| Wylie | e-texts produced with BDRC’s OCR application |
བཟོད་མཛད་དེ་དགེས་འགྲོ་བ་ཀུན།། འགྲོ་མགོན་ཐུབ་ཆེན་ཉིད་གྱུར་ཅིག།། རྒྱ་གར་སྐད་དུ། སཾ་ཀྭི་པ་པྲ་ཏིཥྛ་བི་ཏི་ཏནྟྲ། བོད་སྐད་དུ། རབ་ཏུ་གནས་པ་མདོར་སྡུས་པའི་ཆོ་གའི་རྒྱུད། དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐད་ཀྱི་དམ་ཚིག་རྡོ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ནས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་ག་གསུངས་པ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། ་མཚན་ཉིད་ཀུན་དང་ཡང་དག་ལྡན།། ཕྱག་རྒྱ་སྔགས་དང་ཆོག་ཤེས།། ལས་རྣམས་ཀུན་ལ་མཁས་པསོ།། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ།། ཞི་བ་ལ་སོ། རོ་ཡོས་ལྡན།། ་ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་།། དེ་འདྲ་རབ་ཏུ་གནས་པར་འགྱུར།། ཡང་ཐོག་མཆོད་རྟེན་སོགས་གནས་དང་།། ཁྱིམ་དང་ལྷ་ཡི་གནས་རྣམ་སུ།། སངས་རྒྱས་ལ་སོགས་རབ་གནས ་ནི།། ཆོ་ག་དག་དང་ལྡན་པས་བྱ།། ཆོ་ག་དམན་པས་མི་བྱ་སྟེ།། རབ་གནས་རྟག་པར་བཀྲ་མི་ཤེས།། འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ།། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། དེ་བས་འབ ་པ་ཐད་ཀྱིས།། དངོས་གྲུབ་འདོད་པས་ནན་ཏན་བྱ།། ཆོ་ག་བདག་ཉིད་ནུས་པ་ཡི།། བརྟག་པ་ལས་གསུངས་ཚུལ་ལེཊ་པས།། དེ་བྱས་བསོད་ནམས་ཚ་བ་ནི།། མཐོང་དང་མི་མཐོང་རྣམསུ་སྐྱེ།། སྐུ ་བཟུ་སྨན་གྱིས་མཚན་ཉིད་ཀྱིས།། དེ་ལ་བྱིན་རླབ་འཇུག་པར་འགྱུར།། གང་དུ་སྐུ་གཟུར་རྗོན་པ་ལ།། བྱིན་མ་རླབས་པར་རིང་གནས་ན། དེ་ལ་བཀྲ་མི་ཤིས་འགྱུར་ཞིང་།། དེ་སྲིད་མཆོད་པར ་དེ་མི་འོས།། དཔེར་ན་སྐྱེས་བུ་ལ་ལ་ཞིག་རིག་པའི་མཚན་ཉིད་སྤངས་པ་ན། འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད།། དེ་བཞིན་དུ་གཟུང་མཉན་ཏོ།། རབ་གནས་མ་བྱས་གཟུར་བརྙན་ལ། གང་གིས་མཆོད ་ཅིང་ཕྱག་བྱེད་པ།། དམ་ཚིག་བྲལ་ཞིང་སྔགས་དམན་པས།། སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས།། དེ་བཞིན་དུ་ཡང་སྤཊ་གནས་པས།། ཆོས་ལྡན་མཆོད་པ་བྱེད་པ་གང་།། དེ་ཡི་ལས་ཀྱི་རྣམ་སྨིན ་གྱིས།། སྐྱེ་བ་རུ་ནི་མཆོད་པར་འགྱུར།། བྱང་ཆུབ་སེདའ་རྣམས་ཀྱིས་གསོལ་པ་བཅྡོཾས་ཆོས་ཐཾད་རབ་ཏུ་མི་གནས་པ་ལགས་ན། ཇི་ལྟར་ན་རྒྱལ་བ་རྣམས་ཀྱིས་རབ་ཏུ་གནས་པ་འང། བཅྡོཾས ་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས།། རབ་ཏུ་གནས་པ་གང་ནའང་མེད།། ཀུན་ཏུ་མཁའ་ལྟར་གནས་པ་ལ། གཅིག་ཤོས་ཀྱི་ནི་རབ་ཏུ་བརྟག།། འཇིག་རྟེན་ཀུན་རྫོབ་ལ་རྟེནན། ་རབ་ཏུ་གནས་པ་རབ་ཏུ་བརྟགས།། དམ་པའི་དོན་དུ་དཔྱད་པ་ན།། གང་ཞིག་གང་གིས་གང་དུ་བརླབ། བཟོད་མ་ནས་ཞི་སྐྱེ་མེད་པ།། ཅི་འདྲས་ཇི་ལྟར་རབ་ཏུ་གནས། དང་པོའི་ལས་ཅན་སེན་རྣམས།། ་པའི་རྒྱུ་རུ་བཤད་པར་ཟད།། དང་པོར་རེ་ཤིག་ཡོངསུ་བརྟག་པའི་གནས་ཡོངསུ་སྦྱངས་པ་དང་།། གདུགས་དང་རྒྱལ་མཚན་དང་།། བླ་རེ་དང་། བ་དན་སྦྲེང་བ་རྣམསུ་མཆོག་ཏུ་གསོལ་བ་འདེབས ་པས།། གསོལ་བ་བཏབ་པའི་བླ་མ་སྤོས་དང་མེ་ཏོག་ལ་སོར་པར་ང་ལྡན་པས། ཆོས་དང་རྒྱུ་སྐར་ཤེས་པ་ལ་སློབ་དཔོན་ལེཊ་པར་མ་ཉམ་པར་གཞག་པས་རབ་ཏུ་གནས་པའི་སར་འ་། ་དེ། སངྱས་དང་བྱང་ཆུབ་སེདའ་ལ་སོཊ་པ་རིགས་ལྔ་དང་རབ་ཏུ་འབྲེལ་བ་ཡིན་ལ། དེ་བཞིན་དུ་རབ་ཏུ་འབྲེལ་བའི་དཀྱིལ་འཁོར་གྱི་ཚོ་ཌ་ས་ཡོངསུ་བཟུང་ཞིང་རྡུལ་ཆེན་གྱི་ལས་དང་། ཐི། ་གདབ་པ་དང་། གསོལ་བ་གདབ་པ་ལ་སོཊ་པ་བྱས་ལ། རྩ་བའི་སྤར་སམ། རྒྱུད་ཀྱི་དགོངས་པས་སའི་གཏེར་དུ་ནོར་བུ་འམ་སོར་གདུབ་བཅུག་ལ། དེ་ནས་ལྷའི་ཁང་པ་རང་གི་སློབ་མ་བཅུག་སྟེ། རྣམ་པ ་ཀུན་གྱི་མཆོག་དང་ལྡན་པའི་དེ་བཞིན་གབྱེ་བ་ལ་སོར་པའི་སྐུར་བལྟས་ལ། ལྷ་ལ་མངོན་པར་བྱོན་ཏེ་ཕྱག་འཚལ་ཞིང་། ཇི་ལྟར་འབྱོར་པའི་མེ་ཏོག་ཐལ་མོ་དང་། དྲི་ཆུ་གཙང་མས་ཆོ་ག་བཞིན ་བཎྜཌཱ་ལ། ཏིང་འཛིན་ལ་ལེཊ་གནས་པས།། ཞབས་བསིལ་མེ་ཏོག་པོས་སོན་ལྡན། ནོར་མི་རྟོག་སེམས་ཀྱིས་ནི།། མཆོད་ཡོན་རྣམས་ནི་ཕུལ་བྱས་ལ། མཉམ་པར་གཞག་པས་སྔགས་འདི་ཡིས། ་ལན་གསུམ་བར་དུ་བརྗོད་པར་བྱའོ།། ཨོཾ་ས་མ་ཡ་སྟྭཾ་ས་མ་ཡ་ཧོ་ས་མ་ཡ་ཧཾ། ཇི་ལྟར་སངས་ཐད་ནི།། དགའ་ལྡན་དུ་ནི་གནས་པ་ཡི།། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། དེ་བཞི། ་གཟུན་བརྙན་འདིར་བཞུགས་ཞིག། འདི་རུ་མགོན་པོ་རྟག་བཞུགས་ནས། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། འདི་ཞེས་བྱ་བའི་དོན་སླད་དུ།། བདག་གི་འབྱོར་པ་ཉིད་ཀྱིས་ནི།། ཅི་འབྱོར་པ་ཡི་མ ་བ་རྣམས། མེ་ཏོག་ལ་སོགས་འདི་བཞེས་ཤིག། བདག་དང་སློབ་མར་བཅས་པ་ལ།། རྗེ་སུ་བརྩེ་བས་དགོངསུ་གསོལ།། ཀུན་གྱིས་འདི་ལ་བྱིན་རླབས་ཤིང་།། དེ་ཉིད་དུ་ནི་བཞུགས་པར་རིགས། ་སྐུ་གཟུང་སྟ་གོན་ལེགས་བྱས་ལ།། དེ་ནས་བརྟག་པ་མཉམ་པ་ར་བརྩམ།། སློབ་མ་བསྲུང་བར་གནས་པ་ཡི།། དེ་ལྟར་ཐ~ཾད་དཔྱད་བྱས་ལ།། སྔགས་པས་མཆོད་པའི་ཆོ་ག་སོགས།། བླན ་ཡིས་ནི་གང་བསྒོ་བ།། མཆོན་པ་ཀུན་བསྒྲུབ་པར་བྱ།། མཆོད་ཡོ་ན་འབྲས་བུ་ཆེན་པོ་འགྱུར།། དེ་ནས་སྔགས་པས་སྙན་གསན་དཔང་། གདན་ལ་བསྟིམ་བྱས་མཆོད་ཡོན་དང་།། མཆོད། ་སྤོས་དང་མེ་ཏོག་དང་།། དེ་བཞིན་དུ་ནི་མེར་མེ་དང་། སྥཊ་དང་ལྡན་པོས་དབུལ་བར་བྱ།། སྐུ་གཟུགས་མདུན་དུ་ཕྱོཊ་བྱས་ལ།། ན་བཟའ་སེར་པོས་གཡོག་བྱ་ཞིང་།། དེ་ནས་སྔགས་པས་འདུ་བྱ་བ།། ཁྱད ་བར་དུ་ནི་བདུག་པར་བྱ། དེ་ནས་གྲུབ་ཕྱིར་དེ་ལ་ནི།། དེ་ལ་ལན་གཅིག་གཏོར་བྱ་བ།། དེ་ནས་དེ་ལ་སྔགས་འདིས་ནི།། མེ་དང་ནས་ཆུ་ལ་ནི།། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ།། ཞེས་བྱ་བ་སོ།། དེ་ནས ་རྣམ་པ་ཀུན་གྱི་མཆོག་ལྡན་པའོ།། དོན་བཞིན་དུ་ནི་བསྒོམ་བྱ་སྟེ། དེ་ནས་གསུམ་གནས་རྣམསུ་བསྟིམ།། ཨོཾ་ཧཱུཾ་ཨཱཿཡིག་གསུམ། ཨོཾ་ཡིག་སྤྱི་བོར་བསྒོམ་བྱ་ཞིང་།། སྙིང་ཁར་ཧཱུཾ་གི་ཡི ་། གེར་འགྱུར།། ངག་གི་ཕྱོགསུ་ཨཿཡིག་གོ།། སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ།། ཡང་ན་གང་གིས་བོན་གང་ཡིན་པ།། དེ་ཡི་ཐུགས་ཁར་དེ་དགོད་དོ།། ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ཞིང་།། ་ཅི་རིགས་པ་ནི་སྨན་གསན་དཔབ། གསར་རམ་དངུལ་ལམ་ཟངས་མ་འམ། རྡོ་དང་དེ་བཞིན་ཤིང་དང་ནི། ཡང་ན་ཤིང་ལོའི་མདབ་མ་རྣམས། མཆོད་ཡིན་དུ་ནི་སྦྱར་བར་བྱ།། དེ་བཞིན་བུམ་པ ་གསེར་ལ་སོགས།། ཟངས་མའི་སྣོད་ཀྱི་མཆོད་ཡོན་ནི།། མཆོད་ཡོན་སྣོད་ལ་རབ་ཏུ་ཤིས།། གལ་ཏེ་ནུས་པས་མ་རྙེད་ན།། ཇི་ལྟར་རྙེད་པས་ཀུན་ཏུ་བྱ།། དེ་ནས་དེ་ཡི་ཏིལ་མར་སོགས།། དུར ་བའི་ཕོན་གྱི་པིར་གྱིས་སྤྱང་།། བཀྲ་ཤིས་རྔ་ལ་སོགས་པའི་སྒྲ་ས།། ན་ཆུང་རྣམས་ཀྱིས་དེ་བཞིན་བརྗོད།། ཏིལ་མར་ལ་སོགས་པའི་སྔགས་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ན ་སྭཱ་ཧཱ། བུམ་པ་ལྔ་འམ་ཡང་ན་བརྒྱད།། ཙན་དན་ལ་སོགས་རྣ་མས་ཀྱིས་བྱུག། སྣ་ཚོགས་དྲི་ཆུས་དགང་བ་དང་།། འཁོར་ལོ་བྱས་ལ་མངོན་པར་བསྔགས།། བུ་མོས་བཀའ ་བའི་སྲད་བུ་འམ། ཡང་ན་བསོ་མའི་སྐུད་པའང་རུང་།། ཚོན་ཆེན་པོ་ཡོས་བསྒྱུར་བྱས་ལ། དེ་ལ་སྨན་ཀྱིས་དཀྲི་བར་བྱ།། སྨན་སཱ་རིན་ཆེན་ལྔ་དང་ནི།། མེ་ཏོག་འབྲས་བུར་ལྡན་པ་སྟེ། སྐུ་གསུམ་པ ་དང་ཡུངས་ཀར་ལྡན་བུམ་པ་མངོན་པར་བསྔགས་པར་བྱ།། གཙུག་གཏོར་རྣམ་རྒྱལ་ཞེས་བྱ་བ། གཟི་བརྗིད་གཞན་གྱིས་མི་རྫི་དང་།། བཀྲ་ཤིས་ཞི་རྣམས་སྨན་ཀྱིས་ནི།། ཁྲུས་ཀྱི་ཚོད་དུ་མངོན། ་བར་བསྔགས།། འམ་པའི་ཏིལ་མར་དག་དང་ནི།། ཨུ་དུམ་བ་རའི་ལྕུག་མ་བཟང་།། མཁར་བའི་སྣོད་ཀྱི་ནང་དག་ཏུ།། བཀོད་ལ་རབ་ཏུ་དབུལ་བར་བྱ།། དྲི་ལྔ་ཡིས་ནི་དེ་ནས་བྱུག། ས་བོན་ལྡན། ་གཏོར་བར་བྱ།། སློབ་མཚོགས་དང་བཅས་པ་ཡི།། སྔགས་ཀྱིས་གཙང་སྦྲས་བཀྲུ་བར་བྱ།། བཀྲ་ཤིས་ཞེས་བྱ་ཡིད་འོང་བའི།། བློ་དང་ལྡན་པས་ཚིགས་བཅད་བརྗོད ་རིག་མ་སྤྱན་མ་ཇི་བཞིན་དུ།། ཆོ་ག་བཞིན་དུ་མངོན་དབང་བསྐུར།། སྔགས་ནི་ཇི་ལྟར་བསྡམས་པ་ཙམ་གྱིས་ནི།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། ་དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ཞེས་བྱ་བ་ལ་སོགས་པསོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ།། ལུགས་མ་ལ་ནི་དངོས་སུ་བཀྲུ། རི་མོ་རྣམས་ནི་མེ་ལོང་ལའོ།། དག ་བྱེད་ལྔས་ནི་སྔོན་དུ་སྒོ།། དུར་བ་ཡིས་ནི་མེད་པར་བྱ།། རས་སམ་ལག་པ་དག་གིས་ནི།། བློ་དང་ལྡན་པས་སྐུ་ལུས་ཕྱེ།། གུར་གུམ་མར་དང་བཅས་པས་བསྐུ། གོས་བཟང་དག་ཀྱང་སྐུ་ལ ་གསོལ།། བློ་དང་ལྡན་པས་སྔགས་འདི་ཡིས།། དཀྱིལ་འཁོ་ར་དབུསུ་བཞུགསུ་གསོལ།། ཨོཾ་དྷི་བཛྲ་བཱ་ས་སེ་སྭཱཧཱ། ཨོཾ་བཛྲ་གནྡྷེ་སྭཱཧཱ། ཨོཾ་བཛྲ་ཨཱ་བ་ར་ཎ་བ་སུ་ཥ་ཎེ་སྭཱཧཱ། ་བློ་ལྡན་གྱིས་རང་དམ་ཚིག་བསྐུལ།། ཕྱག་རྒྱ་སྔགས་ཀྱིས་དབང་བསྐུར་ལ།། ཇི་ལྟར་འོས་པར་མངོན་དབང་བསྐུར།། ཨོཾ་ཧཱུཾ་ཨཾ་བཛྲ་ཁཾ། དོ་ལྟར་ཅོད་པན་བཅིང་བ་བྱས་ལ། བཞུག་སུ ་གསོལ་ཏེ་བརྟག་པ་ལས་གསུངས་པའི་ཚུལ་གྱིསོ།། མདུན་གྱི་ཕྱོགས་ནི་མ་ནུབ་ཅིང་།། ཡོ་བ་མིན་ཞིང་དྲང་བ་ཡིས།། དེ་ལྟར་སྐུ་གཟུགས་མཛེས་པར་དགོད། དེ་ལྟར་མིན་ན་སྐྱོན་འབྱུང ་འགྱུར།། མེ་ཏོག་སོགས་དང་དེ་བཞིན་དྲི།། མར་མེ་ན་བཟའ་སོགས་སྦྱོར་གང་།། དེ་ཀུན་སྔགས་དང་ལྡན་པ་ཡིས།། ལྷ་རྣམས་ལ་ནི་དབུལ་བར་བྱ། ཨོཾ་པུཥྤེ་ཨཱཿཧཱུཾ། ཞེས་བྱ་བ་འདི ་དག་ལ་སོགས་པསོ།། མཆོག་གི་མེ་ཏོག་འདི་དག་ནི།། ཆུ་དང་ཐང་ལས་དེ་བཞིན་སྐྱེས།། མཆོག་ཏུ་དད་པས་ཁྱེད་ལ་དབུལ།། ཅི་བདེ་བར་ནི་སོ་སོར་བ་ཞེས། ལྷན་ཅིག་སྐྱེས་དང་སྦྱར་ལས ་བྱུང་།། མཆོག་གི་བདུག་པ་འདི་དག་ནི།། བདག་གི་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་བཞེས་གསོལ།། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་།། མཆོག་ཏུ་གྱུར་པའི་དྲི་འདི་ནི། ་མཆོག་གི་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་སོ་སོར་བཞེས།། མུན་པ་འཇོམས་བྱེད་སྣང་བའི་མཆོག། མར་དང་ཏིལ་གྱི་མར་མེ་འདི།། ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར། ་དད་པས་བདག་གིས་དབུལ་བར་བགྱི།། བཟའ་དང་བཅའ་བ་ཕུན་སུམ་ཚོགས།། ཁ་དོག་དྲི་རོ་རྣམས་དང་ལྡན།། ཐམས་ཅད་ལྡན་པ་ལྷ་ཡི་བཤོས།། བདག་གིས་དབུལ ་གྱིས་སོ་སོར་བ་ཞེས།། དེ་ལ་སོན་པ་གང་ཡང་རུང་།། ཅུང་ཟ་ད་ཅི་འབྱོར་སྐུ་གཟུགས་ལ།། དེ་དག་ཐམས་ཅད་འདི་ཉིད་ཀྱི་ས།། རིམ་པ་ཡིས་ནི་དབུལ་བར་བྱ།། སྔགས ་ཀྱི་གཙང་སྦྲ་ཙཱ་རུ་བྱ།། དེར་ནི་གསེར་གྱི་རང་བཞིན་གྱི།། ཐུར་མས་སྤྱན་ནི་དབྱེ་བར་བྱ།། ཞལ་ཟས་དེར་དབུལ་བློ་ལྡན་པས།། ཨོཾ་ཙུཀྵཿཙཀྵཿས་མནྟ་ཙཀྵ་ར་བི་ཤོ་དྷ་ནི་སྭཱཧཱ། ཨོཾ་དི་བྱཱ་ཨ ་ནེ་ས་མཱ་དྷི་དྷ་ན་པྲ་ཎ་མེ་སྭཱ་ཧཱ།། དེ་ལྟར་བྱས་ཏེ་དེ་རྣམས་ཡང་།། སློབ་མ་རབ་ཏུ་བཅུག་བྱས་ལ།། ཁྱོད་ཀྱིས་ང་ལ་གང་གསོལ་བའི།། སྐུ་གཟུགས་དྲག་ནི་ཁྱད་པར་དུ།། ཇི་ལྟར་གསུངས ་པར་རབ་གནས་པར།། དེ་དག་དོན་ནི་ངས་བྱས་ཏེ།། དེ་རྣམས་དོན་ནི་གྲུབ་ཟིན་གྱིས།། ཅི་བདེ་བར་ནི་མཆོད་པར་བྱོས།། དེ་ནས་དམ་ཚིག་དབང་བསྐུར་བས།། ཁྱོད་ལ་བྱས་ཀྱིས་བསྲེགས ་བླུགས་ནི།། སྟོང་ངམ་ཡང་ན་དེ་ཡི་ཕྱེད།། མངར་གསུམ་བརྟགས་ལ་འབྲུ་རྣམས་ཀྱིས།། འོ་མ་ཅན་གྱི་བུད་ཤིང་ལ།། སྲེག་ཁུང་གྲུ་བཞིར་བསྲེགས་བླུགས་བྱ། ་དེ་ཉིད་མར་དང་འོ་མ་ཡིས།། ལྷག་པའི་ཙཱ་རུ་ཕུལ་བྱས་པས།། བདག་དང་སློབ་མ་ཐམས་ཅད་ནི།། ཞི་དང་རྒྱས་པ་འཕེལ་བར་བྱ།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།། ཨཱ་གཙྪ་ཧ་རི་པིང་ག་ལ་དཔྟ་ཀྵ ་ཧི་དེ་ཧི་དཱ་པཱ་ཡ་ཨི་དན་ཙ་མེ་ཀརྱཾ་ཀུ་རུ་སྭཱ་ཧཱ།། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ།། དེ་ལྟར་བྱས་ལ་འབད་པ་ཡིས། ཁྲི་ཡི་སྟེང་དུ་བཞུགས་པར་བྱ། སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆའི།། ཚད་ཙམ་དུན ་རབ་ཏུ་བསྒྲགས།། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། མེ་ཏོག་སྤོས་སོགས་སྔོན་འགྲོ་བས།། ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ།། ཨོཾ་ཨིནྡྲ་ཡ་སྭཱ་ཧཱ།། ཞེས་བྱ་བ་དབང་ལྡན་ལ་ཐུག་གི་བར་དུ ་རོལ་མོའི་སྒྲ་ལ་སོགས་པས་ཡང་དག་པར་མཆོད་དེ། ག་གེ། གསུ་གསོལ་བར་བྱ་བ་ནི།། རྫོགས་སངས་རྒྱས་དང་དེ་ཡི་སྲ། ས།། ཚངས་སོགས་ལྷ་ཡི་ཚོགས་རྣམས་དང ་གང་དག་ཆོ་ག་མ་ཚངས་པས།། དེ་དག་བཟོད་པ་མཛད་པའི་རིགས།། ཀུན་ཏུ་ཞི་དང་རྒྱས་པ་རུ།། ཡོན་བདག་ཚེ་ལ་རབ་མཛད་ནས།། སངས་རྒྱས་ཡུལ་དུ་གཤེགས་ནས་ནི།། སླར་ཡང་འབྱོན་པ ་མཛད་དུ་གསོལ།། ས་དང་ཆུ་དང་མེ་རླུང་གི། ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ།། བསྐལ་པ་བརྒྱ་རུ་སྲུང་གནས་མཛོད།། དགྱེས་ཤིང་ཡིད་བཟང་འགྱུར་བ་ཡིས།། སློབ་དཔོན་བླ་མར་བཅས ་པ་ཡི། ཁུ་དང་ཚ་བོ་སྲུང་མཛད་ནས།། རང་གནས་དགེ་བར་གཤེགསུ་གསོལ།། དཔྱིད་ཟླ་ར་བ་འམ་དཔྱིད་ཟླ་འབྲིང་།། དགུན་དང་དཔྱིད་ཀྱི་ཐ་ཆུངས་སམ།། དབྱར་ཟླ་དེ་བཞིན་དབྱར་འབྲིའོ།། ་ཉི་མ་བྱང་དུ་གནས་པ་ཡི།། དཀར་པོ་ཕྱོགས་ཀྱི་གཉིས་པ་འམ།། རིམས་བཞིན་དེ་ལྟར་གསུམ་པ་འམ།། གང་ཚེ་གཟའ་དང་རྗེས་འཐུན་ན།། ནག་པོའི་ཕྱོགས་ལའང་བརྩམ་པར་བྱ།། གང ་ཆེ་ཐང་འཐུན་གྱུར་ན། མི་རྣམས་ཡུན་དུ་འཕེལ་བར་བྱེད། བཅོ་ལྔ་དེ་བཞིན་བརྒྱད་པ་དང་།། བཅུ་གསུམ་པ་ཡངང་བཞིན་ནོ།། གནམ་སྟོང་དང་ནི་དེ་བཞིན་དུ། བཅུ་བཞི་པ་ལའང་བྱ་བ་མིན། ་ཐམས་ཅད་དུ་ནི་ཆུ་སྨད་དང་།། སྣངར་མ་གྲོ་ཞུན་དེ་བཞིན་ཏེ།། ལག་པ་སྦུབས་དང་སྨོན་དང་ནི།། རྒྱལ་དང་ཆུ་སྨད་དེ་བཞིན་ནོ།། ཁྲུམས་སྨད་དག་ཀྱང་དེ་བཞིན་དུ།། རྒྱུ་སྐར་འདི་རྣམས་ཐད་དུ།། ་སྐྱེ་དགུ་འཕེལ་ཞིང་དེ་ཡི་ནི།། རབ་ཏུ་གནས་པ་མཆོག་ཏུ་བྱ་ད།། ཡིད་ལ་འདོད་པ་ཅི་ཡང་རུང་།། དངོས་གྲུབ་མེ་བཞིས་སྟེར་ར་འགྱུར།། ལུང་ལས་ཤེས་པའི་ཡང་དག་པ། ་ཁྲུམས་སམ་ཡང་ན་གྲོ་བཞིན་གྱིས།། ལག་གིས་སྐལ་བཟ་ང་སྣར་མས་ནི།། གཞན་དག་ལས་ནི་རྒྱལ་བར་བྱེད།། མགོ་ཡིས་ཞི་བ་ཉེ་བར་སྟོན།། ཆུ་སྟོད་ཀྱིས་ནི་བུ་དག་གསོན།། ་རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས།། རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར།། སྣརོན་གྱིས་མཆོག་ཏུ་བདེ་བར་བྱེད། ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར།། པུར་བུ་ལག་དང་པ་བ་སངས།། ཟླ་བ ་གཟའ་སོགས་ཤེས་བྱ་སྟེ།། འདི་རྣམས་བཟང་ལྡན་ལ་བྱས་ན།། རབ་ཏུ་གནས་པ་མཆོག་ཏུ་དགེ། གསུམ་པ་དྲུག་པ་བདུན་པ་ལ། བཅུ་དང་བཅུ་གཅིག་ལ་ཟླ་བ།། གཉིས་པ་བཞི་པ་དེ་བཞིན་བརྒྱད། ་དང་བཅུ་གཅིག་རྣམས་ལ་ལག། གཉིས་དང་བདུན་དང་དེ་བཞིན་དགུ།། དེ་བཞིན་ཕུར་བུ་བཅུ་གཅིག་པ།། དུས་སྦྱོར་བཞི་པ་ལ་བརྟེན་ནས།། དེ་ལ་ལྷག་པར་གནས་པར་བྱ།། དྲུག་བདུན་བཅུ་པ་དོར་ད། ་ཡིས།། པ་བ་སངས་ཉིད་དགེ་བ་ཡིན།། དེ་ལྟར་བཟའ་རྣམས་ཐད་ཀྱི།། སྟོབས་ལྡན་མི་ལྡན་དེར་ཤེས་བྱ། གང་ཚེ་ཞི་བའི་གཟའ་རྣམས་དང་། ཞིང་རྣམས་ཞི་བ་དགེ་བ་ཡིན།། དང ་ལྔ་པ་གསུམ་དེ་བཞིན། ནོར་རྣམས་འཇོམས་པ་སྤང་བར་བྱ།། རྗེ་སུ་འཐུན་པར་བྱེད་པ་པོས།། སྐད་ཅིག་དེ་ལ་ཡོངས་གྲུབ་ཅིང་།། ཇི་ལྟར་གསུངས་བཞིན་ཀུན་བྱས་ན།། རབ་ཏུ་གནས་པ་མཆོག ་འགྱུར་ཞིང་།། འཁོར་ལོས་བསྒྱུར་རྒྱལ་དབང་ཕྱུག་ནི།། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། གཟའ་དང་རྒྱུ་སྐར་འདིར་མེད་དེ།། བགེགས་དང་ལོག་པར་འདྲེན་པའང་མེད།། གཟའ་རྣམས་ཐད་རྗེས ་འཐུན་ཕྱིར།། བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད།། དེ་རུ་སྒྲུབ་པ་པར་ཀུན་གནས་ཤིང་།། གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱིས།། དངོས་གྲུབ་དག་ནི་སྟེར་བར་མཛད།། ཡིད་ཀྱིས་ཅུང་ཟད ་གང་བསམས་པ།། སྐྱེ་དང་སྐྱེ་བ་འགྲུབ་པར་འགྱུར།། རྒྱན་རྣམ་ས་མ་ལུས་པ་ཡིས་ནི།། ཕྱི་ནས་གཟོ་བོ་རྣམས་ལ་མཆོད།། གང་ངག་དེ་ལ་གྲོག་བྱེད་པ།། གཞན་དག་ཀྱང་ནི་མཆོད ་པར་བྱ།། དེ་ནས་དེ་དག་ཐང་ལ།། དགའ་བས་འདི་སྐད་བརྗོད་པར་བྱ།། ཇི་ལྟར་གསུངས་པའི་མཆོད་པ་རྣམས།། བདག་ལ་འཐུན་པའི་ནུས་བ་མེད།། དེ་ཕྱིར་ཁྱོད་ལ་བདག་བཟོད་གསོལ།། སྔག ་ཀྱི་གཙང་སྦྲའི་བཟའ་བྱ་དག། གཟུགས་བརྙན་དག་ལ་བཞིན་བྱ་སྟེ།། བདེར་གཤེགས་ལྷག་མ་འདི་དག་ནི།། ཟོས་ཤིང་སྡིག་པ་བྱང་བར་འགྱུར།། ཞེས་བྱ་བ་སོ།། གླང་པོ་རྟ་གླང་ཤིང་རྟ་ནོར།། ཡོན ་གྱི་དམ་པ་དབུལ་བར་བྱ།། དེ་ནས་དེ་ལ་ནན་ཏན་གྱིས།། ལོངས་སྤྱོད་གཡོ་བ་དབུལ་བར་བྱ།། གལ་ཏེ་ལྷ་ཉིད་དགྱེས་འདོད་ན།། བླ་མ་གུས་པས་དགྱེས་བྱ་ཞིང་།། དེ་ལྟར་རྣམ་པ་ཐད་དུ།། བླ་མ་ཡ ་། དག་མཉེས་པར་བྱ།། དེ་ནས་གང་དག་བརྟུལ་ཞུགས་ཅན། དགེ་སློང་དགེ་བསྙེན་དགེ་སློང་མ།། མཆོག་ཏུ་གྲུབ་པས་མཆོད་བྱས་ལ། ཇི་ལྟར་འོས་པའི་ཡོན་ཡང་དབུལ། དུང་ངམ་རོལ་མོ་སྒྲ་ལ ་སོགས།། བཟང་བའི་གླུ་དང་གར་རྣམས་ཀྱིས།། གཉེན་དང་རིགས་བརྒྱུད་འཁོར་རྣམས་ཀྱིས།། རོལ་མོ་ཆེན་པོ་མཚན་མ་དབུལ།། དེ་ལྟར་ཐམས་ཅད་ཕུལ་ཟིན་ནས།། གར་རུང་མཆོད་སྦྱིན་དཀྱིལ ་འཁོར་ལ།། ཕུལ་ལམ་དབུལ་བར་བྱེད་པ་རྣམས།། སློབ་དཔོན་ལ་ནི་དབུལ་བྱ་ཡི།། བཟོ་བོ་ལ་ནི་མི་སྦྱིན་ཞིང་།། དགེ་སློང་རྣམས་ལའང་སྦྱིན་མི་བྱ།། སློབ་དཔོན་མཆོག་གི་ལྷ་ཡིན་ཏེ།། ནོར་རྣམས ་ཐམས་ཅད་དེ་ལ་དབུལ།། དེ་ནས་དཀྱིལ་འཁོར་བྱུག་བྱས།། བ་ཡི་ལྕི་བས་བྱུགས་བྱས་ཤིང་།། རྡུལ་ཚོན་ཆུ་བོར་རབ་དོར་རོ།། ། དེ་ཡིས་ཡང་དག་ལེགས་པར་འགྱུར།། རབ་ཏུ ་གནས་པ་མདོར་བསྡུས་པའི་རྒྱུད་རྫོགསོ།། དུད་ཁྲོད་དག་དང་ཤན་པ་ཡོ།། ཁྱིམ་དང་སྲིན་པོའི་གནས་རྣམས་སུ།། མངོན་སྤྱོད་ཀྱི་ནི་ལས་བྱ་བ།། ཐབ་ཁུང་ཐ ་