| Wylie | e-texts produced with BDRC’s OCR application |
ལོ་ཙཱ་བ་དགེ་སློང་གཞོན་དུ་ཚུལ་ཁྲིམས་ཀྱི་སྒྱུར་ཅིང་ཞུས་པའོ།། ། བམ་པོ་བཅུ་གཉིས་པའོ།། རྒྱ་གར་སྐད་དུ།། སརྦ་ར་ཧ་སྱ ་ན་མ་ཏནྟྲ་རཱ་ཛཱ། བོད་སྐད་དུ། ཐམས་ཅད་གསང་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ།། བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལོ།། འབྱུང་ལྔ་ཉིད་ཀྱིས་ལྔ་ཡི་བདག་ཉིད་ཅན།། མི་རྣམས་ལུས ་ལ་ངེས་པར་མཐོང་བ་དག། རང་སེམས་རབ་ཏུ་བསྒོམ་པར་གྱུར་ན་ནི།། དངོས་དེར་བསྒོམ་པས་ངེས་པར་སངས་རྒྱས་འགྱུར།། རང་ཤེས་གསང་བ་དམ་པ་ནི།། སངས་རྒྱས་ཡེ་ཤེས་བླ་མེད་དེ།། གཉིས་མེད ་གཉིས་ཀྱི་ཚུལ་ཅན་ཏེ། སངས་རྒྱས་རྟག་པར་རབ་ཏུ་དུང་།། ཡང་དག་བདག་མེད་ལས་བྱུང་ཞིང་། གཉིས་མེད་ཡེ་ཤེས། ལས་བྱུང་བ། སྡུག་དང་མི་སྡུག་རྣམ་སྤངས་པ། ཅི་ལའང་ཕྱག་ནི་མ ་འཚལ་ཏོ།། མ་སྐྱེས་པ་ནི་ཡང་དག་སྐྱེད།། སྐྱེས་པའིག་ཏུ་རྟག་པར་ནི།། སངས་རྒྱས་སྐུར་ནི་སྒོམ་པ་དེ།། རང་གི་ཡེ་ཤེས་མཆོ་ག་ཕྱག་འཚལ།། རྣལ་འབྱེར་བ་དང་སེམས་ཅན་ཀུན།། མ་སྐྱེས་པ ་ནི་ཡང་དག་སྐྱེད།། སྐྱེས་པའི་འོག་ཏུ་རྟག་པར་ནི།། ཉོན་མོངས་བག་ཆགས་ཀྱིས་སུན་འབྱིན།། ལུས་ཅན་རྣམས་ནི་འཁོར་གྱུར་པ། སྡུག་དང་མི་སྡུག་རྣམ་འབྱེད་ཡིན།། སེམས་གང་དེ་ཉིད་སྡུག་བསྔལ་ཏེ། ་སེམས་ཅན་རྣམས་ཀྱི་ལུས་འབྱུང་ངོ་།། སེམས་དེ་ཡི་ནི་རྒྱུན་ཉིད་ཀྱིས།། འགྲོ་བ་སྡུག་བསྔལ་གནོད་པར་འགྱུར།། རྣམ་པར་སྣང་མཛད་རྒྱལ་བ་མགོན།། སངས་རྒྱས་ཐམས་ཅད་བསྡུས་གཅིག་པུ། སངས་རྒྱས ་ཐམས་ཅད་རྟོགས་གྱུར་པ།། སངས་རྒྱས་འཁོར་བ་སྒྲོལ་བ་པོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ཐུགས་རྗེའི་ཉམས་དང་ཡང་དག་ལྡན། རྒྱུ་ཡི་དེ་ཉིད་མཉམ་སྦྱོར་བས།། འབྲས་བུའི་དེ་ཉིད་རྣམས ་ཀྱང་སྟོན།། འབྲས་བུའི་དེ་ཉིད་ཡང་དག་ཞུགས།། རྒྱུ་ཡི་དེ་ཉིད་མི་འདོད་དོ།། གང་དུ་འདོད་པ་སྐྱེས་གྱུར་པ།། དེ་ཉིད་འཁོར་བའི་བག་ཆགས་ཡིན།། མཁས་པ་ཡི་ནི་ཆོ་ག་ཡིས།། སྒོམ་པ་རུ་ནི་ཡོངསུ་བཏགས། ་གང་ཞིག་སླར་ཡང་གཅིག་གྱུར་པ། རྣལ་འབྱོར་པ་ཡོ་རྣལ་འབྱོར་བྱུང་། སངས་རྒྱས་རྗེས་དྲན་ལ་དམིགས་ཤིང་། ཆོས་ནི་རྗེ་སུ་དམིགས་པ་ཡི། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།། རྐང་གཉིས་དམ་པ ་ཉིད་དུ་འགྱུར། བྷ་གར་ལིང་ག་རབ་བཞག་སྟེ།། སངས་རྒྱས་སྐུར་ནི་རྣམ་པར་བསྒོམ། སངས་རྒྱས་རྗེས་དྲན་རྣལ་འབྱོར་པ།། སངས་རྒྱས་སྤྲིན་ནི་བསྒོམ་པར་བྱ། བྷ་གར་ལིང་ག་རབ་བཞག་སྟེ། རྡོ་རྗེ ་ཆོས་ནི་རྣམ་པར་སྒོམ།། ཆོས་ནི་རྗེས་དྲན་རྣལ་འབྱོར་པ།། ཆོས་ཀྱི་སྤྲིན་ལས་ཆར་རབ་འབེབས། མཚན་མ་ལིང་ག་ཞེས་བཤད་དེ། ཕྱག་རྒྱའི་མཚན་མ་རྣམ་པ་བཞི།། འཇོམས་པས་བྷ་ག་ཞེས ་བཤད་དེ།། ཉོན་མོངས་འཇོམས་པའི་དམ་པ་ཡིན།། སེམས་ཅན་ཀུན་གྱི་དངོས་ཀུན་གྱི།། རང་སེམས་ཆོས་ནི་བསྡུ་ས་པ་ཡིན། ཆོས་བདག་མེད་པའི་སྦྱོར་བ་ཡིས།། གསང་ན་རང ་ཉིད་འཆི་བར་འགྱུར།། རང་གི་སེམས་ཉིད་རྫོགས་སངས་རྒྱས།། རྟོགས་པར་བྱ་བ་སེམས་ཉིད་ཡིན།། རང་གི་སེམས་ཉིད་བསད་བྱ་བ།། སེམས་ཉིད་ཁོ་ན་བསད་པར་བྱ། སྦྱོར་བ་ཉིད་དང་ཡང་དག ་འཕེལ། གང་ཡང་སྲིད་པ་འབྱུང་མ་ཡིན། གང་ཚེ་སངས་རྒྱས་དེ་ཚེན། སྦྱོར་ལྔ་སངས་རྒྱས་བདག་ཅེས་སྒོམ།། ཏིང་འཛིན་ཡེ་ཤེས་ལས་བྱུང་བ། སངས་རྒྱས་ཉིད་ཕྱིར་མདོར་བསྡུས་པ།། སངས ་རྒྱས་རྣལ་འབྱོར་མེད་པར་ནི། རྣལ་འབྱོར་པ་ནི་འཚང་མ་རྒྱ། ཕྲ་མོའི་དངོས་པོ་ཇི་བཞིན་མཐོང་།། སྡུག་པའི་དངོས་པོར་དེ་བཞིན་ཏེ།། དངོས་དང་དངོས་མེད་ཁྱད་པར་ནི།། སྒོམ་པ་ཀུན་ཏུ་བརྟགས་པ ་ཡིན་དངོས་པོ་སྒོམ་པའི་དངོས་མ་ཡིན།། སྒོམ་པར་བྱ་བ་སྒོམ་པ་མིན།། དངོས་པོ་སྒོམ་པར་གྱུར་པ་ཡིས། རང་གི་སེམས་ནི་ཡོངསུ་སྦྱང་།། སངས་རྒྱས་སངས་རྒྱས་ཡུལ་མ ་ཡིན།། སེམས་ཅན་ཡུལ་དུའང་མི་འགྱུར་གྱི། རང་སེམས་རྟོགས་པས་སངས་རྒྱས་ཏེ།། སངས་རྒྱས་སངས་རྒྱས་རྟོགས་པས་མིན།། གཉིས་མེད་སྦྱོར་བ་འོད་ལ་ཡང་། ཏིང་ངེ་འཛིན་གྱི་ཡེ་ཤེས་བརྩག ་དྷུ་ཡི་དེ་ཅིང་ཇི་ལྟར་མཐོང་།། འབྲས་བུའི་དེ་ཉིད་དེ་ཉིད་ཡིན། རྒྱུ་ཡི་དེ་ཉིད་ཅུང་ཟད་མེད། འབྲས་བུའི་དེ་ཉིད་དེ་བཞིན་ནོ།། དེ་ཉིད་དེ་ནི་དེ་བཞིན་ཤེས། དེ་ཉིད་རྣལ་འབྱོར་པ་ཀུན་སྤྱོད།། རྒྱུ་ཡིས་རྒྱུ་ནི་དངོས་པོར ་མིན།། འབྲས་བུའི་དངོས་པོར་འབྲས་བུས་མིན།། རྒྱུ་དེ་འབྲས་བུའི་དངོས་པོར་རུང་། རང་གི་སེམས་ནི་སོ་སོར་སྣང་།། ཡ་ཤ་ས་དེ་ནི་རྒྱུ་དངོས་ཏེ།། གསང་དེ་འབྲས་བུའི་དངོས་པོ་ཡིན།། གསང་བ ་གཉིས་མེད་སྤྱོད་པ་ཡིས།། དེ་ཡིས་དངོས་པོས་མཆོན། ཡིན་ནོ།། དེ་ཉིད་དེ་ཉིད་རྟོགས་གྱུར་པ། གསང་དེ་གསང་བའི་རྣལ་འབྱོར་པ།། གསང་བ་དེ་རིག་ཤེས་པ་སྟེ། མཆོག་ནི་མཆོག་གི་རྣལ ་འབྱོར་པ། སྡུག་པའི་ངོ་བོར་གང་བཤད་པ། མི་སྡུག་པ་ཡང་དེ་ཡི་དངོས།། སྡུག་དང་མོ་སྡུག་གཟུགས་གང་ཡིན། མི་མཐོང་དེན་དེ་བཞིན་གཤེགས། རྣམ་ཤེས་ཙམ་ནི་མེད་པ་རུ། རྣལ་འབྱོར་རྣལ ་འབྱུང་མི་འགྱུར།། ཇི་ལྟར་ཡེ་ཤེས་མཆོག་དག་པ། དེ་ལྟར་དག་པ་དེ་བཞིན་གཤེགས། རྣམ་པར་ཤེས་པ་རྣམ་པ་བཞི། ཕྱག་རྒྱ་བ་ནི་ཡི་ཆོ་ག་ཡིས།། གསང་བ་གཉིས་མེད་སྦྱོར་བ་ཡིས། སྐུ་གསུང ་ཐུགས་ནི་ཡང་དག་བྱུང་།། ཐུགས་ནི་ཕྱག་རྒྱ་ཆེན་པོ་སྟེ། དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ། ཆོས་ཀྱི་ཕྱག་རྒྱ་གསུང་གི་སྟེ། ལས་ཀྱི་ཕྱག་རྒྱ་སྐུ་ཡི་ཡིན། རྒྱ་ཡིས་རྒྱས་བཏབ་དངོས་པོ་ནོ།། གསང་བདག། ་གསང་བའི་རྣལ་འབྱོར་པའོ།། རང་རིག་པ་ཡི་ངོ་བོ་ཡིས།། ཏིང་འཛིན་ཡེ་ཤེས་བརྟགས་པ་ཡིན།། ལུས་ངག་སེམསུ་རྣམ་བརྟགས་པའི། བྱ་བ་རྒྱུད་དུ་རྣམ་བརྟགས་པ།། གསང་བ་རྣམ་པ་གསུམ ་དུ་བཤད། རྡོ་རྗེ་ལས་ཅན་སྣ་ཚོགས་བཞིན།། སངས་རྒྱས་ལྔ་ཡི་བདག་ཉིད་ནི།། གསང་བའི་ཡེ་ཤེས་བླ་མེད་ཡིན།། ཕྱག་རྒྱ་བཞི་པོ་གསང་བ་དེ།། རྣལ་འབྱོར་པ་ཡིས་ལས་གྲུབ་བྱེད། འབྱུང་བ་ཆེན ་བོ་བཞི་པོ་ཡང་། ཕྱག་རྒྱ་བ་ནི་ཞེས་བཤད་པ་ཡིན། ཕྱག་རྒྱ་བའི་ཡིས་མཉམ་སྦྱོར་བ། ལྷ་མོ་བའི་དང་ཡང་དག་སྦྱོར། ས་ནི་སྤྱན་ཞེས་བཤད་པ་ཡིན།། ཆུ་ན་མཱ་མ་ཀི་ཞེས་བཤད། མེ་དང་རླུང་ཞེས ་གྲགས་པ་ནི།། གོས་དཀར་མོ་དང་སྒྲོལ་མ་ཡིན། དབང་ཆེན་ས་ཡི་ཁམས་ཡིན་ཏེ། ཆུ་ཡི་ཁམས་ནི་ཆུ་དཀྱིལ་འཁོ་ར། མེ་ནི་མེ་ཡི་ཁམས་ཡིན་ཏེ། རླུང་ནི་རླུང་གི་དཀྱིལ་འཁོར་རོ།། ་དབང་ཆེན་ཁ་དོག་སེར་པོ་སྟེ།། གྲུ་བཞི་པ་སྟེ་རྒྱས་པ་ཡིན། ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་སྟེ།། དཀར་པོའི་མདོག་ཅན་ཞི་བའི་ཡིན། མེ་ཡི་དཀྱིལ་འཁོར་ཁ་དོག་དམར། གྲུགསུ ་དབང་གིས་ལས་རྣམས་ལའོ།། རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས།། ནག་པོའི་གདུག་པའི་ལས་རྣམས་ལ།། འབྱུང་བ་ཆེའི་བདག་ལས་གྲུབ་པ། ལས་ཀྱི་དངོས་གྲུབ་ཡོན་ཏན་བནི། ལས ་ཀྱི་དངོས་གྲུབ་དངོས་གྲུབ་མཆོག། འཁོར་ལོས་བསྒྱུར་བ་རྣམ་པ་བ་ནི།། ཞི་བ་ལ་ནི་སྤྱན་གྱི་ཚུལ། རྒྱས་པ་པདྨའི་རྡོ་རྗེ་ཅན་དབང་ལ་རྣམ་པར་སྣང་མཛད་གནས། རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལའོ།། ་ཞི་བ་དགོངས་ཀ་བྱ་བ་ཡིན།། དེ་བཞིན་རྒྱས་པ་ལྔ་དྲོ་ལ།། གདུག་པའི་ལས་རྣམས་ཉི་མའི་གུང་། དབང་གི་ལས་ནི་མཚན་ཕྱེད་བྱ།། ཞི་ལ་དཀར་པོ་སྦྱར་བར་བྱ། སེར་པོར་སྣང་བ་རྒྱས་པ་ལ། ་དབང་གི་ལས་ལ་དམར་པོ་སྟེ། གདུག་པ་ནག་པོ་རབ་སྦྱར། ཏིང་འཛིན་ཡེ་ཤེས་ལས་བྱུང་བ། ལས་ཀྱི་སྒྲུབ་པ་དམ་པ་ཡིན། བཅོམ་ལྡན་དག་པ་བསྒོམ་བྱ་སྟེ། སངས ་རྒྱས་ཀུན་ལས་མི་གཡོ་གྱུར།། བྷ་གའི་དབུསུ་གསང་བའི་བདག། རྡོ་རྗེའི་དབྱིངས་ནི་དེ་བཞིན་གཤེགས།། ལྔ་ཡི་བདག་གྱུར་བདག་ཉིད་ནི།། བསྒོམས་ན་གཡོ་བ་མེད་པར་འགྱུར། སྙིང་ལ་གནས ་པའི་ལྷ་མོ་ཆེ།། རྣལ་འབྱོར་པ་ཡི་རྣལ་འབྱོར་བསྐྱེད།། སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམ། རྡོ་རྗེ་དབྱིངས་ཀྱི་དབང་པོས་བཤད། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། འདི་དག་འཇིག་རྟེན ་དུག་གསུམ་ཡིན།། སངས་རྒྱས་བཅོམ་ལྡན་དུག་མེ་མངའ།། རྡོ་རྗེ་དབྱིངས་ནི་དེ་བཞིན་གཤེགས། ཆགས་དང་སྡང་། དང་རྨོངས་པ་རྣམས།། བསྒོམས་ནས་ཁམས་གསུམ་པ་ཡི་བདག། ་སངས་རྒྱས་བཅོམ་ལྡན་འདས་གྱུར་ཏེ། སངས་རྒྱ་ས་བདེན་པས་དུག་བཅོམ་མོ།། རང་སེམས་སོ་སོ་རྟོགས་པ་ཡིས།། གཏི་མུག་སེམས་ནི་དེ་བཞིན་གཤེགས། རྨོངས་པ་ཉིད་ནི་འཇིག ་རྟེན་གྱུར།། སེམས་ཅན་ཀུན་ལ་བལྟ་བར་བྱ།། ཞེ་སྡང་སེམས་ནི་དེ་བཞིན་གཤེགས། ཕྲ་མོའི་ཡེ་ཤེས་ཡང་དག་བསྐྱེད།། སྡང་གྱུར་རྡོ་རྗེ་ཉིད་དུ་གྱུར།། སེམས་ཅན་ཐམས་ཅད་གཞིག་པར ་བྱ་འདོད་ཆགས་སེམས་ནི་དེ་བཞིན་གཤེགས།། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། ཆགས་གྱུར་བཟང་པོ་ཉིད་གྱུར་པ།། སངས་རྒྱས་ཐམས་ཅད་ཆགས་པར་བྱ། བྱམས་པའི་སེམས ་ནི་དེ་བཞིན་གཤེགས།། ང་རྒྱལ་ཡང་དག་བསྐྱེད་ནས་ནི།། མཛའ་བོར་གྱུར་ཅིང་ཀུན་ཉིད་གྱུར།། སངས་རྒྱས་ཀུན་ལ་འཁྱུད་པར་བྱ།། ཆགས་པའི་ལྟ་བས་བྱམས་པ་སྟེ།། ཐུགས་རྗེའི་ཆོས་ནི་སྨྲ་ས ་དང་། ཀུན་ལ་མི་འཇིགས་སྦྱིན་པ་དང་། སངས་རྒྱས་ཐམས་ཅད་མཉེས་བྱའོ།། རྣལ་འབྱོར་སྦྱིན་ལས་རབ་དགའ་སྟེ། ཚུལ་ཁྲིམས་ལྡན་ལས་དྲི་མེད་འགྱུར། བཟོད་པ་ལས་ནི་འོད་བྱེད་པ། བརྩོན་ལ ་འོད་འཕྲོ་ཅན་དང་ལྡན།། བསམ་གཏན་ལས་ནི་སྦྱངས་དཀར་བ། ཤེས་རབ་ཀྱིས་ནི་མངོན་གྱུར་མཐོང་།། ཐབས་ཆེན་ལས་ནི་རིང་དུ་སོང་། སྟོབས་དང་ལྡན་ལས་མི་གཡོ་འགྱུར། སྨོན་ལམ་གྱིས་ནི། ་ལེགས་བློ་ལྡན།། ཡེ་ཤེས་ལྡན་ལས་ཆོས་ཀྱི་སྤྲིན།། རྒྱལ་བ་དེ་བཞིན་གཤེགས་པ་ནི།། རང་རི་བདག་ཉིད་བཅུ་གཅིག་འགྱུར།། ཕ་རོལ་ཕྱིན་པ་བཅུ་རྣམས་དང་།། སྟོབས་དང་དབང་ནི་རྫོགས ་གྱུར་ཅིང་།། ས་བཅུ་ལས་ནི་འདས་གྱུར་པ། མཚན་མ་བརྟན་གྱུར་དེ་ལས་ནི།། རྡོ་རྗེ་ཆུ་ནི་རྫོགས་སངས་རྒྱས།། ཆོས་ཀྱི་བདུད་རྩི་བཅུད་ལེན་ཡིན།། སངས་རྒྱས་ཀུན་གྱི་མཐའ་ཡས་པ།། ་གཟུང་དང་འཛིན་པ་སྤངས་པ་ཡིན།། ཆོས་ཀྱི་བདུ་ད་རྩི་བཅུད་ཀྱིས་ལེན། རྡོ་རྗེའི་ཆུ་ནི་དག་འཐུངས་པས།། རྡོ་རྗེ་སློབ་དཔོན་རྣལ་འབྱོར་པ། གདོད་ནས་དག་པར་དེ་ཚེ་འགྱུར། ་གདོད་ནས་དག་པར་གནས་གྱུར་པ།། དེ་ནས་བྱང་ཆུབ་སེམསུ་འགྱུར། བྱང་ཆུབ་སེམས་ཀྱི་བདག་ཅན་འགྱུར།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།། རྣམ་པར་གྲོལ་བའི་རས ་ཀྱིས་གཡོགས་བྱང་ཆུབ་སེམས་ནི་བླ་ན་མང། ཡང་དག་བསྐྱེད་གྱུར་རྣལ་འབྱོར་པ། རྡོ་རྗེ་སེམས་དཔའ་སྙིང་ལ་འདུག། སེམས་ཅན་ཁམས་ནི་མཐའ་ཡས་པའི།། མར་གྱུར་དམ་ཚིག ་འཛིན་བྱེད་པ།། རྡོ་རྗེ་དམ་ཚིག་གིས་སྤྱད་ན།། རྟག་ཏུ་དམ་ཚིག་གནས་པར་གྱུར།། ཁམས་གསུམ་ལམ་ནི་ཉམས་དགའ་བར།། བུད་མེད་ཅེས་བཤད་ཇི་སྙེད་པ།། ཆོ་ག་བཞིན་དུ་ཀུན་སྤྱད་ཅིང་། ་ཐུགས་ཀྱི་རྡོ་རྗེ་སྨད་མི་བྱ།། རྡོ་རྗེ་གསུམ་གྱི་སྐུལ་གནས། དམ་ཚིག་ཕྱག་རྒྱ་ཇི་སྙེད་པ། རྡོ་རྗེ་དམ་ཚིག་གསུམ་གྱིས་བྱ།། གསུང་གི་རྡོ་རྗེ་སྨད་མི་བྱ།། རྡོ་རྗེ་སེམས་དཔའ་ལས ་བྱུང་བའི།། ཕྱག་རྒྱ་ཀུན་ནི་བུད་མེད་བཟང་།། དེ་རྣམས་བསྟན་པའི་རྣལ་འབྱོར་པ། ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར།། འཇིག་རྟེན་ཁམས་ནི་ཐམས་ཅད་ན།། བུད་མེད་ཅེས་བྱ་ཇི་སྲིད་པ།། ཕྱག་རྒྱ་ཆེན་པོ ་སྦྱོར་བ་ཡིས།། དེ་དག་ཀུན་ལ་ཉེ་བར་སྤྱད།། གསང་བ་མཆོག་གི་རྣལ་འབྱོར་པ།། ཏིང་འཛིན་ཡེ་ཤེས་དམ་པ་ཡིན། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། ང་རྒྱལ་མ་ཡིན་ཧཱུཾ་མ་ཡིན།། རིག་པ་མ་ཡིན་སྔགས ་རེག་མིན།། ལག་པའི་ཕྱག་རྒྱའང་མི་བཅའོ།། མཆོད་རྟེན་གྱི་ནི་ལས་མི་བྱ།། གླེགས་བམ་དག་ཀྱང་བཀླག་མི་བྱ།། དཀྱིལ་འཁོར་དག་ནི་མི་བྱ་ཞིང་།། རྡོ་རྗེ་མཆོག་གསུམ་ཕྱག་མི་འཚལ ་སློབ་དཔོན་སྨད་པར་མི་བྱ་སྟེ། བླ་མ་སངས་རྒྱས་ཀུན་དང་མ་ཉམ།། ཁྱོད་ཀྱི་སྲོག་ཆགས་བསད་པར་བྱ།། བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ།། ཁྱོད་ཀྱིས་མ་བྱིན་བླང་བྱ་ཞིང་།། གཞན་གྱི ་བུད་མེད་བསྟེན་པར་བྱ།། སྦྱིན་སྲེག་ཡང་ན་བསམ་གཏན་མིན།། ལུས་ངག་ཡིད་ནི་མི་ཕྱེད་པ།། གཞན་མིན་སེམས་ཀྱིས་བྱ་བ་སྟེ།། འདི་ནི་བསད་པའི་མཆོག་ཡིན་ནོ།། སྔགས་རྣམས་ཐམས་ཅད་རབ་ཏུ ་རྣལ་འབྱོར་ཀུན་ཀྱང་རྣམ་ཀུན་ཏུ།། དེ་བས་འབད་པ་ཐམས་ཅད་ཀྱང་།། སངས་རྒྱས་ཆོས་ཉིད་སྒོམ་པར་བྱ།། མ་འདྲེས་ཆོས་ནི་བཅོ་བརྒྱད་པོ།། སངས་རྒྱས་ཆོས་ཞེས་བཤད་པ་ཡིན། དེ་རྣམས་རྟག་ཏུ ་སྒོམ་པ་ནི། སངས་རྒྱས་ཆོས་ནི་སྒྲུབ་བྱེད་ཡིན། བསམ་གཏན་བཞི་དང་གཟུགས་མེད་བཞི།། རྟག་ཏུ་ཐོབ་པར་བྱས་པ་དང་།། འགོག་པའི་སྙོམས་འཇུག་དེ་ཡིས་ནི།། སངས་རྒྱས་བྱང་ཆུབ ་རབ་ཏུ་སྒྲུབ།། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན།། ཆོསུ་ཡང་དག་བཤད་པ་གང་།། དེ་རྣམས་བསྒོམ་པས་དག་པ་དང་།། བྱང་ཆུབ་སེམས་དཔའ་འགྲོ་ཕན་ཡིན།། འགྲོ་བ་རྣམས་ལ་སྤྲོ་བའི་སེམས། བ ་ཞིང་སྙིང་པོ་རབ་བསྒོམས་པ། སྟོང་པ་དེ་ཉིད་ལས་བྱུང་བ།། རྡོ་རྗེ་ཡེ་ཤེས་ཞེས་བྱ་བཤད།། ཆོས་བདག་མེ་ལས་ཡང་དག་བྱུང་།། གཉིས་མེད་ཡེ་ཤེས་དམ་པ་སྟེ། ཆོས་ཉིད་མཆོག་གི་ཡེ་ཤེས་ནི།། ཆོས་ཀྱི ་དབྱིངས་ཞེས་ཡང་དག་བཤད།། འདི་ནི་ཆོས་དབྱིངས་ཡེ་ཤེས་ཏེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས།། རྡོ་རྗེ་ཡེ་ཤེས་རང་བཞིན་སེམས།། རྡོ་རྗེ་དབྱིངས་ཞེས་བྱ་བར་བཤད།། སེམས་ཀྱི་སྤྲོ་བའི་སྦྱོར་བ་ཡིས། ཕྲ ་མོའི་ཡེ་ཤེས་སོགས་སྦྱོར་བ།། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི།། རྣམ་པར་སྣང་མཛད་ཅེས་བྱར་བཤད།། བྱམས་པ་སྤྲོ་བའི་སྦྱོར་བ་ཡིས།། སྟེར་བ་སྦེད་པར་བྱེད་པའི་མཆོག། ཟག་མང་བརྟན ་པར་གྱུར་པ་ཡི།། ཐུགས་ནི་མི་སྦེང་པ་ཞེས་བཤད།། ཐུགས་རྗེ་སྒྲ་བའི་ཚུལ་གྱིས་ནི།། སེམས་ཅན་ཕན་འདོགས་མཛད་པ་པེ།། ཐུག་ས་ནི་འགྲོ་དོན་ཡང་དག་ལྡན།། རིན་ཆེན་འབྱུང་ལྡན་ཞེས ་བཤད་དོ།། དགའ་བས་སྤྲོ་བའི་སྦྱོར་བ་ཡིས།། ཐེག་ཆེན་མཆོག་ནི་དྲི་མ་མེད།། ཐུགས་ནི་འོད་གསལ་དག་པ་ནི།། འོད་དཔག་མེད་ཅེས་དེ་བཤད་དེ།། བཏང་སྙོམས་སྤྲོ་བར་མཛད་པའི་ཤུགས།། སེམས་ཅན་ཐས ་རྟོགས་མཛད་པ། དོན་ཡང་བླ་མེད་བྱ་བ་ནི།། དོན་ཡོད་གྲུབ་པར་དེ་བཤད་དོ།། བྱང་ཆུབ་རང་བཞིན་ཡེ་ཤེས་མཆོག། དེ་འདིར་རྡོ་རྗེ་ཡེ་ཤེས་ལས་བྱུང་བ།། རྡོ་རྗེ་སེམས་དཔར་དེ་བཤད་དོ།། སངས་རྒྱས ་ཐམས་ཅད་སྤྱན་འདྲེན་པ།། རྡོ་རྗེ་ལྕགས་ཀྱུ་ཞེས་བཤད་དེ། རྡོ་རྗེའི་རིགས་རྣམས་ཀུན་གྱི་རྒྱལ།། རྡོ་རྗེ་རྒྱལ་པོར་ང་བཤད་དོ།། སངས་རྒྱས་ཐམས་ཅད་ཆགས་བྱེད་པས།། མཉེས་པར་བྱེད་པ་ཞེས ་བཤད་དོ།། བདུད་ཀྱི་སྦྱོར་བ་ཆགས་པ་ཆེ།། རྡོ་རྗེ་ཆགས་པར་དེ་བཤད་དོ།། སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་།། ལེག་སོ་ཞེས་པ་རབ་སོགས་པ།། བྱང་ཆུབ་སེམས་དཔའ་དགའ་བྱེད ་པས་།། རྡོ་རྗེ་ལེགས་པར་དེ་བཤད་དོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་། མཁའ་མཉམ་རྡོ་རྗེ་ལས་བྱུང་བ།། དོན་ཡང་རིན་ཆེན་ཆེན་པོ་དེ།། རྡོ་རྗེ་རིན་ཆེན་དེ་བཤད་དོ།། མ་རིག་བྲལ་བའི་ཡེ་ཤེས་ནི།། ཆོག ་དག་ལས་ནི་ངེས་པར་བྱུང་།། ཐར་པའི་སྣང་བ་གཟི་བརྗིད་ཆེ།། རྡོ་རྗེ་ཉི་མར་དེ་བཤད་དོ།། རྣམ་པ་ཀུན་གྱི་དངོས་ཡེ་ཤེས། ཐར་པའི་ལམ་འཇུག་ཐོབ་མཛད་གང་། ཆོས་ཀྱི་རྒྱལ་མཚན་ཏོག་ཆེན་པོ།། རྡོ་རྗེ ་དཔལ་དུ་དེ་བཤད་དོ།། རྡོ་རྗེ་བཞད་པ་རྣལ་འབྱོར་ཆེ། ས་ངས་རྒྱས་ཀུན་འབྱུང་རྨད་བྱུང་བ། འདི་ནི་བྱང་ཆུབ་སེམས་དཔའ་ཆེ།། རྡོ་རྗེ་བཞད་པར་དེ་བཤད་དོ།། སངས་རྒྱས་ཀུན་གྱི་རྣལ་འབྱོར ་ཆེ།། སངས་རྒྱས་ཆོས་ནི་རྟོགས་མཛད་པ། དེ་བཞིན་གཤེགས་པའི་ཆོས་དག་པ།། རྡོ་རྗེ་ཆོ་སུ་དེ་བཤད་དོ།། ཤེས་རབ་རྣོན་པོ་ཐེག་པ་ཆེ།། ཉོན་མོངས་ཐམས་ཅད་ངེས་གཅོད་མཛད ་ཤེས་བྱའི་སྒྲིབ་པ་གཅོད་པ་པོ།། རྡོ་རྗེ་རྣོན་པོར་དེ་བཤད་དོ།། སངས་རྒྱས་རོལ་མོའི་འཁོར་ལེ་ནི།། ཆོས་ཀྱི་འཁོར་ལོ་རབ་བསྐོར་བས།། སེམས་དཔའ་ཆེན་པོ་ཐེག་པ་ཆེ།། རྡོ་རྗེ་རྒྱུ་ཞེས་དེ་བཤད་དོ།། ་ཤེས་རབ་ཡེ་ཤེས་རང་བཞིན་དག། གསུང་གི་སྒྲ་ནི་རྣམ་པར་སྤང་།། འཇམ་པའི་གསུང་གི་བདག་ཉིད་གྱུར།། རྡོ་རྗེ་སྨྲ་བར་དེ་བཤད་དོ།། ཕ་རོལ་ཕྱིན་པ་ཀུན་གྱི་ཞབས།། ཆེས་རྣམས་ཐམས་ཅད ་རྟོགས་མཛད་པ།། སེམས་ཅན་ཀུན་དོན་སྤྲུལ་པ་པོ།། རྡོ་རྗེ་ལས་ཞེས་བྱ་བར་བཤད།། སངས་རྒྱས་རྗེས་དྲན་ཡང་དག་གྲུབ།། ཐེག་པ་དམན་པ་རྣམ་སྤངས་ཤིང་།། བྱང་ཆུབ་སེམས་ལ་རབ་ཞུགས་པ། ་རྡོ་རྗེ་སྲུང་བར་དེ་བཤད་དོ།། སྡིག་པ་ཐམས་ཅད་ཟད་བྱེད་ཅིང་། དེ་བཞིན་ཉོན་མོངས་རྣམས་སྲེག་ལ། ཉོན་མོངས་ཟད་པ་ཉེར་ལེན་པས། རྡོ་རྗེའི་གནོད་སྦྱིན་དེ་བཤད་དོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་རྣམས།། བཅིང་བ་རུ་ནི་ཡང་དག་གྱུར།། དེ་ཉིད་དེ་ཉིད་ཡེ་ཤེས་ཏེ།། རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ།། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི།། རྡོ་རྗེ་བསྡམས་ལས་ཡང་དག་བྱུང་།། རྡོ་རྗེ་ཁུ་ཚུར་གཉིས་གྱུར་པ། ལཱ ་ཀྱི་ཕྱག་རྒྱ་ཞེས་བཤད་དོ།། ང་རྒྱལ་མེད་ཅིང་སྣང་བ་མེད།། མཚན་མ་མེད་ཅིང་ཞེན་པ་མེད།། བདག་མེད་མཉམ་ཉིད་ཡེ་ཤེས་ནི།། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད།། གསང་བའི་མཉམ་པར་འབྱེར ་བ་འདིར།། ཡེ་ཤེས་ཕ་རོལ་ཕྱིན་དགེ་བ།། རྣམ་པ་བཅུ་གཉིས་ཡང་དག་བྱུང་།། རྡོ་རྗེ་ཕ་རོལ་ཕྱིན་པའི་འོད།། བྱང་ཆུབ་ས་མས་ནི་རབ་བསྒོམ་པས།། ཕ་རོལ་སངས་རྒྱས་ཉིད་སོན་པའོ།། ་ཕ་རོལ་ཕྱིན་ཐོབ་ཡེ་ཤེས་ནི།། རྡོ་རྗེ་སེམས་མར་བ་ཤད་པ་ཡིན།། བསྡུ་བའི་དངོས་པོ་བཞི་རྣམས་ནི། ཤེས་རབ་པ་རོལ་ཕྱིན་རྡོ་རྗེ། ཆོས་པནི་གཅིག་ཏུ་གྱུར་པ་ནི། རྡོ་རྗེ་རིན་ཆེན་མར ་བཤད་དོ།། གསང་བའི་ཡེ་ཤེས་ཡེ་ཤེས་ཆེ།། དེ་ཉིད་ཕ་རོལ་ཕྱིན་དགེ་བ། ཕ་རོལ་ཕྱིན་པ་ཆེ་ལས་བྱུང་།། རྡོ་རྗེ་ཆོས་མར་ཤེས་པར་བྱ།། ཕ་རོལ་ཕྱིན་པའི་དགེ་བ་ནི།། སྦྱོར་བའི་ཐབ་སུ་རབ་བསྟན་པ། ་རྡོ་རྗེ་ལས་མར་ཤེས་པར་བྱ།། གང་ཕྱིར་དེ་ནི་རོལ་པ་དགེ། སྒེག་མེ་སྦྱིན་པའི་ཕ་རོལ་ཕྱིན།། ཚུལ་ཁྲིམས་ཕ་རོལ་ཕྱིན་དགེ་བས། རྒྱན་པའི་ཡན་ལག་ཡིད་འོང་ཡིན།། གླུ་མ་བཟོད་པའི་ཕ་རོལ་ཕྱིན།། ཚ ་དུ་བརྗོད་པའི་ཆོས་བརྗོད་པའོ།། གར་མ་བརྩོན་འགྲུས་ཕ་རོལ་ཕྱིན།། མྱུར་དུ་སངས་རྒྱས་ཉིང་སྟེར་བའོ།། གདུག་པ་ཤེས་རབ་ཕ་རོལ་ཕྱིན།། ཀུན་ཏུ་ཁྱབ་པར་སྤྲོས་ཕྱིར་རོ།། མེ་ཏོག་བསམ་གཏན་པ ་རོལ་ཕྱིན། འདོད་པའི་འདམ་གྱིས་མ་གོས་པའོ།། མར་མེ་སྨོན་ལམ་པ་རོལ་ཕྱིན།། ཕྱོགས་ཀུན་སྣང་བར་བྱེད་པ་ཡིན།། དྲི་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དྲི་ངན་ཐུར་ས་ལ་དག ་བ་ཡིན།། སངས་རྒྱས་ཀུན་གྱི་ཐབས་ཆེན་པོ།། དབྱེ་བ་རྣམ་པ་བཞི་ཡིས་གནས།། ཐམས་ཅད་འདོད་པའི་ཐབས་ཆེན་པོ།། རྡོ་རྗེ་ལྕགས་ཀྱུ་ཞེས་བཤད་དོ།། བྱང་ཆུབ་སྤྱད་པ་སྤྱོད་བྱེད་པ། རྡོ་རྗེ་ཞགས ་པ་ཞེས་བཤད།། ཐེག་པ་འདི་ལ་བརྟེན་གྱུར་གང་།། རྡོ་རྗེ་ལྕགས་སྒྲོག་ཅེས་བཤད་དོ།། ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་།། གདོད་ནས་ཞི་བ་མཁའ་དང་མཉམ།། དེ་ལྟའི་ཚིག་ནི་རབ་འཇུག་པ། ་རྡོ་རྗེ་དྲིལ་བུ་ཞེས་བཤད་དོ།། ཚོགས་གཉིས་ཀྲིན་སྦྱོར་བ་ཡིས། སེམས་ཅན་ཀུན་གྱི་དོན་སྟོན་པའི།། སེམས་ནི་ར་ང་བཞིན་གྱིས་འོད་གསལ།། ཟླ་བའི་དཀྱིལ་འཁོར་ཡིན་པར ་བཤད།། ཡང་དག་རྡོ་རྗེ་རྟོགས་པ་སྟེ།། འཛིན་པའི་སྒྲ་ར་ཉིད་ལྕགས་ཀྱུ་ཡིན།། ཕྲ་རབ་འབིགས་པ་མདའ་ཞེས་བྱ།། དགྱེ་ས་པས་ལེགསོ་ཞེས་བྱ་བ། སྤྲས་པས་རིན་པོ་ཆེ་རུ་བཤད།། ་གཟི་བརྗིད་ཅེས་བྱ་ཉི་མ་ཡིན།། སྒྲེང་བས་ཏོག་ཏུ་བཤད་པ་སྟེ།། རྣམ་པར་འབྱེད་པས་བཞད་པར་བཤད། འདོད་ཆགས་དག་པ་པདྨ་ཡིན།། ཉོན་མོངས་དགྲ་བཅོམ་རལ་གྲི་སྟེ།། དཀྱིལ་འཁོར་སྦྱོར་བ ་འཁོར་ལོ་ཡིན།། གང་གི་བརྗོད་པས་སྨྲ་བར་བཤད།། ཀུན་ཉིད་སྣ་ཚོགས་རྡོ་རྗེ་ཡིན།། གཞིག་དཀའ་སྦྱོར་བ་གོ་ཆ་ཡིན།། འཇིགས་པའི་སྤྱོད་པས་མཆེ་བ་སྟེ།། ཕྱག་རྒྱའི་སྦྱོར་ཉིད་བཅིང་བ་ཡིན། ་དཀྱིལ་འཁོར་དུ་ནི་གང་བཤད་པ།། ཡིད་ཀྱི་དཀྱིལ་འཁོར་དམ་པ་ཡིན།། གཞལ་ཡས་ཁང་ནི་ཡེ་ཤེས་ཏེ། སེམས་ཀྱི་བརྩེགས་པསྒྲེང་བ་ཡིན། ཕྱི་ཡི་གྲུ་བཞི་པ་གང་ཡིན།། ཚད་ཀྱིས་མཉམ ་པ་ཉིད་གྱུར་པ། བྱམས་པ་ལ་སོགས་སེམས་གང་ཡིན།། ཐིག་བཞི་ཞེས་ནི་བཤད་པ་ཡིན།། ཆོས་ཀྱི་སྦྱོར་བ་རྗེས་དྲན་ཉིད། གང་དེ་རྡོ་ཐིག་དུ་བ་ཤད།། ལྟ་བ་ཀུན་ལས་རྣམ་གྲོལ་བ། ཡེ་ཤེས་ཐིག་ཏུ་བཤད ་པ་ཡིན། ཚུལ་ཁྲིམས་ཚོགས་ཀྱི་དམ་པ་ནི།། གང་ཞིག་རྒྱན་དུ་བཤད་པ་ཡིན།། དང་དབང་ལ་སོགས་སེམས་གང་ཡིན།། རབ་ལྔར་ནི་ཡང་དག་བྱུང་།། རྣམ་པར་ཐར་པ་བཞི་པོ་ནི།། སྒོ་རྣམསུ་ནི་ཡང ་དག་བཤད།། ཡང་དག་སྤོང་བ་བཞི་པོ་ནི། རྟ་བབས་རྣམས་དང་ཀ་བར་བྱུང་། དྲན་པ་ཉེར་བཞག་པ་ནི་པོ་ནི།། ཁྱམས་རྣམས་བཞི་པོར་ཤེས་པར་བྱ། རྫུ་འཕྲུལ་རྐང་པ་བཞི་པོ་ནི། དེ་ནི་སྒོ་ཁྱུང་རྣམ་བནི། ་ཡིན།། བྱང་ཆུབ་ཡན་ལག་བདུན་པོ་ནི། ཕྲེང་བ་མེ་ཏོག་ཆུན་རྒྱན་པ། འཕགས་ལམ་ཡན་ལག་བརྒྱད་པོ་ནི།། ཀ་བ་བརྒྱད་ཅེས་བྱ་བར་བཤད། སྒྲིབ་པ་གཉིས་ལས་རྣམ་གྲོལ་ཞིང་། ཏིང་། ་འཛིན་ཡེ་ཤེས་ཀྱིས་བརྟགས་པ། ལམ་གྱི་ཡེ་ཤེས་ཁྱད་པར་རྣམས།། རྔ་ཡབ་ཅེས་ནི་ཡང་དག་བཤད།། ཉོན་མོངས་ཐ་མས་ཅད་ངེས་གཅོད་ཅིང་། ཉོན་མོངས་འཕྲོག་པས་དྲ་བ་སྟེ། ཡང་། ་ངག་གཅོད་ཅིང་སྤོང་བ་ཉིད།། སེལ་བའི་སྤོང་བ་ལ་གནས་པ།། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཉིད།། ཉོན་མོངས་པ་ཡི་ཕྱེད་འཕྲོག་པ།། དྲ་བ་ཕྱེད་ཅེས་བྱ་བར་བཤད།། རང་བཞིན་འོད་གསལ་གང་ཡིན་པ།། ་བྱང་ཆུབ་སེམས་ནི་བླ་མེད་ཡིན།། སེམས་ནི་དོན་ཀུན་བསྐྱེད་བྱེད་པ། ཟླ་བའི་དཀྱིལ་འཁོར་ཡིན་པར་བཤད། ཤེས་རབ་ཡེ་ཤེས་རང་བཞིན་དག། རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས།། ཐར་པའི་སྣང་བག་ནི ་བརྗིད་ཆེ།། ཉི་མའི་དཀྱིལ་འཁོར་ཡིན་པར་བཤད།། ཚོན་རྩི་ལྔར་ནི་ཡང་དག་ཞེས། ལྟ་བ་ལྔ་ཡི་མེ་ཏོག་ཡིན། ཡེ་ཤེས་ལྔ་ཡི་ངེས་སྦྱོར་ཅིང་། སངས་རྒྱས་ལྔ་ཞེས་ཡང་དག་བཤད། ནམཁའ་བཞིན ་དུ་བདག་མེད་པའི།། རྣམ་ཤེས་ཡེ་ཤེས་ངམ་པ་ཡིན།། ཡེ་ཤེས་དེ་ཡི་རྒྱན་བཤད་པ། ཆགས་པའི་སེམས་ཞེས་བྱ་བར་བཤད།། ཆགས་བྲལ་ལས་ནི་བྱང་ཆུབ་འབྱུང་། ཆགས་པ ་སེམས་ལས་གཞན་ཡིན་དུ་བས་ཆགས་དང་ཆགས་བྲལ་བ། བྱང་ཆུབ་སེམས་ཞེས་ཡང་དག་བཤད།། འཇིག་རྟེན་ཆགས་དང་བྲལ་བས་འདུལ།། ཕྱག་རྒྱའི་དངོས་གྲུབ་ཆགས་ལས་བྱུང་།། དེར་ནི་ཐབས་ཀྱི ་སྒོམ་པ་དག། དངོས་གྲུབ་ཐམས་ཅད་སྟེར་བ་ཡིན།། ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ།། དེ་ལྟར་རྣལ་འབྱོར་པ་ཡིས་སྤྱང།། ཇི་ལྟར་གདུལ་བྱ་དག་གྱུར་པ།། ཞེན་པ་ཀུན་ཏུ་མཆོད་པར་འགྱུར།། མཚན་ཉིད་གང ་ཞིག་ཡང་དག་བཤད།། མཚན་ཉིད་ངེས་ནི་མངོན་པར་གྱུར།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས།། རྒྱས་བཏབ་ཡེ་ཤེས་ཡིན་བར་བཤད།། ཕྱག་རྒྱ་བསྒོམས་པས་རྣལ་འབྱོར་པ།། རྟག་ཏུ་ཕྱག ་རྒྱའི་བདག་ཅན་འགྱུར།། རྒྱས་བཏབ་དངོས་པོ་ཤེས་ནས་ནི། བསྐམས་ན་ཕྱག་རྒྱས་བཏབ་པར་འགྱུར།། མཚན་དང་མཚན་ཉིད་འབྲལ་བ་ནི། ཤེས་ནས་རྣལ་འབྱོར་ཡང་དག་སྤྱོད།། ཇི་ལྟར ་མཚན་ཉིད་ཡང་དག་གྲུབ། དེ་བཞིན་དག་པ་མྱུར་དུ་འགྲུབ།། གཡས་པའི་ཆ་ཡི་མཚན་མ་ནི། ཤེས་རབ་ཅན་ནི་རབ་ཏུ་བསྟན། གཡེན་གྱི་མཚན་མ་ཇི་ལྟར་མཐོང་།། དེ་ཡིས་ཐུགས་རྗེ་མཚོན་པ་ཡིན།། ཕྱག་ནི ་གཉིས་ཀའི་མཉམ་སྦྱོར་ལས།། ཏིང་འཛིན་གཉིསུ་བཤད་པ་ཡིན།། ཞབས་གཉིས་ཀྱི་ནི་མཚན་མ་ཡིས།། ཚེགས་གཉིས་དག་ནི་བསྟན་པ་ཡིན།། སོར་མོ་ལྔ་ཡི་མཉམ་སྦྱོར་ལས།། དཀྱིལ་འཁོར་ལྔ་ཡིས་རྒྱན ་པ་ཡིན། སངས་རྒྱས་ལྔ་ཡིས་མངོན་བྱང་ཆུབ།། རིམ་པ་བཞིན་དུ་བསྟན་བྱ་སྟེ། གང་ཞིག་གུང་མོ་སྟོན་པ་ནི།། ན་མཁའ་ལས་ནི་བྱུང་བ་མཚོན།། གང་ཞིག་མཛུབ་མེ་སྟོན་པ་ནི།། དེས་ནི་དབང་ཆེན ་དཀྱིལ་འཁོར་ཡིན།། སྲིན་ལག་ཏུ་ནི་ཡང་དག་བཤད།། ཆུ་ཡི་དཀྱིལ་འཁོར་ཞེས་བཤད་དོ།། གང་ཞིག་མཐེ་བོ་སྟེན་པ་ནི།། དེ་ཡོས་མེ་ནི་མཚོན་པ་ཡིན།། གང་ཞིག་མཐེའུ་ཆུང་སྟེན་པ་ནི།། རླུང་གི་དཀྱིལ་འཁོ ་ཉིད་དུ་འགྱུར།། གང་ཞིག་ལྟེ་བསྟེན་པ་ནི།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་བཤད།། གང་ཞིག་སྙིང་ཀ་སྟོན་པ་ནི།། རྡོ་རྗེ་སེམས་མར་རྗེསུ་དཔག། གང་ཞིག་སྨིན་མཚམས་སྟེན་པ་ནི།། རྡོ་རྗེ་རིན་ཆེན་མ་ཞེས་བྱ། ་གང་ཞིག་ལྐོག་མ་སྟོན་པ་ནི།། རྡོ་རྗེ་ཆོས་མར་ཤེས་པར་བྱ།། གང་ཞིག་སྤྱི་བོ་སྟོན་པ་ནི།། རྡོ་རྗེ་ལས་མར་ཤེས་པར་བྱ།། བྱང་ཆུབ་ལྔར་མངོན་བྱང་ཆུབ་པ་འམ། ཡང་ན་ཡེ་ཤེས་ལྔ་རྣམས་སམ།། སངས ་རྒྱས་ལྔ་དང་ཡང་དག་ལྡན།། དཀྱིལ་འཁོར་བྱང་ཆུབ་ཡིན་པར་བསྟན།། སྔོན་གྱི་སྒྲར་ནི་ཇི་སྐད་བཤད།། མདུན་དུ་ནི་རབ་ཏུ་བསྟན།། རྒྱབ་ཀྱི་སྒྲར་ནི་ཇི་ལྟར་བཤད།། ཕྱི་མར་དེ་ནི་ཡང་དག ་བསྟན།། གང་དུ་ཐོག་མའི་སྒྲར་གྱུར་པ།། དེ་ནི་རྒྱུ་ཡི་སྒྲ་རུ་བསྟན།། གང་ཞིག་ཐ་མའི་སྒྲར་གྱུར་པ།། འདིར་ནི་འབྲས་བུར་ཡང་དག་བསྟན།། སངས་རྒྱས་བཅོམ་ལྡན་གཉིས་མི་མངའ ་རྒྱུ་དང་འབྲས་བུར་ལྡན་འགྱུར་མིན།། གང་ཕྱིར་ཐོག་མ་ཐ་མ་མེད།། དེ་ཕྱིར་རྟག་པ་ཞེས་བཤད་དོ།། རང་སེམས་རྟོགས་པས་སངས་རྒྱས་ཏེ། རྟོགས་པར་བྱ་བའང་སེམས་ཉིད་ཡིན།། སངས་རྒྱས ་ཞིང་ཞེས་བཤད་པ་དང་།། བྱང་ཆུབ་སེམས་སུ་ཤེས་པར་བྱ། རང་བཞིན་དག་པའི་སེམས་ཅན་ནི། ཀུན་ཏུ་རིག་པར་ཡང་དག་བཤད།། སེམས་ཅན་རང་བཞིན་དག་པ་ནི།། བྱང་ཆུབ་སེམས་སུ་ཤེས ་པར་བྱ།། དང་པོར་གྱུར་པ་སྙིང་ཀར་རྡེབས།། བརྟན་པ་ཉིད་དུའང་རང་ཉིད་འགྱུར།། སྒྲ་འཛིན་པ་ནི་རལ་བའི་དབུས།། འོད་དཔག་མེད་དུ་མཉམ་བཞག་ཡིན།། ཙུམ་པ་ནར་ནི་རྗེས་བཤད་པ།། དེ་བཞིན ་གཤེགས་པ་རྡོ་རྗེ་གསུང་།། དབང་པོ་གཉིས་ནི་མཉམ་སྦྱོར་བ། རྣམ་པར་སྣང་མཛད་ཅེས་བཤད་དོ།། བུ་མོ་ལོ་གྲངས་བཅུ་གཉིས་པར། སྐྱེས་མཆོག་ཐུབ་པས་གང ་གསུངས་པ།། ཕ་རོལ་ཕྱིན་པ་བཅུ་གཉིསུ།། གསུངས་ཀྱི་གཞན་དུ་མི་བཏག་གོ།། བུ་མོ་ལོ་གྲངས་བཅུ་དྲུག་པར།། དེ་བཞིན་གཤེགས་པས་གང་གསུངས་པ།། རྡོ་རྗེ་སེམས་སོགས་སེམས་དཔའ ་ཡིད། སྒོམ་པའི་དོན་གྱི་སྒྲ་ཡིན་ནོ།། ལྷ་མེ་ལོ་གྲངས་ཉི་ཤུ་པར། འཁོར་ལོས་བསྒྱུར་བས་ཇི་སྐད་གསུངས།། མཆོད་པ་ཉི་ཤུའི་བདག་ཉིད་ཅན།། ཉི་ཤུ་པོ་དང་རིམས་བཞིན་ནོ།། རང་གི་ཆུང་མ་རང ་རིག་ལས།། བྱུང་བའི་རང་རིག་ཡིན་པར་བཤད། དེགཞན་གྱི་ཆུང་མར་གང་བསྟན་པ། གཞན་སྡུག་གཞན་གྱི་རིག་པ་ཡིན།། གཅི་དང་རྡོ་རྗེ་ཞེས་བཤད་པ།། རྡོ་རྗེ་ཡེ་ཤེས་བླ་མེད ་ཡིན།། བཤང་དང་པདྨ་ཞེས་བཤད་པ། ཆོས་ཀྱི་ཡེ་ཤེས་སྙོམས་མེད་ཡིན། ཡོངསུ་གསལ་བ་རྣམ་ཤེས་པ།། དཀྱིལ་འཁོར་ཐུགས་ཀྱི་དམ་པ་ཡིན།། སྐུ་གསུང་ཐུགས་ཀྱི ་སྤྱོད་པ་ཡིས།། འབད་པ་ཡིས་ནི་མཆོད་བྱེད་པ། རང་གི་རྡོ་རྗེ་པདྨར་ལྡན།། དབང་པོ་གཉིས་ལས་བྱུང་བ་ཡི། རང་གི་ཁུ་བ་ཐིག་ལེ་ཡིས། རྡོ་རྗེ་སེམས་དཔའ་མཆོད་པར་བྱ།། ཚོགས་གཉིས་ཀྱི་ནི ་སྦྱོར་བ་ཡིས།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། གཉིས་མེད་གཉིས་ཉིད་ལ་བསྟེན་པ།། ཐུགས་རྗེ་ཉམས་དང་ཡང་དག་ལྡན།། དབང་པོ་གཉིས་ཀྱིས་མཉམ་སྦྱོར་བས།། རང་གི་ཁུ་བ ་མཁས་པ་ཡིས།། རྣལ་འབྱོར་ཆེན་པོ་བྱུང་ནས་ནི།། དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ།། དགོད་དམ་རབ་ཏུ་སྨྲ་བ་འམ།། སངས་རྒྱས་རོལ་མོའི་གར་བྱེད་པ།། ལྷ་མོ་བཞི་ཡིས་མཉམ་སྦྱོར་བས། ་རྒྱུ་དང་མི་རྒྱུ་རྣམས་ཀྱིས་རོལ།། གསར་ཞིང་ལེགས་པར་བསྒྲིལ་བ་དང་། ཆང་དང་ལྡན་ཞིང་མཛེས་པ་ཡིས། ཤེས་རབ་ཅན་གྱི་ཐིག་གདབ་པ། སྐུ་གསུང་ཐུགས་ནི་བསྒོམ་པསོ།། ཟུར་བནི་པ་ལ་སྐུ ་བཞི་པ།། རྟ་བབས་བཞིས་ནི་མཛེས་བྱས་ལ།། ཐིག་བཞི་དང་ནི་ཡང་དག་ལྡན།། དར་དང་མེ་ཏོག་ཕྲེང་བས་རྒྱན།། གྲཝ་ཡི་མཚམས་ནི་ཐམས་ཅད་དང་།། སྒོ་ཁྱུད་ཀྱོ་ནི་ནང་རྣམས།། རྡོ་རིན་ཆེན་སྤྲས་པས ་ནི་འཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ།། རྡོ་རྗེའི་ཐིག་གིས་ཡོངས་བསྐོར་ཅིང་།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། ཀ་བ་བརྒྱད་ཀྱི་ནང་གནས་པའི།། དཀྱིལ་འཁོར་བརྒྱད་པར་བརྟན་པ་དང་། ་གྲཝ་ཡི་དཀྱིལ་འཁོར་དོར་བར་ནི།། རྡོ་རྗེ་ལྷ་མོའི་ཚིགས་ཀྱིས་མཆོད།། འཁོར་ལོ་ལྔ་དང་ཡང་དག་ལྡན། དཀྱིལ་འཁོར་ལྔ་ཡི་ས་རྣམ་པར་རྒྱན།། དྲ་བདྲ་ཕྱེད་ཀྱིས་རྒྱན་ཅིང་།། རྔ་ཡབ་ཀྱིས་ནི ་ཉེར་སྤྲས་པ། ཁྲུ་ནི་བཅུ་གཉིས་བྱ་བ་འམ། ཁྲུ་བཅུ་དྲ་གཏུ་རབ་ཏུ་བརྟག་ཡང་ན་ཁྲུནི་ཉི་ཤུ་ཙམ། ཉི་ཤུ་ལྔ་དང་ལྡན་པ་ཡིས།། ཁྭ་ནི་ཉི་ཤུ་ལྔ་པ་ལས། དཀྱིལ་འཁོར་ཡང་དག་བྱིན ་གྱིས་བརླབ།། སྒོ་རྣམས་ཀྱི་ནི་དབུས་མེའི་ཆ།། ཆ་དགུ་རུ་ནི་རྣམ་དབྱེ་བ། དཀྱིལ་འཁོར་སྒོ་རུ་བསམས་ནས་ནི།། སྒོ་ཁྱུད་དེར་ནི་བྱ་བ་ཡིན།། སྒོ་ཁྱུད་དཀྱིལ་འཁོར་རྣམ་པ་ནི།། སྙིང་པོའི་དཀྱིལ་འཁོར་དང ་མཉམ་པར། དགུ་ཆ་རུ་ནི་རྣམ་བགོས་ཏེ། གྲཝ་ཡི་དཀྱིལ་འཁོར་དོར་བར་བྱ།། ཐ་མར་ཁྱམས་དང་ལྡན་པ་ཡི། དཀྱིལ་འཁོར་ལྔས་ནི་རྒྱན་པ་དང་།། ཁ་དོག་ལྔ་དང་ཡང་དག་ལྡན།། གྲུ་བཞི་པར་ནི་བརྟ། ་པར་བྱ།། ལྟ་བ་ལྔ་པ་བགོད་དཀའ་ཆེ། ཁ་དོག་ལྔ་ཡི་དེ་བཞིན་གཤེགས།། སངས་རྒྱས་ལྔ་དང་མཉམ་སྦྱོར་བས། ས་ནི་ཚོན་གྱིས་རབ་ཏུ་བསྒྱུར། དཀྱིལ་འཁོར་ལྔ་ཡི་དབུས་ནི། སངས་རྒྱས་ལྔ ་ནི་དགོད་པར་བྱ། ཁ་དོག་ལྔ་དང་ཏིང་འཛིན་གྱིས། འདོད་པའི་ཡོན་ཏན་ལྔ་ཡིས་ཁྱད།། ཤེལ་དང་ཟླ་བའི་འོད་འདྲ་ཞིང་།། སངས་རྒྱས་ཐཾད་གཅིག་བསྡུས་པ།། དེ་བཞིན་གཤེགས་པ ་རྣམ་སྣང་མཛད།། དཔའ་བོའོ་ལྟ་བ་དེ་བཞིན་གཤེགས། ཨིན་དྲ་ནཱི་ལའི་འོད་འདྲ་ཞིང་།། རྡོ་རྗེ་ཐམས་ཅད་གཅིག་བསྡུས་པ།། མི་བསྐྱོད་ཡེ་ཤེས་ལས་བྱུང་བ།། རྡོ་རྗེའི་ལྟ་བ་དེ་བཞིན་གཤེགས།། འཛམ་བུའི ་གསེར་གྱི་འོད་འདྲ་ཞིང་།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། སེམས་ཅན་ཀུན་གྱི་དོན་དུ་བྱུང་།། འབར་བའི་ལྟ་བ་དེ་བཞིན་གཤེགས། མཆེན་པོ་པདྨ་འདྲ།། པདྨ་རཱ་གཱའི་ནོར་བུའི་འོད།། ཆོས་ཀྱི་ཡེ་ཤེས ་ལས་བྱུང་བ།། ཆགས་པའི་ལྟ་བ་དེ་བཞིན་གཤེགས། མརྒད་ཀྱི་ནི་འོད་འདྲ་ཞིང་། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སངས་རྒྱས་ཀུན་གཅིག་ལས་བྱུང་བ།། བྱམས་པའི་བལྟ་བ་དེ ་བཞིན་གཤེགས།། དབུས་མའི་ས་ཡི་གཞི་དག་པ།། ནོར་བུ་ཆུ་ཤེལ་མདོག་འདྲ་བ། ཤར་ཕྱོགས་ཉིད་དུ་སྔོན་པོ་ཆེ།། ལྷོ་རུས་ར་པོ་ཡང་དག་ལྡན།། ནུབ་ཕྱོགས་དེར་ནི་དམར་པོ་སྟེ། བྱང་དུ་ལྡང་དང ་ཡང་དག་ལྡན།། ཀུན་ཏུ་ཁྱམས་དང་ལྡན་པ་ལ།། སྒོར་ནི་ཁྱམས་དང་བྲལ་བའོ།། གང་ཞིག་དབུས་མས་ཡང་དག་བཤད།། སངས་རྒྱས་ཡེ་ཤེས་བླ་མེད་ཡིན། གཞན་དག་དོན་ཀུན་ཡང་དག་ལྡན།། ཏིང་འཛིན ་ཡེ་ཤེས་དམ་པ་ཡིན།། ནམཁའི་དབྱིངས་ཀྱི་དབུས་གནས་པར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ།། སྤྱན་ནི་དབུསུ་བསམ་པར་བྱ།། བཞིན་བཟང་སྤྱན་ནི ་ཡངས་པ་དང་།། ནོར་བུ་ཆུ་ཤེལ་མདོག་འདྲ་ལ།། མཚན་རྣམས་ཐམས་ཅད་ཡོངསུ་རྫོགས།། བུད་མེད་སྒྱུ་མའི་མཆོག་འཛིན་པ།། ཕྱག་ཏུ་འཁོར་ལོ་བསྒོམ་བྱ་སྟེ།། ཁམས་གསུམ་པ་ནི་དབང་བྱེད་པ།། ་དངོས་ཀུན་གྲུབ་བྱེད་ཡེ་ཤེས་ནི།། འཁོར་ལོ་ཡིད་བཞིན་ནོར་བུའི་མདོག། ནམཁའི་རྡོ་རྗེ་དབུས་ཆུད་པར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ།། ན་མཁའི་རྡོ་རྗེ ་མཆོག་སྒོམ་མོ།། ཞལ་མཛེས་སྤྱན་ནི་ཡངས་པ་དང་།། ཨུད་པལ་སྔོན་པོའི་འདབ་མའི་མདོག།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། ན་མཁའི་སྒྱུ་མའི་མཆོག་བསམ་མོ།། ཕྱག་ཏུ་ཨུད་པལ་སྔོན ་དམར་ཏེ།། ཁམས་གསུམ་པས་ནི་ཕྱག་བྱས་པ།། སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག། གསང་བའི་དངོས་གྲུབ་རྡོ་རྗེ་ཅན། ན་མཁའི་རྡོ་རྗེའི་དབུས་ཆུད་པར། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས ་རྒྱས་སྐུ་ནི་རྣམས་བསྒོམས་ལ།། རྡོ་རྗེ་ཆོས་མར་རྣམ་པར་བསམ། མཛེས་པའི་ཞལ་ལ་སྤྱན་ཡངས་མ།། པདྨ་ར་ག་ལྟ་བུའི་མདོག། སྐུ་མདོག་དམར་པོ་ཡང་དག་བྱུང་།། ཆགས་པའི་པདྨ། ་འཛིན་སྡུག་པ།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ཕྱག་ཏུ་ཨུད་པལ་དམར་པོ་ནོ།། སངས་རྒྱས་ཐམས་ཅད་རབ་བསྒོམས་པའོ།། ་ཆོས་ཀྱི་ཡེ་ཤེས་བྱེད་པ་མཆོག། གསང་བ་དམ་ཚིག་རྡོ་རྗེ་ཅན།། མཁའ་དབྱིངས་རྡོ་རྗེའི་དབུས་ཆུད་པར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་གཟུན་ནི་རྣམ་བསྒོམས་ལ།། སྒྲོལ་མ ་མཆོག་ནི་བསམ་པར་བྱ།། ཞལ་མཛེས་སྤྱན་ནི་ཡངས་པ་དང་།། སྣ་ཚོགས་རྒྱན་གྱིས་རབ་ཏུ་བརྒྱན།། ཁ་དོག་སེར་པོ་ཉིད་བསམ་ཞིང་།། བུད་མེད་སྒྱུ་མའི་དྲེགས་བདོ་བ།། ཕྱག་ཏུ་ཨུད་པལ་དམ་པ་ནི།། སར ་པོ་སྣང་བ་བསྒོམ་པར་བྱ།། རྡོ་ཉིད་འཛིན་ལས་བྱུང་བ། སེམས་ཅན་ཀུན་གྱིས་ཕྱག་བྱས་པའོ།། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཨོཾ་ཤཾ་ཀ་རེ་ཤཱནྟི་ཀ་རེ་གྷུཊྚ་གྷུཊྚི་ནི ་ཏ་ཡ་གྷུཙྪི་ན་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊ་ནི་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རིག་པའི་ལྷ་མོ་བཞིའོ།། སྐུ་ནི་ལུས་ཀྱི་ངོ་བོ་ཡིས།། ཐུགས་ནི་སེམས་ཀྱི་རྣམ་པ་ཉིད།། གསུ ་ནི་ངག་གི་རྣམ་པ་ཡིས།། མཆོད་ན་མཆོད་པའི་བདག་ཉིད་འགྱུར།། སྐུ་གསུང་ཐུགས་ཀྱི་གསང་བ་ནི།། མཁས་པ་ཡིས་ནི་བསྲུང་བྱ་སྟེ། བསྲུངས་ན་མཆོག་ཏུ་གསང་བ་ནི།། རྟག་པར་ཀུན་ཏུ་འབྱུང་བར ་འགྱུར།། དངོས་པོ་ཡོངསུ་དག་པ་ནི།། མེད་པས་ཀུན་ཏུ་བརྟག་མི་འབྱུང་།། རྣལ་འབྱོར་པ་ཡིས་རྣལ་འབྱོར་ཐོབ། ཚོགས་མེང་ཡང་དག་མི་མཐོང་ངོ་།། དེ་བས་གསང་བའི་ཡེ་ཤེས་འབྱུང་།། རྣལ་འཕྱེ ་ཀུན་ཏུ་འབྱུང་བར་འགྱུར།། ཤེས་རབ་ཕ་རོལ་ཕྱིན། བའི་ཐབས།། ཏིང་འཛིན་ཡེ་ཤེས་བརྟགས་པ་ཡིན།། ཆོས་རྣམས་ཐ་མས་ཅད་རྣམ་དག་པ། དག་པ་ཉིད་དུ་གྱུར་པ་ནི།། ཇི་ལྟར་ལྷ་ཡི་ནོར ་བུ་ནི། རང་གི་འོད་ཀྱིས་རྟག་ཏུ་སྣང་།། སྲིད་པ་ཡོངསུ་དག་པ་ཡང་། རྣལ་འབྱོར་རྣལ་འབྱོར་ཐོབ་བྱེད་ཡིན།། རྡོ་རྗེ་དབྱིངས་ནི་གསང་ཆེན་དུ། གང་ཞིག་དབང་བསྐུར་མཁས་པ་ལ།། ཐུགས་ཀྱི ་གསང་བའི་རྣལ་འབྱོར་མཆོག་མཁས་པས་དེ་ལ་བཤད་པར་བྱ།། ཐད་གསང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།། རྒྱ་གར་གྱི་མཁན་པོ་པདྨ་ཀཱ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དག ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་བི་ཛ་ཡ་མ་ཧཱ་ཀལླ་ར་ཛཱ། བོད་སྐད་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ ་