CLOSE WINDOW

L338: dpal rdo rje 'jigs byed kyi rgyud ces bya ba
Wyliee-texts produced with BDRC’s OCR application

སླད་ཀྱིས་ལོ་ཙཱ་བ་དགེ་སློང་དམ་གྲགས་ཀྱིས་བཅོས་ལ་དེ་ལས་ཀྱང་དགེ་སློང་རྡོ་རྗེ་གྲགས་ཀྱིས་བཅོས།། རྒྱ་གར་སྐ་དུ། ཤྲཱི་བཛྲ་མ་ཧཱ་བྷཻ་རེ་བ་ནཱ་མ་ཏནྟྲ་ཁོད་སྐདདུ།། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཅེས ་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁྲོས་པའི་རྒྱལ་པོ་ཆེན་པོ་ལ་ཕག་འཚལོ།། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི།། བསྒྲུབ་པ་ཡང་དག་རབ་བཤད་དེ།། དེ་ཡིས་ལྷ་རྣམས་ཐམས་ཅད་ལ།། དྲག་ཤུལ་ཆེ་ཞིང་འཇ ་བར་བྱེད།། དེ་ལ་ཐོག་མ་སྔགས་པས་ཡི་དུ་འོང་བའི་གནས་གང་ཡ་ང་རུང་བའི་གནས་ལ་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ལ་གནས་གསུངས་པ་ནི། དུར་ཁྲོད་མ། ཆུ་ཀླུང་གི་འགྲམ ་ཤིང་ཅིག་གམ། མཚན་མ་གཅིག་པ་འམ། བཞི་མདོའམ། རིའི་རྩམོ་འམ། ཁང་སྟོང་མ། མ་མོའི་ཁྱིམ་འམ། ལྷའི་ཁང་པ་འམ། འཐབ་མོའི་གནས་མ། གྲོང་ཁྱེར་རོམ། ནགས་ཁྲོད ་དམ་གྲོང་ལ་སོགས་པའི་གན་སུ་སྔགས་པ་གནས་ཏེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྡོ་རྗེའི་འཁོར་ལོའི་མིང་གི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པས་དབང་དང་། དགུགས་པ་དང་། བསད་པ་དང་། བསྐྲད ་བ་དང་། དབྱེ་བ་དང་། རེངས་པ་དང་། རལ་གྲི་དང་། མིག་སྨན་དང་། ས་འོག་དང་། རིལ་བུ་དང་། གསེར་འགྱུར་དང་། བཅུད་ཀྱི་ལེན་པ་དང་། ནོར་དང་། འབྱུང་པོ་དང་། རོ་ལངས་དང་། ཤ་ཟ་དང་། གནོད་སྦྱིན་དང་། གནོད་སྦྱིན ་མོ་དང་། ཀླྀ་ལ་སོགས་པའི་ཆོ་ག་འདིས་བསྒྲུབ་པར་བྱའོ།། དེ་ལ་ཆོ་ག་ནི་དང་པོར་རེ་ཤིག་སྔགས་པས་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ།། མཚན་པད་ན་གཅེར་བུ་སྐྲ་བསིལ་བ་བས་ལ་འཕགས། ་པ་མ་ཧའི་གདོང་ཅན་གྱི་རྣལ་འབྱོར་གྱིས་དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲིས་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་རྒྱན།། དྲིལ་བུ་དར་གྱི་འཕན་ལ་སོགས།། མེ་ཏོག་ཕྲེང་བས་རྣམ ་པར་ཀླུབས།། གྲཝ་རྣམས་དག་ནི་ཐམས་ཅ་དང་།། སྒོ་ཁྱུད་ཀྱི་ནི་ཕུགས་དག་ཏུ།། རྡོ་རྗེ་རིན་ཆེན་གྱིས་སྤྲས་པ།། ཟླ་བ་ཕྲད་པ་དེ་བཞིན་ནོ།། དེ་དབུས་འཁོར་ལོ་བྲི་བ་ནི།། རེའུ་མིག་དགུ་པ་ཟླུམ་པོའོ།། སྒོ་གཅིག ་ནི་དབྱེ་བར་བྱ།། ལྷག་མ་ཡོངསུ་བཅད་པར་བྱ།། དེ་དབུས་མི་རོ་བྲི་བར་བྱ།། ཤར་དུ་མགོ་བོ་ལྷོར་ལག་པ།། ནུབ་ཏུ་རྒྱུ་མ་བྱང་དུ་རྐང་པ་གཉི་ས།། ཤར་གྱི་གྲར་ཐོད་པ།། ལྷོར་ཐད་ཚལ།། ནུབ་ཁང་དུ་དུ ་ཁྲོད་ཀྱི་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་ལ་བཙུགས་པ་འོ།། དེག་ནི་འཁོར་ལོའི་དབུསུ་མཚན་མའི་ཕྱག་རྒྱ་ལྔའོ།། དེ་ནས་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ནི་ཤི ་ཕྱོགས་ཀྱི་སྣམ་བུ་ལ་གྲི་གུག་དང་། མཚོན་རྩ་གཅིག་པ་དང་། གཏུ་ན་ཤིང་དང་། ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། ལྕགས་ཀྱུ་ལ་སོགས་པ་རྣམས་བྲིའོ།། ལྷོ་ཕྱོགས་ཀྱི་སྣམ་བུ་ལ་སྟ་རེ་དང་། ་མདའ་དང་། ཁ་ཊྭཱཾ་ག་དང་། དབྱིག་ཏོ་དང་། འཁོར་ལོ་དང་། རྡོ་རྗེ་ཞགས་པ་ལ་སོགས་པ་བྲིའོ།། ནུབ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་དང་། རལ་གྲི་དང་། གྲི་ཆུང་དང་། ཕུབ་དང་། གཞུ་དང་། དྲིལ་བུ་དང་། རླུང་གི་བ་དན ་ལ་སོགས་པ་བྲིའོ།། བྱང་ཕྱོགས་ཀྱི་སྣམ་བུ་ལ་སྡིགས་མཛུབ་དང་། འཕན་རྩེ་གསུམ་པ་དང་། གླང་པོའི་ལྤགས་པ་དང་། རྡོ་རྗེ་ཐོ་བ་དང་། མདུང་དང་། མ་ཐབ་ལ་སོགས་པ་བྲིའོ།། སྒོ་བཞི་དང་གྲཝ་རྣམས ་ལ་རོ་ལངས་ཆེན་པོ་བྲིའོ།། གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན་མར་ཁུ་ཆེན་པོའི་མར་མ་དབུའོ།། མི་དང་ཁོང་བུ་དང་། རྔ་མོ་དང་། ཁྱི་དང་། ཝ་དང་། མ་ཧེ་དང་། གླང་པོ་ཆེ་དང་། བ་ལང་དང་ཁ་མེན་དང་། ལུས ་དང་རཾ་དྲགས་དང་། ཕག་པ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ།། གཞན་ཡང་བྱ་རྒོད་དང་། འུག་པ་དང་ཁྱུ་རོག་དང་། ཁྲ་དང་། ཆུ་སྐྱར་དང་། ཐིང་རིལ་དང་། བཞད་དང་། རྨྱ་བ་དང ་ཁྱིམ་པ་དང་། རི་སྐྱུགས་དང་། ཁྱད་ཆེན་པོ་ལ་སོགས་པའི་ཤ་རྣམས་དབུལ་བར་བའོ།། ཤིན་ཏུ་མཉམ་པར་གཞག་པས་བཟའ་བ་དང་། སྟོན་མོ་དང་། སྦྱིན་སྲེག་དང་། གཏོར་མའི་ལས་བྱའོ།། དཀྱིལ་འཁོ ་གྱི་གྲཝ་ཐམས་ཅད་དུ་ཁྲག་གིས་ཆག་ཆག་བྱའོ།། དཔལ་རྡོ་རྗེ་འཇིགས་བྱད་མ་ཧེའི་གདོང་གི་སྦྱོར་བ་ལ་གནས་པས་ལྷ་བཤོས་ཐམ་ས་ཅད་དབུལ་བར་བྱའོ།། དེ་ནས་སྔགས་པས་སྔོད་དུ ་སྤྱད་པ་བྱས་སྟེ། བདག་ཞི་བར་གྱུར་པའི་ཤིན་ཏུ་འཐུན་པའི་གྲོགས། སམ། བདག་ཅིག་པུ་རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ། གཅེར་བུར་ཕུད་ནས་སྐྲ་བསིལ།། མཚན་ཕྱེད་ན ་ཅང་ཏེའུ་བཀྲོལ་ལ་ཧ་ཧ་ཞེས་བྱ་ཞིང་མཉམ་པར་སྟེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད་པས་འཇུག་པར་བྱའོ།། རབ་ཏུ་ཞིམ་པའི་ཆང་ལ་སོགས་པ་བཏུང་བ་དང་། ་གཟའ་བའི་རོ་རྣམས་དབུའོ།། ཕྱི་ནས་དངོས་གྲུབ་དང་། དངོས་གྲུབ་མ་ཡིན་པ་ལ་དམིགས་ལ་དེར་སྣང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་བསམ་པར་བྱའོ།། དེའི་མདུན་དུ་གཡས་བསྐུམ ་དུ་གནས་ལ་ང་རྒྱལ་དང་བཅས་པས་སེམས་རྩ་གཅིག་ཏུ་ཤིན་ཏུ་མཉམ་པར་གཞག་པས་ཡི་གེ་བཅུ་པའི་སྔགས་བཟླ་བར་བྱའོ།། དེ་ནས་འཇིགས་པ་ཆེན་པོ་བྱུང་ན།། དེ་ལ་སྔགས་པས་འཇིགས ་བར་མི་བྱ་ཏ། གལ་ཏེ་འཇིགས་པར་གྱུར་ན།། དེ་ལ་འགགས་ཆེན་པོའི་བར་ཆོད་འབྱུང་།། བར་ཆད་བྱུང་ན་དངོས་གྲུབ་མི་འགྲུ་བོ།། དེ་བས་ན་སྔགས་པས་འཇིགས་པར་མི་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་འཇིགས ་བྱེད་ཆེན་པོ་དགྱེསོ།། དགྱེས་ནས་ཁྱོད་ཅི་འདོད་ཅེས་གསུངས་པ་དང་། དེ་ལ་རིག་འཛིན་གྱིས་སྨྲ་བ་བ་སྟེ། རལ་གྲི་དང་། ས་འོག་དང་། མིག་སྨད་དང་། གསེར་འགྱུར་དང་། བཅུད་ཀྱིས་ལེན་པའམ། དེ་ལས་གཞན ་ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་ག་སྩོལ་ཅིག་ཅེས་བརྗོད་ན། དེ་ལ་ཐེ་ཚོམ་མེད་པར་སྩོལ་ལོ།། བརྒྱ་ཞིག་ལ་སྔགས་པས་དེག་མ་གྲུབ་ན་ཡང་དེའི་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲོ་བ ་འདི་ནི་འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་སྦྱོར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པ་སྟེ་རྟོག་པ་དང་པོའོ།། དེ་ནས་ལས་ཀྱི་ཚོགས་ཀྱི་ཆོ་ག་རབ་ཏུ་བཤད་དེ་རིམ ་བ་ཇི་ལྟ་བ་བཞིན་དུ།། བསད་པ་དང་བསྐྲད་པ་ལ་སོགས་པ་སྔགས་པ་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་བའི་རྣལ་འབྱོར་གྱིས་བྱ་སྟེ།། དང་པོ་ཁོ་ནར་སྔགས་པས ་རེ་ཤིག་གནོད་མཛེ་སུཾ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་གཙོ་བོ་ཡིན་བའི་ཕྱིར་རོ།། རྣལ་འབྱོར་གྱི་རྒྱུད་ལ་ལྷའི་སྦྱོར་བ་དང་ལྡན་པ། ཐོག་མར་ནི་དེ་བ་སྟེ། དེ་ལ་འདིའི་ལས་ནི་ཇི་ལྟར་བསད ་པར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ། དུག་དང་། ཁྲག་དང་། ལན་ཚྭ་དང་། སྐུ་ཚ་དང་། ནིམ་པ་དང་། དྷ་དུ་རལ་ཁུ་བ་ཡིས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལ་ཚེ་བཅུ་དྲུག་པ་བྱ་རོག་ཆེན་། ་སྒྲོ་རྩའི་སྨྱུ་གུ་འམ།། མིའི་རུས་པའི་སྨྱུ་གུས་གཅེར་བུ་སྐྲ་བཤིགས་པས་ཁ་ལྷོར་བལྟས་ཏེ། མ་ཧེའི་གདོང་གི་སྦྱོར་བས་བྲི་བར་བྱའོ།། མེ་གཉིས་ཀྱི་དབུསུ་བསྒྲུབ་བྱའི་མིང་བཅས་པར་གཞག་ལ་དེ་ཡིགེ་བ ་པས་བསྙིར་ཞིང་ཧཱུཾ་བརྒྱད་བྲི། ཟུང་རྣམ་སུཾ་ཕཊ་ཀྱི་ཡི་གེ་རྣམས་བྲི། བདག་ཉིད་ཚ་བའི་མར་གྱིས་ལུས་བྱུགས་ལ། ཐོད་པ་གཉིས་ཀྱི་དབུསུ་འཁྲུལ་འཁོར་རབ་ཏུ་བཅུག་ལ་སྐྱེད་བུ་གསུམ་གྱི་སྟེང་དུ་བཞི ་ནས་དུ་ཁྲོད་ཀྱིམགལ་བས་མེ་རབ་ཏུ་སྐ་རྗེ་གང་པ་གཡོན་པས་ལྡནན་ལ་མིཐེ་འདྲུ་པའི་སྔགས་བཅཝས། ངོམས་སྲད་ཅིག་གིས་ཐེ་ཚམ་མེད་པ་འཇོའོ།། གནན་ཡང་མ ་ཐེབས་པར་འདོད་ན་འཁོར་ལོ་དེ་ཉིད་རིའི་ཉ་པིས་གཉིས་ཀྱི་དབུསུ་ལེགས་པར་གཞག་ལ་མེ་ཐབ་ཀྱི་འོག་ཏུ་ཁྲུ་བྱེད་བསྐོས་ལ་བཅུག་ནས་པ་སྤང་ན་རིམས་ཅད་ཀྱིས་འཛི།། དེ་ལ་ལེ་ཚེ་བཅུ་དྲུག་པའི ་རབ་ཏུ་སྦྱོར་བ་འདི་གསུངས་ཏེ། འོན་ཀྱང་འདིའི་ཁད་པར་ནི་ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་དང་ལྡན་པ་ཡ~ཾ་གེ་བཏུ་བའི་སྔགས་བསྒྲུབ་བྱའི་མིང་དང་། ལྷན་ཅིག་ཏུ་ཡི་གེ་དང་སྔགས་སྤེལ་ལོ།། སྔ ་དུ་གསུངས་པའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་གཏོགས་པའི་ལྷག་མ་མི་གཙང་བ་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་རས་ལ་བྱུགས་ཏེ། དེ་ལ་སྡོད་དུ་གསུངས་པའི ་གས་འཁོར་ལོ་བྲིས་ཏེ། དུང་ཁྲོད་དུ་སྦས་ན་འཆི་བར་འགྱུར།། ཤིང་གཅིག་གི་དྲུང་དུ་སྦས་ན་བསྐྲད་པར་འགྱུར།། མཚན་མ་གཅིག་པར་སྦས་ན་དབྱེ་བར་འགྱུར།། ཆུའི་ནང་དུ་སྦས་ན་རེངས་པ ་འགྱུརརོ།། ཁྱིམ་དུ་བཞག་ན་ཞི་བར་འགྱུར།། བྱུང་ནས་ལེ་གས་པར་བཀྲུས་ན་གྲོལ་བར་འགྱུར།། གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་གཤིན་རྗེའི་འཁོར་ལོ་སྔོན་གྱི་ཚོགས་དུར་ཁྲོད་ཀྱི་རས་ལ་བྲིས ་ཏེ། དུར་ཁྲོད་དམ། ལམ་བཞི་མདོ་དང་། ཤིང་གཅིག་དང་། གྲོག་མཁར་དང་། ཆུ་འགྲམ་དང་། མཚན་མ་གཅིག་པ་དང་། རྒྱལ་པོའི་སྒོ་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་ཆུ་དང་། དུར་ཁྲོད་ཀྱི་སྩོལ་བས་བསྒྲུབ ་གཟུགས་བརྙན་ཆད་སོར་བརྒྱད་པ་བས་ལ་དེའི་སྙིང་ཀར་འཁོར་ལོའི་སྔགས་བཅུག་སྟེ། མིའི་རུས་པའི་ཕུར་བུས་གནས་ལྔར་གདབ་པར་བྱའོ།། ཚིགས་ཐམས་ཅད་ལ་ཚེར་མ་རྣོན་པོས་དགང་བར་བྱའོ།། དེ་ཟད་པ ་གཉིས་ཀྱི་དབུསུ་བཅུག་སྟེ། དེ་གྲོག་མཁང་དང་གནས་བདུན་གྱི་སས་གཤིན་རྗེའི་འཁོར་ཁྲུ་ག་ཙམ་ཞལ་གཙིགས་པ། གསུས་པ་ཆེ་ག། ཞལ་གཅིག་པ། བག་གཉིས་པ། ཕག་ན་རལ་གྲི་དང་། ཞགས་པ་འཛིན ་པ་གཅར་བུ་སྐྲ་བསིལ་བ་བས་ལ། དེའི་སྙིང་ཁར་ཐོད་པ་གཉིས་བཅུག་སྟེ། ཉི་མ་པད་དམ་ནམ་པྱད་ན་དུར་ཁྲོད་རོ་བསྲེགས་པའི་སར་སྦས་ཏེ། ཤིན་ཏུ་རིང་བར་མགོ་ལྷོར་བསྟན་ལ། ཁ་ཐུང་དུ་ཕུབ་ལ་སྤའོ།། ་ཁྱིམ་དུ་འོངས་པ་དང་མཉམ་པར་གཞག་པས་མ་ཧེའི་གཏོང་གི་སྦྱོར་བས་བསྒྲུབ་པའི་མིང་དང་བཅས་པར་ཡིག་བཅུ་པའི་སྔ་གས་བཟླས་པ་བས་ན་ཉི་མ་གསུམ་གྱིས་འཆིའོ།། ཕྱུང་ནས་བཀུས་ན ་ཐར་པར་འགྱུར།། དེ་ནས་རེངས་པའི་རབ་ཏུ་སྤྱོད་བ་ག། སུངས་ཏེ།། ཏེའུ་ལོ་བའི་ལྤགས་པ་ལ་དུག་ལ་སོགས་པའི་རྫས་ཀྱིས་ཡི་གེ་བཅུ་པའི་སྔགས་བྲིས་ལ། ལྤགས་པ་དེ་བསྒྲུང་བའི ་རྐང་རྗེས་ཀྱི་རྡུལ་དང་། གཅིན་བཏང་བའི་ཤུལ་གྱིསས་བཀང་ལ་དེའི་སྦས་བཅིང་བར་བྱའོ།། ཕྱི་ནས་བོང་བུའི་གཅིན་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ་ཁམ་པོར་དགང་བདུ་བའོ།། དེང་ཁོ ་ལོ་བཅུག་ལ་རེ་བསྲེགས་པའི་མེ་ལ་བཞག་སྟེ།། རྐང་པ་གཡོན་པས་མརན་ལ་གཤིན་རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔགས་བཟླས་པ་བས་ན་ཞག་གཅིག་གིས་རེངས་པར་བྱེ་།། འདི་ནི་ཕྱིས་རྗེསུ་གཟུང་བ ་མི་འགྲུབ་པའི་རབ་ཏུ་སྤོང་བའོ།། སྔགས་པས་ཤིན་ཏུ་ཁྲོས་པས་རབ་ཏུ་སྤོང་བར་བྱའོ།། གཞན་ཡང་དཔེ་བའི་རབ་ཏུ་སྦྱོངར་བ་འདི་ནི་གཤིན་རྗེའི་འཁོར་ལོ་སྔོན་གྱི་ཚོ་གས་བྲེས་ལ། གནས་བདུན་གྱིསས ་མ་ཧེ་དང་། རྔབྱས་ཏེ། དེ་གཉིས་གཅིག་གི་སྟེང་དུ་གཅིག་བཞག་ལ། དེ་གཉིས་ཀྱི་སྙིང་ཀར་འཁོར་ལོ་བཅུག་སྟེ། ནིམ་པའི་ཤིང་དྲུང་དུ་བནའོ།། འཁོར་ལོ་ཡང་བ་ཧེ་དང་རྟའི་ཁྲག་གིས་བྲིས་ཏེ། འདི་སྔ ་ཀྱི་བྱེ་བྲག་སྟེ། ཤིན་ཏུ་མཉམ་པར་གཞག་པས་བས་ན་འག་གསུམ་གྱིས་འབེད་པར་བྱེ།། དེ་ནས་སྔགས་པས་བསྐྲད་པར་འདོད་ན་གནས་བདུན་གྱི་སས་རྔ་མོ་བས་ལ། དེའི་རྒྱབ་མ ་ཡཾ་ཡོངསུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་དམིགས་ཏེ། དོའི་སྟེང་དུ་བསྒྲུབ་བྱ་དཔོགས་ལ། དེའི་རྒྱབ་ཏུག་ཤིན་རྗེའི་གཟུགས་ལག་པས་དབྱུབ་པ་འཛིན་པར་དམིགས་ཏེ་དེ ་དབྱུག་པས་རྔག་ཅིང་ཁ་ལྷོ་རུ་བལྟས་ནས་ཁྲིད་པར་རྣམ་པར་བསམ་པར་བྱའོ།། འཁོར་ལོ་དེ་དེའི་སྙིང་ཀར་གོང་དུ་གསུངས་པའི་ཆོ་ག་ལས་བ་སྒྲུབ་པའི་མིང་དང་སྤེལ་བ་ཡང་དག་པར་བྲིས་ལ་བཅུག ་ན་ཞག་བདུན་གྱི་ཐེ་ཙོམ་མེད་པར་སྨོད་པར་འགྱུརརོ།། དེ་ནས་གན་ན་ཡང་རབ་ཏུ་སྦྱོར་བ་གསུངས་ཏེ། ཉི་མའི་ཚེས་གཏུམ་པོ་ཆེབའི་མང་ཁུས་བྱུགས་ལ་ནིམ་པའི་ཤིང་ལ་འཛིན ་ནས་དེར་བཞག་ལ་ངའི་ལུས་ཀྱི་མར་ཁུ་ཉ་པིས་ཀྱིས་བཞར་ལ་དེར་གནས་པར་བཟུང་།། མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མ་ཚན་གྱི་རས་བླངས་ལ་དེ་བསྲེགས་པའི་བར་གྱི་དུ་བའི ་དྲག་པ་དེ་དང་མར་ཁུ་དེ་གཅིག་ཏུ་བྱས་ལ་བསྐྲད་པར་འདོད་པ་དེའི་མཆིལ་ལྷམ་ལ་དེ་བསྐུའོ།། དེའི་ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན་སྐད་ཅིག་གིས་དེ་སྐྲོད།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུམ ་བ་ནི་དུར་ཁྲོད་ཀྱི་རས་སཾ། གྲོ་གའི་ལོ་མ་ལ་རླུང་གི་དཀྱིལ་འཁོར་བྱ་རོག་གི་ཁྲག་དང་བྱ་རོག་གི་སྐྲ་གུས་བྲི་བར་བྱ་སྟེ། རླུང་གི་དཀྱིལ་འཁོར་གྱི་དབུསུ་བསྒྲུབ་བྱའི་མིང་དང་སྦལ་ཏེ་གཏོར་མ་ཟ་བའི་མགྲིན ་པར་བཅིངས་ལ་ཁ་རོག་གཟུང་ནས་མ་ཧེའི་གདོང་པའི་སྦྱོར་བར་གནས་པས་ཁ་ལྷོར་བལྟོས་ལ་འཕ་ང་སྟེ། དེའི་སྐད་ཅིག་གིས་བ་རོག་བཞིན་ས་ཀུན་ཏུ་འཁོར།། གཞན་ཡང་བསྐྲད་པ་ནི་ཚ་བའི་མར་ཁུས ་བསྐུས་ལ་ནིམ་པའི་ཤིང་ལས་གཏོར་མ་ཟ་བའི་ཚད་བླངས་ལ། ཚང་དེའི་ཤིང་བའི་ནགས་ཀྱི་ཤིང་པས་བསྲེགས་པའི་ཐལ་བ་དེ་བླངས་ལ་གང་གི་མདོར་བླུགས་པ་དེ་སྐྲོད་པར་འགྱུར་རོ།། གཞན་ཡང་དབྱེ ་རབ་ཏུ་སྦྱོར་བ་ནི། བ་རོག་དང་འུག་པའི་བཤོག་པ་དང་། བྲམ་ཟེ་དང་། གཏུམ་པ་རྣམས་ཀྱི་སྐུ་གཅིག་ཏུ་བྱས་ལ། དུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། དུ་བ་མེད་པའི་མེས་བསྲེགས་ལ།། དེའི་ཐལ་བ་བླངས ་ལ་ཡི་གེ་བཅུ་པའི་སྔགས་བཟླས་ནས་བུད་མེད་དང་སྐྱེས་པ་གཉིས་ཀྱི་བར་དུ་ཐལ་བ་བཞག་ན། དེ་སྐད་གཅིག་གིས་འབྱེད་པར་བྱེདོ།། དེ་ནས་དུར་ཁྲོད་ཀྱི་རས་བླངས་ལ་དུག་ལ་སོགས་པའི་རྫས་ཀྱིས་བྲན ་པའི་བར་དུ་བསྒྲུབ་པའི་པིང་བྲིས་ལ་ཟེར་མོ་དང་། སྦྲུལ་གྱི་སྤུ་དང་། ལྤགས་པ་བླངས་ཏེ། དེ་ལ་བཙུགས་ནས་སྡོང་བུ་བྱས་ཏེ། གང་གི་ཁྱིམ་དུ་སྤར་བ་དེར་ཕན་ཚུན་འཐབ་པར་འགྱུར། ་དེ་ནས་བསད་པར་འདོད་པ་ནི་བཤང་གཅི་ལ་གཟུགས་བརྙན་བྱས་ལ། དེའི་སྟེང་དུ་རུས་པ་ཕྱེ་མས་རབ་ཏུ་བྱུགས་ལ། དུར་ཁྲོད་ཀྱི་མེ་ལ་སྐྲ་བཤིག་པ་བྱས་ལ། ཁ་ལྷོར་བལྟས ་མ་ཧེའི་གདོང་པའི་སྦྱོར་བས་དམ་པད་ན་དེ་བཏུབས་ལ་སྲེག། གང་གི་མིང་དང་བཅས་པར་བྱས་ན་ད་སྐད་ཅིག་གིས་འཆིའོ།། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཉིད་ཀྱི་རབ་ཏུ་སྦྱོར་བ་འདི་གསུང་སོ།། དེ་ནས ་བསྐྲད་པར་འདོད་པས་རྒྱལ་མཚན་གྱི་རས་ལ་ལ་ཚེ་བཅུ་དྲུག་པའི་འཁོར་ལོ་ལ་ཡིག་བཅུ་པའི་སྔགས་སྔོན་དུ་གསུངས་པའི་རྫས་དང་དུར་ཁྲོད་ཀྱི་སོལ་བས་གང་གི་མིང་དང་བཅས་པ་བྲིས་ཏེ། ནིམ་པའི ་ཤིང་ལ་རྒྱལ་མཚན་བཞག་ན་དེ་སྐྲོད་པར་འགྱུར།། དེ་ནས་རེངས་པར་འདོད་པས་གཤིན་རྗེའི་འཁོར་ལོ་གཡམ་པ་འམ་རས་ལ་བ་བླ་དང་ཡུང་བས་གང་གི་མིང་དང་བཅས་པ་ལེགས་པར་བྲིས་ལ་བཞག ་ན། དེ་རེངས་པར་འགྱུར།། གལ་ཏེ་སྔགས་པས་དབང་དུ་བྱ་བར་འདོད་ན། གྲོག་མཁར་གྱི་ས་དང་། གུང་གུམ་དང་། གི་ཝང་དང་། ཁྭ་བླ་དང་། ཡུང་བ་རྣམས་ལྷན་ཅིག་ཏུ་བྱས་ཏེ། བསྒྲུབ་བྱ ་པོ་འམ། གལ་ཏེ་མོའི་གཟུགས་བརླན་ཚད་སོར་བཅུ་དྲུག་པ་བས་ལ་གི་ཝང་དང་། སྲིན་ལག་གི་ཁྲག་གིས་གྲོ་ག་ལ་གཤིན་རྗེའི་འཁོར་ལོ་བྲིས་ཏེ། དེའི་སྙིང་ཀར་བཅུག་ནས་རང་གི་ཁྱིམ་དུ་བཞག་ལ ་མདོག་དམར་པོས་དུས་གསུམ་དུ་དབུལ་བ་དང་། ཁ་ནུབ་ཏུ་བལྟས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན། ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུར་ན་ཡང་ཕྲ་མོའི་མི་ལྟ་ཅི་སྨོས། དེ་ནས་ཡང ་དགུགས་པར་འདོད་དེ། དེ་ལ་ཐོད་པ་ལ་འཁོར་མོ་གི་ལ~ཾ་ད་སྲིད་ལག་ཁྲག་གིས་བྲིས་ཏེ། སེཾང་ལྡེང་གི་བེ་ལ་བསྲོ་ཞིང་གདུ་བའི་མིང་དང་བཅས་པར་བཟླས་པ། དེ་སྐད་ཅིགིས་རླུང ་ག~ཾ་ཤུགས་པའི་དུ་འགུགས་པར་འགྱུར།། དེ་ནས་སྔགས་པ། ས་སྨོས་པར་བྱ་བར་འདོད་ར་ང་དུའི་འབྲས་བུ་བླངས་ལ། དང་ལྷརན་ཅིག་ཏུ་ཤིང་སྲིས་གྱིས་ཟས་པའི་ཕྱི་མ ་བསྲས་ནས་བཟའ་བ་དང་བཏུང་བ་ལ་སྤྱིདོ།། སྔགས་ཀྱང་བཟླས་པ་བྱ་སྟེ། དེ་སྐད་ཅིག་གིས་སྒོ་བར་འགྱུར་ཞིང་ཞག་བདུན་གྱིས་འཆིའོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི ་སྔགས་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པའི་རྫས་ཀྱིས་བྲིས་ཏེ། མར་མ་ཆེན་པོ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་བྱས་ལ། དེའི་སྙིང་ཀར་འཁོར་ལོ་བཅུག་ནས་པའི་གནསུ་སོང་ལ་རོ ་བསྲེགས་པའི་མེ་ལ་མཚོན་རྣོན་པོས་བརྟུབས་ནས་རྣམ་པར་བརྩེགས་པའི་སྦྱོར་བས་རྣལ་འབྱོར་པ་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ། ཁ་ལྷོར་བལྟས་ནས་བསྲེགས་ན་ད་མྱུང ་དུ་འཆིའོ།། དེ་ནས་དཔྲལ་བའི་རབ་ཏུ་སྦྱོང་བ་བྱུང་བ་ནི་བ་རོག་དང་འུག་པའི་རུས་པ་བླངས་ལ་དེ་གཉིས་ལ་ལྕགས་ཀྱི་ཆར་མས་བསྒྲུབ་པའི་མིང་དཔལན་ཅིག་ཏུ་ཡི་གེ་བཅུ་པའི་སྔགས་བྲིས་ལ། གཅིག་པུ ་གནསུ་གནས་ཏེ། གང་གི་མིང་དང་བཅས་པར་བཟླས་ཤིང་། དེ་གཅིག་ལ་གཅིག་བྲུད་ན་འབྲལ་བར་འགྱུརརོ།། དེ་ནས་གཤིན་རྗེའི་འཁོར་ལོ་གྲོ་གའི་མདབ་མ་ལ་བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྦལ ་བའི་གསུས་པར་བཅུག་ན། གང་གི་མིང་དང་བཅས་པ་ཐམ་པའི་འོག་ཏུ་སྦས་ན། དེའི་ཡན་ལག་མཚན་གྱིས་འབུགས་པར་འགྱུརརོ།། དེ་ནས་བུ་མོ་རེངས་པའི་རབ་ཏུ་སྦྱོར་བ་འདི་གཤིན་རྗེའི་སྔགས་དུར ་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་བྲིས་ལ། རོ་བསྲེགས་པའི། སོལ་བས་གཟུགས་བརྙན་མཐོ་གང་ཙམ་གྱི་ཚད་བརྩིགས་ལ། དེའི་སྙིང་ཀར་འཁོར་ལོ་བཅུག་ནས་རྐང་པ་གཡོན་པས ་མནན་ལ། མ་ཧེའི་སྦྱོར་བས་ཆེ་གེ་མོའི་བུ་མོ་མྱུར་བར་རེངས་པར་གྱུར་ཅིག་ཅེས་ཡི་གེ་བཅུ་པའི་སྔགས་བཟླས་ན་རེངས་པར་འགྱུར།། འདི་ཡི་ལས་རྣམས་ནི་གཞན་སུ་ལ་ཡང་སྦ་བར་མི་བྱའོ།། ་གལ་ཏེ་སྔགས་པ་རྨོངས་པའི་བདག་ཉིད་ཅན་གྱིས་ནི་དམྱལ་བར་ངེས་པར་ལྷུང་།། དཀོན་མཆོག་གསུམ་ལ་གནོད་པ་དད་པ་དང་། བླ་མ་ལ་བརྙས་པར་བྱེད་པ་དང་། དམ་ཚིག་དང་བྲལ་བ་དང་། སྔགས་དང ་རྒྱུད་ལ་འང་བར་བྱེད་པ་དང་། སེམས་ཅན་ལ་འཐབ་འདི་རྣམས་ལ་ཕན་པའི་ཕྱིར་སྔགས་པས་སྙིང་རྗེ་གདུངས་པའི་སེམས་ཀྱིས་གནོད་པ་རབ་ཏུ་སྦྱང་བར་བྱའོ།། གལ་ཏེ་གཞན་ལ་བས་ན་དམ་ཚིག ་ཁམས་ནས་ཚ་བ་ཆེན་པོར་འགྲོའོ།། ངས་རྒྱུད་གཞན་དུའང་བཤད། སློབ་དཔོན་ལ་ནི་སྨོད་བྱེད་དང་། ཐེག་པ་ཆེན་པོ་སྐུར་པ་དང་།། སྔགས་རྒྱུད་རབ་སྤྱོང་ཡེ་ཤེས་ལ།། འབ་བར་བྱེད་པའི་མི་གང་དག། དེ་ནི་འབད ་ལ་བས་དཔ་དུང། ཡང་ན་གནས་ནས་གཡོ་བ་ག། རྣལ་འབྱོང་སྙིང་རྗེ་མེད་པ་ཡིས།། གཞན་ལ་རུང་རུང་བྱས་ན་ནི།། དེ་ལ་དེ་བཞིན་ལས་དེ་ནི། ཕྱིར་ལྡོག་པར་ནི་འབྱུང་བར་འགྱུར།། ཅི་ཕྱིར ་ཐོ་བརྩམ་པར།། རྣལ་འབྱོར་པ་ནི་འདི་ལའོ།། འདི་ནི་འཇམ་དཔལ་འཇམ་པའི་མཆོག། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་ལས་ཐམས་ཅད་གྲུབ་པའི་རྟོག་པ་སྟེ་གཉིས་པའོ།། ་དེ་ནས་གོ་རིམས་ཇི་ལྟ་བའི་ཚོ་གས་སྔགས་གཏུབ་རབ་ཏུ་གསུངས་ཏེ། རབ་ཏུ་གཙང་བའི་ཡུལ་ཁམ་སུ་སྔགས་པས་གནས་ལ་སྔགས་བཏུ་བར་བྱ་སྟེ། ཇི་ལྟར་དྲུག་པའི་དང་པོ་དང་། ལྔ་པ་ཡི་ནི་ལྔ་པ་དང ་དྲུག་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་གཉིས་པ་དང་ལྡན་པ།། གཉིས་པ་ཡི་ནི་གསུམ་པ་ལ། ཡང་ནི་དབྱངས་ཡིག་གཉིས་པ་ལྡན།། བདུན་པ་ཡི་ཡང་ག་སུམ་པ་དང་།། བཞི་པ་ཡི་ཡང་གསུམ་པ་ལ།། དབངས ་ཡིག་བཅུ་གསུབ་དང་ལྡན་པོ། ལྔ་པ་ཡི་ཡང་ལྡ་པ་ལ། དབྱངས་ཡིགབཅུ་གཅིག་དང་ལྡན་པ། དྲུག་པ་ཡི་ནི་དང་པོ་དང་། ཡང་ནི་རླུང་གིས། བོན་སྦྱིན། ལྔ་པ་ཡི་ཡང་ལྔ་པ་ལ།། བཅུ་དང་གཙིགས ་མནན་ལྡན་པ། བཞི་པ་ཡི་ནི་གསུམ་པ་ལ།། བཅུ་གསུམ་པ་ཡིས་མཉམེ་མནན་པ།། དྲུག་པ་ཡི་ཡང་གཉིས་པ་ལ།། དུའངས་ཡིག་ལྟ་བ་དང་ལྡན་པ།། གསུམ་པ་ཡི་ནི་ལྔ་པ་དང་། རླུང་གིས་ས་བོན་ད་ནས་སྦྱིན། ་དབྱངས་ཡིག་བཅུ་གསུམ་ཡང་དག་ལྡན།། བཞི་པ་ཡི་ནི་གསུམ་པ་དང་།། དེ་ནས་རླུང་གི་ས་བོན་སྦྱིན།། དྲུག་པ་ཡཾ་ཡང་དང་པོ་དང་།། བཞི་པ་ཡི་ནི་གསུམ་པ་དང་།། དེ་ལ་རླུང་གི་ས་བོན་ནི།། དབྱངས་ཡིག་བཅུ་གསུམ་པ་དང ་ལྡན་བཞི་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། དེ་ནས་མ་ཡི་ས་བོན་སྤྲིན།། རླུང་གི་ས་བོན་དེ་བཞིན།། དེ་ནས་ཡི་གེ་ཐ་མ་སྦྱིན།། དབྱངས་ཡིག་བཅུ་གཅིག་པ་དང་ལྡན།། རླུང་གི་ས་བོན་དེ་བཞིན་མཆོག། དྲུག ་བ་ཡི་ནི་དང་པོ་དང་།། དེ་ནས་ཡི་གེ་ཐ་མ་སྦྲིད།། དབངས་ཡིག་བཅུ་གཅིག་པ་དང་ལྡན།། ཡང་ནི་རླུང་གི་ས་བོན་དང་།། གཉིས་པ་ཡི་ནི་དང་པོ་དང་།། དེ་ནི་གཉིས་འགྱུར་ལྡན་པར་བ།། བཞི་པ་ཡི་ནི་ལྔ་པ་ལ།། དབངས་ཡིག་གསུ ་བ་དང་ལྡན་པ།། དེ་ནས་མེ་ཡི་ས་བོན་དང་། ལྔ་པོ་ཡི་ནི་ལྔ་པ་དང་།། དེ་ནས་རླུང་གི་ས་བོན་སྦྱིན།། དང་པོར་རྣམ་པར་སྣང་མཛད་སྤྱིར། མཆོ་གི་དབང་ཕྱུག་དང་སྦྱང་བ། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་པོ་ནི། ་མཁས་པས་ལན་གཉིས་བརྗོད་པར་བ།། འདི་ནི་འཇམ་དཔལ་ཞེས་བྱ་བའོ།། འཇིགས་བྱེད་ཆེན་པོ་རྒྱུད་འཁོར་ལོ།། མ་སེ་གདོང་ཅན་རྩ་སྔགས་ཏེ། འབུམ་བཟླས་པ་ཡིས་ལས་ཀུན་བྱེད།། འདི་ནི་སྔགས་ཀྱི་རྒྱལ་པོ་སྔ ་མབྱུང་འཐུང་བར་མི་འགྱུའོ། བདུད་པ་ཡི་ནི་བཞི་པ་ལ། དབྱངས་ཡིག་པ་ཞི་བ་དོང་ལྡན་པ། མ་ཡིས་ས་བོན་འོག་ཏུ་སྦྱིན།། དེ་ནས་མངའ་བདག་བཅུ་དྲུག་མཐའ། འདུན་པ་ཡི་ནི་གཉིས་པ་ལ། དབངས ་ཡིག་བཞི་པ་དང་ལྡན་ཞིང་།། གསུམ་པ་ཡི་ནི་དང་པོ་ལ།། འོག་ཏུ་མེ་ཡི་ས་བོན་གདབས།། མངའ་བདག་བཅུ་དྲུག་མཐའ་མ་སྟེ།། དྲུག་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ། ་དང་པོ་ཡི་ཡང་དང་པོ་དང་། དབྱངས་ཡིག་བདུན་པ་དང་ལྡན་པ། འོག་ཏུ་མེ་ཡི་ས་བོར་སྦྱིན།། བཞི་པ་ཡི་ནི་དང་པོ་ལ།། དབྱངས་ཡིག་གཉིས་པ་དང་ལྡན་པ། བཞི་པ་ཡི་ནི་ལྔ་པ་ནི།། མཁས་པ་ཡིས་རི་ལན་གཉིས ་བརྗོད།། དང་པོར་རྣམ་པར་སྣང་མཛད་སྤྱིར།། ཡ་ཚེགས་བརྒྱད་པའི་ས་བོད་ལ། དབངས་ཡིག་དྲུག་པ་དང་ལྡན་ལ། སྤྱི་བོ་རུ་ནི་ཐིག་ལས་རྒྱ།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དབང་པོའོ།། འདི་ནི་སྔ ་ཀྱི་རྒྱལ་པོ་སྟེ། མ་ཧེའི་གདོང་ཅན་སྦྱོར་བ་ཡིས། ཐམས་ཅད་ལས་ནི་བད་པའོ།། ལས་ཀྱི་སྔགསུ་གྲགས་པ་སྟེ། སུམ་འབུམ་བཟླས་ན་ལས་ཀུན་དང་། དྲུག་པ་ཡི་ནི་དང་པོ་དང་། ལྔ་པ་ཡི་ཡང་ལྔ་པ་ལ། དབངས་ཡིག ་གཉིས་པ་དང་ལྡན་པ། བཞི་པ་ཡི་ནི་དང་པོ་སྟེ།། དེ་ཡི་ལྔ་པ་ལྔ་དུ་བནག། དང་པོ་ཡི་ནི་དང་པོ་དང་། དང་བོར་རྣམ་པར་སྣང་མཛད་སྦྱིན། དྲན་པ་དེ་བཞིན་མཐར་ཕྱིན་ན།། སྟོང་པའི་ལྷ་ཡིས་པ ་མངན་པ།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་པོའོ།། འདི་ནི་བ་དེ་གདོང་ཅན་གྱི།། སྙིང་པོའི་སྔགསུ་རབ་ཏུ་གྲགས། ཡི་ག་རེར་འབུམ་བཟླས་ན།། འཇིག་རྟེན་གསུམ་གྱི་ལས་ནི་གང་།། ཅི་ཡང་རུང་བ་ཐང ་བྱེང་།། སྔགས་བཏུ་བའི་ཆོ་གའི་དུས་འདིར་མཆོད་པར་བྱའོ།། འདི་ནི་འཇམ་དཔལ་ཞེས་བྱ་བ།། དཔལ་རྡོ་རྗེ་འཇིགས་དེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་སྔགས་བཏུ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བསྒྲུབ་པ་ཡང་དག་པར་བཤད། སྔོན་ཐ། ཐམས་ཅད་ལ་བདག་མེད་པ་སྔོན་དུ་འགྲོ་བས། ལྔར་དམིགས་པར་བ་སྟེ། དང་པོར་རེ་ཤིག་རང་བཞིན་གྱིས་དག་པའི་སྔགས ་བརྗོད་པས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས། ནམཁའི་དཀྱིལ་དུ་ཡི་གི་རྣམ་པ་ལས་གྲུབ་པའི་རླུང་གི་དཀྱིལ་འཁོང་མདོག་དུ་བའི་རྣམ་པ་བས་མོ།། དེའི་སྟེང་དུ་དང་པོའི་དྲུ ་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷཱིཿཡི་རྣམ་པ་ལས་འཇམ་དཔལ་གཞོནུའི་གཟུགསུ་གྱུར་པར་བསམ་པར་བྱའོ།། དེར་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར ་བསམ་སྟེ། ཉི་མའི་དཀྱིལ་འཁོར་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བ་ལ་སོགས་པ་ཤིན་ཏུ ་བསྐུལ་ཏེ། ཡང་འོངས་ནས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བས་མོ།། དེ་ནས་ཡང་འཇམ་དཔལ་དང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས། ཉི་མའི་དཀྱིལ་འཁོར་དུ་བསམ ་བྱའོ་འོད་ཟེར་འབར་པའི་རྣམ་པས་དཔག་ཆུང་སྟོང་དྲུག་བརྒྱད་ཁྱབ་པར་གསལ་བ་བྱའོ།། དེའི་སྟེང་དུ་སུམདོས་ནག་པར་འང་ཐེབ་ལྔ་དང་ཡང་དག་པར་བསམ་སྟེ་ཧཱུཾ་དེ་ལས་འང་ཟེར་གྱི་རྣམ་པར་འབྲོས་པས་སྔོན་དུ ་གསུངས་པ་བཞིན་དུ་ཡང་ཞུགས་ཏེ། ཡིག་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོའི་འོད་ཟེར་ལྔ་དང་ལྡན་པ་རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས་ཕྲ་མོའི་རྣམ་པ་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་དང་། ཁྲོ་བོ་དང་། རིག་པའི་ལྷ་མོས་ན་མཁའ་ཏིལ་གྱི་གང་བུ་ལྟར་གང་བ་ཉི་མ་ལ་གནས་པ་རྣམ་པར་བསམ་པར་བྱའོ།། དེ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ནི་སེམས་ཅན་ཡོངསུ་སྨིན་པ ་བཏུལ་ནས་བང་ཆུབ་ལ་རབ་ཏུ་བཀོད།། ཡང་དེ་ཉིད་ལྷན་ཅིག་ཏུ་བསྡུས་ནས་རྡོ་རྗེའི་གཟུགས་བརྙན་ལ་རབ་ཏུ་ཞུགས་པར་བས་པོ།། རྡོ་རྗེའི་གཟུགས་དེ་ཉིད་ཞལ་དག་པ། མ་ཧེའི་གཟུགས་ཅན། འཇིག་པའི་དུས་ཀྱི ་མེ་ལྟར་འབར་བ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁབས་གསུམ་ཟ་བར། ནུས་པ། ཞལ་ཅིག་པ། ཧཧ་ཞེས་ལྗགས་འདྲིལ་བ། རྣམ་པར་གཅི་གས་པའི་ཁྲོ་གཉེར་འཇིགས་པ། ཁྲོ་གཉེར་གྱི་འགྲམ ་ནས་སྨིན་མ་དང་སྤྱན་འཇིགས་པ་ཆེན་པོའི་དུས་ལྟར་དྲག་པ། མིའི་ཝ་ག་དང་། ཚིལ་དང་། ཞག་དང་། རྐང་ཟ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སོགས་པ་ལ་སོགས་པ་ལ ་བསྡིགས་མཛུབ་བེ་དག། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། ཁབ་འཇུག་དང་། གནོད་སྦྱིན་ལ་སོགས་པ་ཟ་བ་ཟོད་པ་གཙིགས་པའི་རྩེ་མོ་འཇིག་སུ་རུང་བའི་ཐོད་པས་ཐོདུངས་པ་འཇིགས་པ ་ཆེན་ཅན། ང་ཅོཾ་ཅེས་སྒྲོགས་ཤིང་ཐོད་པའི་འཕང་འཕྲུལ་གྱི་རྒྱར་གྱིས་བརྒྱན་པ། ཞབས་བཅུ་དྲུག་པ། གཅེར་བུའི་གཟུགས་མཚན་མ་གྱེན་དུ་འགྱེན་དུ་འགྲེང་བ།། གཡོན་བརྐྱང་བ། གསུས་པ་ཆེ་ག། སྐྲ་རྐྱེན ་། དུ་བཀྲེས་པ་འཇིགས་པ་ཆེན་པོར་བྱེད་པ། པོ་ཅེས་སྒྲ་སྒྲོགས་པ། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པ། གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ། དཔལ་རྡོ་རྗེ་འཇིགས་པ་ཆེན་པོ། མ་ཧེའི་གདོང ་བསམ་པར་བྱ་སྟེ། དེ་ལྟར་ཤིན་ཏུ་བསམ་པ་བརྟན་པར་བྱས། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་ཏུ་མཉམ་པར་གཞག་པའི་སྔགས་པས་རྟག་ཏུ་བསྒོམ་པར་བྱ་སྟེ། གཡས་དང་པོ་ནི་གྲོ་གུག། གཉིས་པ་ན་མཚོན་རྩེ ་གཅིག་པ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲོ། ལྔ་པ་ན་རྡོ་རྗེ་རྩེ་གཅིག་པ་དྲུག་པ་ན་སྟ་ར། བདུན་པ་ན་མདུང་ཐུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱིག་ཏོ།། བཅུ་གཅིག་པ་ན་ཁ་ཊྭཱཾ་ག ་བཅུ་གཉིས་པ་ན་འཁོར་ལོ།། བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེ་ཐོབ། བཅོ་ལྔ་པ་ན་ར་ལཾ་གྲི་བཅུ་དྲུག་པ་ན་ཅང་ཏེ། འུའོ།། གཡོན་པ་ཡི་དང་བཟོད་པ། གཉིས་པ་ན་མགོ་གོ།། གསུམ་པ་ན་ཕུབ ་བཞི་པ་ན་རྐང་པ་ལྔ་པ་ན་ནགས་པ་དྲུག་པ་ན་གདུ། དུན་པན་སྒྱུམ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ་བཅུ་པམ་དུ་ཁྲད་ཀྱི་རས་བཅུ་གཅིག་པན་སྐྱེས་བུ་གསལ་ཤིང་ལ་གཅུགས་པ། ་བཅུ་གཉིས་པ་ན་མེ་ལག་བཅུ་གསུམ་པནསོད་ཙལ། བཅུ་ནི་པས་རྫོགས་མཇུག་པཅོ་ལྔ་པན་ལ་རྩེ་གསུམ་ག་ཅུ་དྲུག་པ་རཟུ་གས་བྱང་བའི་དུ་ཐོང་ལས་རྒྱམཉིས་ཀྱིས་བླ་པམའི་རྣམ ་པ་འཛིན་པའོ།། མ་ས་གམས་པའི་གམམ་ས། གཉིས་པས་མ་གསུས་པས་བླང་། བནི་ས་པ་། ལྡངས་མ་ཛུག་པ་ཀྱི། དུན་ས་ཙུག་བརྒྱང་ངོས་ལ་ས་སེམས་ལ ་ལམ་ཅནས་ཀྱ་གས་ན་ག་ལ་རྒྱལ་ཅུ་ག་ས་པ་གྱིདག་ས་ན་དས ་མདན་པའོ།། དཔའལ་འཇིགས་བྱེད་ཆེན་པོའི་དང་པོ་སེམ་ལ་ནི་རབ་ཏུ་གནག་པ་མ་ཧེའི་དབ་པཤིན་ཏུ་ཁྲོས་པཅས་རྭ་གཡས་ཀྱི་ཞལ་གསུམ་ལ་དང་བ་སྔོན་པོ།། གཉིས་པ་དབང་པོ། གསུམ་པ་སེང་པོ་སྟེ། མངར་བདག ་གི་འལ་གསུང་ཤིན་ཏུ་ཁྲོས་པ། རཱ་གཡོན་པར་ཞལ་གསུམ་ལ་དང་པོ་དཀང་པོ།། གཉིས་པ་དུད་ཀ། གསུམ་པ་ནག་པོ་རབ་ཏུ་ཁྲོས་པ། གཙིགས་པའི་མལ་རབ་ཏུབས་པ་པར་བྱའོ།། ང་གཉིས་ཀྱི་བར་དུ་དབུས་ཀྱི་འལ་པ ་བོ་རབ་ཏུ་འཇིགས་པ། ཞལ་ནས་ཁྲག་འཛག་པ་བསམ་པ་བྱའོ།། སྟེང་དུ་འཇམ་དཔལ་གྱི་ཞལ་ཅུང་ཟད་སེར་བ་ཡིད་ཙམ་ཁྲོ་བ་བྱིས་པའི་རྒྱར་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ་རྣམ་པར་བསམས་ཏེ ་ཞལ་རྣམས་ཐམས་ཅད་སྦྱར་གསུམ་པར་སྒོབ་སྟེ། འདི་ལྟུང་བདག་ཉིད་རྟག་ཏུ་རྩེ་གཅིག་ཏུ་དམིག་སོ།། དེ་ཉིད་དཔལ་རྡོ་རྗེ་འཇ་གས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དེ་བདག་ཉིད་ཡིན་པར་བསྒོམས་ན ་དཔའ་བོའི་གནས་ལ་གནས་པའི་རྣལ་འབྱུང་བས། དེ་ན་ས་པི་ནས་སྔགས་བཟླ་བར་བྱ་སྟེ། བཟླས་པའི་དུས་སུ་རང་གི་སྙིང་། ཀ་ངིའི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རང་གི་སྔགས་ཀྱི ་ཡིག་དགོད་པར་དུ་བྱའོ།། བར་བ་དང་། པི་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པ་པའོ།། སྦྱོང་བ་འདི་ལ་གནས་པའི་སྔགས་པ་ཡིས།། རྟག་ཏུ་འཇིགས་པད་ལས་ཀུན་བ།། དུང་ཁྲོད་གནས་ལ་བསྒོམ་བྱ་ཞིང་།། རྔག ་བཏུབ་རྫི་ལྔ་རྣམས་བཟའ།། དེ་ཡིས་སྒྲུབ་ལས་སྒྲུབ་གཞན་མེད།། གཞན་ཡང་མང་མ་ཆེ་ཟ་ཞིང་།། མཚན་མོ་རྒྱུ་བའི་རྣལ་འབྱོར་པས།། སུམ་འབུམ་རྩ་བའི་སྔགས་བཟླས་བྱ།། འདི་བཟློཟླས་པ་ཡི་སྔགས་པ་ཡིས། 2 ་ལས་ནི་བད་པར་འགྱུར། འདི་ནི་འཇམ་དཔལ་འཇམ་པའི་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་མེད་པའི་རྒྱུད་ལས་སློམ་པའི་རྟོག་པ་ས་བཞི་པའོ།། དེ་ནས་དཔལ་འཇིགས་བྱེད་ཚི་དཔས་བསྟན་པའི་བྲས་ཆུ ་ལག་ཏུ་གསུས་གཔ་བམས་པམ་ཛུ་བ་ངལས་སེ་མས་ཀྱི་ལ་མ་སྐྱེས་པ་པ་ས་གས་འརྒྱལ་མའམས་བ་པ་ས་འངས་པ ་བ་གཙང་གམཁས་པ། མིང་གསུངས་པ། དད་པ་དང་ལྡན་པ་བརྩེ་བཅག། སྲེད་པ་དང་བྲལ་བ་འདི་ལྟར་ཡོན་ཏན་དང་ལྡ་པའོ།། དེ་ལྟ་བུའི་རི་བོ་མཁན་གྱི་ལག་པས་དཔའ་བོའི་རས་ལ་བྲི་བདུ་བའོ།། གལ་ཏེ ་དངོས་གྲུབ་འདོད་པས་དཔའ་བའི་ཡོད་སྦྱིད་ནོ།། དེ་ལ་ཆོ་ག་ནི་གསང་བའི་གནསུ་གནས་ལ། ཤིན་ཏུ་མཉམ་པར་གཞག་པས་བྲི་བར་བྱ་སྟེ། རི་མོ་མཁར་དང་སྒྲུབ་པ་པོས་མཐོང་བ་ལ་འཇིག་རྗེད་པ་གཞན ་གྱིས་མི་མཐོང་བང་བྲི་བ་བ་སྟེ། འངས་ཅུ་དྲུག་པ། པག་སུབཅུ་རྩ་བནི་པ། ཞལ་དགུ་པ། གཅེར་བུ་ཁ་དོག་ནག་པོ་གཡོན་བརྒྱ་དྲག། འཇིགས་པ་ཆེན་པོ་ཡང་འཇིགས་པར་བྱེད་པའི་རྣམ་པ་ཅན། མ ་མགྱེན་དུ་འགྲེང་བར་ཐང་ཀཽ་བྲི་བར་བྱའོ།། ཞལ་དང་བཾ་མ་ཧཻ། རའི་གཡ་སུ་ཞལ་གིསུམ་པ་སྟེ། སྔོན་པོ་དང་། དབར་པོ་དང་། སེར་པོ་ཤིན་ཏུ་ཁྲོས་པ་བྲི་བར་བྱའོ།། གཡོན་ཏུ་དཀར་པོ་དང་། དུད་ཀ་དང ་ནག་པོའོ།། དེ་གཉིས་ཀྱི་དབུསུ་རབ་ཏུ་དམར་བ་བྲི་བར་བྱའོ།། དེའི་སྟང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཅུང་ཟད་ཁྲོ་བ་བྲི་བར་བྱའོ།། ཕྱ་གཡས་པར་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་། ཆུ་གྲི ་དང་། རྡོ་རྗེ་རྩེ་གཅིག་པ་དང་། སྟ་རེ་དང་། མདུང་དང་། མདའ་དང་། ལྕགས་ཀྱུ་དང་། དབྱིག་ཏ་དང་ཁ་ཊྭཱ~ཾ་ག་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྡོ་རྗེ་ཐོ་བ་དང་། ལ་གྲི་དང་། ཅང་ཏེའུའོ།། ཕྱག་མན་པ་ན་ཐོད་པ་དང་། མ ་བོ་དང་། ཕུབ་དང་། རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུང་ཁྲོད་ཀྱི་རས་དང་། སྐྱེས་བུ་གསལ་ཤིང་གི་ཕུག་པ་དང་། མེ་ཐབ་དང་། ཐོད་ཚལ་དང་། སྡིག་མཛུབ་དང་། འཕན་རྩེ ་གསུམ་པ་དང་། རླུང་གིས་བསྐྱོད་པའི་ངོསོ།། ང་གཉིས་ཀྱིས་གླང་པོ་ཆེའི་ལྗགས་བརློན་པ་འཛིན་པ་བྲིའོ།། ཞབས་གཡས་པས་མི་དང་། ཨ་ཧེ་དང་། གླང་དང་། ཁོང་བུ་དང་། ཇོ་མོ་དང་། ཁྱི་དང་། ལུག་དང་། ཝ་རྣམ་སོ།། ཞམ ་གཡོད་པས་བརྒད་དང་། འུག་པ་དང་། བ་རོག་དང་། ནེ་ཙོ་དང་། ཁྲ་དང་། ཁ་ཆེན་དང་། རི་སྐྱེགས་དང་། བཞད་རྣམ་སོ།། འདི་ལྟ་བུར་འདུག་པའི་རྡོ་རྗེ་འཇིགས་བྱེད་ཆེན་པོ་བྲི་བ་བའོ།། དེའི་འོག་ཏུ་དུར་ཁྲོད་ཆེན་པོ་ཡང ་བྲི་བར་བའོ།། འཇིགས་པ་ཆེན་པོ་བྱེད་པ། སྲིན་པོ་དང་། ཞིང་སྐྱོད་པ་ར་ལངས་དང་། ལྡན་པ་སྐྱེས་བུ་མདུང་རྩེ་གཙུགས་པའི་གཟུགས་དེ་མཐོང་བར་བྱའོ།། ནྱ་གྲོ་དྷའི་ཤིང་དགི་སྟེང་དུ་སྐྱེས་བུ་འཕང་བ་བྲི་བར་བྱ ་སྐྱེས་བུ་བསྲེགས་བཞིན་ཡང་བྲྀ། མདུང་གིས་དུག་པའི་སྐྱེས་བུ་ཡང་བྲི། བ་སྣ་ཚོགས་དང་། བྱ་རོག་དང་། ཁྱི་དང་། ལྷ་སྤྱང་དང་ཧཧ་འབྱིན་པ་བྲི། སྒྲུབ་པ་པོ་རྣམས་ཀྱང་བྲི་སྟེ། བཅོམ་ལྡན་འདས ་ལ་རྩེ་གཅིག་ཏུ་ལྟ་བ་གཅེར་བུ་སླ་བཤིག་པ། ཕྱག་རྒྱུ་ལྔས་རྒྱན་གོ་ཅིང་ཏེའུ་དང་། ཟད་པ་དང་། ཁ་ཊྭཱ~ཾ་ག་འཛིན་པ། ཐོད་པས་སྤྱི་བོར་རྒྱན་པ། དགད་ཅིང་དུར་ཁྲོད་དེ་འཇུག་པ་བྲི། འདི་རི་ག ་བའི་བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱི་སྤོས་དབུལ།། དེའི་བདུན་དུ་དང་ཆེན་གྱི་ཕྲེང་བས་བཟླས་པ་བ། སྔགས་པ་མཉམ་པར་གཞག་པས་དུས་གསུམ་དུ་འབད་ལ་བྲིས་སྐྲ་སྲང ་གཞན་གང་ཡང་མི་བཞའོ།། གཞན་གང་གི་མདུན་དུ་ཡང་མི་དག་མོ།། གླག་པ་དང་། བཏུང་བ་དང་། བཟའ་བ་དང་། སྟོན་མོ་ནི་ཤ་ཆེན་རྟག་ཏུ་མཚན་མ་བཟའོ།། གལ་ཏེ་མཆོག་གི་དངོས་གྲུབ་འདོད་དདུས་གས ་དུརྣམ་པར་སྣང་མཛད་དང་ཁྲག་སྤོས་བྲིས་སྐུའི་བདུད་དུ་དབུམ། འདི་ནི་འཇམ་དཔལ་འཇམ་པའི་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྣལ་འབྱོར་གྱི་རྒྱུད་ལས་བྲིས་སྤུའི་མོ་གའི་རྟོག་པ་སྟེ་ལྔ་པའི། ་། ནས་སྦྱིན་སྲེག་གི་ལས་ཀྱི་ཆོག་གསུངས་པ། ཇི་ལྟར་སྣརོན་གྱི་རིམ་པ་སྟེ། དང་པོ་ང་ཤིག་སྔགས་པས་པའི་གང་སུ་བྱིན་ལ། ཡ་ངན་བདར་སྐྱེད་སྲེག་གི་ལས་ཀུན་བྱས་ཏེ། གང་དུ་གསུངས་པ ་ལྷའི་རྣལ་འབོར་ལ་གནས་པ་ཡིས་ལས་ཐམས་ཅད་པའོ།། དེ་ལ་ལས་ནི་འདི་རྣམས་ཡིན།། གལ་ཏེ་བསད་པར་འདོད་ན་དེར་རིའི་རུས་པ་དང་། རྣམ་པར་སྡང་མཛ་དང་། བོང་བུའི་སྤངས་དང་། ཁིའི་སྤངས། ཚར་པ ་དང་སྐྲ་དང་། སེན་པོ་དང་། དག་ཐཾད་ཚ་བའི་བར་ཁུས་སྦྲུས་ལ། མ་ཧེའི་ཞལ་གྱི་སྦྱོར་བས་ཤིང་ཏུ་མཉམ་པར་གཞག་ལ། ཁ་ལྡོར་བལྟས་ཏེ་རོ་བསྲེག་པའི་མ་ལ། གང་གི་མིང་དང་བཅས་པར་བརྒྱ་རྩ་བརྒྱད ་བསྲེགས་ན་ཐེ་ཚོབ་མེད་པར་དེ་དག་གསུམ་གྱིས་འཆིའོ།། ཡང་དུ་པོ་གས་གཅིག་ཏུ་གནས་ལ་བ་ཐབ་གྲུ་གསུམ་བྱས་ནས་དེར་སྔོན་དུ་གསུངས་པའི་རྫས་ཀྱིས་གཏུམ་པོའི་མེ་ལ་སྦྱིན་བསྲེག ་བྱསྟེ། སྦྱོར་བ་དས་ནི་ལས་དེ་ཉིད་འགྲུབ།། དེ་ནས་དཔྲལ་བར་རྗོད་དུང་རོག་དང་། འུག་པ་དང་། ཟླབ་དང་། སྦྲུལ་དང་། སྒྲ་དང་འབྲས་ཆུབ་དང་། མ་ཧེ་དང་། རྔའི་ཤ་དང་། ལྷན་ཅིག་ཏུ་གང་གི་མིང ་བཅས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་དུང་ཁྲོད་ཀྱི་མ་ལ་བསྲེགས་ན་དེས་འབྲལ་བར་འགྱུར།། ཡང་ན་དུར་ཁྲོད་ཀྱི་ཤིང་ལ་གཏུམ་པའི་མེ་རབ་ཏུ་སྦར་ལ། ཁྲིབ་དུ་གནས་ཏེ། གོང་གི་རྫས་དེ་བསྲེགས་ན། རྡོ་རྗེ ་འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འབྲའོ།། དེ་ནས་བསྐྲད་པར་འདོད་ན་བ་རོག་གི་ཤ་དང་། རྔ་མོའི་རྟུག་པ་དང་། ལྷད་ཅིག་ཏུ་ཆང་དང་ཡང་དག་པར་ལྡན་པ་རླུང་གི་དཀྱིལ་འཁོར་གྱི་དབུ་སུ།། དུར་ཁྲོད་ཀྱི་ཤིང་ལ་ལ ་རབ་ཏུ་སྦར་ལ། གཅེར་བུ་སྐྲ་བཤིག་པར་བསྒྱུར་ནས། ཁ་ལྷོ་ཕྱོགསུ་བལྟས་ཏེ། གཤིན་རྗེའི་སྔགས་ཀྱིས་ཆེ་གེ་མོའི་མིང་དང་བཅས་པར་ལག་པ་གཡོན་པས་སྦྱིན་སྲེག་སྟོང་བྱས་ན། སྐྲོད་པ་ལས་གཞན་དུ་མ་ཡིན།། ་ནས་རེངས་པར་འདོད་ན། ཁ་བླ་དང་། ཡུང་བ་དང་། ལྡོང་རོས་དང་། གི་ཝང་དང་བཅས་པས་དཀྱིལ་འཁོར་གྲུ་བནི་བུ་བྱས་ལ་ཁ་བྱང་དུ་བལྟས་ཏེ་ལས་ཀྱི་རྗེས་འབྲང་བའི་སྦྱོར་བ་དམིགས་ནས། གང་གི་མིང་དང ་བཅས་པར་སྦྱིད་སྲེག་པས་ན། དེ་ཉི་མ་བདུན་གྱིས་རངས་པར་འགྱུའོ།། དེ་ནས་གྲོང་བསླད་འདོདན། ནིམ་པའི་ཤིང་ལམ་པར་ཏུ་སྦྱང་ལ། ཁྱོའི་ཤ་དང་། སྦལ་པའི་ཤ་དང་། ཁྱིམ་པའི་ཤ་དང་། རྔ་མོའི་རྟུག་པ་དང་། ཁྱི་ལ ་ཁྲག་ཅིག་ཏུ་སྡུས་ལ། གཤིས་རྗེའི་སྦྱོར་བ་ལ་གནས་པས། གྲོང་གི་མིང་དང་བཅས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་དབུས་སྦྱིན་སྲེག་སྟོང་དྲག་བཅུ་བྱས་ནགྲོང་སྐྲོད་པར་འགྱུར།། ་ལས་དེ་རྣམས་ནི་ཤིན་ཏུ་ཡང་མཉམ་པར་གཞག་པས་པ་སྟེ། གཞན་དུན་སྔགས་པ་རང་ཉིདི་ལ་འབབ་པར་འགྱུརརོ།། གཞན་གང་ལ་ཡ་ངམི་བསྟན་ནོ།། དེ་ནས་ཞི་བརླབ་པར་འདོད་ན་མེར་དང་། ་སྦྲང་རྩི་དང་འོ་མ་དང་། དུར་བ་དང་། བཅས་པར། བ་ལ་ཤའི་ཤིང་ལ་མ་རབ་ཏུ་སྦར་དཞི་བར་འདོད་པར་དམིགས་ནས་ཡུལ་གྱི་ཤར་ཕོགསུ་ཁ་བལྟས་ཏེ་གནས་པས་དུས་གསུམ་དུ་སྦྱིན་སྲེག ་སྟོང་རྩ་བརྒྱད་པས་ན་དེས་ཡུལ་ཞི་བདྲངས་པར་འགྱུར།། དེ་ནས་རྒྱས་པར་འདོད་ན་ཏིལ་དང་། འབྲས་དང་། ནས་དང་། མར་དང་བཅས་པས་ཨུ་དུམ་པ་རའི་ཤིང་ལ་མེ་རབ་ཏུ་སྤངན་ལས་ཀྱི་རྗེ་སུ་འདྲང་བའི་ལྔའོ་སྦྱོར་བ ་དམིགས་ཏེ། ཁུ་བང་དུ་བལྟས་ནས་མའམ་པས་ཡིགེ་བཅུ་པའི་སྔགས་ཀྱིས་དུས་གསུམ་དུ་སྒྱིད་སྲེག་སྟོང་པས་རྒྱས་པར་འགྱུར།། དེ་ནས་དགུག་པར་འདོད་ན་སྐེ་ཚེ་གཟུགས་བརླདུ་བས་ལ་དེ་ནས་སེང་ལྗང་གི་མེའི ་དབུསུག་ཤིན་རྗེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་འསྲེགས་ནམ་གྲུབ་པ་ཡང་འགྲུབ་པཔར་གྱུར། འི་མངོདུན་གྱིས་གང་འདོད་པ་འཚོམ་མེད་པར་འགུགས། དངས་སྤྱོ་བར་བྱ་བ་འདོད་ན་བྱ་རྒོད་ཆེད་པར་ཚང ་། དང་ཤ་ཆེས་བསྲེགས་པ་སྐྱོ་བར་འགྱུར།། དེ་བུབ་མའི་མེ་ལ་བསྲེགས་དང་དེ་ལེག་སུ་འགྱུར།། དེ་ནས་དང་དོང་པ་ཡིད་བ་བ་པར་འདོད་པ། རས་བལ་གྱི་མེ་ལ་མྲ་དུ་ངའི་འབྲས་བུ་དང་བཅས་པ། ་པ་ངན་པོ་ཡི་གེ་བཅུ་པའི་སྔགས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བས་པ་ཤིན་ཏུ་དུད་ཟོས་པར་འགྱུར། ཨ་རུ་ར་བསྲེགས་ན་སླར་རྫས་དེ་ཉིད་དུ་འགྱུར།། རྗེ་བཙུན་གྱི་མདུན་དུ་ཤ་ཆེད་དང་དང་བཅས་པ་ཟླ་བ་དྲུག་ཏུ ་མཚན་མ་གྱུར་སྲེག་བརྒྱརྒྱ་བརྒྱ་དུ་བས་ན་ཡུལ་ཐམས་ཅད་ཀྱི་བདག་པར་འགྱུར།། བ་ལང་བ་ཤ་དང་རྫག་ཏུ་བཅས་པ་གང་པོ་མིང་དང་བཅས་པར་སྙེད་སྲེག་སོ་རྗེགས་ན་དེ་རྗེ་སྲིད་འཚ་བ་དུ་ཐཾ་དུ ་པར་ཐེ་ཚོམ་མདོ།། ཁྱི་ཤ་རྡོ་རྗེ་ཆུ་དང་བཅས་པར་སྐྱེས་པའི་བདག་ཉིད་ཀྱིས་མཚན་མོ་གང་གི་མིང་དང་བཅས་པ་སྦྱིན་སྲེག་དེ་བརྒྱ་རྩ་བརྒྱད་པས་ན་བདག་ཉིད་ཀྱིས་ནོར་དང་བཅས་པར་དབང་དུ ་འགྱུརརོ།། ཏའི་ཤ་རྣམ་པར་སྣང་མཛད་དང་བཅས་པ་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་གནས་གཅིག་ཏུ་ག་ན་ས་ལ། མཚན་མོ་རྒྱལ་པོ་ལ་དམིགས་ནས་བྱས་ན་ཞག་བདུན་གྱིས ་འཁོར་དང་བཅས་པ་དབང་དུ་འགྱུརརོ།། གླང་པོའི་ཤ་ཁུ་བ་དང་བཅས་པས་མིའི་འཇིག་རྟེན་ཀུན་ལ་དམིགས་ལ་ཡིག་བཅུ་པའི་སྔགས་ཀྱིས་མཚན་པོ་སྦྱིད་སྲེག་སྟོང་བས་ན་ཞག་བདུད་གྱིས་དབང་དུ་འགྱུར།། ་དང་ཤ་དང་ཆང་དང་བཅས་པས་འཇིགས་པ་མེད་པར་རིག་བཅུ་པའི་སྔགས་ཀྱིས་སྦྱིད་སྲེག་པརྒྱ་རྩ་བརྒྱད་པས་ད་བུད་པ་ཐམས་ཅད་དབང་དུ་འགྱུར། དེདས་བསྐྲད་པར་འདོད་ན། བྱ་རོག་གི་ཤམ་འདྲེས་པར་མིག ་བཅུ་པའི་སྔགས་ཀྱིས་གང་གི་མིང་དང་བཅས་པར་སྦྱིན་སྲེག་སྟེང་བས་ན། ཉི་མ་བདུན་གྱིས་རྡོ་རྗེ་འཛིན་པ་ལྟ་བུཾ་ཡ་རབ་ཏུ་འབྲོས་ན། ཕྲ་མ་མོ་ལྟ་ཅི་སྨོས། དན་སུ་བདོག་གི་ཆང་དང་། འབྲས་ཀྱི་ཕུབ་མ་དང་ལྡན་། ་ཏུདྲཱ་དྷུ་རའི་ཤིང་ལ་མ་རབ་ཏུ་སྔར་ནས། ཡི་གེ་བཅུ་པའི་སྔགས་གང་གི་མིང་དང་བཅས་པར་རྣམ་བྱེད་ན་སྦྱིད་སྲེག་པས་ན། ཉི་མ་བདུན་གྱིས་སྐྲོད་པར་འགྱུར།། དེ་ནས་དབང་དུ་བྱ་བར་འདོད་ན་སང་ལྡེང་གི་མེ་ལ་ཏིལ ་དང་འབྲས་དང་བུད་མེད་ཀྱི་མེ་ཏོག་དང་ལྷན་ཅིག་ཏུ་རྡོ་རྗེའི་ཆུ་དང་བསྲེས་ཏེ། རྣལ་འབྱོར་གྱི་གཟུགས་དམར་པོ་དམིགས་ནས་ཁ་ནུང་ཏུ་བལྟས་ཏེ། ཡི་གེ་བཅུ་པ་གང་གི་མིང་དང་བཅས་པར་སྔགས་པས་བསྲེགས ་ན་ཞི་པ་བདུན་གྱིས་དབང་དུ་འདུས་ཏེ། དེ་ཇི་སྲིད་འཚོ་བའི་བར་དུ་མི་འདྲའོ།། དེ་ནས་འགུགས་པར་འདོད་ད་བདུད་རྩི་མར་དང་བཅས་པར་སེང་ལྡེང་གི་མ་ལ་གང་གི་མིང་དང་བཅས་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་པས ་ནདེ་སྐད་ཅིག་གིས་འོང་བར་འགྱུའོ། ལས་འདི་རྣམས་ནི་སྡོད་དུ་བསྙེན་དུ་བྱས་པའི་སྔགས་པས་བྱའོ།། གཞན་པས་བྱས་ན་སྔགས་པ་འཇིག་རྟེན་པས་དཔས་པར་འགྱུར།། ཇི་ལྟར་བ་བྲག་མ ་སྟེ། གང་ལ་ཡང་བེ་བྲག་སྤྱོད་པར་མི་བྱའོ།། བྱེ་བྲག་པ་ནས་སྔགས་པས་དངོས་གྲུབ་མི་འགྲོའོ།། ངས་རྒྱུད་གཞོན་ལ་ས་ཀྱང་བཤད།། ཇི་ལྟར་བྱེ་བྲག་མ་སྐྱེས་པ།། དེ་བཞིན་བྱེ་བའི ་བྲག་སྨྲས།། རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ།། གང་གི་མདུན་དུའང་སྔགས་པ་ཡིས།། དེ་ཕྱིར་ལས་རྣམས་མཐོང་མི་བ།། གཞན་དང་ལྷན་ཅིག་ཏུ་མི་བ།། གལ་ཏེ་སྔགས་པས་ལས་པ་འདོད།། དེ་གཅིག་པུ་ཞིགས ་བྱ་སྔགས་པ་དེ་ཡིས་ལས་ཀུར་བྱེད་།། འདི་ནི་འཇམ་དཔལ་འཇམ་པའི་མཆོག་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས་སྦྱིན་སྲེགི་ལས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ།། ་དེ་ནས་བསམ་གཏར་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བུ་ཡང་དག་པར་གསུངས་ཏེ། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱོར་བ་ལས་དགོས་པ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ། དེའི་ཆ་གའི་དང་པོར་རེ་ཤིག་རྣལ ་པ་མ་ཀོ་བདོ་པའི་སྤྱོར་བ་ལ་གནས་པར་ལྡན་དུ་སྦྱང་བངས་པས་ལས་ཐམས་འདུའོ།། ར་བ་ལསམ་སུ་བྱུང་བར་བར་དཀྱིལ་འ་ཁར་ཀུན་ཏུ་གས་ལ་བ་བང་བ་རྣམ་པར་བསམས ་དེའི་སྟེང་དུ་བསྒྲུབ་པ་གཅེར་བུ་སྐྲ་ཤིག་པ། བྲིད་པར་གྱུར་པ་བདག་མདུན་དུ་རྣམ་པར་བསམས་མོ།། དེ་ནས་རང་གི་ལུས་ལས་ཁྲོ་བོའི་གཟུགས་མང་པོ་རྣམ་པར་སྤྲོས་ཏེ། ཁྲོ་བོ་དེ་རྣམས་ཀྱིས་རལ་གྲིས་བ ་ཅིང་ཁྲག་འཐུངས་པར་བསམ་པར་བྱའོ།། བསྒྲུབ་པ་དེའི་ཤ་ཟ་བ་དང་། རྒྱུ་པི་དྲངས་པར་བསམ་པར་བྱའོ།། འདི་སྐད་སྨྲ་བར་བྱ་སྟེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་། བླ་མ་ལ་བསྐུར་བ་འདེབས་པ་ལ ་རྒྱོབ་ཤིག་རྒྱོབ་ཤིག། སོད་ཤིག་སོད་ཤིག་བསམས་པ་ཙམ་གྱིས་རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆེན་ཕྲ་མོ་སྲོགས་ཆགས་པ། ཞན་ལྟ་ཅི་སྨོས། དེ་ནས་གཞན་ཡང་བསམ་གཏན་གྱི ་རབ་ཏུ་བྱུང་བ་འབྱུང་བདི་མ་ཧེའི་གདོང་བ་སྦྱོར་བ་གསང་བ་གནས། ཏེ་ལས་ཐམས་ཅད་བསྒྲུབ་པར་བྱའོ།། མེའི་དཀྱིལ་འཁོར་གྱི་དབུསུ་བསྒྲུབ་བྱ་དུ་བར་བསམས་ལ། དེའི་མདུན་དུ ་སྲིན་པོ་མང་པོ་བསམ་པར་བྱ་སྟེ། སྲིན་པོ་དེ་དག་ཐ་དད་པའི་ལུས་ཅན་མ་རུངས་པ། ཤིན་ཏུ་གཏུམ་པར་ཤ་ཟ་བ་དང་། ཁྲག་འཐུད་པར་རྣམ་པར་བསམ་པར་བྱའོ།། གཞན་ཡང་རྣམ་པ་སྣ་ཚོགས་པའི་བ་རྣམས ་ཏེ་ཁྱ་རྒོད་དང་། བྱ་རོག་དང་། འུག་པ་དང་། ཝ་རྣམས་དང་། ཁྱི་རྣམས་ཀྱིས་ཤ་ཟེ་བ་དང་། ཁྲག་འཐུང་བར་རྣམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཐེ་ཚོམ་མེད་པར་འཆིའོ།། དཔག་ཚད་བརྒྱ ་ན་གོནས་པའི་སྐྱེས་བུ་ཡང་སེམས་ཀྱིས་བཟུང་བས་བསམ་གཏན་བཅུའོ།། སྔགས་པས་བསམ་གཏན་བརྟན་པར་བྱའོ།། དེ་ནས་འབྲལ་བར་འདོད་ན་མཏོའི་སྙིང་ཀར་བསྒྲུབ་བྱ་བསམ་པར་བྱ་སྟེ། བསྒྲུབ་བྱ་གན། ་རྟའི་སྙིང་ཀར་རྣམ་པར་བསམ་པར་བྱའོ།། རྟ་དང་མ་ཧེའི་གཉིས་ཕན་ཚུན་འཐབ་པར་བྱེད་པར་བསམ་སྟེ། ཇི་སྲིད་དུརྟ་དང་མ་ཧེ་གཉིས་པ་བར་མ་གྱུར་གྱི་བར་དུའོ།། པི་ནས་བསྒྲུབ་པ་དེ་གཉིས་རབ་ཏུ་མི་མཛའ་བར ་བདུ་བ་སྟེ་ཁསམས་པ་ཙམ་གྱིས་ཉི་མ་བདུན་གྱིས་ངེས་པར་མཐའ་པར་འགྱུར་ཏོ།། གཞན་དུ་མ་ཡིན།། དེ་ནས་བསྐྲད་པར་འདོད་ད་དེ་རུ་ཡཾ་ལས་ཡོངསུ་གྱུར་པའི་རྔ་མོ་བསམས་པར་བྱ་སྟེ། ཡཾ་དེའི་རྒྱབ་དུ་ཡི་གི་རྣ ་པ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་ཟླ་བ་པད་པའི་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་བསྒྲུབ་པ་གཅེར་བུ་སྐྲ་བཤིག་པ་བྲེད་པར་གྱུར་པར་བསམ་པར་བྱ་སྟེ། མ་ཧེའི་གདོང་ཅན་གྱི་སྦྱོར་བ་ལ་གནས་པ ་དེའི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པ་གཡས་པས་དབྱུག་པ་འ་ཛིད་པ་སྐྲ་བསོལ་བ་རྣམ་པར་བསམ་པར་བྱ་སྟེ། རྔ་མོ་དེ་ཁ་ལྷོར་བསྟན་ལ་བཏང་།། དེའི་མིང་དང་བཅས་པར་གཤིན་རྗེའི ་སྔགས་བརྗོད་པས་རྣམ་པར་བསམ་པར་བྱའོ།། རྣལ་འབྱོར་པས་འདི་བས་མས་པ་ཙམ་གྱིས་ཞག་བདུན་ན་འདི་ལྟར་རྡོ་རྗེ་འཛིན་པ་ཡང་སྐྲོད་པར་འགྱུརརོ།། གཞན་ཡང་བསམ་གཏན་གྱི་རབ་ཏུ ་སྦྱོར་བ་ནི་བ་རོག་གམ། བྱ་རྒོད་ཀྱི་རྒྱབ་ཏུ་བསྒྲུབ་བྱ་སྐྲ་གྲོལ་བ་གཅེར་བུ་རྣམ་པར་བས་མོ།། དེའི་རྒྱབ་ཏུ་གཤིན་རྫ་རྣམ་པར་བསམ་པར་བྱ་སྟེ། ལག་པ་ཐོ་བ་ཐོགས་པ་བསྒྲུབ་པའི་སྐུ་གཟུང་བ་དེ་མ་ཧེའི་གང ་ཅན་གྱིས་བཀའ་བསྒོ་སྟྭ~ཾ།། ཁ་ལྷོ་རུ་བལྟས་ནས་སོང་བར་བསམ་པར་བྱ་སྟེ། རྩ་གཅིག་པའི་སྦྱོར་བ་བསམ་པར་བྱས་ན། རྩེ་གཅིག་པའི་སྦྱོང་བ་དེས་ཞག་བདུན་གྱིས་སྐྲོད་པར་འགྱུར། དེ་ནས་འགུགས་པར་བྱེད ་པ་དན་མིག་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོ་བ་དང་སྟེང་དུ་ཨ་ལས་བྱུང་བའི་དྲ་བའི་དཀྱིལ་ལཁོག་དོ་སྡང་དུག་ཤིན་རྡོའི་གཟུགས་སྔགས་ཀྱི་དང་ནགས་པ་ལག་ཏུ་ཐོགས་པ་རྣམ་པ ་མ་ཧེའི་གདོང་བའི་རྣལ་འབྱོར་ལ་གནས་པས་དེ་ལ་བཀའ་བསྒོ།། གཤིན་རྗེ་སོང་ལ་ཡུལ་ཆེ་གེ་མོ་ནས་བུ་མོ་ཆེ་གེ་མོ་མྱུར་བར་ཁུག་ཅིག། དེ་སྐད་བསྐུལ་བས་ཡཾ་རྣམ་པར་བསྐྱོད་དེ་སོང་བར་རྣང ་བསམ་པར་བྱའོ།། བསམ་གཏན་འདིའི་རབ་ཏུ་སྦྱོར་བ་ལ་གནས་པའི་སྔགས་པས་ཁམས་གསུམ་དུ་གཏོགས་པའི་བུད་མེད་བཀུག་ལ་རོལ་བར་བའོ།། ཇི་ལྟར་བསམ་གཏན་བརྟན་པར་གྱུར་ན་འདིའི་རབ་ཏུ ་སྦྱོར་བ་དག་བྱའི་གཞན་གྱིས་མི་བྱའོ།། དེ་ནས་སྦྲུལ་གྱིས་ཟིན་པ་བླང་བའི་རབ་ཏུ་བྱེད་པ་གསུངས་ཏེ། རང་གི་སྙིང་ཀར་བདྨ་དཀར་པོ་མདབ་མ་བརྒྱད་པ་རྣམ་པར་བས་མོ།། དེའི་སྟེང་དུ་དབྱངས་ཡིག་གསུ ་བ་མདབ་མ་བརྒྱད་པ་རྣམ་པར་བས་མོ།། དེ་ཡིས་ནི་འོག་གི་ཀླུའི་གཟུགས་རྣམ་པར་བསམ་པར་བྱ་སྟེ། དེའི་སྤྱི་བོར་ཡིག་ཨི་ཁ་དོག་དམར་པོ་ལས་བདུད་རྩི་འཛག་པ་བསམ་པར་བྱའོ། ་ཀླུ་དེའི་མིག་རྣམས་ནས་བདུད་རྩི་འབྲོས་ནས་བསྒྲ་བ་བྱེ་དེའི་ལུས་ལ་ཐིབ་པར་བསམ་པར་བྱ་སྟེ།། ཁས་པ་གཏན་འདིའི་སྦྱོར་བས་ཁམས་གསུམ་ཡོངསུ་གང་བའི་དུག་ཀྱང་མེད ་པར་འགྱུར།། དུག་ཁུར་སྟོང་ཡང་ཟ་ནུསོ།། དེ་ནས་ཞུ་བའི་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང་སྟེ། བསྒྲུབ་བྱ་མདུན་དུ་བསམ་སྟེ། དེའི་རྐང་པ་གཉིས་ལ་ཡིག་ཡཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་བས ་བར་བྱ། དའི་སྟེང་དུ་གསང་བའི་གནསུ་མའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོར་གྱིས་བྱིན་གྱིས་བརླབས་པཾ་བསམ་པར་བྱའོ།། དེ་སྟང་དུ་སྙིང་ཀར་སའི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་ལྔ ་གྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ།། དེའི་སྟང་དུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ།། དེའི་དབུས་སུ་ཡི་གེ་བ་མགོ་ཐུར་དུ་གནས་པ་ལས་བདུད་རྩི་འཛག་པར་བསམ་སྟེ ་འདི་ནི་ལེགས་པར་རྣམ་པར་བསམས་ནས་རླུང་གིས་མ་རབ་ཏུ་སྦར་ཏེ། མ་དེས་དབང་ཆེན་གྱི་དཀྱིལ་འཁོར་བསྲེགས་པར་རྣམ་པར་བསམ།། དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲད་ཀྱིས་བདུད་རྩིའི་དཀྱིལ་འཁོར ་དེ་ཞུ་བར་བསམ་པར་བྱའོ།། འདིའི་སྦྱོར་བ་ཙམ་གྱིས་ནི།། དེ་ཡི་བུད་མེད་ཞུ་འགྱུར་ཏེ།། འོ་མ་ཡི་ནི་ཤིང་བཞིན་དུ། ཞུ་བར་བྱེད་པར་ཐེ་ཚོམ་མེད།། དེ་ནས་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན་སྔ་ན ་བ་མེ་ཧེའི་གདོང་ཅན་གྱི་རྣལ་འབྱོར་ལ་རབ་ཏུ་གནས་ལ་དེ་ཉིད་མདོག་དམར་པོར་བསམས་ཏེ། བསྒྲུབ་པ་གང་དུ་གནས་པ་དེའི་སྟང་དུ་གནས་ལ། ཕྱི་ནས་རང་གི་ལུས་འཇམ་དཔལ་མདོག་དམར་པོ ་ཕྱགར་ལྕགས་ཀྱུ་དང་ཞགས་པ་ཅན་ཕྱུང་སྟེ། འཇམ་དཔལ་དེས་བསྒྲུབ་བྱའི་སྙིང་ཀ་དང་མགྲིན་པ་བཅིངས་ནས་བཀྲ། ག་པར་བསམ་སྟེ། འཇམ་དཔལ་གྱི་སྐུ་ལ་རབ་ཏུ་གཞུགོ།། བསྡུ ་བྱ་དེ་མོས་པར་བསམ་པར་བྱ་སྟེ། དེའི་སྙིང་ཀར་ཡི་གེ་བཅུ་པའི་སྔགས་རྣམ་པར་བསམ་པར་བྱའོ།། ཡང་ཁ་དོག་དམར་པོ་སྒྲུབ་པ་བོས་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་ལ་གཞུག་པར་བྱའོ།། དེ ་བསྒྲུབ་བྱ་གཅིག་ཏུ་གྱུར་པར་བྱའོ།། བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཉི་མ་དདུན་གྱིས་འཁོར་ལོས་བསྒྱུར་བ་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་མཚོའི་བར་དུ་ཐེ་ཚོམ་མེདོ།། རབ་ཏུ་མཉམ་པར་གཞག ་ངའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་བྱའོ།། རྒྱུད་གང་ལ་ཡང་མི་སྦྱིན།། གལ་ཏེ་སྔགས་ཀྱང་མི་བསྟད། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ལ་ཡང་མི ་སྦྱིན་སྨྲ་བར་ཡང་མི་ག། སྔགས་ཀྱི་དཔེ་བ་ཡང་མཻ་ཏ། བྲིས་སྐུ་ཡང་གང་གི་མདུན་དུ་ཡང་མི་དཀམ་སྟེ། ཐང་ཀ་ཡང་གསང་བར་གཞའོ།། རྒྱུད་འདི་རབ་ཏུ་སྦྱོར་བ་དང་། བཟླས་པ་དང་། སྨྲ་བ་གཞན་སུ་ལ་ཡང ་།། འགའ་ནམ་ཡང་མི་སྨྲ་གལ་ཏེ་སྤྲས་ན་དཔལ་རྡོ་རྗེ་འཇིགས་བྱེ་དང་། གཞན་ཡང་རྡལ་འབོར་མ་རྣམས་དང་། མཁ་འགྲོ་བ་རྣམས་ཀྱིས་ཟའོ།། དམ་ཚིག་འམས་པར་འགྱུར་བས། དེའི་ཕྱིང ་བས་སུ་ལ་ཡང་མི་སྦྱིར་རོ།། དེ་ནས་དམ་ཚིག་མཉམ་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དམ་པའི་བརྟུལ་ཞུགས་ཅན་དཔའ་བོ་བླ་མ་ལ་གུས་པ་དུལ་བ་ཅན། དེ་བཞིན་གཤེགས་པའི་བསྟན་པ་ལ་ངས་པར་འཛིན་པ ་རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་། བསམ་གཏན་ལ་སོགས་པ། རྣམ་པར་སྨིན་པ་ལ་འཛམ་པ། འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ནི་སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ ་འཇིགས་བྱེད་ཆེན་པོ་ལ་མཆོག་ཏུ་གུས་པ། སྙིང་རྗེ་ཆེན། དཔོས་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། མཆོག་ཏུ་བླ་མ་ལ་གུས་བ་རབ་ཏུ་བརྟག་པ་ལ་ཤིན་ཏུ་རྣམ་པར་བསམས་ཏེ། བླ་མས ་ལྔ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན།། སྔགས་པས་གཞན་ལ་བྱིནན་དེ་དང་སློབ་མར་བཅས་ནས་དམྱལ་བར་འགྲོ་བར་ཐེ་ཚོབ་མེདོ།། འཇིག་རྟེན་འདིར་ནི་འཇིགས་པ་ཆེན ་པོར་འགྱུརརོ།། འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བར་འགྲོའོ།། དམ་ཚིག་ཀྱང་ཉམས་པར་འགྱུརརོ།། འདི་ནི་འཇམ་དཔལ་འཇམ་པའི་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་བསམ་གཏན་གྱི ་ལས་བསྒྲུབ་པའི་བརྟག་པ་སྟེ་བདུན་པའོ།། ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་རྒྱུད་འབུམ་པ་ནས་བཏུས་ནས་ཕྱུང་བ་རྟོག་པའི་ཕྱོགས་བཀླགས་པས་འགྲུབ་པ། དཔལ་རྡོ་རྗེ་འཇིགས་བྱེད། ་ཆེན་པོ་མ་ཧེའི་གདོང་ཅན་གྱི་དངོས་གྲུབ་འགྲུབ་པའི་རྟོག་པ་རྫོག་སྷོ།། དཔལ་ཨུ་ཅན་གྱི་གནས་ཆེན་པོ་ནས་དཔལ་འཇམ་དཔལ་གྱི་རྒྱུད་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་འཇིགས་ཏེད་ཆེན་པོས ་བྱ་བ་བླ་མ་དམ་པའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་ལཱ་ལ་ཏི་བཛྲས་བཏོན་ནས་མཛད་པ་རྫོག་སྷོ།། རྒྱག་གྱི་བཎྜི་མཆོག་གི་དངོས་གྲུབ་བརྣས་པ་བྷ་རོ་ཕྱག་རྡུམ་གྱི་ཞལ་སྔ་ནས་དང་ཁད་ཀྱི་ལོ་ཙཱ ་དགེ་སློང་རྡོ་རྗེ་གྲགས་ཀྱི་བསྒྱུང་བའོ།། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ།། དོན་དམ་ཆོས་སྐུ་ཞི་བ་ཉིད།། གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ།། གཤིན་རྗེ་དགྲ་ཞེས་གྲགས་པ་ཡི། ་