| Wylie | e-texts produced with BDRC’s OCR application |
ཅོན་གྱི་རྒྱུད་རྫོག་སོ།། ། དེ་ནས་གསང་བའི་བདག་པོ་འཁོར་དེ་དག། རྣམ་པར་གཟིགས་ནས་རང་ཉིད་མཁའ་དབྱིངས་ན་མ་དག་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར ་ཞུག་སོ།། ཏིང་འཛིན་ལ་སྙོམས་པར་ཤུགས་མ་ཐག་ཏུ་སྲིད་པ་གསུམ་ཡང་རྣམ་པ་གཡོ་སོ།། དེ་ནས་རང་ཉིད་སྐུ་དང་གསུང་ད་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་སྔགས་འདི ་ཕྱུང་།། ཨོཾ་ན་མོ།། གསང་སྔགས་རྒྱལ་པོ་སྨྲས་ཙམ་གྱིས།། ས་སྟེང་ལྷ་རྣམས་བརྒྱལ་བར་གྱུར།། ཀླུ་རྣམས་ཀུན་ཏུ་སྐྱེ་གནས་ནི།། གསང་བདག་ཉིད་ལ་ཕྱག་འཚལོ།། སྙིང་རྗེ་ལྡན་ཞིང་མོས་པ ་བསྟན། གུས་ཤིང་བྱང་ཆུབ་སེམས་ལྡན་པའི།། ཕྱོགསུ་འགྲོ་བས་ཡིད་གནས་པའི།། ལྷ་དང་བླ་མ་མཉམ་མཆོད་ཅིང་།། བརྩོན་འགྲུས་ཤེས་རབ་ཆེ་བ་དེས།། རང་ཉིད་དང་ནི་གཞན་དག་བདེ་ཞིང ་ཉམས་ངགའི་རི་ཕུག་གམ།། ཚལ་ལམ་མཚོ་འམ་ལྗོངས་རྣམསུ།། ས་ཡིད་དཀྱིལ་འཁོར་རྣམ་དག་པར།། བྱམས་ནས་དྲི་ཚུས་ལེགས་བྱུགས་ནས།། བདེ་བའི་སྟན་ལ་འདུག་བྱས་ཏེ།། གསང་བའི ་བདག་པོ་བསྒྲུབ་པར་བྱ།། གཞན་ནི་རི་ཁྲོད་རྩུབ་པ་འམ།། དུར་ཁྲོད་ཡ་མའི་ཁང་པ་ཡང་།། འཁྲུག་ཅིངས་གཡེང་དང་བཅས་པ་དང་།། རྒྱལ་པོས་བཟུང་ཞིང་གཏུམ་མོ་རྒྱུ།། འཇིགས་པའི་ཕྱོགས་ནས་གང ་ངབ་རྣམས།། རྒྱལ་བ་སྒྲུབ་པའི་གནས་ཡིན་ནོ།། དུས་འདིར་བྱུང་བའི་བློ་ཞན་རྣམས།། འཇིག་རྟེན་འདི་ཡི་གཡེང་བ་དང་།། ཚོ་གས་ཐ~ཾད་བསྲེད་པར་བྱེད།། ཆགས་པའི་སྟོབས་ཀྱི་ཆོས་ཉིད་ནི། ཡང་དག་མི་རྟོག་དེ་ནི ་སྐྱོན།། སྤྲུལ་པའི་གྲངས་པོ་དང་མཚུང་སོ།། སྟོང་ཅིང་སྤྲོས་མེད་རང་བཞིན་ལས།། སྒྱུ་མའི་སྐུ་ནི་ཡོངས་འབྱུང་ཞིང་། དང་པོ་སྟོང་ཞིང་རྡོ་རྗེ་སྷོ།། གཉིས་པ་ལ་ནི་ཡི་གེ་ཧཱུཾ། གསུམ་པ་རྡོ་རྗེ་རྩེ་དགུ་པ། བཞི་པ་བཅོམ ་ལྡན་གསེང་བའི་བདག། ལྔ་པ་ལྔ་ནི་ཡོངསུ་རྫོགས།། མེ་ལོང་དང་ནི་མཉམ་ཞིང་དང་།། ཆོས་དབྱིངས་ཡེ་ཤེས་ལས་གྲུབ་པའི།། སྐུ་ནི་ཡེ་ཤེས་བདག་ཞི་།། དེ་རྫོགས་ཡེ་ཤེས་ཆེན་པོའོ།། ་ཡེ་ཤེས་སྐུ་ལས་ཡེ་ཤེས་ཀྱིས།། སྤྲུལ་པའང་ཡེ་ཤེས་ཉིད་དུ་གནས།། འཁོར་བའི་ཉོན་མོངས་ལས་འདས་ནས། མི་རྟོག་ཡེ་ན་ས་མེ་ཕུང་ལ། གསང་བའི་བདག་ཉིད་ལེགས་པར ་བཞུགས།། རྣམ་གྲོལ་རྣམ་ངག་གྲོལ་བའི་རྒྱུ།། སྔགས་དབྱིངས་ཆོས་བདག་དོན་རྣལ་འབྱོར།། སྐད་ཅིག་སྐད་ཅིག་ཡེ་ཤེས་ལས།། སྒྱུ་མ་ལྟ་བུའི་སྒྱུ་མཱི་སྭཱ། སྒྲབ་ཅིང་རྣཾ་བྲེལ་ཚེ།། ཀྱེ་ཀྱེ་ས་ཧ་དཔའ་བོ་ཆ ་ཡི་སྔར་གྱུར་འཇིབས་བྱེད་པོས།། གསང་བའི་བདག་པོ་རྡོ་རྗེ་ཅན།། ཉོན་མོངས་ལས་རྒྱལ་འཇིག་སུ་རུང་།། དབང་ཕྱུག་ཁམས་གསུམ་ལས་རྒྱལ་པོའི།། དེ་བིས་བརྩོན་ལྡན་གང་ཡིན་དེས། ཤིན་ཏུ་སྒྲུབ ་པས་བསྒྲུབ་པར་བྱ།། བསྟན་པའི་ཡིད་སོས་པར་བྱེད་པས།། རྒྱལ་བ་གསང་བའི་བདག་པོའོ།། དེ་ནས་གསང་བའི་བདག་པོ་ཉིད་།། དངོས་གྲུབ་ངེས་པར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ངེ་ལ་སྙོམས་པར ་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་བྱུང་བ། ཨོཾ་བཛྲ་པཱ་ཎི་སརྦ་ཨརྠ་སིདྡྷི་ཀུ་རུ་ཀུ་རུ་སྭཱ་ཧཱ། ལྷ་ཀླུ་མི་མོན་དྲི་ཟའམ། ཡང་ནི་མོ་ཡི་བུ་མོ་ཡིས། ་དཔྲལ་བར་ཐིག་ལེ་བྲིས་ནས་ནིས།། ལག་ཏུ་ལུགས་ཀྱུག་ཐོགས་ལ་བཞག། དཀྱིལ་འཁོར་གྲུབ་ནི་ལྷམ་པ་ལ།། བརྟེན་ནས་བུམ་པས་བསྒྲུབ་པར་བྱ།། རྣམ་པར་རྒྱལ་བའི་བུམ་པ་ནི།། སྨན་ལ་སོགས་པ ་ལེགས་དཀང་ནས།། རས་ཀྱིས་དཀྲིས་ལ་བཞག་པར་བྱ།། རྒྱུན་ཏུ་དེ་ལས་བསྒྲུབ་གྱུར་ན། ཞི་དང་རྒྱས་སོགས་དངོས་གྲུབ་དང་།། གཞན་ཡང་དངོས་གྲུབ་འགྲུབ་པར་འགྱུར།། དེ་ནས་ཡང་གསང་བའི་བདག་པོ ་མི་འགྱུར་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུ། དགོས་ནས། དུག་ཐང་ཞི་བར་བྱེད་པའི་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡང་དག་པ་ལས་ངེས་པར་བྱང ་ཨོཾ་ན་གུ་ནཱ་གེ་པྲོ་ཏེ་ག་མ་ནི་ཙ་ར་པྲ་རཾ་ཡ་རཾ་བཱ་རཱ་ཧྱེ་ཧ་རེ་ན་དྲྀ། རིན་ཆེན་སྣོང་དུ་ཆུ་བླུགས་ནས།། སྔགས་ཀྱི་རྒྱལ་པོ་འདི་ལ་ནི། བརྒྱ་ནས་ཇི་སྲིད་སྟོང་གི་བར།། བརྗོད་ན་འགྲོ་བའི་དུག་ནས ་སེལ་གཞན་ཡང་གསང་སྔགས་རྒྱལ་པོ་ནི། གསང་བའི་བདག་པོ་སྦྱོར་བ་དང་།། བཅས་པས་མང་དུ་བརྗོད་བྱས་ནས།། སྒྲུབ་པ་ཅི་ཡང་འགྲུབ་པར་འགྱུར།། ཟླ་བ་སྦྱང་གིས་བཟུང་དུས།། དཔྲལ་བར ་ཀོ་རོ་ཙ་ནས་ཐིག་ལེ་བྱས་ཏེ་ཁ་ཤར་ཕྱོགསུ་གྱུར་ནས་གསང་སྔགས་འདི་བརྗོད་ན་ཅི་འདོད་པ་དབང་དུ་བྱེད་དོ།། ཡ་ཟླ་བའམ་ཉི་མ་གཟས་གཟུང་བའི་ཚེ་ཀླུའི་གན་ནས་མི་ཁྲག་གིས་ལུས ་བྱུགས་ཏེ་བསྔགས་འདི་བརྗོད་ན་གྲུ་བདེ་དབང་དུ་འགྱུརརོ།། འདི་ལ་ཐེ་ཙོམ་མེདོ།། གཞན་ཡང་སྦྱོར་བ་བཤང་བྱ་བ། གུར་གུམ་དང་ནི་གི་ཝང་གིས།། རྩིབས་བརྒྱད་པའི་འཁོར་ལོ་ལ།། དང་པོའི་སྔགས། ་བཞི་དག་དང་ནི། ཐ་མའི་སྔགས་རྣམས་བྲི་བར་བྱ་ཨུ་ལྷུང་གཉིས་ལ་རྩ་བ་ཡིས།། གསང་སྔགས་རྒྱལ་པོ་རིམ་གྱིས་བྲི། རིན་ཆེན་སྣོད་བཞག་མཆོད་བྱས་ནས།། གསང་སྔགས་སྟོང་སོགས་བརྗོད་ནས་ནི། ་རྒྱན་མཚན་རྩེ་གདགས་པར་བྱ། གཞན་གྱི་རིགས་སྔགས་གཅོད་པར་བྱེད།། གལ་ཏེ་ཆར་པ་དབབ་པར་འདོད་ན་སའི་དཀྱིལ་འཁོར་གྲུབཞི་པར་བྱས་ཏེ། དབུསུ་པདྨ་འདབ་མ་བརྒྱད་པ་བྲིས་དེའི་སྟེང་དུ ་ཀླུའི་རྒྱལ་པོ་བརྒྱད་ཀྱི་གཟུགས་བྱས་ཏེ་བཞག་ལ་རང་ཉིད་ཁྲོ་བོ་གོས་སྔོན་པོ་ཅན་དུ་བྱས་ཏེ། སྨན་སྣ་ཚོགས་དང་།། འོ་མ་དང་། འབྲས་ཅན་དང་། ཞོ་ལ་སོགས་པ་རྣམས་དང་།། ཀ་ར་དང་བུ་རམ་ལ་སེཾ ་པས་མཆོད་ནས་གོས་དཀར་བགོས་ཏེ་གྲུ་འབྲུག་གི་སྒྲ་ལྟ་བུ་བརྗོད་པས་མགོ་འདྲེན་པའི་གསང་སྔགས་ཀྱི་རྒྱལ་པོ་བརྗོད་པས་ཆར་འབེབས་པར་བྱོངས་གལ་ཏེ་མི་འབེབས་མ་ཀླུ་རྣམས ་བསྡིགས་པའི་ཕྱིར། དཀྱིལ་འཁོར་དེའི་སྟེང་དུ་ཁྲག་སྣ་ཚོགས་དང་། དུག་ཤིང་ལ་སོགས་པས་སྦྱིན་བསྲེག་བྱའོ།། དེས་མྱ་རདུ་ཆུར་འབེབ་པར་བྱེད།། གལ་ཏེ་ཆར་ཆེས་པ་འམ། སེར ་བ་བཅད་པར་འདོད་པས་ཉེར་ཤིང་དང་དུག་ཀ་དཔའི་རྩ་བ་ལ་ཡི་གེ་བྲིས་ཏེ། དཀྱིལ་འཁོར་དཀར་པོའི་དབུསུཾ་བཙུགས་ལ་ཡུངས་ཀོར་དང་ཐལ་བ་ལ་མང་དུ་བཟླས་པར་བྱའོ།། གལ་ཏེ་མི་འདོད་ན ་བསྔགས་པ་ཙམ་གྱིས་ཀྱང་ཅེས་པར་འབྱུང་།། རྟའི་ཁྲག་དང་དུག་སྣ་ཚོགས་ཀྱིས་བརྒྱལ་བ་སོས་པར་བྱེད།། རླུང་ཞི་བར་འདོད་ན་དབང་ཕྱུང་གི་གོས་ལ་ཙ་ཏ་པ་ལ་རེ་རྩེ་བས་སྔགས་བྲིས་ཏེ། དཀྱིལ ་འཁོར་གྱི་སྟེང་དུ་བཞག་ནས། སྔགས་ཀྱི་རྒྱལ་པོ་སྟོང་ལ་སོགས་པ་ཅི་ནུས་པ་བརྗོད་ནས་ཁང་པའི་སྟེང་དུ་བཞག་ན་རླུང་ཞི་བར་བྱེད།། གལ་ཏེ་ཡམས་ཞི་བར་འདོད་པས་གུར་གུམ་དང་།། གི་ཝང་གི་རྩེ ་མོ་བཅུ་གཉིས་པར་བྲིས་ནས་དང་པོའི་སྔགས་རྣམས་དང་།། ཐ་མའི་སྔགས་རྩིབས་ལ་བྲིས་ཏེ། མུ་ཁྱུད་ལ་སྔགས་ལྷག་མ་བྲིས་ཏེ་མེ་ཏོག་དང་འབྲས་བུ་སེར་པོ་ཐམས་ཅད ་མཆོད་ཅིང་གསོལ་བ་བཏབ་ནས་གཙུག་ལག་གི་རྩེ་མོ་འམ།། དགེ་འདུན་གྱི་འདྲ་བའི་སྒོ་གོང་ལ་བཏགས་ན་ཅི་འདོད་པ་འགྲུབ་ཅིང་ནད་ཡམས་ཐཾང་འཆད་པར་འགྱུར་རོ།། གལ་ཏེ་བུ་འདོད་པས་སེའུ་སྐྲ ་དམང་པོའི་གདོང་དུ་བུལ་སྟེང་དུ་སྤྲིན་སྲེག་བྱས་ན་བུ་སྟེར་བར་ངེས་སོ།། གལ་ཏེ་གཏེར་འདོད་པས་ས་འམ།། རིན་པོ་ཆེ་རྣམ་ཐོས་སྲས་ཀྱི་གཟུགས་ཁྲུ་གང་བ་བྱས་ནས་རིན་པོ་ཆེ་འམ་སྤང་ལེབ་ཀྱི་སྣ ་དུ་བཞག་ནས་མཆོང་པ་རྣམ་པ་སྣ་ཚོགས་ཕུལ་ནས་གསོལ་བ་བཏབ་ན་ཞག་བདུན་ནས་རིན་པོ་ཆེ་སྟེར་བར་བྱེད།། གལ་ཏེ་ཤི་བར་ངོགས་པས་དཀྱིལ་འཁོར་ཁྲུ་གང་ཟླུམ་པོ་སེ ་པོར་བྱས་ནས་དབུས་སུ་བུམ་པ་ལེགས་པར་བཞག་པའི་ནང་དུ་སྨན་སྣ་ཚོགས་བླུགས་ནས་རས་དཀར་པོས་ཁ་བཀབ་པར་བྱས་ཏེ།། གསང་སྔགས་ཀྱི་རྒྱལ་པོ་མང་དུ་རྫ ་ནས་ཕྱིས་བུམ་པ་ལ་དངོས་གྲུབ་བླངས་ན་ཅི་འདོད་པ་འགྲུའོ།། ཇི་ལྟར་ཡང་ཡང་བྱས་པས་ཚེའི་དངོས་གྲུབ་ཐོབ་པར་འགྱུ་རོ།། གལ་ཏེ་མཆོག་གྲུབ་པར་འདོད་པས་ས་འམ་རིན་པོ་ཆེ་ལ་ཕྱག ་ན་རྡོ་རྗེ་ཞལ་ཅིག་ཕྱག་གཉིས་པ་གདན་པདྨ་དང་ཉི་མ་ལ་གནས་པར་བྱས་ནས་དེ་རིན་པོ་ཆེའི་སྣོད་དུ་བཞག་ལ་མཎྜལ་དཀར་པོ་ཁྲུ་གང་བ་བྱས་པའི་སྟེང་དུ་ཁྲིའུའི་སྟེང་དུ་བཞག་ལ་མེ་ཏོག་དང ་གོས་དཀར་པོས་མཆོད་ཅིང་ཅན་དན་དཀར་པོའི་ཚུལ་ཅི་ནུས་པར་མཆོད་པ་བྱེད་ཅིང་། ཡང་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། ལནམ་སྟོང་ལ་དེའི་དུས་སྦྱང་བ་བྱས་ནས། ཕྱིས་ནི་བརྒྱ ་སྟོང་གི་གྲངསུ་གསང་སྔགས་འདོན་པར་བྱེད་ཅིང་རང་ཉིད་ཀྱི་སྤྱི་བོར་ཡི་གེ་ཨ་དཀར་པོ་འོད་དང་ལྡན་པས་བདུད་རྩིའི་མུ་འབེབས་པར་བསམས་པས་ཁཾས་གསུམ་པའི་ནང་ཟང་ཟད་པར་བསམས ་ཞིང་སྔར་རང་ཉིད་ཀྱི་རིམས་ཀྱིས་ཞུ་བ་བྱེད་པའི་རྒྱད་ལས་གྲུབ་པའི་བསམ་གཏན་ཏེ། འདི་གོམས་པས་གང་དང་གང་འདོད་པ་ཐ~ཾང་འགྲུབ་ཅིང་ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུརརོ།། ། ་གསང་བའི་བདག་པོ་ང་ལ་ཞོན།། འཇིག་རྟེན་ཀུན་ལས་རྣམ་རྒྱལ་བའི།། སྐུ་ནི་སངས་རྒྱས་ཀུན་བདག་ཉིད།། གང་གིས་བགོས་པར་འགྱུར་བ་ལསས་ཅི་འདོད་རྙེད་པར་བྱེད་པ་མཆོག། གལ ་རྟོག་མེད་དེ་བྲལ་ན། ཡེ་ཤེས་ཉིད་ནི་བླ་ན་མེད།། རྒྱལ་བའི་སྟོབས་ཀྱིས་རྟོགས་པར་བྱེད།། ཉོན་མོངས་ཀུན་ལས་རྒྱལ་བྱེ་ང་ཅིང་། ནང་རྣམས་ཐང་ཟད་བུད་ཅིང་།། གལ ་ནད་མེད་ན་ང་བཅས་བྱེད། དབང་དང་རེང་དང་དགུགས་པ་དང་། བརྒྱལ་དང་བསང་དང་དབང་ཕྱུག་དང་།། ཞི་དང་སྲུང་དང་དང་ལ་བྱེད་དང་། ཕྱིར་གོལ་བ་རྣམས་བརླག་པ ་ཡི།། ཕྲ་མོ་འགྲུབ་པ་སྨོས་ཅི་དགོས།། འཇིག་རྟེན་ལས་གྲོལ་བདེ་བའི་ལུས།། རྒྱལ་བའི་གསུངས་གིས་ལེགས་ཐོབ་བོ།། ཀུ་ནི་འདིར་བརྗོད་མེད་པས་སྟེ། སྤྱོང་ཚུལ་རྣམས་ལས ་འདས་པའོ།། མིང་དང་ཚོགས་རྣམས་འདས་ན། ཉེར་ཞི་སྤྲོས་ལས་ཤིན་ཏུ་འདས།། ཚིག་གི་ཡུལ་ནི་རྣམ་པར་བྲལ།། རྡོ་རྗེ་སྒོ་ལ་དེ་དག་ནི།། ཅི་བཞིན་དོན་ནི་ཤེས་གྱུར་གྱི།། གཞན ་དུ་བསྐལ་པ་སྟོང་དུ་ཡང་། ཅིས་ཀྱང་ཤེས་པར་ག་ལ་ནུས།། གལ་ཏེ་དམིགས་པ་ཟང་འདོང་བས། མི་དམིགས་སྤྲོས་མེད་གང་ཞིག་ལ། རང་གི་སེམས་ཉིད་བཞག་པར་བྱ།། དེ་ལ་ཐར ་པས་གྲོལ་བའོ།། གས་ཏེ་དགའ་འགྱུར་ཡིད་ཡོད་ན།། དངོས་འདི་ཤེས་པས་ཅི་སྡེ་སྟོང།། དེ་སྟོང་སྤྲོས་དང་བྲལ་བྲ་ལ། ཤེས་པ་ཉིད་དྲི་ནི་ལ་བརྟེན། གསང ་དྲག་པོའི་སྦྱོར་བ་འདི།། དབང་བསྐུར་སྣང་བ་མེད་པ་དང་།། ཚུལ་ངན་ལང་ཚེ་ཕྲ་བ་དང་།། ང་རྒྱལ་དྲེགས་ཤིང་ཁེངས་པ་དང་།། ཐེག་པ་རྨེལ་མ་མོས་ལ། ཡི་གེ་ཙམ་ཡང་བསྟན ་པ་མིན།། གལ་ཏེ་བརྒྱ་འམ་རྨོངས་པ་འགས།། བསྟན་པརང་ཉིད་ཕུང་བར་བྱེད།། དེ་སྐད་དུ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་སླར་རང་གི་ཐུགས ་ཁར་བསྡུས་ནས་ཞལ་ཐམས་ཅད་ཕྱག་ལ་ཐིམ་ནས།། ཞལ་གཅིག་ཕྱག་གཉིས་པར་གྱུར་ཏེ། ཧྲཱི། ཞེས་བྱ་བའི་གླུ་བླང་སོ།། འདི་ལ་ཅི་ལྟར་དམིགས་བྱས ་བཞིན།། ལྷ་རྣམས་ཀུན་ལ་དམིགས་པར་འགྱུར།། གསང་སྔགས་འབུམ་དུ་བརྗོད་བྱས་ནས།། བསྙེན་པ་འི་དམ་པ་འདི་འགྲུབ་པོ།། འདས་དང་མ་འདས་འོངས ་འགྱུར་བའི།། སངས་རྒྱས་རྣམས་ཀྱིས་སྔགས་འདི་བཤད།། འདི་ནི་སངས་རྒྱས་ཀུན་གསང་།། ཡེ་ཤེས་ཆེན་པོ་ཞེས་བརྗོདདོ།། དེ་ནས་འཁོར་དེ་དག་ཐཾད་ནི་གཙོ་བོའི་ཐུགས་ཁར ་ཐིམ་པར་འགྱུར།། ཀཱ་ཡེ་རྡོ་རྗེ་ཆེན་པོ་ནི།། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། དུས་གསུམ་སངས་རྒྱས་བད་ཀྱི།། གསང་བའི་མཛོད་འཛིན་གྱུར་པའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས ་སྔོན་པོ་ཅན་གྱི་རྡོ་རྗེ་གདེངས་པའི་རྒྱུད་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ལེའུ་རྫོག་སོ།། པཛྲཱི་ཏ་ཨ་ཌ་ཡ་ཤྲཱི་མ་ཏི་ཞེས་བྱ་བ་དང་།། བོད་ཀྱི་ལོ་ཙཱ་བ་བན་སྡེ་ཆོས ་ཀྱི་དབང་ཕྱུག་གྲགས་ཀྱིས་བསྒྱུར་ཅིང་ཐུས་ཏེ་གཏན་ས་ཕབ་པའོ།། རྒྱ་གྷ་\ུ0f7f་དུ། ཤྲཱི་བཱཛྲ་བ་དྷཱསཏྟ་པྲ་རྦྷ་མྦྷ་ཁོད་སྤྱད་དུ་དབལ་རྡོ་རྗེ་གཏུམ་པོ་ཐུགས་བྱས་པ་རྠཱ། ་