CLOSE WINDOW

L324: 'phags pa lag na rdo rje gos sngon po can drag po gsum 'dul ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

ཉིད་གྱུར་ཅིག་རྒྱ་གར་སྐད་དུ།། ཨཱརྱ་ནཱི་ལཾ་བ་ར་དྷ་ར་བཛྲ་པ་ཎི་རུ་དྲཱ་ཏྲི་བཱ་ནི་ཏནྟ་ནཱ་མོ།། བོད་སྐད་དུ།། འཕགས་པ་ལ་ག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི ་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་། ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ ་དང་ལྷན་ཅིག་ཏུ་འོག་མིན་ག་ཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་གཅིག་ཏུ་བཞུག་སོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་རྗེས་གནང་བ་འདི་ལག་ན་རྡོ་རྗེ་ཟུང་ཅིག་ཅེས་བཀའ་སྤྲུལ་ཏོ།། དེ་ནས་ཕྱོག་རྡོ་རྗེས་གསོལ་པ།། གནོད་སྤྲིན་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི ་ཚོགས་ཀྱིས་ཡོངསུ་བསྐོར་བ།། མཆེ་བ་གཅིག་པ་དང་འཚམ་པ།། མིག་མེ་བདག་གི་ཕུང་པོ་འདྲ་ག་དབུགས་མེ་ལྕེ་ལྟར་འབར་བ།། འཇིགས་པའི་ང་རོ་ཅན།། པདྨ་དང་ཆུ ་ལྷས་ལག་པ་དང་དཔུང་པ་རྟུན་པ། ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་རྒྱན་པ།། སྦྲུལ་རིན་པོ་ཆེ་འབར་བའི་ཅོད་པན་ཐེགས་པ། ཀླུང་དགའ་བ་དང་ཉེ་དགའ་བོ་འབར་བས་སྣན ་མ་བྱས་པ། རྐང་པས་སྦྲུལ་གདུག་པ་འབར་བ་མནན་ཅིང་ཟ་བ། ཀླུའི་རྒྱལ་པོ་འདབ་བཟང་མེ་རག་སུ་བཅིངས་པ། སྦྲུལ་ནག་པོ་ལེར་ལ་ཁར་ཐོགས་པ། བཞིན་རྒྱས་པ།། སྨིན་མ་རྫོ ་གཉེར་དུ་བསྡུས་པ། ཡ་སོས་མ་མཆུ་མནན་པ། ལྡེ་གློག་ལྟར་འགྱུར་བ། གཤིན་རྗེའི་ཆ་བྱད་ཅན། གསུས་པོ་ཆེ་སྦྲུལ་ཟ་བ། རྒྱ་མཚོའི་ཟབ་སུ་དཔག་ཚད་བརྒྱད་ཁྲི་ཡོད་པས་རྐང ་པའི་པུས་མིར་ཕྱིན་པ་དབང་པོ་དང་ཉི་མའི་སྟེང་ན་བཞུགས་པ་ན། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ།། ཨ་ལ་ལ་ཞེས་བསྒྲགས་པས་སྐྲག་པར་བྱེད་པ། ཀླུ་ཐཾད་བརླག ་པར་བྱེད་པ། གང་རྒྱངས་ཆེན་པོ་རྒོད་པས་ཀྱི་ན་ཏུ་འཁྲུག་པར་བྱེད་པ།། གཤིན་རྗེའི་གཟུགས་ཅན་ཁམ་སགས་གསུམ་འཇིགས་པར་བྱེད་པ། ཀླུ་རྣམས་འདུལ་བར་བྱེད ་པ་དེ་ལ་ཕྱག་འཚལོ་ཞེས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བསྟོད་ན་གསུང་དུ་གསོལ་ཞེས་སྨྲ་སོ།། དེ་ནས་ནམཁའི་དེ་ཉིད་ལ་གཞལ་ཡས་ཁང་དང་།། འཁོར་ལོ ་ཆེན་པོའི་ཏིང་འཛིན་དང་ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། རྡོ་རྗེ་ཁྲོ་བོ་དྲེག་ཆེན་འཇོམས།། རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙེ།། རྡོ་རྗེ་མི་ཐུབ་འཇིག ་བྱེད་ཆེ།། རྡོ་རྗེ་ཕྱིན་ལས་ཀུན་དོན་མཛད།། ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ།། འབྱུང་བ་ལྔ་ཡི་བདག་ཉིད་ཆེ།། མཛེས་ལྡན་འོད་ཟེར་ཅན་དང་ནི།། མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ།། བསྐྱེ ་བྱེད་ལས་ཀུན་སྒྲུབ་པ་ལ། འགུགས་ཤིང་སྡང་དང་སྡོམ་ཞིང་མཛད།། མཐའ་བརྟུལ་ལས་རྣམས་སྒྲུབ་པ་ལ།། ཐིག་ལེའི་རང་བཞིན་མི་ཤིགས་ལ།། ཁེ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། ་བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། ས་བོན་རབ་ཏུ་འབར་བ་ཡིས།། ཐབས་དང་ཤེས་རབ་སྲེག་གསོལ་མཛད། ་། བདེ་ཆེན་རབ་ཏུ་གསོལ་མཛད་ནས།། སྡུག་བསྔལ་ཉོན་མོངས་འཇོམས་ལ་འདུད།། ཨོཾ་ཨ་ཀ་མུ་ཁཾ་སརྦྦ་དྷརྨཱ་ཎཱི་ཨཱ་དྱ་ནུ་ཏ་པནྣ་ཏཱ་ཏ་ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་ལྷ ་ལ་བསྟོད་ནས་མཛུ་དོ།། བྱང་ཆུབ་སདེའི་ཕྱག་ན་རྡོ་རྗེ་ལ་ལེགསོ་ཞེས་བྱ་བ་བྱིན་ནས་འཁོར་རྣམས་སྤྲོས་ཏེ། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འང་ས་ལེགསོ་ལེག་སོ།། དེའི་ཕྱིར་འདི་གསང་སྔགས་ལྔ ་བ་སྒྲུབ་པ།། སྡིག་པ་ཐང་འཇོམས་པ་དྲག་པོ་གསུམ་འ་དུལ་བ་འདི་གསུང་དུ་གསོལ་ཞེས་བརྗོད་ནས་བསྐོར་བ་བྱས་ཏེ་སྤྱན་སྔར་འཁོར་རྣམས་དང་ལྷན་ཅིག་ཏུ་འཇུའོ།། དེ་ནས་སངས་རྒྱ ་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུ་ངས་ཤིང་བྱིན་གྱིས་བརླབས་པའི་རིག་སྔགས་འདི་གདུ་ག་པ་ཅན་རྣམས་འདུལ་བའི་དོན་དུ་བརྗོད་པར་བྱའོ།། ཏ་དྱང་རྗེ ་པ་ནཱ་ག་ཨ་དཱི་པ་ཏ་ཡེ། ཨི་ད་ནི་ལཱམྦ་ར་དྷ་ར་ཤ་རི་རཱ། བཛྲ་པཱ་ཎཱི་ཧྲྀ་ངད་ཡཾ་ཡས་མཱ་ཏི་ཀྲ་མ་ཐ། མ་ཀུ་ལ་ཨུཏ་སཱ་ད་ནཾ་བྷ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བ་བུདྡྷ་བི་བུདྡྷ་བི་བུདྡྷ། མཱ་ཏི་ཀྲ་མ་ཐཾཥ་ཕར ་ན་གཱན། པྲ་ཧ་ར་པྲ་ཧ་ར་ན་གཱ་ནེ། ཙྪིནྡ་ཙྪནྡ་ནཱ་ག་ཧྲྀ་ད་ཡཱ་ན~ཾ། བྷྲྀ་ད་བྷཾ་ད་ནག་མརྨ་ཎི་བི་ཤ~ཾནཱནྟ་གཱ་ཤ་རི་རཱ་ཎི། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནཱ་ནེ། ཏདྱ་བེ། ཧཱུ~ཾ་ཕཊ། ནི་ག་བི་དཱར་ཛཱ་ཡཻ་ཕཊ། ནཱ་གོ་ཏ་སཱ་ད ་ཡེ་ཕེ་ཝེ་ནཱ་ལཱ་བ་ས་ནཱི་ཡེ་ཕེཊི། ཨ་པྲི་ཧ་ཧེཏབེ་ལ་པེ་རཀྲ་མཱ་ཡ་ཕཊ། ཀྲྀ་ཏཱ་ཏཱ་ཡ་ཕཊ~ཾ། ཀྲྀ་ཏཱན་ཏ་རུ་པ་ཡ་ཕཊ་རོ་ཥ་ཎཱ་ཡ་ཕཊ། ཏྲ་ས་ནཱ་ཡ་ཕཊ་ཀུཥྨ་ན་ཊོཏ་སཱ་ད་ན་ཡེ་ཕཊ། པྲེ་ཏ་པི་ཤ་\ུ0f7f། ་བི་ནཱ་ཤ་ཀ་ར་ཡ་ཕཊ། ཡཀྑ་ཨ་པསྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ས་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ་ན། ཤ་ཡ་ན་ཤ་ཡ། སརྦྦ་བསྨིན་པ་ན་ཤ་ཀ་ར་ཡ་ཕཊ། སརྦ་ཤ་ཧཱུཾ་སཾགྷ་བི་ནར ་ཤ་ཀ་རཱ་ཡ་ཕཊ་ན་ལཱམྦ་ར་དྷ་ར་བཛྲ་པཱ་ཎྜི་རེ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེའི་ཆོ་ག་ནི་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ཆུ་ལི་སོགས་བཏབ་ཏེ་གཏོར་ན་བཏང་བར་འགྱུརོ།། ཀླུ་བཟློག་པར་བྱེད་ན ་སྨག་ཤད་ཀྱི་ལྕུག་མེ་འམ་ཁལ་པོ་སེའུ་ཡི་ལྕུག་མས་བྱའོ།། ཡཾ་དགས་དང་བརྗེད་པྱོང་རྣམས་ལ་ནི་སྲུང་བས་བྱའོ།། རིམས་ནང་མེད་པར་བྱ་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་གྲཝ་འཆུས་པ ་ལ་ནི་སྲུང་པ་སྔོར་པོས་བྱའོ།། ནོར་འདོང་པ་ལ་ནི་ཞིག་གཅིག་བསྙུངས་པར་འདུག་སྟེ་སྤོས་ཀྱིས་གདུགས་ན་མི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐོང་སྟེན།། མཆོད་རྟེན་སྐུ ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་ལ་སྔགས་སྟོང་བཟླས་ནས་གསོལ་བ་བཏ་བ་ན་གསེར་གྱི་དོང་ཆེ་བདུན་སྟོང་སྦྱིན་པར་བྱེའོ།། རྒྱས་བཏབ་པ ་འགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལྕགས་དབྱེ་བར་འདོད་ན་ཉུངས་ཀར་གྱིས་བྱའོ།། འཇིགས་པ་བདེ་ལས་སྲུང་བ་ལ་ནི་རྩི་མར་སྙིང་པ་དང་ཐལ་བ་དང་ཞུངས་ཀར་གྱིས་བྱའོ།། ཞང ་ཀྱིས་འཇིགས་པ་ཐང་ལ་ནི་སྐུང་བ་སྔོན་པོ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར། བྱིས་པ་གདོན་གྱིས་ཉེན་པ་ཐཾང་ལ་ནི་ཚོན་སྔ་པའི་སྐུང་བ ་མགུལ་ལ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར།། ཆོམ་རྐུན་བཟློག་པར་འཛིད་ནསས་བྱའོ།། ངག་ལ་ནི་རྩཝ་ཀུ་ཤེས་བྱ་བ་པར་བྱའོ།། བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་བྱའོ།། གཞན་སུ ་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་དག་ཐཾང་ལ་སྔགས་བརྗོད་པ་ནི་གཅིག་གམ། གསུམ་མ་མ། ལན་བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས ་ན་འགྲུབ་པར་འགྱུརོ།། བཅོམ་ལྡན་ལྡངས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། བདུད་ཡང་དང་བཅས་པ་རྗེ་སུ་ཡི་རང་སྟེ་བསྟན་པ་ལ་འཁོ།། འཕགས ་བ་ལག་ན་རྡོ་རྗེ་གེས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་རྫོགས།། བལ་པོའི་པཛྲཱི་ཏང་བ་པུ་དྷཱ་མ་ཏི་དང་།། ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ་རྒྱ་གར་སྐད་དུ། རུ་དྲ་ཏི་ཏནྟྲ་གུ་ཧྱ་བི་ཝ་ར་ཏི་བཱིན་ཡ་ནཱ་མ་ཁོང་སྐད་དུ།། གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱུང་བ་དྲག་པོ་གསུམ་འདུལ་ཞེས་བྱ་བ། འཇམ་པའི ་