CLOSE WINDOW

L338b: las kyi grogs kyi bya ba
Wyliee-texts produced with BDRC’s OCR application

འཁོང་མ་དྲི་བའི་ཆོ་གལ། རྫོགསྷོ།། དེ་ནས་གཞན་ཡང་བཤད་པ་ནི། ལས་ཀྱི་གྲོགས་ཀྱིས་བདང་སྟེ།། ཞིངའི་ལས་ནི་ཟླ་བ་ཡིན། རྒྱས་པ་དེ་བའིན་མིག་ཏུ་བསྒྲགས། དམ་པ་མན་མནས ་བྱ་སྟེ།། དབང་དུ་བྱ་བ་རིག་བྱེད་ཡིན།། དགུག་པའི་ལས་ལ་དེ་བཞིན་མདའ།། བསྐྲད་དང་མནན་པ་དབང་པོ་བཞིན།། མནན་པའི་རྗེསུ་འབྲངས་པ་ཡིས། བསད་པའི་ལས་ནི་རྒྱ་མཚོར་འདོད།། ལས་རྣམས་དེ་དག་རེ་རེ་ཡང་། ་འཕགས་ཚོགས་མཆོད་སྦྱིན་དང་པོ་སྟེ།། ཉི་མ་གཉིས་པ་གཏོར་མ་སྦྱིན།། གསུམ་པ་བཟླས་པ་རྣམ་པར་འབད། བཞི་པ་སྤྱིར་སྲེག་ཆང་བར་བྱ།། ལྔ་པ་ལས་ཀྱི་འཁོར་ལོ་བསྐོར།། དྲུག་པ་བསམ་གཏད་རྩེ་གཅིག ་བྱང་བདུན་པ་ལས་ཀྱི་ལྷག་ཆང་བསྐང་། གྲངས་ཀྱི་ལ་ས་ལ་ཁྱད་པར་དུ།། ལས་ཀྱི་གཙོར་ནི་གང་སྒྲུབ་དེའི།། འཁོར་ལོ་བསྐོར་བ་ཉི་མ་བཞི།། ལས་ཀྱི་བ་བྲག་འདི་ཤེས་ན།། ཞི་བས་འཛི ་བ་བརྒྱད་ལས་སྐྱོབ།། རྒྱས་པ་ཡོན་དྲུག་དང་འབྱོར། དང་ངགི་མོས་པ་རྣམས་བཞིར་བསྒྱུར།། དབྱེ་བས་གསང་སྡེ་བརྒྱད་དང་འབྱེད། མནན་པས་དབང་པོ་དྲུག་འཆིང་བྱེད།། གཞན་ཡང་ཇི་ལྟར ་བཞིན་དུ།། སྔགས་དང་རྫས་ཀྱི་སྦྱོང་བ་ལ།། དུབྱ་ན་དངོས་གྲུབ་མི་འགྲུབ་སྟེ།། གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ།། བསམ་པ་འགྱུར་དད་པ་ཉམས། དེ་ཚེ་དངས་གྲུབ་ཞི་བ་ཡང་།། ཕྱིར་བཟློག་འགྱུར་བར་གདོན་མ ་ཟ་དད་པ་བརྟན་པར་བསྒྲུབས་པས་ན།། ནམ་མཁའ་མེད་པར་གྱུར་ན་ཡང་། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།། ལྷ་དང་དྲང་སྲོང་གིས་བཤད་པའི།། རིགས་སྔགས་བསླུ་བ་མི་སྲིད་ན།། འདོད་ཆགས་བྲལ་བར་བ ་པ་ཡི།། གསང་སྔགས་སྦྱོང་བས་བསླུ་བ་ནི། མ་བྱུང་འབྱུང་བར་མི་འགྱུར།། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་ལ་ཐེ་ཚོམ་མེད་པ་ཡི།། མཁས་པ་ལ་ནི་དངོས་གྲུབ་ཉེ།། རྟོག་ཅིང་དཔྱོད་པའི་རྟོག་པ།། དེ་ལ ་སྒྲུབ་པའི་དངོས་གྲུབ་རིང་།། མན་ངས་དམ་པ་བན་བྱས་ཀྱང་། སློབ་མ་ཡིད་གཉིས་ན་གྱུང་ན། དེ་ལ་དངོས་གྲུབ་རིང་བང་བཤད། ཟླ་བས་མད་ངགྲ་སྲས་བྱས་ཀྱང་། སློབ་པ་ཡིད་གཉིས་མི་ཟ་ཞིང་། བླ་མའི་མན་ངག ་བ་ཞེས།། གཅེས་སྤྲས་བྱས་ན་འགྲུབ་པར་ངེས།། དེ་ཡ~ཾ་པིར་ན་སྔགས་པ་ཡིས།། རང་གི་ཡིད་གཉིས་སྤང་པོའི་ཕྱིར།། བླ་མ་མཉེས་པར་བྱ་བ་གཅེས།། བསྙེན་བཀུར་བྱས་པས་ནུས་མཐུ་ཆེ། གསང་སྟེ་བརྗོད་པས་བར ་ཚད་མེད། ཡོན་ཏན་དུལ་བ་བྱས་པས་ནི།། རང་སེམས་རིན་ཆེར་རྣམ་གཉིས་འགྱུར། རིག་ཆེན་གཉིས་ལས་གྲུབ་པར་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ།། བསྡུ ་པ་དག་ནི་རུ་བས་ན།། ཇི་ལྟར་ཡིད་བཞིན་ནོར་བུ་ཡང་།། ག་གིས་བསྔགས་པ་མ་བྱས་ན།། དེ་ལ་འདོད་དོན་མི་སྟེར་རོ།། དད་པས་ངས་རྒྱས་དད་པ་ཆོས། དད་པ་དགེ་འདུན་དད་པ་མ།། དད་པ་བླ་མ་དང ་བ་པ།། དད་པ་ལམ་ཆེན་དད་པ་གྲུ།། དད་པ་ཡིད་བཞིན་ནོ། བུ་སྟེ།། དད་པ་གསང་སྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོང་ཡིན་ཏེ། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་སེམས་དང་པ་བསྐྱེ ་པའི་ཕྱིར།། གཞན་ལ་གུས་མ་མཆོག་ཏུ་བཀུར།། རྫོག་སྷོ།། ། དེ་ནས་གཞན་ཡང་བཤདུ་ཏ་བ།། སྔགས་པས་རྟག་ཏུ་བརྟེན་པ་ནི། རུ་སྦལ་འོ་མ་ཞེས་བྱ་བ།། དེ་བཞིན་འོད་ཀྱི་ལོ་མ་དང་།། འཇིམ་པ་སྐམ་པོ་ཉིད ་དེ་བཞིན་མེ་ཡི་ཁུ་བ་དང་།། སྒྲ་སྣང་གི་རྫས་དག་དང་།། འདི་རྣམས་རྟག་ཏུ་དབ་དད་ནི།། རང་བཞིར་གྱིས་ནི་ནད་མེད་ཅིང་།། ཚེ་རིང་དབང་པོ་རྒྱས་པ་དང་།། རྟག་ཏུ་ལང་ཚོ་དཔལ་བབ།། ལྷ་རྣམས་ཀུན་གྱིས་བྱིན་གྱིས་རློབ ་ལ་དཔྱད་པར་མི་བྱ་སྟེ།། མཐུ་དང་ངོ་བོ་ཉིད་ཀྱིས་གྲུབ།། ཏིང་འཛིན་སྔགས་ཀྱིས་བྱི་རླབས་ནས། ལས་ཀྱི་རྣམ་སྨིད་སྦྱོང་བར་བྱེད།། རིག་པ་འཛིན་པའི་ས་ལ་གནས།། དེ་པིར་ཆོ་ག་བཞིན་དུ་བརྟེན། ཚེས་ཅིག་སྐྱ་རེང་ཤར ་སྣོད་ལ་པ་རེག་དུ་སྦལ་འོ།། དྲོད་མ་ཡལ་བར་བཏུང་བའམ། ཡང་ན་ཉི་མའི་སྦུ་གུས་བཏུང་། མར་གྱི་ངོ་ཡི་ཚེས་གཅིག་ལ། འོད་ཀྱི་ལོ་མ་བཙལ་ནས་ནི། དེ་ཉིད་ནས་ནི་བཟུང་བདུ་བ།། ཞག་གསུམ་ཆུ་ཡིས ་ཆར་བ་བཏང་།། ལོ་མ་ད་བཅད་བཟའ་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང་།། འཇིམ་པ་སྐམ་པོ་སྤར་ནས་ནི།། ཞག་གསུམ་ཆུ་ཡི་ནང་དུ་སྤང་།། དེ་བླངས་ནས་ནི་ཡང་བསྐམས་ནས།། པེ་མ་བྱི་ལའི་སྤར་ཚད་རེ།། བ་ཡི ་མ་དང་སྦྱར་ནས། སྔགས་པས་རྟག་ཏུ་བཏུང་བར་བྱ།། མེ་ཡི་སྡོང་པོ་སེར་པོ་ནི།། ས་ཡི་མར་གྱིས་དྲིལ་ནས་ནི།། ཁ་སྦྱར་སྦྱོར་དང་ལྡན་བྱས་ན།། མེ་ཆུ་ས་ཡིས་བཙིར་ནས་ནི། བཏུང་བ་འམ་ཉི་མའི་སྦུ་གུས་བཏུང་། ལན ་ཚྭ་བྲལ་བ་དག་ལ་ནི།། ནགསུམ་འཆི་བའི་སྒྲ་བརྟེན་རྫས། ནམ་གྱི་དུས་ལ་སྔགས་པས་བླང་།། ཆ་གསུམ་སྣད་དུ་ཞག་གསུམ་བཞག་ཁ་མི་ཙནི་བྱུགས་པ་སྟེ། དབུས་མའི་ཆེ་ནི་འདུད་རྩི་ཞིང་། ་རྩ་བའི་ཆ་ནི་དྲོང་བ་སྟེ།། འདི་རྣམས་སོ་སོར་བརྟན་པ་ན། མལ་འབྲས་བུ་གསུམ་གྱི་ཕྱེ།། བྱི་ལའི་སྤང་ཆད་དེ་དང་སྦྱང་།། མ་སྦྱ་ར་ན་ཡང་ཉེས་པ་མེད།། ཚོགས་པར་བསྟེན་ནས་བཟའ་བར་བྱ།། ར་ར ་ཡང་ཉེས་པ་མེད།། དམ་རྫས་རྨ་དུ་བསྒྱུར་ཏེ་བརྟེན་པའི་ཆོ་ག་རྫོག་སྷོ།། ། ནད་མེད་རྣམས་ཀྱི་བྱང་ཆུབ་གྲུབ་རྟགས་བཤད་པའོ།། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལོ།། དེ་ནས་ཡང་དག་བཤད་པ་པ ་