CLOSE WINDOW

L326: lag na rdo rje gos sngon po can gyi rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནི་ལ~ཾ་བར་ཏནྟ། བོད་སྐད་དུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐད་ལ་ཕྱག་འཚའོ།། འདི་སྐད་བདག་གིས་ཐོས་པ་དུས ་ཅིག་ན། གནོད་སྦྱིན་ཐམས་ཅད་ཡོངསུ་རྒྱུ་བ། ཤིན་ཏུ་དབེན་པ། ཤིན་ཏུ་ཡིངསུ་དག་པ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ།། དུས་གསུམ་གྱི་དེ་བཞིན ་གཤེགས་པ་ཐ~ཾད་ཀྱི་ལས་ཀྱིལ་ཁྲོ་བོར་དབང་བསྐུར་བ་མཆེ་བ་གཙིགས་པ། ཡིད་ཁྲོས་པ་ལྟོ་བུ། མིག་མེ་མངག་གི་ཕུང་པོ་འདྲ་ག་དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང ་ཅནཿལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་རྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་། ཉེར་དགའ་བོས་སྙན་རྒྱན་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་རོས ་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤི་ན་རྗེའི་ཆ་བྱད་ཅནི་ལྕེ་ཀློག་ལྟར་འགྱུ་ག་སྦྲུལ་ཟ་ག་གསུ ་པ་མེག་ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འད་བ་བཟང་སྙི་རགསུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི་ཟབ་སུ་དཔག་ཚང་བརྒྱད ་བྲི་བ་ནི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་རབ་ཏུ་ཁུར་གཟུ་ཟད་བརླག་པར་བྱེད་པའི་གང་རྒྱངས་ཆེན་པོ་དགོད་པས་ཀུན་ཏུ་འཁྲུག་པ ་བྱེད་པ། འབྱུང་པོ་ཟེང་འགུགས་ཤིང་འཆིང་བར་མཛད་པ། སྦྱོར་བ་ཟད་གཅོད་པར་མཛད་པ། སྦྱོར་བ་ཟང་བཟློག་པར་མཛད་པ། སྦྱོར་བ་ཟང་གནོན་པར་མཛད་པ། ཡིན་པན་མང ་གན་པར་མཛད་པ། སྨོན་པདས་ལུས་པའི་བདག་ཉིད་དེ། གནད་སྦྱིན་གྱི་སྡེ་པན་ཆེན་པོན་ཤུརྩ་བརྒྱད་དང་། གནོད་སྦྱིན་མཐུ་བོ་བ་དང་། གནོད་སྤྱན་དྲག་ཟེ་ཟང་དང་། ་དང་། ཀླུ་ཟད་དང་། དྲི་ཟ་ཐ~ཾད་དང་། ལྷ་མ་ཡིན་ཐང་དང་། ན་མཁའ་ལྡིང་ཟང་དང་། མི་འམ་ཅི་ཟིང་དང་། ལྟོ་འཕྱེ་ཆེན་པོ་ཐཾད་དང་། འབྱུང་པོ་དང་ཡི་དྭགས་དང་། བརྗེད་བྱེད་ལ་སོགས་པ་དང ་ཐབས་གཅིག་ཏུ་བཞུགས་ཏེ། འདི་ལྟར་ཉི་མ་དང་། ཟླ་བ་དང་། སྐར་མའི་ཚོགས་ལྟ་བུར་བཞུག་སོ།། དེའི་ཚེས་ཡང་ཆེར་གཡ་སོ།། འཇུག་གི་སྒྲ་ཡང་བྱུང་། ཉི་མ་དང་སྐར་མ་ཡང་མི་སྣང ་བར་གྱུར་ཏོ།། དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་འཁོར་ཐ~ཾད་ཀྱིས་གསོལ་པ། གོས་སྔོན་པོ་ཅན་ཁྱོད་མི་བདེ་གཤེགས་ཀུན་གྱི་སྤྲུལ་པ་འམ། གལ་ཏེ་བསྡུས་པའི ་སྐུ་ཡིན་ནམ། ལས་ཀྱི་ཁྲོ་བོར་དབང་བསྐུར་རམ། བདག་ཅག་འཐ་ར་དང་བཅས་པ་རྣམས། ཇི་ལྟར་བུའི་དུས་གསུམ་བཀ་འཉན་ཏེ། ལས་དང་བྱ་བ་ཐཾད་བཀའ་སྩལ་མཛད། དྲག ་བཻའི་ཏིང་འཛིན་བསྟན་དུ་གསོལ་ཞེས་གསུངསོ།། གླེང་བཞིའི་ལེའུ་སྟེ་དང་པོའོ།། དེ་ནས་ལག་ན་རྡོ་རྗེ་དྲག་པོ་ཞེས་བྱ་བའི་ཏིང་འཛིན་ཏུ་ཞུགས་ཏེ་འདི་སྐད་ཅེས་གསུང་སོ།། ཕྱག་རྒྱ་གས་པ ་སྔགས་མཐུ་སྦྱོར་ལས།། ཁྲོ་བོའི་རྒྱལ་པོ་བསམ་པར་བྱ།། ཁྲོ་བོ་རྡོ་རྗེའི་ཏིང་འཛིན་གྱིས།། བྱིན་རླབས་ཡ་མཚན་སྣ་ཚོགས་ལྡན།། ཏིང་འཛི་ནི་དེ་ལ་དབང་ཐོབ་ནས།། ལས་རྣམས་གྲུབ་ལ་ཐོས ་བ་མེད།། ཞི་རྒྱས་དབང་དང་དྲག་པོ་དང་།། བསང་རྨོངས་སྣ་ཚོགས་ངེས་པར་འགྲུབ།། དེ་ཉིད་གྲུབ་པར་གདོན་མི་ཟ།། རང་གཞན་འཕགས་དང་ཐ་མ་དང་། ཤིན་ཏུ་ཐ་མ་དམ་པ་ཡང་མཆོན ་གནས་དངོས་གྲུབ་མྱུར་དུ་འབྱུང་།། གལ་ཏེ་གཞན་ལ་ཕན་འདོགས་ན།། སྐུ་དེ་སྣ་ཚོགས་སྐུ་རུ་སྣང་།། སྣང་བའི་སྒྱུ་མའི་སྐུ་ཡིན་ཡང་།། གདུག་པ་འདུལ་ཕྱིར་རགས་པར་སྣང་།། སྣ་ཚོགས་དེ་ནི ་བསམ་བྲལ་བའི།། དངོས་གཞི་ཡང་དག་ཐར་པ་གཅིག། ལེའུ་གཉིས་པའོ།། གཞན་ཡང་གསང་སྔགས་སྦྱོར་བ་ནི།། ད་ཧ་སྲག་སྤོགས་གསང་སྔགས་ཀྱིས།། ཐོགས་མེད ་ལས་རྣམས་གྲུབ་པ་ཡིན།། གཉིས་ཀྱི་འོག་མས་གསུམ་པ་བརྒྱན། རི་ཡི་མཐའ་ནི་གསུམ་པའི་མཐའ།། དེ་ལ་གཉིས་ཀྱི་གོང་ལྡན་པ། ཟུང་དང་བར་ཟུང་མིང་དང་ལྡན།། ཡང་མིང་སྐལ་ལྡན་པས ་གཏན་ནི། ལྕགས་ཀྱུའི་སྦྱོར་བ་རབ་ཏུ་བྱ།། ཨོཾ་བཛྲ་པ་ཎཱི་མ་ཧཱ་ཡཿ། ནི་ལཱཾ་བ་ར་ཧཱུཾ་ཕཊ། མཇུག་རྫོགས་གོང་དང་གསུམ་པའི་མཐའ།། ལན་གཉིས་གོང་བཞིན་བརྡེགས་སྔགས ་ཤེས། གསུམ་པའི་དང་པོ་གཉིས་པ་དང་།། དྲུག་པའི་དབོ་འི་གེ་ནི།། ལན་གཉིས་གོང་བཞིན་གཏོགས་བྱེད་སྔགས།། གཉིས་ཀྱི་དང་པོ་ལྔ་དང་པོས།། དྲག་པོ་དགའ་བའི ་ས་བོན་ལྡན། ལན་གཉིས་ལྡན་གྱུར་ལས་གྲུབ་པ། གོང་མ་བཞིན་དུ་མཆོད་བྱེད།། ལེའུ་གསུམ་པའོ།། ། དེ་ནས་འཕགས་པ་ལགས་ན་རྡོ་རྗེ་གོས་སྔོན་པོ་ཅན།། སྣ་ཚོག ་མངོན་པར་གྲུབ་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུང་སོ།། ཨོཾ་བཛྲ་པཱ་ནི་མཧཱ་ཡཀྵ་ནཱ་ལཱ་བཱ་རང་ཧ་ནི་བཛྲ་ཧཱུཾ་ཕཊ། གཱང་ཏིང་འཛིན་རྣལ་འབྱོར་དེ།། ཉེས་པ་ཀུན ་ལས་རབ་ཏུ་ཟེར། ལེགས་པའི་ཡོན་ཏན་ཐང་ཐོབ། འབྲས་བུ་ཡང་དག་མངོན་པར་འགྲུབ།། སྔགས་ནི་གང་ཡིན་མིང་ཡིན་ཏེ།། གདུལ་བྱའི་མཐའ་དང་ལྡན་པ་ལ། མཐའ་མ་ལས་སྔ་མ། ་དང་སྔག། ལེ་ཆུབ་ཞི་ངོའོ།། དེས་གོས་སྔོན་པོ་བན་འཁོར་པོ་མངོན་པར་གྲུབ་པའི་འཛིན་ལ་སྙོམས་པར་ཐུགས་ཏེ་འཛི་ན་ཅེས་གསུ་། འཐུང་བཤི ་རྒྱས་རབ་བསྒོས་ནས། སོ་སོ་ལས་ཀྱིས་སྤྲོས་པ་ནི། མེ་བརྒྱད་རླུང་གཉིས་ལྡན་པར་བསམ། མུ་བརྒྱད་དངོས་པོ་གཉིས་ཡིན་ཏེ།། དེ་བཞིན་ས་བརྒྱད་འབྲས་ལྡན།། རཱུ་བརྒྱད་ས་གཉིས་ལྡན་པ་སྟེ། ་འབྲས་བུ་རིམས་ཀྱིས་གནོད་སྦྱིན་གཙོ།། གྲུབ་པ་སྔགས་བཞིན་མངོན་པར་འགྲུབ། ཨེ་དང་སོ་སོའི་མཐའ་དང་ལྡན།། མེ་ལ་གོང་མས་མངོན་པར་འགྲུབ།། རྒྱུན་རྩ་བའི་གསང་སྔགས་བཟླས། ་ལེའུ་ལྔ་པའོ།། །། དེ་ནས་འཕགས་པ་གོས་སྔོ་ན་གྱིས།། ལས་བཅུ་མངོན་པར་གྲུབ་པ་ནི།། ཏིང་འཛིན་ལ་སྣོམས་པར་ཞུགས་ནས།། ལས་བཅུའི་སྦྱིན་སྲེག་འདི ་གསུང་སོ།། ཞི་ལ་ཤཱནྟིཾ་ཀུ་རུ་སྟེ། རྒྱས་པ་པུཥྚིཾ་ཀུ་རརོའོ།། ། དབང་ལ་བ་ཤཾ་ཀུ་རུའོ།། དྲག་པོ་མཱ་ར་གསུམ་པར་ལྡན་། ཐབ་ཁུང་དབྱིབས་ནི་ལམ་བཞི་སྟེ།། ཤིང་ནི་རིགས་དང ་སྦྱར་བར་བྱ།། ཞི་ལ་དཀར་པོའི་ཤིང་རྣམས་ཏེ།། རྒྱས་ལ་གསེར་ཤིང་ལ་སོགས་པའོ།། དབང་ལ་སྡེང་ལྡན་ཤིང་བསྲེགས་ཏེ།། དྲག་པོའི་ཚོར་མ་ཅན་གྱི་ཤིང་།། གཞན་གྱི་ཙན་དན་ཤིང ་ལས་བྱ།། ཐབ་ཁུང་འདབ་བརྒྱད་དབྱིབས་ཡིན་ཏེ། བི་དྷྭཾ་ས་ཡ།། ཨུཙྪ་ཏ་ནི། མོ་ཧ་ཡ་མོ་ཧ་ཡ། སྟམྦྷ་ཡ་སྱཱསྠཱ་ཡ། ཨུད་མ་ན། ཨུད་མན། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཁ་ཤི་ཀ་ར་ཁ་ཤཾ་ཀ་ར། རཀྵ ་ཡ་རཀྵ་ཡ། མོ་ཧ་བྷ་ཡ། སརྦ་ཀརྨ་ཀུ་རུ་ཧཱུཾ་ཕཊ། ལེའུ་སྟེ་དྲུག་པའོ།། དེ་ནས་དང་ལྡན་རྡོ་རྗེ་འཛིན།། གདུལ་དཀའ་བ་ནི་གདུལ་བའི་མཆོག། གསང་བའི་བདག་པོ་གོས་སྔོན་ཅན ་དྲུག་པོ་ཆེན་པོ་དང་འབར་བའི།། ཏིང་འཛིན་ལ་སྙོམས་ཞུགས་ནས།། འཁོར་གྱི་ཀླུ་ཚོགས་དབང་བསྡུས་ཏེ།། ཞེན་རྣམས་བཟློག་པའི་ཆོ་གར་གསུངས།། གནས་འང་རིམ་པ་གསུམ་དག ་ཕྱི་རོལ་སྨྲེ་བསྲེགས་དཔལ་བར་བྱ།། བར་དུ་ཕྱི་ནང་ཁྲུས་བྱས་ཏེ།། མཞེས་པའི་ལས་ཀྱང་ཅི་ནུས་བྱས།། ནང་དུ་བུཾ་པའི་དབང་བསྐུར་བས། ཉེན་རྣམས་བཟློག་ལ་ཐེ་ཚོམ་མེད། ཀྱེ་ཧོ་ཞེན ་རྣམས་འདུལ་བའི་མཆོག། ཨེ་མ་གསང་ཚོན་དྲག་པོ་ཆེ།། ཨེ་མ་མ་རུངས་འཇིགས་པ་ཅན།། ཨེ་མ་གསང་སྔགས་རྣལ་འབྱོར་ཆེ།། ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ།། ཕྱོགས་བྲལ་ཁྲོ་བོ ་ཁྱོད་ཕྱག་འཚལ།། ལེའུ་བདུན་པའོ།། ། དེ་སྐད་ཅེས་གསུངས་ནས་འཁོར་ཐ~ཾང་དགའ་བའི་རྗེས་ལེ་འདི་སྐད་ཅེས་བཀའ་སྩལ་ཏོ།། བད་ལྡན་པའི་གཏོར་མ་ལ། རཾ་གྱིས ་སྦྱངས་ནས་ཡཾ་གིས་བུས།། ཁཾ་གྱིས་དཀྱུས་ཏེ་དག་པ་ལ།། བཾ་ལས་བདུད་རྩི་ཆུ་རྒྱུན་བསྐྱེད།། ཡཾ་རཾ་དབབ་པའི་སྦྱོར་བ་བྱ། ཛ་ཡིས་བཀུག་སྟེ་གཏོར་མ་བསྟིམ།། ཁས་ཏན ་ལྷ་མས་མཆོད་པ་དབུལ།། དེ་ནས་འཁོར་ལ་འདི་སྐད་བསྒོས།། ངན་ཁྲོ་བོ་གོས་སྔོན་ཅན།། སངས་རྒྱས་ཐཾད་འདུས་པའི་སྐུ།། སངས་རྒྱུན་གྱིས་བྱིན་གྱིས་བརླབས།། དབང་བསྐུར་མཚོ ་ཐོབ་ང་ཡི་སྐུ།། ཅི་སྟེ་ང་ཡི་དམ་འདས་ན།། གཏོར་མ་དྲུག་གིས་རང་བཞིན་གྱིས།། ཁྱེད་རྣམས་ཐལ་བ་རྡུལ་དུ་ཀློག། གལ་ཏེ་དམ་ཚིག་མ་འདས་ན།། གཏོར་མ་ཡེ་ཤེས་བདུད་རྩི་ཡི།། ཁྱེད ་ཀྱི་སྒོ་གསུམ་སྒྲིབ་པ་སྦྱངས།། ངེས་པར་ལེགས་པའི་ཡོན་ཏན་འཐོབ། ཨོཾ་ཨཱ་ཀྵཥོ་མུ་ཁཾ་སརྦ་དྷ་མཱ་ཧྲཱི། ཨཱ་དྱ་ནྱདྱ་པ་ནན་ཏཱ། ཨོཾ་ཨཱཿཧཱུ~ཾ་སྭཱཧཱ། ལེའུ་བརྒྱད་པའོ།། ། དེ་ནས་དབ་ལྡན ་གོས་སྟོན་ས།། འདུལ་དགའ་འདུལ་བའི་དག་པོ་ངས།། བསམ་གཏན་ཁོར་ལོ་མེད་པ་ལ། སྔགས་ཀྱི་ངེས་པ་བཤད་པར་བྱ།། དྱག། རྡོ་ན་བནན་ག་ས་དཱི་པ་ཏཱ་ཡེ། ཨི་ད~ཾཿ ་ལཱཾ་བ་ར་དྷ་ར་ཤ་རི་རཱི། བཛྲ་པ་ཎྜི་ཧྲི་ད་ཡ། ཡཿས་མཱ་ཏི་ཀྲ་མ་ཐཱ། ཨུཏ་སཱ་ཛན། བྷཱུ་བི་ཥྞ་ཏི། ལས་ཟད་པའི་སྔག་སོ།། ལས་སོ་སོ་བ་ལ་ཀླུ་འདུལ་སྔགས། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་པྲདྡྷ ་མ་ཧཱི་པྲཱ་གྷྲ་ཧ་ར་ཧ་ར་ནཱ་གཱ་ནན། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱིན། ཙྪིནྡ་ཙྪིནྡ། ནཱ་ག་ཧི་ད་ཡཱ་ནི་བྷིནྡ་ཛིནྡ། ནཱ་ག་མརྨཱ་ཎི་བི་འི་རྱན་ཏུ་ནཱ་ག་ཤ་རི་རཱ་ཎི། ཁཻ་སྥོ་ཊ་ཡ། ནཱ་ག་ན་ཡ་ནེ། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག ་བི་དཱ་ར་ཎི་ཡ་ཧཱུཾ། ནཱ་ག་ཨུཏ་སྭེ་དན་ཡ་ཧཱུཾ་ཕཊ། ཡཻ་དཱ་གས་ཐ~ཾང་བཟློག་པ་ནི། ནཱི་ལཱཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལཱ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟ་ཡ་ཕཊ། ཀྲི་ཏཱནྟ་རཱུ་པཱ་ཡ ་རོ་ཥ་ཛཱ་ཡ་ཕཊ། ཏྲ་སཱ་ནཱ་ཡ་ཕཊ། ཀུ་བྷི་ཌོཏ་སཱ་ད་ནཱ་ཡ་ཕཊ། གཤིན་རྗེ་བཟློག་པའོ།། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡཾ་ཕཊ། ཡི་དྭགས་ཐང་བཟློག་པའོ།། ཡཀྵ་ཨ ་བསྨ་ར་བི་ན་ཤ་ཀ་རཱ་ཡ་ཕཊ། གནོད་སྦྱིན་ལ་སོགས་པ་བཟློག་པའོ།། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡུ། སརྦ་བིགྷྣཱཾ་བི་ནཱ་ཤ་ཀེ་རཱ་ཕཊ། བགེགས་ཟང་བཟློག་པའོ།། ་སརྦེ་ཤ་ཏྲཱུཾ་སཾ་གྷ་བི་ནེ་ཤ་ཀ་རཱ་ཕཊ། དགེ་འདུན་གྱི་དགྲ་འདུལ་བའོ།། ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ།། རྡོ་རྗེ་བེ་ཅོན་དྲག་པོ་ཆེ།། རྡོ་རྗེ་འཇིགས་པ་སྔགས་ཀྱི་བདག། ་རྡོ་རྗེ་ཁྲོ་བོ་བགེགས་ཀྱི་གཤིང་། རྡོ་རྗེ་མི་ཐུབ་འཇིགས་པ་ཆེ།། རྡོ་རྗེ་ལས་ཀུན་གྲུབ་པ་ཆེ།། རྡོ་རྗེ་ལས་རྣམས་ཀུན་མཛད་པ། སྔགས་ཀྱི་བདག་པོ་ཁྱོད་ཕྱག་འཚལ།། སྔགས་ཀྱི་ངོ་བོ་ཁྱོད ་ཕྱག་འཚལ། ལེའུ་དགུ་པའོ།། ། དེ་ནས་ཀླུ་དགུག་པའི་སྔགས་བསྟན་ཏེ། རྡོ་རྗེ་ལྕགས་ཀྱུ་རླུང་གི་སྦྱོར་བས་འགྲུབ་པར་འགྱུར།། དེ་བཞིན་མ་ཡིས་ཀྱང་ནི་འདུལ་བ་ནུམ་པ་ཡིན ་དེ་ལྟར་ནུས་ཕྱིར་དགུག་པའི་སྔགས་ནི་བཤང་བར་བྱ། བཛྲ་པཱ་ཎཱི་མ་ཧཱ་ཡམྦ་ནཱི་ལ་བ་ར་ནཱ་ག་ཧྲཱིཿགྲིཧྞ་གྲྀཧྞ་ཧཱུཾ་ཕཊ། ཨཱ་ཀཪྵ་ཡ་ཨ་ཀཪྵ་ཡ་ཧཱུཾ་ཕཊ། བསམ་གཏན་དྲག་པོས་སྭཱ་བྱ།། བཟླས ་པ་འདི་ཡང་འབང་བྱ།། ཀླུ་རིགས་དུམ་བདེ་ཀུན། འགུག་ཅུ་འདི་ལ་གཞན་དུ་མིན། ཇི་སྲིད་འགུགས་པའི་ཏིང་འཛིན་གྱིས།། ཁུགས་པར་གྱུར་པའི་ཀླུ་རྣམས་ཀུན།། ཟངས་གཞོང་ནང་དུ་སྣུན ་དྲངས་ཏེ།། ཁྲོ་བོའི་ཆེ་བ་བརྗོད་ནས་ནི།། དམ་ཚིག་བ་སྲེག་ཞིང་དུག་རྣམས་གཞོམ། སྨན་གྱི་མཆོག་གིས་གསོ་ས་ནས་ནི། གང་པོ་ནོད་ཕྱོགསུཾ་གཤེགསུ་གསོལ།། ལེའུ་བཅུ་པོ ་དེ་ནས་གཞན་ཡང་བཤད་བྱ་སྟེ།། ཞི་བའི་ལས་ཀྱིས་མི་འདུལ་བའི།། ཀླུ་གཟིར་དག་སྔགས་སྙན་པར་བྱ། ཨོཾ་བཛྲ་པཱ་ཎཱི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ནཱ་ག་ཧ་ནཱ ་ན་ཧཱུཾ་ཕཊ། ནཱ་ག་ད་སད་ཧ་ཧཱུཾ་ཕཊ། ནཱ་ག་སྥོཊ་སྥོ་ཊ་ཧཱུ་ཕཊ། ནཱ་ག་བི་སྥོ་ཊ་ཡ་བི་སྥོ་ཊ་ཡཻ་ཧཱུཾ་ཕཊ། ནཱ་གཱི་གརྫ་བརྫ་ཧཱུཾ་པ་ཊ། ནཱ་ག་བྷིནྡ་ཟིནྡ་ཧཱུ~ཾ་ཕཊ། བསམ་གཏན་རྡོ་རྗེ་གྲོགས་པ་ཡིས། ་གདུལ་བའི་སྟེང་ན་གདབ་པར་བྱ།། འོག་ཏུ་མེད་ཡི་འཁོར་ལོ་བསམ།། མེ་ཕུང་ཆེན་པོའི་ཏིང་འཛིན་གྱིས།། མེ་འབར་ཀློག་ཆེན་དཀྱིལ་དུ་གཟིར།། ཡུངས་ཀར་ཡུངས་ནག་སྐེ་ཚེ་ཡིས།། བརྡེག ་པིང་ཁྲོ་བོར་སྤྲུལ་པ་སྤྲོ།། ཁྲ་སྤྱང་ལ་སེགས་རྩ་ལྔའི་གསོབ།། གཟན་ཟན་སྣ་ཚོགས་མཆེ་སྡེར་དང་། མཆུ་སྡེར་དབབ་ཅིང་སྤྲུལ་པ་སྨྲྀ།། མྱུར་དུ་གདོན་མི་ཟ། ལེའུ་བཅུ་གཅིག་པའོ།། ་དེ་ནས་འཕགས་པ་གོས་སྔོན་པོ་ཅན་གྱིས་ཉིང་ལ་ཉིད་ཀྱིས་མཆོད་པ་འདུལ་བ། ཅུ་རྡོ་རྗེ་བདུག་པ་མ།། བདག་འདུ་ཡིས་རྒྱས་མཛདས།། བཛྲ་དྷཱུཔཱ་པཱུ་དྡྷ་ཥེ་དྷཱུཥྛ ་མེ་ཏོག་མ།། བདག་ཉིད་ཡོངསུ་བཀྲ་མཛད་ཡ། བཛྲ་པུཥྤ་པཱ་ཛྲ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་དྲི་ཆབ་མ། བདག་ཉིད་དངོས་པོ་དག་མཛད་མ།། བཛྲ་གནྡྷེ་པཱུ་ཛ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་མར་མེ་མ།། བདག་ཉིད་དཀྱིལ་འཁོར་གསལ ་མཛད་མ། བཛྲ་ཨཱ་ལོ་ཀེ་བཱ་ནེ་ཧཱུཾ། ཇི་སྲི་ཟད་མཆོད་པ་ཆེ། ཇི་སྲིད་མཆོད་པ་བདེ་བ་ཆེ།། ཇི་སྲིད་མཆོད་པ་ཡང་དག་ཆེ།། ཨེ་མ་ཧོ།། ལེའུ་བཅུ་གཉིས་པའོ།། དེ་ནས་གཞན་ཡང་བཤད་བྱ་བ།། བཅོམ་ལྡན ་གསང་བ་གོས་སྔོན་ཅན། བསྡུ་བ་བབས་ཀྱི་ཏིང་འཛིན་གྱིས། ལ་ར་གྱི་ཀླུ་རྣམས་སྡུང་མཛད་ནས།། མེ་ཡི་འཁོར་ལོ་སྙོམས་སུ་གས་ཆེ།། གསང་བ་ས་ཡི་སྔགས་བཟླས་པས།། ཀླུ་རྣམས ་མ་ལུས་ཚིག་པར་མཛད།། བྲལ་ནས་དཔག་ཚད་གནསུ་བྲེས།། ཁ་སྡུས་བདུད་རྩི་སྨན་གྱིས་གསོལ།། ལས་བཅོལ་སོ་སོའི་ག་ནསུ་འཁོད།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ། ་ཐམ་མོ་སྦྱར་ནས་འདི་སྐད་གསོལ།། མེ་བརྒྱད་འཁོར་ལོའི་བདག་ཉིད་ཆེ།། རྟག་ཏུ་མེ་ཡི་ཏིང་འཛིན་ལ།། སྣོམས་ཞུགས་ཁྱོད་ནི་རྒྱལ་གྱུར་ཅིག། བདེ་བའི་རོལ་མོ་མེ་ཀློང་དུ།། སྲེག་མཛད་མེ་བརྒྱད་བྱེད ་ཕྱག་འཚལ།། རང་བཞི་རྣམ་དག་ཁྱོད་ཕྱག་འཚལ། ཆུ་ཡི་དང་ལ་གནས་འདོད་ན། ཆུ་བརྒྱད་ཏིང་འཛིན་ལ་གནས་ཏེ། དེ་ཚེ་འཁོར་གྱིས་འདི་སྣང་བསྟོད། ཆུ་བརྒྱད་འཁོར་ལོའི་བདག་ཞིད་ཆེ། རྟག ་བ་ཆུ་ཡི་དཀྱིལ་འཁོར་ཅན།། འབྱུང་བའི་གཙོ་བོའི་ཆུ་ཡི་བདག། ཆུ་བརྒྱད་མངའ་བདག་ཁྱོད་ཕྱག་འཚལ།། རླུང་བརྒྱད་ཏིང་འཛིན་ལ་གནས་ནས།། མཐོར་ཞིང་འབུད་པའི་བདག་ཉིད་ཆེ།། རླུང་ཆེན ་དྲག་པོ་ཅལ་ཤུགས་ལྡན། རླུང་ལྷ་གོས་སྔོན་ཁྱོད་ཕྱག་འཚལ། ས་ཡི་ཏིང་འཛིན་ལ་གནས་ནས།། མི་གཡོ་བརྟན་པའི་ལས་མཛད་པ།། གསེར་ལྡན་རོལ་ལོ་སྣ་ཚོགས་ལྡན། ས་བརྒྱང་འཁོར ་ལོ་ཁྱོད་ཕྱག་འཚལ།། ལེའུ་བཅུ་གསུམ་པའོ།། །། དེ་ནས་དང་ལྡན་གོས་སྔོན་ཅན།། ཕྲ་མོའི་ཏིང་འཛིན་ལ་གནས་ནས།། འཁོར་གྱི་གནོད་སྦྱིན་མང་པོ་ཀུན།། ཤིན་ཏུ་ཡིད་དགའ་དད་པ ་ཞུས། ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས།། ཅིར་སྣང་དངོས་པོ་གཅིག་ཏུ་འདུས།། དེ་ཉིད་མཐའ་འདས་རང་བཞིན་མེད།། དེ་ནས་དང་ལྡན་གོས་སྔོན་ཅན།། འདོད་ཆགས་ཏིང་འཛིན་ལ་གནས་པས།། འཁོར ་གྱི་གནོད་སྦྱིན་མང་པོ་ཀུན། སྔགས་དང་དུས་དང་བརྒྱལ་བ་ལས།། ། བསླང་ཏེ་བླ་མེད་དོན་བསྟན་པས།། བང་འདོད་ཆགས་མངོན་སངས་རྒྱས།། འཁོར་གྱི་སྐུ་ལ་མངོན་པར་བསྟོད། ་སོགས་ང་བདག་གོས་སྔོན་ཅན།། བླ་མེད་རྫོགས་པའི་ཀློང་དཀྱི་ལ་ན།། འདོད་ཆགས་དག་པའི་བློ་ལྡན་པས།། མངོན་པར་སང་ས་རྒྱས་ཁྱོད་ཕྱག་འཚལ། ལེའུ་བཅུ་བཞི་པའོ།། ་དེ་ནས་འདས་པའི་འཁོར་རྣམས་ཀྱིས།། འཁོར་གྱི་གཙོ་ལ་མངོན་པར་བསྟོད་།། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། གསང་བའི་བདག་པོ་གོས་སྔོན་ཅན།། ཡོན་ཏན་ཐཾང་སྐུ་ལ་རྫོགས།། དངོས་མེད ་དག་པ་ཁྱོད་ཕྱག་འཚལ།། འཁོར་གྱི་ཀླུ་ཚོགས་འདུས་པའི་ཕྱིར། ཀླུ་བརྒྱད་སྐུ་ལ་རབ་བརྒྱན་ནས།། ཀླུ་ཚོགས་ཞལ་དུ་གསོལ་མཛད་པ། ཀླུ་འདུལ་བྱམས་པ་ཁྱོད་ཕྱག་འཚལ།། སྣ་ཚོགས ་དག་པའི་སྐུ་མངའ་ཞིང་།། རིགས་དྲུག་སྡེ་བརྒྱད་འདུལ་བར་མཛད། སྐྱོན་གྱིས་མེ་གོས་རང་སངས་རྒྱས།། ཐོགས་མེད་ཀུན་འདུལ་ཕྱག་འཚལ་བསྟོད། ཇི་ལྟར་བསམས་པའི་དངོས་པོ་ཀུན། ་ཁྱོད་ལས་འབྱུང་བས་མི་ཟད་གཏེར།། སྣ་ཚོགས་ཡིད་བཞིན་འཕྲུལ་པོ་ཆེ།། ཡིད་བཞིན་ནོར་བུ་ཁྱེད་ཕྱག་འཚལ།། ནད་དང་རིམས་ཀྱི་གཤིང་པོ་མཛད་།། ནོར་དང་ཟས་ཀྱི་བདག་པོ ་མཛད། འཇིགས་པ་ཀུན་ལས་སྐྱོབ་པར་མཛད།། བླ་མེད་སྐྱོབ་མཛད་ཁྱོད་ཕྱག་འཚལ།། ཞེས་བསྟོད་ནས་རྗེ་སུ་ཡི་རང་ངོ་།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་ལ་སོགས་པ་ཡང་ཡིད་དགའ ་བའི་མཆོད་པས་ཁྱབ་པར་གྱུར་ཏོ།། མི་ལ་སོགས་པ་འཇིགས་པའི་ཉེན་དང་ལྡན་པ་བདེ་བདེ་བ་ལ་བཀོད་།། ལེའུ་བཅོ་ལྔ་པའོ།། ། འཕགས་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ ་ཅོན་གྱི་རྒྱུད་རྫོག་སོ།། ། དེ་ནས་གསང་བའི་བདག་པོ་འཁོར་དེ་དག། རྣམ་པར་གཟིགས་ནས་རང་ཉིད་མཁའ་དབྱིངས་ན་མ་དག་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར ་