| Wylie | e-texts produced with BDRC’s OCR application |
གྱི་མཁན་པོ་སུ་དྲན་ཤི་ཛྙཱ་ན་དང་།། སྒྲ་བསྒྱུར་གྱི་ལོ་ཙྪ་བ་ཆེན་པོ་འོང་ཀྱི་ལྷ་བཅན་པོ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྣང ་དུ། ཙ་ཏུར་དེ་བི་ཏི་པ་རི་པྲྀ་ཙྪ། བོད་སྐད་དུ། ལྷ་མོ་བཞིས་ཡོངསུ་ནུ་ས་པ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚའོ།། ལྷ་མོ་བན་དང་མམ་ལྡན་ཞིང་།། སངས་རྒྱས་གཟུགས་ཀྱིས་ཉེར ་རྒྱན་པ། ཤིན་ཏུ་དགའ་བའི་སྤྱིར་ཆེན་ལ། རྡོ་རྗེ་སེམས་དཔའ་ཆེར་བཞུག་སོ།། འོད་ཟེར་འཆང་ཞིང་འཁྲིགས་པ་ཡི།། གསང་ཆེན་ཆོས་ཀྱི་འབྱུང་གནས་ལ། བྱང་ཆུབ་སེམས་ནི་འཕྲོས་ནས་སུ ་ཆོས་ཀྱི་དབྱིངས་གནས་སུ་མཛད་དོ།། ཞུ་བའི་དངོས་པོ་དེ་མཐོང་ནས།། ལྷ་མོ་སྤྱན་མས་ཡོངས་ཞུས་པ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ཚིག་འདི་དག་ནི་གསོལ་བ་སྟེ།། ཆོས་ཀྱི་དབྱིངས་རྣམ ་འཕྲོ་བ་ནི།། གང་ལས་སྐྱེ་བར་འགྱུར་བ་ལགས།། དང་པོ་ཇི་ལྟར་འོང་བ་ཡིན།། དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས།། ཡན་ལག་མེད་པ་གང་དེ་ནི། ཡན་ལག་དང་བཅས་འགྱུར ་ནས་སུ། ལུས་དངོས་འགྱུར་བ་ཇི་ལྟར་ལགས།། མིག་དང་རྣ་བ་སྣ་དང་ནི།། དེ་བཞིན་ལྷ་དང་ལུས་དང་ཡིད།། དབང་པོ་ཕུང་པོའི་དངོས་རྣམས་དང་།། ཁམས་རྣམསུ་ནི་འཇུག་པ་ཡང་།། མ་རིགས ་བག་ཆགས་སྲེད་པ་ཡིས།། བཅིངས་པའི་ཉོན་མོངས་འདོད་ཆགས་སོགས། རྣམ་པར་ཤེས་པ་སྣ་ཚོགས་པ།། ཇི་ལྟར་དངོས་སུ་འདུས་པ་ལགས།། དངོས་པོ་མེད་པ་སྦོམ་པོའི་གཟུགས།། གཟུགས ་སོགས་སྤྱོད་ཡུལ་མཚན་ཉིད་རྣམས།། རང་བཞིན་མེད་ཅིང་དམིགས་མེད་ལ།། དམིགས་པ་དང་བཅས་ཇི་ལྟར་ལགས། དེ་དག་ངོ་མཚར་ཆེན་པོ་ནི།། བདག་གི་ཐེ་ཚོམ་ལྷས ་བཀའ་སྩོལ།། དེ་ལྟར་ཞུས་མ་ཐག་ཏུ་ནི།། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས།། ཤེས་རབ་ཟབ་པ་ཟད་མེད་ནི། ཉོན་ཅིག་སྤྱན་མ་བཤད་པར་བྱ།། དཔྱད་དུ་མེད ་ཅིང་ཤེས་བྱ་མིན།། དེ་བཞིན་དཔྱད་མཁན་གྱིས་ཤེས་དཀའ།། སངས་རྒྱས་ཀུན་གྱི་གསང་ཆེན་ནི།། ན་མཁའ་ན་མཁའི་སྤྱོད་ཡུལ་ལོ།། མི་ཤེས་མུན་པས་བསྒྲིབས་པས་ན།། ཉན ་ཐོས་རྣམས་ཀྱིས་ཤེས་པ་མིན།། སྤྱོད་ཡུལ་བག་ཆགས་ཤེས་མཁན་ནི།། རང་སངས་རྒྱས་སུ་སྤྲུལ་པ་སྟེ།། དེ་དག་ཀུན་གྱིས་ཀྱང་མི་ཤེས།། ཤེས་མེད་སོ་སོའི་སྐྱེ་གནས་དང་།། མ་འོངས་པ ་དང་འདས་པ་དང་།། ད་ལྟར་བྱུང་བའི་དུས་གསུམ་ལ། བྱོལ་སོང་བག་ཆགས་ལས་བྱུང་བའི།། དུད་འགྲོ་ཡི་དྭགས་སྐྱེ་བ་རྣམས།། དེ་ཀུན་གྱིས་ཀྱང་མི་ཤེས་ཏེ།། སངས་རྒྱས་སྤྱོད་ཡུལ་གསང་ཆེ་ནོ།། ་སྙིང་པོ་ཤིན་ཏུ་སྙིང་པོའི་མཆོག། གང་དེ་ཀུན་བདག་ལ་གནས་པའི།། སངས་རྒྱས་ཀུན་གྱིས་གསང་ཆེན་ནི།། ལྷ་མོ་ཁྱོད་ལ་བཤད་པར་བྱ།། བྱང་ཆུབ་སེམས་དག་འོད་གསལ་བ།། ཟླ་བ་ཤེལ་དང་མཉམ ་པའི་འོད་།། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས།། ཡུངས་ཀར་ཆེ་བའི་ཚད་ཙམ་མོ།། དེ་ཡི་དབུས་སུ་བཞུགས་པའི་ལྷ།། མི་གསལ་གསལ་བའི་གཟུགས་ཅན་ཏེ།། ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག། ཡིད་ཀྱི་དངོས་པོའི ་ཐིག་ལེའི་གཟུགས།། རྟག་ཏུ་སྙིང་གི་དབུས་གནས་པ།། འོད་ཟེར་ཆེན་པོ་འབར་བ་ཅན།། ཇི་སྙེད་དགུ་པའི་བར་དུ་ནི།། དབྲལ་བ་ལ་གནས་རྐང་མཐིལ་བར།། ཐིག་ལེ་དེ་ཁོ་ནར་བསྡུ་ཏེ།། ལྟེ་བའི་དབུས ་སུ་རྣམ་པར་གནས། ཆ་ཤས་ལྔ་པ་ཅན་ཡིན་ཏེ། བཅུ་གཉིས་ཀྱི་ནི་ཐ་མ་ལ།། ཆ་ནས་དྲུག་གིས་མཚན་པ་ཉིད།། ང་རོ་ཐིག་ལེས་རྒྱན་བྱེད་པ།། རྡོ་རྗེ་བོང་ནས་ཕྱུང་ནས་སུ།། ས་བོན ་སྐུ་གནས་དབུས་བཞག་སྟེ། ཆོས་ཀྱི་དབྱིངས་ནི་ནུ་བར་བྱེད། དེ་ནི་རིམ་པར་བསྐྱེད་བྱིང་ན། སྒོང་དགུ་ལ་ནི་ཀུན་ཏུ་འགྲོ།། ཁྱབ་ཅིང་ཁྱབ་གནས་འགྲོ་ཀུན་ལ། མི་གཡོ་ལ་སོགས་པ ་དང་བཅས།། ཚངས་སོགས་ལྷ་དང་ལྷ་མིན་གྱི།། གཞི་ནི་དེ་ལས་གྱུར་པའོ།། གང་ལ་གཙོ་བོར་སྐྱོད་བྱེད་ལ།། ས་དང་ན་མཁའི་དེ་ཞེས་གསུངས།། ཇི་སྙེ་ལུས་ལ་གནས་པའི་བར།། དེ་ཡིས་ལས་དང་ལས་མིན་བྱེད། ་དགེ་དང་མི་དགེ་བསམ་པ་ཡང་།། བྱ་བའི་ལས་ཀུན་བྱེད་པ་ཡིན།། སྦྱོར་བ་རྟག་ཏུ་དེ་གསུངས་ཏེ།། མཆོད་པ་སྒོམ་པར་གསུང་བ་ཡིན།། གང་ཚེ་ལས་ཀྱི་ལུས་ཞིག་ན།། དེ་ཚེ་དེ་ཡི་རང་མཐུ་ཡིན།། དེ་འདྲའི་ལུས་སུ ་དེ་འགྱུར་ཏེ།། གང་གིས་གཡོ་དང་མི་གཡོ་ཁྱབ།། ན་མཁའ་མཉམ་པ་ཞིང་འདྲ་བ། དེ་ནི་གནས་པར་ཤེས་པར་བྱ།། བཅུ་ཡི་གཉིས་མཐའ་ཚིག་གི་ངོན།། གང་གིས་རྟག་ཏུ་སྒོམ་བྱས་ན།། དེ་ནི་དངོས་གྲུབ་རྒྱས ་པ་ཡིད་རྡོ་རྗེ་འཛིན་པར་བདག་ཉིད་འགྱུར།། སོ་དང་མཆུ་དང་དཀན་དང་ལྡེ། མགུལ་གནས་གང་ལ་ཡོད་པ་ནི།། གང་ལ་དེ་ནི་ཡིག་འབྲུ་ཉིད་། དེ་ནི་ཟང་དང་གནས་ཕྱིར་རོ།། བརྗོད་པ་མེད ་ཅིང་ཐེ་ཚོམ་མེད།། སྒྲ་ཡིག་རྣམ་པར་སྤངས་པ་ནི།། རང་གི་ཕྱི་ནང་དེ་བཞིན་ཉིད།། བྱང་ཆུབ་སེམས་ནི་འདིར་གསུང་སོ།། ལྷ་མོ་བཞིས་ཡོངས་ཞུས་པ་ལས་ལྷ་མོ་སྤྱན་མས་ཡོངསུ་ཞུས་པའི་ལེའུ ་སྟེ་དང་པའོ།། །། དེ་ནས་ལྷ་མོ་མཱ་མ་ཀཱི། རྡོ་རྗེ་ཅན་ལ་འདི་ཞུས་ཏེ། བྱང་ཆུབ་སེམས་ཀྱི་རིམ་པ་ཡིས།། ཁ་སྙིང་ལྟེ་བ་གསང་བ་ལ།། འགྲོ་དང་ཕྱིར་འོང་བསྟན་པ་ནི། རྡོ་རྗེ་ཆེན་མོས་བཀའ་སྩལ་འཆལ ་ཚེ་ཤས་རྣམ་པ་དུ་ཞིག་གསུངས།། གནས་ཀྱི་རྣམ་པ་བསྒྱུར་འདུ།། ། ཁེ་དོག་རྣམ་པ་དུ་ཞིག་གསུངས།། དེ་བཞིན་གདན་ཡང་ཇི་ལྟར་འཚལ།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།། ཆ་ཤས་བཞི ་དང་མཉམ་ལྡན་ཞིང་།། པདྨ་བཞི་ལ་ཡང་དག་གནས།། སྙིང་ཀའི་བ་དྨ་ལ་གནས་གནག། ཁ་ཡི་པདྨ་ལ་གནས་དཀར།། ང་རོ། ལྟེ་བའི་པདྨར་གནས།། གསང་བའི་པདྨ་ང་རོ་མཐའ། ་སྟབས་ཀྱི་མཐའ་རུ་འགྲོ་བྱེད་པས།། ཐིག་ལེའི་སྦྱོར་བར་རབ་ཏུ་གནས།། བསྣམ་བྱེད་པ་དང་ཐོས་བྱེད་པ།། དེ་ཚེ་མཐོང་བྱེད་ཟ་བྱེད་པ།། རེག་པར་བྱེད་ཀྱང་དེ་ཁོ་ནས། བདེ་དང་སྡུག་བསྔལ་ཚོར་བྱེད་པའོ། ་གང་ལས་གཞད་བྱེད་བཟླ་བྱེད་པ།། དེ་བཞིན་ཆོ་བོ་དང་ངུ་བ།། འབྱེད་པ་གཅོད་པ་དེ་ཁོ་ནས། ཆོ་ག་རྣམ་པ་མང་པོ་ཤེས།། རྒྱལ་པོ་དོན་ཡང་བྱེད་པར་འགྱུར།། དབང་ཕྱུག་དོན་ཡང་བྱེད་པར་འགྱུར།། ། ་བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་།། དམངས་རིགས་སྨང་པོའི་རིགས་རྣམས་དང་།། བུད་མེད་དུ་མ་སྤྲུལ་པར་བྱེད།། དུད་འགྲོ་ཡི་དགས་སྐྱེ་བ་དང་།། གཟུགས་ཅན་རྣམས་དང་གཟུགས་མེད ་དང་། དེ་བཞིན་འདོད་པའི་སྲིད་རྣམས་ལས།། འབྱུང་བ་ཐམས་ཅད་སྐྱེད་བྱེད་པ།། དེ་ཉིད་ཁོ་ན་རྫུ་འཕྲུལ་གནས།། མོ་གཟུགས་དང་ནི་ཕོ་ཡི་གཟུགས།། བདེ་བ་ཆེན་པོ་གོ་འཕང་གནས།། དེ་ལྟར་དེ་བཞིན་ཉིད། ་ཤེས་པ། དམ་པའི་ཡིག་འབྲུ་ཤེས་པ་གང་།། དེས་ནི་གསང་ཆེན་ཤེས་པ་སྟེ།། གང་ངེས་བདག་ཉིད་ཀུན་གནས་པ།། ཁ་དོག་མེད་ཅིང་ཁ་དོག་དམར།། ཁ་དོག་དཀར་དང་སེར་བ་ཡི།། ཐིག་ལེའི་གཟུགས་བསྒྱུར ་བ་འདིས།། འགྲོ་དང་ཕྱིར་འོད་རྣམ་པར་བསྟན།། གང་དེ་རིག་པ་རྫུ་འཕྲུལ་ཆེ།། མཐའ་ཡས་བཅས་པ་སྣ་ཚོགས་གཟུགས་སྐྱེ་དང་བསྡུས་དང་འཇིག་པ་ལ།། ཐིག་ལེའི་གཟུགསུ་རབ་གནསོ།། གང་གིས ་བརྒྱད་ཁྲི་རྩ་བཞིའི་ཆོས།། སྟོང་ཕྲག་བརྒྱ་རུ་ཤེས་ན་ཡང་།། དེ་ཡི་དེ་ཉིད་མི་ཤེས་ཏེ། དེ་དག་ཀུན་ཀྱང་འབྲས་མེད་དོ།། བཅུ་གཉིས་ལྔ་ཡི་ལྔ་པ་ཡང་།། བརྒྱད་ཀྱི་མཐའ་རུ་འབྱུང་བ་འདིས། ་སྱ་ཡིག་དང་པོ་ཡི་གེ་ཨ། ལྔ་པ་ཡིས་ནི་ཡང་དག་རྒྱུན།། སྙིང་རྗེ། ཆེན་པོ་ལས་བྱུང་བ།། ཁ་མར་བལྟས་པའི་དྲུག་པས་བཏ་གས།། གདོད་མ་མཐའ་མ་མེད་པའི་ལྷ།། དེ་ནི་སྤྱི་བོར་བསྟན ་པེ་ཡིན།། དེ་དག་གསང་ཆེན་དམ་མ་ཡིན།། ལྷ་མོ་བདག་གིས་རབ་བསྟ་ནོ།། ལྷ་མོ་བཞིས་ཡོངསུ་ཞུས་པ་ལས་ལྷ་མོ་མཱ་མ་ཀིས་ཞུས་པ་སྟེ་ལེའུ་གཉིས་པའོ།། །། དེ་ནས་ལྷ་མོ་གོས་དཀོར་མོས།། ་ཡན་ལག་ཀུན་གྱིས་བཏུད་ན་སུ།། ཐལ་མ་སྙིང་ཁར་སྦྱར་བྱས་ཏེ།། རྡོ་རྗེ་སེམས་དཔའ་ལ་གསེལ་པ།། ཆོས་ཀྱི་དབྱིངས་ཀྱི་བསྡུས་པ་དང་། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ཡི། རང་བཞིན་ཉིད་ནི ་ལྟར་ལགས།། ལྷ་ཡི་དབང་ཕྱུག་ཁྱོད་ལ་ནུས།། གང་གོས་འོད་ཀྱི་གོང་བུར་བསྡུ།། རྡོ་རྗེ་སེམས་དཔའ་ཇི་ལྟར་ལོགས།། གསུངས་ཤིག་དེ་ཉིད་ཡིག་འབྲུའི་ཚིག། འདུས་པ་གསུངས་པ་ཇི་ལྟར ་ལགས། ཆུ་ཁམས་དང་ནི་མེ་ཡི་ཁམས།། ཇི་ལྟར་རོ་ནི་མཉམ་པོར་འགྱུར།། མ་ལས་སྐྱེ་བ་གསུམ་ཙམ་དང་།། དེ་བཞིན་པ་ལས་སྐྱེ་བ་གསུམ།། དེ་དག་དྲུག་སོགས་གོང་བུ ་ལས།། ཇི་ལྟར་མི་རྣམས་སྐྱེ་བ་ལགས།། སངས་རྒྱས་གཟུགས་ནི་བདག་མི་འཚལ།། ཐུབ་པ་ཆེན་པོས་བཀའ་སྤྲུལ་མཛོད།། རྡོ་རྗེ་ཅན་གྱིས་བཀའ་སྩོལ་པ།། གསང་བ་ཤིན་ཏུ་གསང་གྱུར ་པ། ཉོན་ཅིག་ལྷ་མོ་བཤད་པར་བྱ།། སྐྱེ་གནས་དབུ་སུ་རྩ་གཉིས་ནི།། གཡོན་དང་དེ་བཞིན་གཡས་པ་སྟེ།། གཡོན་དུ་བྱང་ཆུབ་སེམས་ཤེས་བྱ།། གཡ་སུ་དེ་བཞི་རཀྵའོ།། དེ་གཉིས་ཕྲད་ནས ་གཅིག་འགྱུར་བ།། ཆོས་ཀྱི་དབྱིངས་ནི་འདུས་པ་ཡིན། མུན་པ་སྐུ་སྟེ་རྡུལ་གསུང་གཟུགས།། ཐུགས་ཀྱི་རང་བཞིན་སྙིང་སྟོབས་ཏེ།། རྡུལ་ནི་རཀྟ་བྱང་ཆུབ་སེམས།། མུན་པ་དེ་བཞིན ་བསྐྱེད་པ་ཡིན། རྡོ་རྗེ་པདྨ་མཉམ་སྦྱར་ནས།། རང་བཞིན་མཉམ་པའི་རོར་འགྱུརརོ།། དྲི་ཆེན་ཆུ་དང་ཤེལ་མེ་ཏོག།། དེ་བཞིན་ལྔ་པ་བྱང་ཆུབ་སེམས། བདུད་རྩི་ལྔ་དངོས་གོང་བུར་བསྡུས། ་དེ་ལས་རྡོ་རྗེར་འདིར་གསུང་སོ།། མི་ཤས་གཉིས་པ་དང་ལྡན་པ།། དེ་བཞིན་དགུ་པ་དག་ཡིན།། དེ་སྐད་གསུངས་པ་བཅུ་དང་ནི།། དེ་བཞིན་ལྔ་པའི་ས་བོན་ཏེ། ཆ་ཤས་གཉིས་པ་ལྔ་ཡི་ནི།། དྲུག་གིས་བཏགས ་པ་དེས་བྱུང་བ།། དེ་ནི་ཐིག་ལེར་གསུངས་པའོ།། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་བྲུཾ།། སྐྱེ་གནས་པདྨ་ལ་གནས་པ།། དེ་ཉིད་ས་བོན་སྭཱ་ཧཱ། འདུས་པ་ལ་ནི་ཤེས་པར་བྱ།། ཆུ་ཁམས་པ་ལས་སྐྱེས་ཤེས་བྱ།། མེ་ཡི་ཁམས་ནི ་མ་ལས་སྐྱེས། ཤ་དང་ཁྲག་དང་ལྤགས་པ་ཡང་།། མ་ལས་སྐྱེས་པ་ཞེས་བཤད་དོ།། ཚིལ་དང་རྐང་དང་ཁུ་བ་ནི།། ཕ་ལས་སྐྱེས་ཞེས་བཤད་པ་ཡིན།། གོང་བུར་ཡང་དག་འདུས་པ་ནི། དེ་དག་ཙམ་དུ་བཤད་པ་ཡིན། ་གཟུགས་དང་ཚོར་བ་འདུ་ཤེས་དང་།། དེ་བཞིན་འདུ་བྱེད་རྣམ་ཤེས་རྣམས།། སངས་རྒྱས་དངོས་པོ་ལྔ་ཡི་གཟུགས།། ཕུང་པོ་ཞེས་བྱ་བཤད་པའོ།། ། ལྷ་མོ་བཞིས་ཡོངསུ་ཞུས་པ་ལས་ལྷ་མོ་གོས་དཀར་མོས ་ཞུས་པ་སྟེ་ལེའུ་གསུམ་པའོ།། །། དེ་ནས་གཞད་པའི་ཞལ་གྱུར་ཏེ། ལྷ་མོ་སྒྲོལ་མ་བཅོམ་ལྡན་མས།། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ནི།། གསུངས་ཤིག་རྡོ་རྗེ་ཅན་ཆེན་པོ།། རྫས ་རྣམས་སྒྲུབ་པ་བཀའ་སྩལ་འཚལ།། དེ་བཞིན་རིགས་པའི་སྔགས་རྣམས་ཀྱང་།། དཀྱིལ་འཁོར་རྣམས་ནི་བཏགས་པ་དང་།། སྦྱིན་སྲེག་སོ་སོར་བྱ་བ་དང་།། དེ་བཞིན་མཆོད་པའི་ཆོ་ག་ཡང་། ཁྱད་པར་དུ ་ཡང་བཀའ་སྤྲུལ་འཚལ།། དེ་ལྟར་ལྷ་མོས་ཞུས་མ་བག། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཆོས་ཀྱི་དབྱིངས་ཀྱི་སྒྲུབས་ཐབས་ནི།། ཉོན་ཅིག་ལྷ་མོ་བཤད་པར་བྱ།། གཟུགས་དང་སྤུ་དང ་དྲི་དང་ནི།། དེ་བཞིན་རོ་དང་རེག་ལ་སོགས།། ཁམས་བཅོ་བརྒྱད་པོ་དེ་དག་ཀྱང་།། ཆོས་ཀྱི་དབྱིངས་ཤེས་བྱ་བའོ།། དེ་དང་། ཉིང་ལས་བྱུང་བ་ནི།། བྱང་ཆུབ་སེམས་ཞེས་ཤེས་པར་བྱ།། བྱང་ནུབ ་སེམས་ལས་གོང་བུ་སྐྱེ།། གོང་བུ་ལས་ཀྱང་ཡིད་བསྐྱེད།། ཡིད་ལས་ན་མཁའི་ཁམས་ཀྱང་ནི།། ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས།། དབང་པོ་ཕུང་པོ་འབྱུང་བ་རྣམས།། དེ་ལྟར་དབྱིངསུ་བསྡུ་བ་སྟེ།། བསྡུ ་བ་དེ་ནི་བསྟན་བྱས་པོ་ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ཡིམ་དེ་བས་ན་ཀུན་པད་ཀྱི་སྒྲུབ་པ་ཡང་དག་སྤྱོད་པར་བྱའོ། འདི་ལྟར་བལ་པོ་ཞེས་དངོས་ཀྱིས། བསྒྲུབ་པར་བྱ་བ་རབ་ཏུ་བརྟམ་ཆིས་དབྱིངས ་སྒྲུབ་པ་བ་ཤང་ན་སུ་རྫས་བརྒྱང་ཡན་ལག་སྦྲེ་པ་བ་ཤང་། རིལ་བུ་མིག་སྨན་དངས་གྲུབ་སས་འོགརོལ་གྲིའི་ངོས་གྲུབ་དང་།། མ་ཁར་འསྲུར་དང་མིག་སྨིན་དང་། འཇིབ་མི་དང་ནང་འཇོམ་སོ་དང་། ་མིག་དང་གླང་པོ་ཆེ་དང་རྟ། གླང་དང་ཁྱི་དང་བོང་བུ་དང་། རྔ་མོ་མ་ཧེ་སྤྱང་ཀི་རྣམས། ཆ་ནི་མཉམ་པོར་བྱ་བའོ།། མཐེ་བོང་ཚིགས་ཆང་ཙམ་དུ་ནི།། ཤིན་ཏུ་མཉམ་པར་གཞག་ནས་སྦྱར།། དྲི་ཆེན་ཆུང ་རཀྟ་དང་། བྱང་ཆུབ་སེམས་ནས་ཚད་ཙམ་ནི།། སྔགས་བཟླས་ནས་ནི་སྦྱར་བྱས་ཏེ།། བྱིན་གྱིས་བརླབས་ཀྱང་བྱ་བའོ།། ཕྱག་འཚལ་དང་ནི་ཡི་གེ་ཨཱ།། དབུས་དེ་བཞིན་ཧཱུ~ཾ་བྱས་ཏེ།། འབར་བའི་ཧྲི་ཡི་གོ་འབར་བྱེད་པ།། ་པོ་དེ་ནི་རབ་ཏུ་སྒྲུབ།། ལན་ནི་ཉི་ཤུ་རྩ་གཅིག་ཏུ། སྔགས་བཟླས་ནས་ནི་ཕྱེ་མར་བཏག། ཡུངས་ཀར་ལྔ་ཡི་ཆང་ཙམ་དུ།། ལྔ་དང་ལྔ་ནི་འབྱོར་པར་བྱ།། ཚེས་བརྒྱད་དང་ནི་བཅུ་བཞི་ལ། རིལ་བུ་རྣམས་ནི་བྱས ་ནསུཿཔདྨའི་སྣོད་ལ་བཞག་བྱས་ཏེ།། སྟོང་ཕྲག་བརྒྱར་ནི་བཟླ་བར་བྱ།། མཚམས་བཞི་ལ་ནི་སྒོམ་བྱས་ནས།། ཉིན་དང་མཚན་དུ་བཟ་འབར་ཡང་།། དེ་ནི་བསྐལ་པའི་མཐའ་བར་ཡང་།། དངོས་གྲུབ ་རྒྱས་པར་འགྲོ་བ་སྟེ།། གཟི་བརྗིད་མདངས་དང་སྟོབས་བརྩོན་འགྲུ་ས།། ལྔ་པ་ལ་ནི་སྨོན་ལམ་ཡང་།། མངོན་པར་ཤེས་པ་ལྔ་ཐོབ་པ།། རིལ་བུ་ཆེན་པོ་ཟོས་ཕྱིརརོ།། རྫས་ཀྱི་སྒྲུབ་པ་རྣམས ་རྫོགས་ནས། རིག་པའི་སྔགས་རྣམས་བདག་ལ་སྩོལ།། ཡིག་ཨེ་དང་བཾ་ཡིག་དང་།། ལཾ་ཡིག་དབུས་ཡང་དག་གནས།། དྲང་པོའི་མདོག་ནི་དམར་པོ་སྟེ།། གཉིས་པ་ཡི་ནི་མདོག་དཀར་བ།། གསུམ་པ ་ཁ་དོག་སེར་བ་རྣམས།། བྷ་གའི་དབུསུ་བསྒོམ་པར་བྱ།། འཁོར་ལོ་ལྟར་ནི་བསྐོར་བ་ནི།། ཉིན་ཕྱེད་དང་ནི་མཚན་ཕྱེད་ལ།། རིག་པ་དེ་ནི་རབ་འབྱོར་ན།། དེ་ནི་སྐད་ཅིག་ཁོ་ནར་འགྲུབ།། ལྷ་མོ་ལྷ་མིན་བུ་མོ་དང ་མི་ཡི་བུ་མོ་རྣོ་བ་བཞི།། ས་ཡི་དཀྱིལ་འཁོར་ཀུན་ཏུ་ནི།། སྔགས་ཀྱིས་བཀུག་ནས་སྤྱད་པར་བྱ།། སྒོམ་པ་དེ་བཞིན་རིགས་པའི་སྔགས།། བདག་གིས་བཤད་པ་ཟིན་བྱས་ཏེ།། དཀྱིལ་འཁོར་རྣམས་ནི ་བཤད་པར་བྱ།། དགའ་མ་སེམས་ཀྱིས་རྩེ་གཅིག་ཉོན།། དཀྱིལ་འཁོར་ལུས་ཤེས་གསུངས་པ་སྟེ།། དཀྱིལ་འཁོར་བྷ་གར་བསྟན་པ་ཡིན།། དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི།། དཀྱི་འཁོར་གསུཾ ་དུ་བརྟགས་པ་ནི། བརྟགས་པ་རྣམས་ཀྱང་འདུས་པ་སྟེ། གང་དུ་གཙོ་བོ་བསྐྱེད་པར་བྱེད།། ཕུང་པོ་རྣམས་ནི་སངས་རྒྱས་གསུངས།། འབྱུང་བ་རིག་མར་བརྟག་པའོ།། ཆགས་པ་ལྤགས་ཀྱུ་ཁོ་ན ་སྟེ།། ཞགས་པ་པདྨར་ཆུང་བྱེད་པ།། ཁ་ཕྲང་པ་ནི་སྒྲོག་ཡིན་པར།། སྒྲ་བསྒྲགསོ་པ་ནི་དྲིལ་བུར་བཤད།། སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ། མེ་ཏོག་རཀྟ་ཞེས་འདོང་ངོ་།། མར་མེ་ཤ་རྣམས་ཁོ་ན་ཡིན ་བྲི་ནི་བྱང་ཆུབ་སེམས་ཞེས་འདོད།། སྒེག་མོ་ལོང་གར་བསྟན་པ་སྷོ།། ཕྲེང་བ་བྷ་ག་ཁོ་ན་ཡིན།། དབྱངས་མ་དབུགསུ་བསྟན་པ་དྲང་།། གར་མཁན་མ་ནི་རྣལ་འབྱོར་ཏེ། བཅོམ་ལྡན་འདས ་ཀྱིས་བཟང་པོར་གསུངས།། དེ་རྟོགས་པ་ནི་སྐལ་བཟང་ཡིན།། རྟོག་པ་དེ་རྣམས་བྱམས་པ་སོགས།། དེ་ལྟར་ནང་གི་བང་གཉིད་གསུངས།། དཀྱིལ་འཁོར་གཞན་ནི་སྔོན་བཤད ་ཟིན་སྦྱིན་སྲེག་ལས་ནི་བཤད་པར་བྱ།། ཉོན་ཅིག་སྦྱིན་སྲེག་རྣམ་པ་བཞི།། སྦྱིན་སྲེག་ཕྱི་དང་ནང་གསུངས་ཏེ།། ཕྱི་ན་སྔོན་དུ་བསྟན་པ་ཡིན།། ཉོན་ཅིག་ཁྱོད་ཀྱིས་ནང་གི་ནི།། པདྨ་བཞི་རྣམས་འབྱོར ་བ་ནི། ལུས་ཀྱི་དབུསུ་ཉེ་བར་གནས།། མེ་དང་དེ་བཞིན་རླུང་དང་ནི།། དབང་ཆེན་དང་ནི་ཆུ་དེ་བཞིན།། རླུང་གིས་མེ་ནི་འབར་བྱས་ཏེ།། ཆུ་ཡིས་ཡོངསུ་སྨིན་པར་བྱེད།། དབང་ཆེན་དཀྱིལ་འཁོར ་ལས་བྱུང་བ།། གང་དུ་མེ་ནི་བསྐྱེད་པའོ།། ར་ཡིག་མངོན་སྤྱོད་ཡི་གེ་སྟེ།། ཡ་ཡིག་དབང་གི་ལས་ཁོ་ན།། ལ་ཡིག་རྒྱས་པར་འགྱུར་བ་སྟེ།། བ་ཞིག་ཞི་བ་ཞེས་གསུངསོ།། གང་ཞིག་ཟས ་དང་བཏུང་བ་ནི།། དེ་དག་ཐམས་ཅད་ཆུ་ལ་སྟེ།། པདྨར་ཀྵ་ཡིག་ཁ་མར་ལྷ། སྙིང་གི་པདྨར་བཅུད་པར་བྱ།། ལྟེ་བའི་པད་མར་འགྲོ་ཕྱིར་རོལ།། ཁ་སྦྱོར་ཚུལ་གྱི་སྦྱོར་བ་ཡིས།། ་གསང་བའི་པདྨར་འགྲོ་མ་བག།། ཐལ་བར་མཐའ་རུ་རྣམ་པར་བསྟན།། དེ་ལྟར་སྦྱིན་སྲེགས་བདག་བཤད་པ། ཞིན་དང་ཉིན་དུ་བྱ་བ་སྟེ།། རྟག་པར་རྒྱུན་ཏུ་ཟས་ཟིས་ནི། ཚེ་འདི་ཁོ་ནར་འགྲུབ ་པར་འགྱུར།། རྒས་པ་མེད་ཅིང་ནད་ཀྱང་མེད།། འཆི་བ་མེད་ཅིང་འབྲས་རྣམས་མེད།། དེ་ནི་བློ་བུར་འཆི་བ་མེད། འཚེ་བ་ཟང་ཟད་འགྱུར་ཞིང་།། རྨི་ལམ་ངན་ཡང་ཞི་བར་འགྱུར།། བཟང་པོ་སྐལ་བར ་གནོད་པ་སྟེ།། སེམས་ཅན་ཐ~ཾད་དགའ་བར་སྨྲ།། མཐོང་བ་ཙམ་གྱིས་བསྐུལ་བྱེད་དོ།། སྦྱིན་སྲེག་ལས་རྣམས་བཤད་བྱས་ནས། ལྷ་མོ་མཆོད་པ་བསྟན་པར་བྱ།། དྲི་དང་ཕྲེང་སོགས་གོས ་རྣམས་དང་སྤྲོས་མ་ཟས་དང་ལྷ་བཤོས་ཀྱིས།། དབང་པོ།། གཉིས་ནི་རབ་འབྱོར་ནས།། བདག་ལ་མཆོད་པ་རྣམས་། ནི་བྱ། བདག་ནི་ཐམས་ཅད་སངས་རྒྱས་ཉིད།། སངས ་རྒྱས་ཀུན་གྱི་གནས་ཡིན་ཏེ།། དེ་བས་ནན་ཏན་ཐམས་ཅད་ཀྱིས།། རྣལ་འབྱོར་པས་ནི་རྟག་ཏུ་མཆོད།། གང་ཞིག་འགའ་ཡང་བྱ་བའི་ལས། རྣལ་འབྱོར་པ་ཡིས་མཆོད་པར་སྒོམ།། ཟས་དང་། ་བཏུང་བ་དེ་བཞིན་གོས།། དེ་བཞིན་དྲི་དང་ཕྲེང་ཁོ་ནས།། རིག་མ་བཞི་ཡིས་རྣམ་རྒྱན་པའི།། བདག་ཉིད་ལྷ་ཉིད་བསམ་པར་བྱ།། དེ་ལྟར་བཤད་ནས་རྡོ་རྗེ་དེ།། ཅང་མི་གསུང་བའི་དངོས ་བོར་བཞུགས།། དེ་ནས་ལྷ་མོ་བཞི་རྣམས་ཀྱིས།། ཕྱག་གི་ཐལ་མོ་སྦྱར་གྱུར་ཏེ། དགྱེས་པས་རབ་ཏུ་ཞལ་བཞད་ནས།། རབ་ཏུ་དང་བའི་སེམས་ཀྱིས་ནི།། རྣམ་པར་མི་རྟོག་པཟོ་བ་སྟེ། ཅང་ནི ་གསུང་བར་བཞུགས་གྱུར་ཏོ།། ལྷ་མོ་བཞེས་ཡོངསུ་ཞུས་པ་ལས་ལྷ་མོ་སྒྲོལ་མས་ཞུས་པའི་ལེའུ་སྟེ་བཞི་པའོ།། །། ཐམས་ཅད་ཀྱིས་གསང་བའི་མཆོག་དམ་པ་གསང་ཆེན་ཞེས་བྱ ་བའི་རྒྱུད་ལྷ་མོ་བཞིས་ཡོངསུ་ཞུས་པ་དཔལ་ཨུརྱ་ན~ཾ་གྱི་ཡུལ་ནས་བྱུང་བ་རྣལ་འབྱོར་མ་ཆེན་མོའི་ང་ཁོ་ན་ཉིད་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་སྨིག་ཏི་ཛྙཱ་ནཱ་ཀཱི་རྟི་ཉིད་ཀྱིས་བསྒྱུར ་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། བཛྲ་ཛྙཱ་ན་ས་མུཙྪེ་ཡ་ནཱ་མ་ཏནྟ། བོད་སྐད་དུ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བའི་རྒྱུད།། སངས་རྒྱས་དང ་