལས་སྐྱེས་པའི་དུག་མི་བཟད་པ་དང་། སྤྲེའུའི་དུག་མི་བཟད ་བ་དང་། སྦྲུལ་གདུག་པ་ལ་སོཊ་པའི་རྨ་ལ་ཡུངས་པ་དང་། ཨ་རུ་ར་དང་། རུ་རྟ་ལ་སོར་པ་ལ་ཡོངསུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུརརོ།། ནད་དང་རྣམ་པར་འཚེ་བ་ཐཾད་ལ་སྔག་མདུད ་བཅིངས་པས་ཞི་བར་བྱེདའོ།། རྟག་ཏུ་བཟླས་ན་ཚེ་ཟད་པ་ལོ་བརྒྱད་པར་འགྱུར་རོ།། མར་དང་ཏིལ་མར་གྱི་སྦྱིན་སྲེགས་ཐ~ཾད་ཞི་བར་བྱེད།། མངོན་པར་བསྡཊ་པའི་སྨན་གྱི་བཏུང་བ་ཐཾད་ལས་ཐར ་པར་བྱེད།། ལན་བརྒྱར་བཀྲུས་པའི་མར་ལ་མངོན་པར་བསྡུ་ཌ་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གན་ས་པར་འགྱུརརོ།། འགོ་བའི་ནད་ལ་ཏིལ་མར་ལ་བསྡུ། ་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུརརོ།། གདུག་པ་འི་རྨ་ལ་ཆུ་ལ་སྤན་ནས་གཏོར་བས་སོས་པར་འགྱུརརོ།། སྤྱན་ནད་ལ་བེ་དང་ལ་སོན་པ་མཚོན་གྱིས་བཏུབས་ན་སྲ ་ཧསྟ་བཅད་པར་འགྱུར་རོ།། ནོར་ཀུན་དི་དང་ནིམ་པའི་རྩ་བ་རྨ་བྱའི་འཇུག་སྒྲོ་དང་བཅས་པ་གཅིག་ཏུ་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྡར་པའི་དུད་པས་བདུགས་ན་རིམས་ཉིན་གཅིག་པ་དང་། ་རིམས་ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སེབ་པ་སེལ་བར་བྱེད་ཅིང་། འབྱུང་པོ་དང་། ཤ་ཟ་དང་། ཚངས་པ་སྲིན་པོ་ལ་སོར་པ་སེལ་བར་བྱེད།། བུད་མེད་བུ་ཤི་བས་བརྒྱ་རྩ་བརྒྱད ་མངོན་པར་བསླབ་པའི་བུམ་པས་ཁྲུས་བྱས་ན་གསོན་པོ་དང་ལྡན་པར་འགྱུརོ།། གྲོ་ག་ལ་བྲིས་པའི་སྤར་སྐྱེ་འམ་དཔུང་པ་ལ་བཏར་ན་མངལ་སྲུང་བར་བྱེད།། སྤར་རྗེ་སུ་དྲན་པས་གཡུལ་ངོག་སུ་འཇུག་ན ་རྒྱལ་བ་བསྙེས་པར་འགྱུར་ཞིང་བྱབས་པས་ནད་ཕྲད་སེལ་བར་བྱེད།། ཨོཾ་པད་ཙ་ལ་ནེ་སྭཱཧཱ། སྨན་ཀྱི་རྒྱལ་པོ་འང་སྔོན་དུ་བསྙེན་པའི་ཆོ་གས་ལེཊ་པར་བསྒྲུབས་པས་ལས་ཐད་བྱེད་པར་འགྱུར།། བོལ ་མིགས་འཛིཌ་པས་མངོན་པར་བསྔགས་པའི་ཆུ་འཐུང་ན། ཕོལ་མོག་མེད་པར་འགྱུརརོ།། བྱང་བུ་ལ་བྲིས་ཏེ་སྒོ་ལ་བཏཌ་པས་ཕོལ་མིག་མེད་པར་འགྱུར།། འདི་ནི་འཚེ་བ་ཐཾད་ལ་མར་ལ་བཏཿཔའི ་ཏིལ་གྱིས་སྦྱིན་སྲེག་ནི་སྲུང་བ་ཆེན་པོ་ཡིན།། ཁྭའི་སྒྲོ་ལོག་པས་བཟུང་སྟེ་བཟླས་པ་ཁྲོ་བྱས་པ་གང་གིས་ཁང་པའི་སྟེང་ངོསུ་སྦས་པས་དེ་འབྱེར་བར་བྱེད།། ཨོཾ་པོ་ཤཱ་ཙི་བརྟྟ་ཤ་ཝ་རི་སརྦོ་པ་དྲ་བ ་ནཱ་ཤ་ནཱི་སྭཱཧཱ། རིག་པ་ཆེན་མོ་འདི་མ་བསྒྲུབ་སུ་ཟིན་ཀྱང་རྐང་གཉིས་དང་། རྐང་བཞི་པ་ཐ~ཾད་ཀྱི་རྣར་འཚེ་བ་སེལ་བར་བྱེད་ཅིང་ལས་ཐད་བྱེད་པར་འགྱུར།། སྨྱོན་སྲེག་གམ་བཟླས་པ་འམ། ཁྲུས་མ་སྭ། ་མདུད་དམ།། མངོན་པར་བསླན་པའི་ཆུ་འཐུངས་པ་འམ་བྱ་བས་ན་ནད་ཐད་སེལ་བར་བྱེད།། གྲོ་ག་ལ་གུར་གུམ་གྱིས་དྲ་ས་པའི་སྤར་སྐྱེ་འམ་དཔུང་པ་ལ་བརྐ་ན་རྩོད་སྤྱོང་ལྔ ་རྒྱལ་བ་ཐོབ་ཅིང་རིམས་བྱིན་བཞི་པ་ལ་སོན་པ་མི་བཟད་པ་ལས་ཐར་བར་འགྱུརརོ།། སྲིན་པོ་ལ་སོཊ་པའི་འཛིན་པ་སེལ་བུ་བྱེ་ད་ཅིང་འཐབ་པ་དང་། འཁྲུག་པ་དང་། རྩོད་པ་དག་ལས ་རྒྱལ་བ་སྒྲུབ་པར་བྱེད།། སྟག་དང་། ཆུ་སྲིན་དང་། ལྟོ་འཕྱེ་ཆེན་པོ་དང་། རྐུན་པོ་ལ་སེ་པས་མ་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐད་དགའ་བར་འགྱུརརོ།། ཨོཾ་ཨརྱཱ་ཏྲི་ཏཱ་ཡ་ཨ་མུ་ཀ་སྱ་ཙཀྵ ་སྟམྦྷ་ཡ། པྲཿཐཿསྭཱ་ཧཱཿགང་ལ་ལ་མི་ག་ན་བར་གྱུར་པ་དེ་ལ་རྩིག་པ་འམ་སྤང་ལབ་ལ་རྡོ་རྒྱུས་ཀྱིས་ཚེས་བྲིས་ལ་ཡོ་ག་ཨོཾ་ཁ་སྦྱར་གསུམ་གསུམ་བྱའོ།། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ་། སྤན་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་པས་ལྡོག་པ་ཐཾད་ལས་སྲུང་བར་བྱེའོ།། འབྱུང་པོ་ལ་སོར་པའི་གནད་ཀྱིས་འཛིན་པ་ལ་ཉུངས་ཀར་གྱིས་བརྡེན་པས་གདོན་ཐད་འབྱེར་བར ་བྱེད།། ཁམ་ཕོལ་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་སྒོ་ལ་བཏཌ་པས་གསར་དུ་བཙས་པའི་བྱིས་པ་སྲུང་བར་བྱེད།། སྤྲ་ཚིལ་གྱིས་སོར་བཞི་པའི་ཚད་དུ་བྱས་པའི་སྟོང་ཁར་བསྒྲུབ་བྱའི་མིང་དང་བཅས ་པའི་སྤཊ་མངོན་པར་བྲིས་ཏེ་བཅུག་ལ་དེའི་ཁར་ཚེར་མ་བཅུ་ཅན་ཕྱིར་རྒོལ་བའི་ཁ་པུར་བུས་བཏབ་པར་འགྱུརརོ།། རྐང་པ་ལ་བཙུར་ན་འགྲོ་བ་དང་འོང་བ་རེངས་པར་བྱེད།། སྙིང་ལ་བཙུཅ་ན་ཁྲོས ་པ་འཇོམས་པར་བྱེད།། མིའི་རྗེ་རང་གི་རུས་པའི་ཕུར་བུ་འམ་ལྕཊ་ཀྱིས་ཕུབ་བུས་གདབ་པར་བྱའོ།། མིང་ནས་བཟུང་ཞིང་ཡན་ལ་གང་དང་གང་ལ་ཕུར་བུ་བཏབ་པ་དེ་དང་དེ་འཇིག་པར་འགྱུརརོ།། ་དགྲ་བོའི་སྒོར་ཁར་སྦས་ན་འབྱེར་བར་བྱེད།། དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསླན་པས་སྒོའི་ཡ་ཐེམ་ལ་གཏོ་རན་འབྱེའོ།། རལ་གྲི་ལ་མངོན་པར་བསྔར་ཏེ་གཡུལ ་དུ་འཇུག་ན་རྒྱལ་བ་སྒྲུབ་པར་བྱེད།། བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བ་བསྟབས་ན་དེ་དང་དེ་འགྲུབ་པར་འགྱུར་རོ།། སྤ་ཌ་པ་དགེ་བ་དང་མི་དགེ་བའི་ལས་གང་འདོད་པས་བཟླས་པ་ཙམ ་གྱིས་བྱེད།། ཨོཾ་ཀ་སྱཻཔྶ་ད་ཏཱ་སུ་ནྱ་བེ་སྨ་ནི་མ་མ་ཏཱ་ཏ་ཐཱསྨ་ཏཱ་ཡ་སྠ་སྨནྡ་སི་བ་ཛི་ཎ་སྭཱ་ཧཱ། མིག་འགུལ་ན་བྱབས་པས་ཞི་བར་འགྱུརརོ།། ཨོཾ་ཛམྦྷ་མོ་ཧཻ་ཧྲྀ་ད་ཡ་མཱ་བརྡྷ་ནི་ཧཱུཾ་ཕཊ་སྭཱ་ཧཱ། སྭཊ ་རྒྱལ་པོ་འདི་བྱ་རོག་གི་སྒྲ་མ་གྲག་པའི་དུསུ་ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐ~ཾད་དགའ་འགྱུརརོ།། རྒྱལ་བ་མར་དང་པདྨ་དཀར་པོའི་སྡོང་བུས་དུ་བ་བླངས ་ལ་བརྒྱ་རྩ་བརྒྱད་མངོན་པར་སྤན་ལ་དེས་མིག་ལ་བསྐུས་ན་བུད་མེད་ཐཾད་ཡིད་ལ་རེ་བ་རྗོན་པར་བྱེད།། རྒྱལ་ལ་ཁ་ཐུར་དུ་ལྟས་པའི་མེ་ཏོག་གི་རྩ་བ་དང་། ཤི་རོ་ཁ་ན་ང་དག་སྦྱར་ལ་བརྒྱ ་བརྒྱད་མངོན་པར་སྤན་པ་དེ་ཐིག་ལེར་བྱས་ན་རྗེ་བོ་ཁོས་པ་དེ་རབ་ཏུ་སད་པར་བྱེད།། ཀུ་ཅོ་དང་། འཐབ་པ་དང་། རྩོད་པ་དག་ལས་རྒྱལ་བར་འགྱུར་རོ།། ཆོ་ག་བཞིན་དུ་རྟག་ཏུ་བཟླས་པས ་གྲོང་ཁྱེར་བསྐྱོད་པ་སྐྱེད་པར་བྱེད།། ཨོཾ་སྭམྦྷ་ནི་སྟམྦྷ་ཡ་ཛམྦྷ་ནི་ཛམྦྷ་ཡ་མོ་ཧ་ཡ་རཱཀྵ་ནི་ཡ་རཀྵ་ཡ་མཾ་བ་ར་ཏེ་སིདྡྷ་ལོ་ཙ་ནེ་སྭཱཧཱ། སངྱས་སྤྱན་གྱི་སྙིང་པོ་འདིས་འཛིན་པ་ཐཾད་སེལ་བར་བྱེད། ་དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལ་འུ་དང་པོ་རྫོགསོ།། རབ་སད་ལེཊ་བར་སངས་པའི།། སློབ་མ་ཡོན་ཏན་གཞི་ཡིན་པས།། བླ་མ་ལ་གུས་མཁས་པ ་ལ།། རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱ།། ཨོཾ་ན་མོ་བི་ལ་ཙནྡྲ་ཡ། དེ་བ་སུ་ཏྲཱ་ཡ་ས་ཏྱ་ན་དྷི་ཡ་ལོ་ས་ཏྱེ་ཡ་ར~ཾ་གི་ཏྱ་ཏེ་ས་ཏྱ་དྷརྨཱ། སྨྲྀ་ཏོ་ལོ་ཀཿས་ཏྱ་བྲཧྨཱ་ས་ན་ཏ་ནེ། བཏྱ་བུད ་ཤྩ་དྷརྨྨ་ཤྭཱ་སཾ་གྷཤྩ་གུ་ཎ་སྭ་ག་རཿ་ན་ནེ་སརྱཱ་བ་ཀྱཾ་ན་ཀྵི་པྲ་མཱ་བ་དརཱ་ཎ། ཏདྱ་ཐཱ། ཨོཾ་ས་ར་ས་རི། སུ་རུ་མུ་རུ་མཾ་ད་ར་པྲ་ཏི་ཀཱ་ས་ཨེ་བི་ས་ཀཻ་ལ་ས་ཀུ་ཊ་པཱ་ཏྲ་ཡཾ་ན་མཿཡམ ་ཡ་ཙིནྟི་ཏཾ་ཀ་རྱཾ་ཏ་ཏ་མ~ཾ་སརྦྦ་བྲུ་ཧི་ཏ་ཏཱ་ཏཿཱ་ཏ་རརཱ་ཤུ་བྷཾ་བཱ་ཡ་དཾ་བཱ་ཤུ་བྷ།། ནང་པར་གཙང་མའི་ས་ཕྱོགསུ་དཀྱིལ་འཁོར་བྱས་ཤིང་བུམ་པ་བཞག་ལ། ལྷའི་བུ་དྲི་མ་མེད་པའི ་བཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མེ་ལོང་ལ་མངོན་པར་བསྔཊ་ཏེ། ཁྱེའུ་འམ་བུ་མོ་ལ་ཌ་པར་ཁྲུས་བྱས་ཏེ། གོས་ལེཊ་པར་བཀྲུས་པ་བསྐོན་ཞིང་ཙན་དན་དཀར་པོའི་འདེ་གུས ་ཡན་ལག་བྱུགས་ལ། མེ་ཏོག་དྲི་ཞིམ་པོའི་ཕྲེང་བས་མགུལ་ཏུ་བཏགས་པ་གྲོང་པའི་ཆོས་ཀྱི་མ་གོས་པ་ལ་བསྟན་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག ་བསྟོན་པར་འགྱུརརོ།། དགོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་བཅྡོཾས་དང་ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་ཆེན་པོ་བྱས་ལ། བརྒྱ་རྩ་བརྒྱད་བཟླས་ནས་ཅང་མོ་སྨྲ་བར ་1ལ་ན་དགེ་བ་དང་མི་དགེ་བ་ཇི་ལྟར་བསམས་པ་བཞིན་དུ་སྟོན་པར་འགྱུརརོ།། རྟག་ཏུ་བཟླས་ན་འཇིག་རྟེན་གསུམ་གྱི་སྤྱོད་པ་སྟོན་པར་འགྱུརརོ།། ཨོཾ་ཤྲ་བ་ཎ་པི་ཤཱ་ཙི་ནི་མུཎྜེ་སྭཱ་ཧཱ། བ་རུ་རི ་ཤོང་ངམ་ནྱ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ་ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་འགྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་བྱེད།། ཡང་ན ་ལེན་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་འགྲུབ་པར་འགྱུརརོ།། དགེ་ངས་མོ་ཉལ་ཀ་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས ་ནས་རྐང་པ་གཉིས་ལ་བསྐུས་ནས་ཉལ་ན་དགེ་བ་དང་མི་དགེ་བ་རྣ་བར་སྟོན་པར་འགྱུ་རོ།། ཨོཾ་ན་མཿསཔྟ་ནཾ་སམྱཀྶཾ་བུདྡྷ་ཀོ་ཊ་ན། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུ་ནྡེ་སྭཱ་ཧཱ། བིརྱ་ས་ཏྱ་བཱ་དི་ནི་བ ་ར་དེ་ཀ་ཐ་ཡ་སྭཱ་ཧཱ། གོང་དུ་བཤད་པའི་ཆོ་གས་སམ། མེ་ལོང་ངམ། རལ་གྲི་འམ། མར་མེ་འམ། ཆུ་སྣོད་ལ་སྟོན་པར་བྱེད།། ལན་བརྒྱ་རྩ་བརྒྱད་མངོན་པར་སྤར་པའི་ཆུས་གདོང་བཀྲུས ་ནས་མོ་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐད་སྟོན་པར་འགྱུརརོ།། ཨོཾ་མུ་ཙི་ལྀ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དཻ་ཏི་ལི་སྭཱ་ཧཱ། སྭཊ་འདི་ཁྲོ་བཟླས་ན་འགྲུབ་པར་འགྱུརརོ།། ཛྲས ་འཕབ་པ་སྤྱན་རས་གཟིན་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་བསླར་པའི་ཆུས་གདོང་བཀྲུས་ཏེ་དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི ་སྨྲ་བར་ཉལ་ན་བཅྡོཾས་རང་གི་གཟུ་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུ་རོ།། ཨོཾ་པྲ་ཛ་ལ་ཧཱུཾ་ཕཊ། བཅྡོཾས་འཇིག་རྟེན་མགོན་པོའི་སྙིང་པོ ་འདི་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར།། གོང་དུ་བསྟན་པའི་ཚོགས་དགེ་བ་དང་མི་དགེ་བ་རྨི་ལམ་དུ་སྟོན་པར་འགྱུརརོ།། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱ~ཾཿ་པྲ་ཏི་ཧ་ཏ་ཤས ་ནནཱ། ཏད་ཐཱ་ཀུ་མཱ་ར་རཱུ་བི་ན་དརྒ་ཡ་ཨ་ཏ་མ་ནརྀ་བེ+ེ་བྷུཿཏ་ས་མུད་དྷཱ་ཡ་སྭ་པ་ནཱ་ནི་བེ་ད་ཡ་ཡ་ཐཱ་བྷུ་ཏེ་ཧཱུ~ཾ་ཕཊ་སྭ། རྗེ་བརྫུན་འཇམ་དཔལ་གཞོན་ནུའི་སྐུ་འམ་ལུག་སྐུ ་མདུན་ནམ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ་བརྒྱ་ཕྲག་བདུན་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིཌ་ཤིང་གཞན་དགེ ་ཀྱང་མཐོང་བར་འགྱུར་རོ།། ཨོཾ་ཀནྟ་པི་ཤ་ཙི་ཀནྟ་སེ་ཀ་ཐ་ཡ་ཧཱུ~ཾ་ཕཊ། ཤ་ཟའི་ཤིང་གི་རྩ་བར་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་འཛིན་ལ་གནས་ཤིང་དེ་ཉིད་དུ་མི་སྨྲ་བར ་འདུག་སྟེ་ཤ་དང་། ཉ་ཤ་དང་། མ་ཤཾ་དང་། འཛམ་བུ་ཏི་ཀ་ལ་མངོན་པར་བསྔགས་པའི་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་བཟླས་ན་ཞག་དང་པོ་ལ་མཚན་མ་ཉེ་བར་སྟོན ་པར་བྱེད་ཅིང་ཕྱོས་འོང་བ་འགྲུབ་པར་འགྱུར་ཏེ། དེ་ལ་སོཊ་པའི་སྲིད་པ་གསུམ་གྱི་སྤྱོད་པ་ནར་སྟོན་པར་བྱེའོ།། ཞག་ཉི་ཤུ་རྩ་གཅིག་གིས་ཚངས་པ་བསད་ཀྱང་འགྲུབ ་། པར་འགྱུརརོ།། ཨོཾ་ཙཏུ་དྷུ་ཛ་ཥཊྚ་མུ་ཁ་བི་ཀྲི་ཏཱ་ནན་ཀནྟ་པི་ཤ་ཙི་མ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། དུར་ཁྲོད་དུ་གཤིན་རྗེ་མཐར་བྱེད་ཀྱི་བྲིས་སྐུའི་མདུན་དུ་བཟླས་པ་བྱས་ན། ་ཞག་བདུན་ན་ཤ་ཟའི་རྣར་སྒྲོགས་པ་འགྲུབ་བོར་འགྱུར་རོ།། ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་དང་བཅས་པའོ་མཆོད་རྟེན་ནམ། རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྟན་པ ་ཆོ་ག་ཁྲི་བཟླས་ལ་དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ་བདག་གང་ནས་སྐྱེས་པར་གྱུར་སྐྱེ་བར་འགྱུར་ཞེས་ཡོད་ལ་བསམས ་ཤིང་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དམཌ་པར་ཐེ་ཚོམ་མདོ།། གལ་ཏེ་ཟླ་བ་དྲུག་ནང་རོལ་དུ་འཆི་བར་འགྱུར་ན་དེའི་ཚེ་རྨི་ལམ་དུ་བདག་གམ་གཞན་གྱི་མགོ་མི་མཐོང ་བར་འགྱུར་རོ།། དེ་བཞིན་དུ་མངོན་པར་བསླཊ་པའི་མ་ལོང་ལ་བལྟས་པ་ན་ཁྱེའུ་འམ་བུ་མོ་གང་གིས་མགོ་མ་མཐོང་ན་དེ་ཟླ་བ་དྲུག་ནང་དུ་འཆི་བར་འགྱུར་རོ།། རྡོ་ཡིག ་པུ་མོག་དང་ཤིང་ཨ་གསྟི་དཀར་པོའི་རྩེ་བ་རེང་བུར་བྱས་ཏེ་བརྒྱ་རྩ་བརྒྱད་མངོན་པར་བསྭ་ཊ་ལ་བྷུ་ཌ་ན་གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་པ་གཉིས་དང ་རྐང་པ་བཞི་པ་དེ་དག་ཐད་ཀྱི་མགོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ།། ཨོཾ་སྭཔྟ་བི་ལོ་ཀི་ན་སིདྡྷ་ལོ་ཙ་ནེ་སྭཔྟཾ་མེ་ཀ་ཐ་ཡ་སྭཱ་ཧཱ། སྔཊ་ཀྱི་རྒྱལ་པོ་འདི་གོང་དུ་བཤད ་པའི་ཆོ་གས་ལས་ཐད་པར་འགྱུརརོ།། ཨོཾ་ཨ་དི་ཏི་དེ་བ་དཏ་ཏཾ་མོ་དེ་ཧི་ད་དཱ་པ་ཡ་སྭཱ་ཧཱ། ཆུའི་ནང་དུ་ཞུཌ་ཏེ་བུ་མོ་གང་གི་ཆེད་དུ་བཟླས་པར་བྱེད་པ་དེ་དེ་ཉིད་ལ་སྟེར་བར་བྱ།། ་ཡི་གེ་འབུམ་བཟླས་པ་བྱས་ལ་པྲྀ་ཡང་ཀུའི་མེ་ཏོག་གམ། པ་ལ་ཤའི་མེ་ཏོག་སྤྱོན་སྲེག་འབུམ་གྱིས་དཔལ་ཆེན་པོ་ཐོབ་པར་བྱེད།། མཚན་མོ་འོ་མ་ཅན་གྱིས་ཡམ་ཤིང་གིས ་སྦྱིན་སྲེག་བྱས་ན་གྲོང་གང་གི་ཆེད་དུ་སྤྱོན་སྲེག་བྱས་པ་དེ་རྙེད་པར་འགྱུར་རོ།། པདྨ་འམ་བིལ་བའི་འབྲས་བུ་རྣམས་ཀྱི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་རྙེད་པར་འགྱུར ་ཞིང་གནན་དག་གི་དཔལ་ཆེན་པོ་ཐོབ་པར་བྱེད།། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱིས་སྦྱིན་སྲེག་འབུམ་ཕྲག་བདུན་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ།། ཨ~ཾ་ཛ་ཡ ་ཛ་ཡེ་ཨ་ཛི་ཏི་པ་ར་ཛི་ཏེ་སྭཱ་ཧཱ། སྲིང་མོ་བཞིའི་སྔ་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲ་ག་བཞི་བཟླས་ན་གོང་དུ་བཤད་པའི་ལས་ཐཾད་བྱེད་པར ་འགྱུརརོ།། ཨོཾ་མེ་གྷོ་ལེ་ཀ་ཡ་སྭཱཧཱ། པ་ལ་ཤའི་མེ་ཏོག་གམ་ཡམ་ཤིང་གིས་སྦྱིན་སྲེག་འབུམ་ཕྲག་གཅི་ག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་དུ ་མོ་དོན་དུ་གཉེར་བར་འདོད་པའོ་བུ་མོ་རྙེད་པར་འགྱུརརོ།། ཨོཾ་ཀ་མ་ལ་བཱ་སཽ་ནི་ཀ་མ་ལེ་མ་ཧཱ་ལཀྵཱི་ར་ཛྱེ་ཏ་ཧོ་བ་ར་དེ་སྭཱ་ཧཱ། སྥ་ཊ་འདི་ནི་དཔལ་ཆེན་མོའི་སྙིང་པོའོ།། རྟག་ཏུ་བཟླས ་པ་བྱས་ན་ཕུན་སུམ་ཚེཌ་པའི་མཆོག་སྟེར་བར་འགྱུརརོ།། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་འགྲུབ ་པར་འགྱུརརོ།། རས་བལ་གྱི་ས་བོན་གི་ཚད་ཙམ་གྱི་གུ་གུལ་གྱི་རིལ་བུ་མངར་གསུམ་ལས་བཏཌ་པའི་སྤྱོན་སྲེག་འབུམ་འམ། པདྨའི་སྦྱིན་སྲེག་འབུམ་གྱིས་རྒྱལ་སྲིད་སྒྲུབ ་། པར་བྱེད། ཨོཾ་ན་ཏི་ན་བད་ཀ་ཏི་ཁ་ནི་ཡ་མེད་ད་པོ་2ཊ། དགའ་མའི་སྙིང་པོའི་སྨཊ་འདི་ནི་གོང་དུ་བཤད་པའི་ལས་ཐད་འགྲུབ་པར་འགྱུརརོ།། ཨོཾ་ཛཾ་བྷེ་མོ་ཧ་སྭཱཧཱ། ་རྗེ་བརྫུན་མ་སྒྲོལ་མ་ལ་ཀ་ར་བི་རའི་མེ་ཏོག་གིས་མངོན་པར་མཆོད་དེ་སྔཊ་ཀྱི་རྒྱལ་པོ་འདི་ཡིག་འབུམ་བཟླས་ན་ཡིད་ལ་རེ་བ་རྫོཌ་པར་བྱེདདོ།། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཨོཾ ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱ་ཧཱ། ཨོཾ་ཤྲི་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། བདག་ཉིད་ཛམྦྷ་ལའི་གཟུགསུ་བསྒོམས་ལ་རང་གི་སྙིང་ཀར་ཟླ་བའི ་དཀྱིལ་འཁོར་གྱི་དབུསུ་བ་སུ་དྷ་ར་གསེར་གྱི་མེ་དོག་ཅན་ཕྱེ་གཉིས་པ་རྒྱན་ཐཾད་ཀྱིས་བརྒྱན་པ། ཤར་ལ་སོ་ཤེས་པའི་ཕྱོཿ་སུ་ལྷ་མོ་བཞིས་བསྐོར་བ། གཡས་ཀྱིས ་མཆོག་སྦྱིན་པ་གཡོན་གྱིས་འབྲས་ཀྱི་སྙེམ་བསྣམས་པ་བསྒོམས་ན་ཡིད་ལ་རེ་བ་རྗོར་པར་བྱེད།། བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་ཁྲུ་དོའི་ཚད ་དུ་བྱས་ལ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ན་ཟླ་བ་དྲུག་ན་ཡིད་ལ་རེ་བ་ཐང་རྫོབ་པར་བྱེའོ།། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོཿ། ་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང་ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་འགྱུརརོ།། གུ་གུལ་གྱི་རོལ་བུའི་སྤྱོན་སྲེག་འབུམ་བྱས ་ནོ་ཡིད་ལ་རེ་བ་ཡོངསུ་རྫོགས་པར་འགྱུར་རོ།། ཨོཾ་བ་སུ་དྷཱ་ར་ཎི་ཨ་མུ་ཀ་ནྱཻ་དེ་ཧི་དཱ་པ་ཡ་སྭཱ་ཧཱ། སྔགས་འདི་ཆུའི་ནང་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བནི་ངེས་པ ་སྦྱིན་སྲེག་བྱས་ན་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ།། མཚན་མོའོ་མ་ཅན་གྱི་ཡམ་ཤིང་གིས་གློང་གི་མིང་ནས་སྨོས་ནས་སྤྱོན་སྲེག་འབུམ་བྱས་ན་གྲོང་རྙེད་པར། ་འོགྱུ་རོ།། ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཙནྡྲ་ཀནྟཾ་སྭཱ་ཧཱ། ཨོཾ་དཏྟ་ཡེ་སྭཱ་ཧཱ། ཨོཾ་བ་སུ་དཏྟཱ་ཡེ་སྭཱ་ཧཱ།། ཨོཾ་ཨརྱཱ་ཡེ་སྭཱ་ཧཱ། ཨོཾ་སུ་བྷཱ་དྲ་ཡཾ་སྭཱ་ཧཱུ~ཾ། ཨོཾ་གུ་པྟ་ཡེ་སྟྭ~ཾ་ཧཱ། ཨོཾ་དེ་བྱེ་ཡ་སྭཱ་ཧཱ། ་ཨོཾ་སྭ་ར་ས་ཏྱཻ་སྭཱ་ཧཱ། གསེར་གྱི་བྱང་བུའམ། དངུལ་གྱི་བྱང་བུ་འམ། ཟངས་མའི་བྱིང་བུའོ་མེ་ཏོག་འདམ་མེ་བརྒྱད་པའི་དབུ་སུ་བཾ་སུ་དྷ་ར་ཤར་ལ་སོགས་པའི་འདབ་མ ་ལ་ཙནྡྲ་ཀཱ་ཏྱ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང་། སྦྲང་རྩི་དང་། ཀ་ར་བཅུག་སྟེ། གོང་དུ་བཤད ་པའི་ཚོགས་སྔར་སྨོས་པའི་ལས་རྣམས་བྱེད། པར་འགྱུ་རོ།། དབུ་སུ་ནི་ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱཧཱ། ཕྱོ་ཌ་སུ་ནི། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་པཱུད་བྷ་དྲཱ་ཡེ་སཿ། ་ཨོཾ་དྷ་ན་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། མཚམ་སུ་ནི་ཨོཾ་ཀི་ལ~ཾ་མཱ་ལ~ཾ་སྭཱ་ཧཱ། ཨོཾ་ཙི་པི་ཀུཏྟཱ་ལོ་ནི། ཨོཾ་མུ་ཁེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཙ་རེནཱ་ཡེ་སྭཱཧཱུཾ། གནོད་སྦྱིན་གྱི་རྒྱལ་པོ་ཆེན ་པོ་བརྒྱད་ཀྱིས་ཡོངསུ་བསྐོར་བ། བཅྡོཾས་ནི་བ་སུ་དྷ་རི་དང་བཅས་པ་གསེར་གྱི་མདོག་ཅན་ནེའུ་ལེ་དང་འབྲས་བུ་ས་བོན་གྱིས་བཀང་བ་ཕྱག་ན་བསྣམས་པ། གསུས་པ་འཕྱང ་ག་རྒྱན་ཐ~ཾད་ཀྱིས་བརྒྱན་པ། གོང་དུ་བཤད་པའི་གནོད་སྦྱིན་མོ་དང་གནོད་སྦྱིན་གྱི་བདག་པོ་དང་བཅས་པ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་བསྒོམས་ཤིང ་བཟླས་པ་བྱས་ན། བཅྡོཾས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད།། ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང་། བྱ་རོག་གི་སྒྲ་མི་གྲག ་པར་ཆུའི་ནང་དུ་ཞུགས་ཏེ་བཟླས་པ་བྱེད་པ་གང་ཡིན་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ།། ཡང་ན་གསེར་ལས་བྱས་པའི་བྱང་བུ་ལ་བ་སུ་དྷ་རི་གནོད་སྦྱིན ་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཅྡོཾས་ཛམྦྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ་ཁ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་དངོས་གྲུབ་ཆེན ་པོ་བརྒྱད་ཀྱང་སྟེར་བར་མཛད་ན་གྲུབ་པ་གན་ནི་ལ་སྤྲོས་ཀྱང་ཅི་དགོས། དཔའོ་གཅིག་ཏུ་གྲུབ་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་གཉིས་པ་རྫོགས་སྷོ།། ་ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་པྲ་ཛཱ་ཛྙཱ་ན་མུརྡྷ་ཡེ་ཛྙཱན་ཀཱ་ལ་བཱཾ་གཽ་ཤྭ་ར་ཨར་པ་ཙ་ནཱ་ཡ་ཏེ་ན་མཿབཅོམ་ལྔ་ན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པ། ་སྟོན་ཀའི་ཟླ་བའི་འོད་ལྟར་དཀ་ར་བི། ཕྱག་གཡོན་ན་ཨུད་པ་ལ་སྔོན་པཾ་བསྣམས་པ། གཡས་ཀྱིས་མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ་ཨ་ནུཏ་པནྣ་པྲ་ཀྲི་ཏི་པྲ་བྷ་སྭ། ་རཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཏྲི་སཔྟ་ཧཱ་ཏ་སཱ་ར་སྭ་ཏི་བཱ་ཎི་མུ་བ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅོན་གྱི་ངག་ཐོབ་པར་འགྱུར་རོ།། ཟླ་བ་དྲུག་གིས་ངག་གོ་དབང་ཕྱུག་གྲུབ ་བར་བྱེད།། བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པ་ཡང་ཐོབ་པར་འགྱུར་རོ།། ཤུ་དག་སྲང་ཕྱེད་ཀྱི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་མན ་བར་བསྔགས་པ་ཐོ་རངས་འོ་མ་འམ། མར་རམ་ཏིལ་མར་དང་ཟླ་བ་གཅིག་དུ་འཐུངས་ན་གླེན་པ་དང་དག་པ་མེད་པར་འགྱུར་རོ།། ཁུ་བྱུག་མྱོས་པའི་སྐད་དང་འདྲ་བར་སྐད་སྙན་ཅིང་། ་ཚིག་གསལ་བར་འགྱུརརོ།། ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་རོ།། ཐོས་པ་འཛིན་པར ་འགྱུར་རོ།། ཨོཾ་བཱ་ཀྱེ་དཾ་ན་མཿརྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་དུ་ཏིང་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐང་བྱེད ་བར་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ལ་སྐེ་བཿམ་གྱིས་ཆུ་ལ་རྒལ་ནས་འཛའ་ཏིའི་མེ་ཏོག་པུན་ཡུམ་ཕྲག་ག་བླངས་ནས་སྔགས་བརྗོད་ཅིང་ཕུན་པ་རེ་ར་རྒྱུན ་ཕྱོགསུ་འབབ་པར་འགྱུར་བ་ལས་ཕུན་པ་གཅིག་རྒྱུ་ན་ལས་ལོག་པར་འོངས་པ་དེ་སོ་ལ་མ་རེག་པར་མེད་ན་ཐོས་པ་འཛིན་པ་སྩོལ་བར་མཛད།། ཇི་ལྟ་བ་བཞིན་ར ་པའི་མེ་ཏོག་ཆུ་ལ་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུརརོ།། སྨན་བྲཧྨའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས ་དཀྱིལ་འཁོར་བྱས་ཏེ་ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་ཡང་དག་པར་མཆོད་དེ། མར་རིམ་རོ་སྦྱར་དང་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར ་འགྱུར་རོ།། ཚོགས་བདག་པོའི་དབྱངས་སྙན་པ་ཡང་སྐྱེ་བར་འགྱུརརོ།། སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ།། ཕྱིས ་ཟླ་བ་གཟས་ཟིན་པ་འམ། ཉི་མ་གཟས་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ་ཟླ་བ་མི་སྣང་བར་ཇི་སྲིད་གྲོལ་བར་འགྱུར་བ་དེ་སྲིད ་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུ་རོ།། དེ་བཞིན་དུ་འཁོར་ལོ་དང་། རྡོ་རྗེ་རྩེ་གསུམ་པ་དང་། མདའ་དང་། ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་རི ་པ་ལ་སོགས་པ་དང་། བཅུད་ཀྱིས་ལེན་ལ་སོགས་པ་འདུས་པ་བསྒྲུབ་པར་བྱའོ།། ཡང་ན་མིག་སྨན་ནམ། ཐིག་ལེ་འམ། རྐང་པ་བསྐུས་པ་འམ། དབང་དུ་བྱ་བའི་རྫས་བསྡུས ་ཏེ་བསྒྲུབ་པར་བྱའོ།། འོ་ཐུག་གམ། ནོ་དང་། ཟན་ན། མ་མར་དང་བཅས་པ་ཁར་དང་བཅས་པས་སྣོད་བཀང་སྟེ་ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ། ་ལྔ་བརྒྱར་འཚོ་བར་འགྱུརརོ།། སྲན་མ་ཥྚ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་། ཐོས་པ། འཛིན་པ་དང་། སྨྲ་མཁས་པ་དང་། ཡིད་གཞུངས་པར ་འགྱུརརོ།། པདྨའི་སྤྱོན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུརརོ།། བིལ་བའི་སྐྱོན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་འགྱུརརོ།། ་ལྟ་བ་བཞིན་རྙེད་པའི་མེ་ཏོག་གོ་སྐྱོན་སྲེགས་ངག་གིས་དངོས་གྲུབ་ཐོབ་པར་བྱེའོ།། མར་ལོ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད ་སྐྱོན་མོ་དང་ཀླུ་མོ་ལ་སོགས་པ་འདུགས་པར་བྱེདདོ།། དེ་བཞིན་དུ་ཡམ་ཤིང་རྣམ་པ་ལྔས་ཀྱང་བྱའོ།། རྟག་ཏུ་གོམས་པར་བྱས་ན། ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་བསྒྲུབ ་པར་བྱེད་པརར་འགྱུརརོ།། ཨོཾ་ཧྲཱིཿཧཱུཾ། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་བོར་སྟེར་བར་བྱེད། ཨ་ཧཱཿམ་ཧཱ་མཱ་ཡདྷེ་མ་ཧཱ་སཱ་ར་སཱ་ཏྱཾ་ན་མཿརྗེ་བཙུན་འཕགས་མ་སྙམ ་མའི་སྙིང་པོ་འོངས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱཿཔྲ་ཀྲྀ་ཏྱཱ་པ་རི་ཤུདྡྷོ་ཧེ་སཱ་ཏྱཾ་བྷྱཱཾ་ད་ར་ན་མ་ཨཱ~ཾ་ཏཽ།། ཞེས་བྱ་བ་འདིས་རྒྱུ་བ་དང་། མི་ཎྱ ་བ་དང་བཅས་པའི་སྣ་ཚོགས་པད་མ་དང་བདག་ཉིད་རང་བཞིན་གྱིས་ཡོངསུ་དག་པར་བསམས་ལ་པདྨ་དཀར་པོ་ཁྲུ་བདུན་པའི་ཚད་དང་། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི ་དབུས་སུ་ཕྱག་གཉིས་པ་པདྨ་དང་། མཆོག་སྦྱིན་གྱིས་རྣམ་པར་རྒྱན་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་རང་བཞོན་གྱི་སྐུ་ཅན་གཅིག་ཏུ་གཞན་ལ་ཕན་འདོགས་པར ་ཞུགས་པ། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། ཙན་དན་དཀར་པོའི་འདགུས་བྱུགས ་ཤིང་མེ་ཏོག་གོས་མཛེས་པར་རྒྱན་པ། ན་བཟའ་དཀར་པོ་དང་མུ་ཏིག་ཕྲེང་བས་ཐུགས་ཀར་མཛེས་པ་བྱས་པ། སྐུ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་གྱིས་བརྒྱན་པའི་སྐུ་ལས་ཡོངསུ ་སྤྲོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། ལོ་བཅུ་གཉིས་ཀྱི་ན་ཚོང་དུ་འཁྲུངས་པའི་སྐུ་ཅན་ངག་གི་དབང ་ཕྱུག་ཆེན་པོར་བདག་ཉིད་བསམ་པར་བྱའོ།། མདུན་དུ་ཤེས་རབ་མ་དང་། གཡ་སུ་ཡིད་གཞུངས་མ་དང་། རྒྱབ་དུ་བློ་ལྡན་མ་དང་། གཡོན་དུ་དྲན་པ་མ་གོང་དུ་སྨོས་པའི་ཡོན། ་ཏན་ཐམས་ཅད་ཀྱིས་མཛེས་པའི་ལྷ་མོར་བསམས་པར་བྱའོ།། དེའི་འོག་ཏུ་ལྟ་བའི་ཕྱོགསུ་ཟླ་བའི་དཀྱིལ་འཁོར་གྱིས་དབུས་ཡི་གེ་ཨོཾ་མདོག་དཀར་པོའི་རྣམ ་བར་བསམས་ལ། དེ་ལས་བྱུང་བའི་ངག་གི་དབང་ཕྱུག་གོ་རང་བཞིན་མ་ལུས་པའི་ཕྲེང་བ་རྒྱུན་མི་འཆད་པར་འབྱུང་བསམས་ཤིང་གཅིག་པུར་དེར་ཕྱོགས་པའི་ཡིད་ཅན་གྱི ་སྔགས་པས་བདག་ཉིད་རང་གི་ལྟེ་བའི་དབུས་ན་གནས་པའི་མི་སྨྲ་བས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་ཐོབ་པར་འགྱུར་ཞིང་། ཟླ་བ ་གསུམ་གྱིས་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུརརོ།། ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུརརོ།། རའི་འོ་མ་ཨ་རུ་ར་དང་ཚ་བ་གསུམ། པ་ཏ་ཤུ ་ངག་སོག་ཀླུ་སེན་ད་ཡི།། ལན་བདུན་མངོན་པར་བསྡུ་གས་པའི་མར་དག་ནི།། འཐུངས་ན་དབྱངས་ཅན་འགྲུ། བ་པར་འགྱུར་བ་ཡིན།། ར་ཡི་འོ་མ་བྲེ་བཞི་དང་།། སྨན ་རྣམས་སྲང་གཅིག་ཙམ་གྱི་ཚད།། མར་བྲེ་གང་དང་མཁས་པ་ཡིས།། རིམས་ཀྱིས་མེ་ཆུ་ལ་བསྐོལ་བྱ།། ཟླ་གཅིག་ཙམ་ཅིག་ལོངས་སྤྱད་ན།། བླ་མེད་ཚིག་ནི་ཐོབ་འགྱུར་ཞིང་།། ་ཟླ་དྲུག་ཉེ་བར་ལོངས་སྤྱད་པས།། ངག་གི་དབང་ཕྱུག་མངོན་སུམ་འགྱུར།། ཤུ་དག་ཤིང་མང་སེན་ད་པ།། ཨ་རུ་བཅའ་སྒ་ལ་ལ་པུད།། རུ་རྟ་པོ་པོ་ཟི་ངར་བཅས།། རྣམ་བཏགས ་ངག་ནི་དག་པར་བྱེད།། ལྷ་ལ་མེ་ཏོག་དྲི་བཟང་སོགས།། ནང་བར་ཡང་དག་མཆོད་ནས་ནི།། ལན་བདུན་བསྔགས་བྱས་ཟོས་ན་ནི།། ཟླ་བ་དྲུགས་ཐོས་འཛིན་བྱེད།། ཟླ་བ ་གསུམ་གྱིས་ཚིག་བདག་འགྱུར།། ཟླ་བ་གཅིག་གིས་བློ་ལྡན་ཞིང་།། ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ།། དབྱངས་སྙན་པ་ནི་སྐྱེ་བར་འགྱུར།། གངས་ཅན་སྐྱེས་པའི་ཨ་རུ་འམ། ་གངས་ཅན་སྐྱེས་པའི་ཤུ་དག་ལ།། ཐོ་རངས་ལན་བདུན་མངོན་བསྔགས་ནས།། ཟླ་གཅིག་ཟོས་ན་ཟླ་དེ་ལ།། ཚིག་གི་བདག་དང་ཡིད་གཞུངས་དང་།། དབྱངས་ཅན་ཤེས་རབ་ལྡན ་པ་ཡང་།། སྐྱེ་བར་འགྱུར་ཞིང་ཟླ་དྲུག་གིས།། ཐོས་པ་འཛིན་པར་ཡང་འགྱུརརོ།། ཨོཾ་བ་གྲཱ་དི་ནི་བཱ་ཙརྨྨ་ཎི་ཡཙྪ་པ་ར་སྭ་ཏི་མ་ཧཱ་ཤཱ་ཏེ་སྭཱ་ཧཱ།། པདྨེ་ལས་སྐྱེས་པའི་དཀར་མོ་ཆེན་མོས ་སྙིང་པོ་འདིན་གོང་དུ་བཤད་པའི་ལས་ཐད་བྱེད་པར་འ་གྱུ་རོ།། ཨོཾ་ཨརྐ་མཱ་ལ་ན་ཀོ་ཎོ་ཁི་ཎོ་སྭཱ་ཧཱ། བཅྡོཾས་དཔའ་བོ་གཅིག་ཏུ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པ ་པོ་ཏོ་བསྣམས་པ། ཕྱག་གཡས་པ་ཤེས་རབ་ཀྱི་ར་ལ་གྲི་ཕྱར་བ། གཞོན་ནུའི་གཟུགས་ཅན་འཇམ་པ་རྡོ་རྗེར་བདག་ཉིད་བསམས་ལ་མདུན་དུ་ཉི་མའི་ཕྲེང་བ ་དབྱངས་ཅན་ཆེན་མོ་དང་། རྒྱབ་ཏུ་དཔལ་ཆེན་མོ་དང་། གཡ་སུ་སྒྲ་གཅན་མ་དང་། གཡོན་དུ་ཉེ་བར་སྒྲ་ཅན་མ་རྣམ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་རབ་ཏུ ་བསྒོམ་པར་བྱའོ།། དེ་ལྟར་བསྒོམ་པ་ལ་གནས་ཤིང་ངེས་པར་གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ་སྔོན་དུ་བསྟན་པའི་ཚོགས་སྔགས་འདི་གོང་དུ་སྨོས་པའི ་རིམ་པས་འབུམ་ཕྲག་བཞི་བཟླས་ལ་དབྱངས་ཅན་གྱི་མར་རམ། བྲཧྨའི་མར་སྲང་གཅིག་ཙམ་ལ་ཡོངསུ་བཟླས་ཏེ་བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་རབ་ཏུ། ་གསོལ་བར་ཡོངསུ་རྟོག་ཅིང་ཏིང་འཛིན་ལ་གནས་པར་བྱ་ཞིང་གཏུང་བར་བྱའོ།། དེ་ལ་བྲཧྨའི་མར་འདི་ནོ། བྲཧྨའི་ཁུ་བ་འོ་མ་དང་། མར་སྲང་སུམ་ཅུ་རྩ་གཉིས་ད ་ཡུང་བ་དང་ནི་མ་ལ་ཏྲྀ། ཏྲེ་བར་ཏ་དང་ཨ་རུ་ར་བཅས།། དེ་དག་ཆ་ནི་སྲང་རེ་དང་། པི་པི་ལིང་དང་བྱི་ཏང་ཀ། སེན་ད་བ་དང་ཁ་རང་བཅས།། དེ་དག་སྲང་ནི་བཞི་ཆར་ཤེས།། སྨན་རྣམས ་དག་ནི་བཏགས་ནས་ཀྱང་།། དེ་ལ་འདི་དག་བླུགས་པར་བྱ།། དེ་དག་ཐམས་ཅད་ཆ་མཉམ་པ།། མེ་ཆུ་དེ་ལས་བསྐོལ་བར་བྱ།། དེ་ནས་འཐུངས་པ་ཙམ་གྱིས་ནི། བླ་མད་ངག་ནི་དག་འགྱུར ་དང་། མཚན་བདུན་ཉེ་བར་ལོངས་སྤྱད་པས།། མི་འམ་ཅི་དང་སྐད་མཚུངས་འགྱུར།། ཟླ་གསུམ་ཉེ་བར་ལོངས་སྤྱོད་པས།། མི་ནི་ཤེས་རབ་གན་སུ་འགྱུར། ཟླ་གསུམ་རང ་ཏུ་སྦྱོར་བ་ཡིས། ཐོས་པ་མཆོག་ནི་འཛིན་པར་འགྱུར།། ། ཟླ་བ་དྲུག་གིས་མངོན་གསུམ་དུ།། མི་ནི་ངག་དབང་མཚུངས་པར་འགྱུར།། མཛེ་ནད་བཅོ་བརྒྱད་དག་དང་ནི།། ་ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད།། ཨོཾ་ཨ་ནནྟ་ཛྙཱ་ན་ཤྲི་ཡེ་ན་མཿགོང་དུ་སྨོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གོ་དབང་ཕྱུག་ཏུ་བདག་ཉིད་བསམས་ལ་སྔར་བཤད་པའི ་རིམས་པས་སྔགས་བཟླས་པ་བྱས་ན་གོང་དུ་སྨོས་པའི་ལས་ཐཾད་བྱེད་པར་འགྱུར་རོ།། ཨོཾ་ཨ་ར་པ་ཙ་ན་དྷིཿསྭཱ་ཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ་བཅོམ་ལྡན་འདས་ངག ་གི་དབང་ཕྱུག་དང་བླ་མ་རྗེ་བཙུན་ཡང་དག་པར་མཆོད་དེ་བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། ཨོཾ་སྭ་བྷཱ་བ་བི་ཤུད། སརྦ་དྷརྨཱཿས་བྷཱ་བ། ་ཤུདྡྷོ་ཧ~ཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ་བདག་དང་འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་པདྨ་དཀ། ་པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ། སྐུ་མདོག་དཀར་པོ་རལ་གྲི་དང་པོ་ཏི་བསྣམས་པར་བདག་ཉིད་ཡུད་ཙམ་གྱིས་ཡོངསུ་གྲུབ་པར་རྣམ་པར་བསམས་ལ ་ངག་གི་དབང་ཕྱུག་བདག་ཉིད་ཀྱི་གཡ་སུ་སྒྲ་ཅན་དང་། གཡོན་དུ་ཉེ་བའི་སྒྲ་ཅན་མ་རིན་པོ་ཆེའི་པདྨ་བསྣམས་པ། སྐུ་མདོག་དཀར་མོར་རྣ་ར་བས་མོ།། མདུན་དུ་ཉི་མའི་འོད་སྐུ་མདོག ་དཀར་མོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཨུ་ད་པ་ལ་བསྣམས་པ་དང་། རྒྱབ་དུ་ཟླ་འོད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཨུད་པ་ལ་བསྣམས་པ་རྣར་བསམ ་བར་བྱའོ།། དེ་ནས་རང་གི་སྟོང་ལ་འབར་བའི་ཕྲེང་བའི་ཆོས་ཡོངསུ་འཕྲོ་བའི་ཡི་གེ་ཨ་ཡོངསུ་བསམ་ས་ལ་དེ་ཡོངསུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ ་ངག་གི་རང་བཞིན་མ་ལུས་པས་རྣམ་པར་སྤྲུལ་པ་ཡོངསུ་གསལ་བར་བྱེད་པ་རྣམ་པར་བསམ་པར་བྱའོ།། དེ་ལྟར་གོམས་པར་བྱས་པ་ལ་ཟླ་བ་དྲུགས་སྔོན་མ་ཐོས་པའི་བསྟན ་བཅོས་ཐཾད་ཀྱང་དོན་དང་གཞུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཤིང་ལོ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུརརོ།། ཨ་ར་པ་ཙནའི་འཁོར་ལོའི་ཆོ་གའོ།། ་བཱ་གཱི་ཤྭ་ར་མུཾ། སྔགས་འདི་སྔ་མ་བཞིན་དུ་བཟླས་པས་གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལོའི་དབུསུ་ཡི་གེ་མུ། འབར་བའི་ཕྲེང་བའི ་། ཚོགས་ཅན་བལྟ་བར་བྱའོ།། ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ།། ཨོཾ་དྷརྨ་དྷཱ་ཏུ་བཱ་གི་ཤྭ་ར་མུ~ཾ་སྭཱ་ཧཱ། སྔར་བཤད་པའི་རིམ་པས་ལྔ་པོའི་བདག་ཉིད་བསམས་ལ་ཡི་གེ། ་མུ་གྱི་སྟོང་པ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲ་པ་རྣམ་པར་བསམ་པར་བྱའོ།། དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས་བུ་རྣམས་སྐྱེ་བར་འགྱུའོ།། ཨོཾ་བཛྲ་དྷིཀྐ་པར ་མུཿསྭཱ་ཧཱ།། བདག་ཉིད་ཡོ་གེ་མུམ་ཡོངསུ་གྱུར་པའི་མའི་ཕུང་པོ་ལྟ་བུས་ཕྱོགས་ཀྱིས་དཀྱིལ་འཁོར་སྣང་བར་བྱེད་པ་དག་གི་དབང་ཕྱུག་དཔའ་བོ་གཅིག་པུར་ཡུད་ཙམ་རྣམ ་པར་བསེམས་ལ། རང་གི་སྙིང་ཀར་ཡི་གེ་ཨོཾ་ལས་ཡོངསུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པ་འཇིག་རྟེན་གྱི་ཁམས ་མ་ལུས་པ་སྣང་བར་བྱེད་པར་བསམ་པར་བྱས་ནས་ཟླ་བ་དྲུག་ཙམ་གྱིས་ངགི་དབང་ཕྱུག་དང་མཚུངས་པ་ར་འགྱུར་ཞིང་སྔར་སྨོས་པའི་འབྲས་བུ་རྣམས་འདིས ་བསྐྱེད་པར་འགྱུརོ།། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གསུམ་པ་རྫོགས།། །། ལ་བཎྜཾ་བྷ་སོ་ཤོ་ཏྲཱ~ཾཀྟོ་སོ་ཌ་ད་གྲོ་སི་ད་ཡ~ཾ་ཀ་རཿ ་མུ་ཀ་སྱ་ད་ཧ་གྲཱ་ཏཱ་ཎི་ད་ཧ་མན་སཾ་ད་ཧ་ཏཱ་ཙན་ན་ཁཱན་ན་པ་ད་ཧ་བྷཱུ་ནི་ཨ་སྟྲྀ་ནཾ་སྱོ་མ་ཛྙཱ་ད་ཧ། ལ་བ་ཎ་ཙཱི་ན་ད་ཏི་ལ་བ་ནཾ་བྷིན་ད་ཏི་ཤྭ་ཎི་ཏཾ་ལ་བ་ཎ་ཧཱུཾ་ཡ་མཱཾ་ཎཀུ་ཏོ་ནི་ཏྲ་ཀུ་དོར་ཏིཿཡ ་བ་པ་ཏི་ཡོ་ཛ་ནེ་ཤེ་ཏེ་ནན་དྲྀ་ནེ་ཙ་ཤ་རཱ་ནྟ་རན་ག་རེ་ལོ་ཧ་པྲ་ཀཱ་རོ་ཀྲྀཏ་སཏྭ~ཾ་ཀྲྀ་ཏཱ་ཀུ་ཊེ་ར་ཏཾ་བ་བ་ས་མ་ན་ཡ་ཏི་ལ་བ་ཎ་བནྟ་སུ་ར་སཱི་ཏོ། ཨོཾ་ཙི་ཊེ་བི་ཀྐོ་ལྀ་ས་མུ་ས་དྷ་ན་པ་རི་བཱ་ར། ་བ་ས་མ་ཎ་ཡ་སྭཱཧཱ།། ། སྔོན་དུ་བསྙེན་པའི་ཆོ་ག་ཁྲི་བྱས་ལ་དེའི་འོག་དུ་སྒྲུབ་པ་བརྩམ་པར་བྱའོ།། མེ་ཏོག་དང་ལྡན་པའི་ཤིང་མྱ་ངན་མེད་ཀྱི་རྩ་བར་ཞུགས་པའི་རྗེ་བཙུན་སྤྱན ་རས་གཟིགས་སྐུ་མདོག་དམར་པོ་ཕྲེང་བ་དང་། ན་བཟའ་དམར་པོའི་རྒྱན་གྱིས་རྫི་སུཾ་བྱུགས་པ། ཕྱག་བཞི་ཞགས་པ་དང་། ལྕགས་ཀྱུ་དང་། གཞུ་དང་མདའ་བསྣམས་པ་སྒེག་པའི་ཆ ་ཅན། གཡས་དང་གཡོན་གཉིས་ན་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད་རྣམ་པར་བསམས་ལ། དུས་གསུམ་དུ་ཚིའི་སྦྱིན་སྲེག་བརྒྱ་རྩ་བརྒྱ་བྱས་ན་ཉི་མ ་བདུན་གྱིས་སྐྱེས་པ་དང་། བུད་མེད་དབང་དུ་འགྱུརརོ།། ཞག་པཉི་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེན་པོ་དབང་དུ་འགྱུ་རོ།། ཚྭད་རང་བཅས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཅུ། ་སེར་བཞི་པའི་ཚད་དུ་བྱས་ལ། སང་ལྡང་གི་མ་མད། གདུ་བ་མེད་པ་དུས་གསུམ་བརྗོད་པས་བསྲེས་ན་གང་གི་མིང་ནས་བཟུང་བ་དེ་དབང་དུ་འགྱུ་རོ།། རྡོ་རྗེའི་ཚུལ ་སོགས་པའི་ཚུལ་ལན་བརྒྱ་རྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུརརོ།། ཨོཾ་ལ་བ་ཎཱི་བྷོ་སཽ་ཏིཀྵྞ་སི་ཌ་ད་གྲོ་ས་ཧྱེ་ད་ཡཾ་ག་མ་ཨ་མུ་ཀ་སྱ་ཧྲི་ད་ཡཽ་བི། ་ནས་སོ་ལ་ཀ་ཙི་ཀ~ཾ་ས་ཀ། བ~ཾ་ཀྐི་ཡོ་མ་ཧཱའོ་ཀྵ་ལོ་ཨ་མུ~ཾ་ཀཾ་མེ་བ་ས་མ་ན་ཡ་སཏྭ། སྔོན་དུ་བསྙེན་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ་དུས་གསུམ་དུ་ཆ་ཆུ་ཁྱེར་གང་གི་མོང་དང ་འཐུངས་ན་དེ་དབང་དུ་འགྱུརརོ།། ཚྭ་དང་སྐྱེ་ཚེ་ཆ་མཉམ་པར་བྱས་ལ་གང་གི་མོང་དང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར།། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། རྗེ་བཙུན་འཕགས་མ་སྒྲོལ་མང ་། སྙིང་པ་སྲིད་པ་གསུམ་དབང་དུ་བྱ་བའི་ལས་ཐོགས་པ་མེད་པར་འགུགས་པར་གྲགས་པ། སྔར་སྨོས་པའི་ཏིང་འཛིན་ལ་གནས་ཏེ་ཡི་གེ་འབུམ་བཟླས་པ་བྱས ་ལ་ཕྱིས་མེ་ཏོག་དང་བདུག་པ་དང་། བྱུག་པ་དང་། ཕྱེ་མ་དང་། སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྤོས་དྲི་ཞིམ་པོས་བདག་ཉིད་ལ་བདུགས་ན་སྐྱེ་བོ་ཐ ་དགའ་བར་འགྱུརརོ།། མེ་ཏོག་དམར་པོའི་སྦྱིན་སྲེགང་གི་མིང་དང་བྱས་པ་དེ་དབང་དུ་འགྱུརརོ།། བཟའ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་གང་ལ་བྱོན་པ་དེ་དང ་དུ་འགྱུར་རོ།། སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ་ཉུངས་ཀར་གྱི་སྦྱིན་བསྲེག་བྱའོ།། ཕྱིས་ཚེས་གྲངས་དང་། རྒྱུ་སྐར་དང་། ཞག་བཟང་པོ་ལ་བཅྡོཾས་ལ་མཆོད ་པ་བྱས་ཏེ། གྲོ་ག་འམ། གོས་ལ་གུར་གུམ་མམ། གཾ་ཝང་ངམ། ག་པུར་ལ་སོགས་པ་ཨུད་པ་ལའི་མད་མ་ལྟ་བུའི་རྩིབས་བཅུ་དྲུག་པའི་འཁོར་ལོ་བྲིས་ལ ་འཁོར་ལོའོ་དབུསུ་སྒྲུབ་པ་པོ་དང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ།། མདབ་མ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བརྟེན་པའི་དབུསུ ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ།། ཕྱི་རོལ་ནས་ཡི་གེ་ཨོཾ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ་དམར་པོས་བཙོངས་ནས་སྤྲ་ཚིལ་གྱི་རང་བཞིན་ཅན ་གྱི་གཟུགས་སྙིང་ཀའི་དབུསུ་བཅུག་ལ་སེང་ལྡེང་གི་མེ་མདག་ལ་དུས་གསུམ་དུ་བསྲེས་ན་རྐང་པས་འགུགས་པར་བྱེད།། སྐྱེས་པ་འམ་བུད་མེད་དབང་དུ་བྱེད་ན་བཟངས། ་། མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུ་རོ།། ཡི་གེ་ཡཾ་ལས་ཡོངསུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡོངསུ་བསམས་ལ། དེའི་སྟེང་དུ་བསྒྲུབ་པར་བྱ་བ་སྐམ ་བཅིངས་ཤིང་གཅེར་བུ་མགྲིན་པ་ཞགས་པས་བཙོངས་པ། སྙིང་ལ་ལྕགས་ཀྱུས་བསྣུན་པ། རླུང་གི་ཤུགས་ཅན་གྱིས་རིག་སྤན་ཀྱིས་ཐཾད་དྲངས་ཏེ་སྒྲུབ་པ་པོའི་རྐང་པར ་ལྷགས་པར་བསམ་པར་བྱའོ།། གོམས་པར་བྱས་པས་ན་མཁའ་ལས་འདྲེན་པ་ཡང་བསྒོམས་པ་ཙམ་གྱིས་འགྱུརརོ།། མར་དང་། སྦྲང་རྩི། ཀ་ར་ལྷུང་བཟེད་ཀྱིས་ནང་དུ་བཅུག་སྟེ། ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོཊ་པས་མངོན་པར་མཆོད་ཅིང་སྤཊ་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུརརོ།། པ་དྨ་དཀར་པོའི་སྡོང་བུ་བྱས་ལ་བ་སེར་སྐྱའི་མར་གྱིས་སོ ་མ་བཏང་བའི་ཁམ་ཕོར་དུ་བ་ཆན་པ་ལ་བརྒྱ་རྩ་བརྒྱ་ད་མངོན་པར་བསླཊ་པས་མིག་ལ་བསྐུས་ན་སྐྱེ་བོ་ཐཾད་དག་འ་བར་འགྱུར་རོ།། དུར་ཁྲོད་དུ་ཀ་པཱ་ལ་ཆེན་པོ་ལ་པདྨ་དཀར་པོའི ་སྡོང་བུ་དང་སྨན་ཆེན་པོས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་མཚན་མོ་དུ་བ་སྒྲུབ་པར་བྱས་ལ། དེས་མིག་ལ་བསྐུས་ན་ཐད་དགའ་བར་འགྱུརརོ།། ཨ་མ་ལ། བི་མ་ལེ། ཀུ་མ་ཀུ་མེ་ས་མ་ཡ ་ན། བྷད་དྷི་ས~ཾ་བྷ་ནི་དུན། ཨིད་ཚ་ཡ་དེ་བོ་བར་ཤ་ཏི་བྷྱ་བྷྱོ་ཏ་ཡ་ཏི་གྲཱ་ཛ་ཏི་བིསྨ་ཡ་མ་ཧཱ་ར་ཛི། སེ་མ་དྷཾ་བྷ་ར་ཏ་ཡཾ་ཏུ། དེ་བ་བྷྱོ། མ་ནུ་ཥེ་བྷྱོ། ག~ཾ་དྷ་ར་བྷེ་བྷྱོ། ཤི་གི་གྲ་ཧ་དེ་བ་ཨ་ནན་སྱ་གྲྀཿ། ་ནི་ཡཾ་ཨ་ཀ་མ་ན་ཡ། ཀྲ་མ་ན་ཡ་ཛུ་ཧོ་མོ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་བསྟེན་པའི་ཆོ་ག་བྱས་ལ་ཁང་པའི་མདུན་གྱི་དབུས་སུ་བ.ལཱྀས་བྱུགས་ལ ་གྲུ་བཞིར་བྲིས་ཏེ་ཀུ་ཤ་ཆལ་པར་བཀྲམ་ནས་མེ་སྦར་ནས་ཨར་ནས་ཨ་གའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ལ་སྔགས་བཟླས་ཤིང་མེ་ཏོག་རེ་རི་མེ་ལ་སྦྱིན་བསྲེག ་བྱས་ན་འདོད་པའི་སྐྱེས་པ་དང་བུད་མེད་འགུགས་པར་འགྱུར་ཞེས་མཁས་པས་དེ་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ།། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས ་མོ་རུ་བ་ནི་བ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་དྷི་བི་ཀ་ར་ཤཱི་ཛྙཱན་དང་། ལོ་ཙྪ་བོ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་། དགེ་སློང་ཚུའི་ཁྲིམས་རྒྱལ་བས་བཅོས་ཤིང་བསྐུར ་འོ།། ། རྒྱ་གར་སྐད་དུ། ཨཱནྱ་མནྟྲ་ནཱ~ཾ་སཱ་ཨཱ་དྷོ་ནཱ་མཱ་དྷཱ་ར~ཾ། འོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གདུས ་