| Wylie | e-texts produced with BDRC’s OCR application |
གྱིས་དཔལ་ས་སྤྱི་གཙུག་ལག། ཁང་ཆེན་པོར་བསྒྱུར་བའོ།། @།། རྒྱ་གར་སྐད་དུ། ཨཱ་རྱ་ཏཱ་ར་ཀུ་ཧུ་ཀུལླ་ཀལྤ། བོད་སྐད་དུ། འཕགས་མ་སྒྲོལ་མ ་ཀུ་རུ་ཀུལླེའི་རྟོག་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚ་ལོ།། སྒྲོལ་མ་འབྱུང་བའི་རྣལ་འབྱོར་རྒྱ་མཆུའི་རྒྱུད།། གཅུ ་རང་རྟོག་པ་ཉམས་ཤིང་ནུབ་པར་གྱུར་ནས་ཡང་། སྒྲོལ་མ་འབྱུང་བའི་ཏིང་འཛིན་ཞེས་བྱ་རྒྱུད་ཀྱི་གཙོ།། དེ་ཡང་ནུབ་པར་གྱུར་ནས་རྟོག་པ་འདི་ཡང་འབྱུང་།། སེམས་ཅན་མང་པོའི་དོན་དུ་རྣམ ་འབྱོར་པ།། རྒྱས་པར་བསྟན་པའི་རྒྱུད་ལས་བསྡུས་བྱས་ནས།། རྟོག་པ་འདི་ནི་འཇིག་རྟེན་དབང་ཕྱུག་གསུངས།། བྱང་ཆུབ་སེམས་དཔའ་ཐམས་ཅད་མཉན་པར་གྱིས།། འཇིག་རྟེན་སྦུབས་མ ་གྱུར་ལ་རྣམ་ལྟས་ནས།། འགྲོ་ཀུན་དོན་བྱེད་པ་ཡི་ཚུལ་འདི་ནི།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་གླུར་བལྟས་ནས།། གུས་པ་ཆེན་པོས་ཁྱེད་ཀྱིས་བླང་བར་བྱའོ།། ་རྟེན་དམ་རྟོག་ཞི་བར་བྱ་བྱར་རྟོག་པ་འདི།། སངས་རྒྱས་ཐམས་ཅད་ཀྱིས་ནི་རབ་ཏུ་གསུངས།། དཔལ་ལྡ་གྲུ་འཛིན་རི་ལ་འཇམ་དཔལ་དང་། པདྨ་བསྣམས་དང་རྒྱལ་བར་བྱེང་པ་དང་།། སྒྲིབ་པ་རྣམས ་སེལ་བློ་གྲོས་རྒྱ་མཚོ་དང་།། བྱམས་པ་ལ་སོགས་ཚོགས་རྣམས་ཐམས་ཅད་ཀྱིས།། གང་ཡང་ཆོས་ཀྱི་ཚིག་འདི་ཐོས་གྱུར་ནས།། རྗེ་སུ་ཡི་རང་སྤྱི་བོས་གུས་ཕྱག་བྱས།། རྒྱལ་བའི་སྲས་ཀྱིས ་མངར་བྱས་བསྟོད་པ་འམ།། ཡང་ན་གླུ་དང་དབྱངས་པ་ག་བྱས་པ་ཡིས།། སྣ་ཚོགས་གར་གྱིས་འདི་ནི་མཆོད་པ་བྱས།། གནོད་སྦྱིན་སྲིན་པོ་ཡི་དགོས་འཇིག་རྟེན་དང་།། སྣ་ཚོགས ་བུ་མོ་དང་ནི་རྒྱུ་སྐར་དང་།། ས་ཡི་དབང་དང་ལག་ན་རྫ་རྗེ་དང་།། རླབས་རྣམས་སྣ་ཚོགས་ཅན་གང་གནས་པ་ཡི།། ཀླུ་ཡཾ་བུ་མོ་ཟུར་གྱིས་ལྟ་བས་བལྟ་བ་དང་།། ས་འོག་སྐྱོང་དང་ལྔ ་དབང་གྲུབ་པའི་བུ་མོས་མཆོད།། དྲི་ཟའི་རྒྱལ་མོ་ནུ་མ་ཤིན་ཏུ་རྒྱས་པ་དང་།། རིག་པ་འཛིན་དང་མི་འམ་ཅི་ཡི་ཆུང་མ་དང་།། གནོད་སྦྱིན་ཆུང་མ་རི་ཡི་བུ་མོའི་བུ་དག་ནི།། གང་ཡིན་བདག་ཅག་སྐྱབས ་མེད་ཅེས་ནི་འདི་སྐད་སྨྲས།། གང་ཕྱིར་སྐྱབས་མེད་སྐྱབས་གྱུར་སངས་རྒྱས་བསྟན་པ་འདིར།། མགོན་མེད་མགོན་གྱུར་འཇིག་རྟེན་མགོན་པོ་ཁྱོད།། བདེ་བ་བསྐྱེད་ཅིང་ངོ་མཚར་ཆེ་གྱུར་གང་།། མགོན ་པོ་ཚོགས་ཀྱི་ཚིག་དབང་འདི་བོས་ནས། ཉིད་ཀྱི་དབང་དུ་བྱེད་པའི་གསང་སྔགས་གསུངས།། སྔགས་ཀྱི་རྒྱལ་པོ་བུད་མེད་ཀུན་ཐོས་པས།། མཐར་ཐུག་སངས་རྒྱས་བདེ་བ་དུ་མ་འབྱུང་།། རྡོ་རྗེ་རེག་པས ་ཁམས་ཀྱང་འཛག་པར་འགྱུར།། ཟུར་གྱིས་ལྟ་བར་བྱེད་པས་ལྔ་བྱེད་ཅིང་།། རྐང་པ་དག་ཀྱང་ས་ལ་གྱ་ཙམ་འདོར།། འདོད་ཆགས་ཤིན་ཏུ་འདེབས་ཁུ་འབའ་ཚེ།། འདི་ལྟར་མཐོང་ནས་ལྔ་ཡི་བུ་མོ་ལ།། འགྲོ་བ ་དབང་བྱེད་ཀུ་རུ་ཀུལླེའི་སྔགས།། རས་རིས་བྲི་དང་གསང་སྔགས་སྒྲུབ་པའི་ཕྱིར།། དུས་ལ་བབ་པའི་ཚིག་འདི་མགོན་སྨོས་ཞེས།། དེ་ལྟར་བཅོམ་ལྡན་འཇིག་རྟེན་མགོན་པོས་གསུངས།། དེ་ཚེ་འཇིག་རྟེན་དང ་ཕྱུག་ལས་རྣམས་རབ་ཏུ་གསུངས།། ཀུ་རུ་ཀུལླེའི་རི་མོའི་ལུགས།། གང་ཞིག་བྲིས་པ་ཙམ་གྱིས་ནི།། སྒྲུབ་པ་པོས་ཡིས་འབྲས་ཐོབ་པ།། དེ་ནས་ཡང་དག་བཤད་པར་བྱ།། རི་མོ་མཁན་ནི་གང་ཞིག ་གིས།། ཚེས་གྲངས་གང་དང་དུས་གང་ལ།། སྒྲོལ་མ་འབྱུང་ལས་བཤད་པའི་བཞིན།། དེ་ནི་བདག་གིས་བཤད་པར་བྱ།། རི་མོ་མཁན་ནི་གང་ཞིག་གིས།། གང་གི་མིག་ནི་དམར་འགྱུར ་ཞིང་།། ལག་པ་དེ་བཞིན་རྐང་པ་དམར།། བྱ་ཡི་མིག་ཅན་ཨེ་ནྱའི་རྐང་།། དེས་ནི་སྒྲོལ་མ་བྲི་བར་བྱ།། དཔྱིད་ཀྱི་ཟླ་བ་དང་པོ་ཡི།། མྱ་ངན་མེད་པའི་ཚེས་བརྒྱད་ཉིན།། བུན་ནི་ཕྱེད ་གཉིས་པ་ལ།། སྒྲོལ་མིའི་མིག་ནི་བྲི་བར་བྱ།། མངར་གསུམ་བཟའ་ཞིང་ཉ་ལ་སོགས།། ཤ་དང་ཆང་ཡང་སྤང་བར་བྱ།། དམར་བོའི་གོས་ཀྱིས་རྟག་ཏུ་འགོ།། དམར་པོ་དྲི་ཡིས་རྟག་ཏུ་བླུག། ་བྱམས་པའི་སེམས་ནི་བསྐྱེད་བྱས་ལ།། བོ་རངས་ཁྲུས་བྱས་བསངས་ན་སུ།། ལན་གསུམ་གོས་ནི་རྗེས་ན་སུ།། དབང་དུ་བྱེད་མ་ཡང་དག་དྲི།། ཞལ་ཅིག་མིག་ནི་ཡངས་པ་དང་།། ཕྱག་བཞི་མ་ལ ་གུར་གུམ་མདོག། བཅུ་དྲུག་ལོ་ལོན་སྒེག་བཅས་འདྲ།། བུད་མེད་སྒྱུ་མ་རྒྱགས་པ་བྲི། གཞོན་ནུ་མ་དམར་སེར་མོས་བྱས་པའི་སྐུད་པ་ལས་རས་བྱས་ལ།། དེ་དང་ཐབས་མཁན་གཉིས་ཀ་རྦ ་དང་འོ་མ་བཟའ་བར་བྱ་ཞིང་།། དེ་ནས་པདྨའི་གདན་ལ་སྟོད་གཡོགས་དམར་པོའི་གོས་དང་བཅས་པ་རིན་པོ་ཆེའི་རྣ་ཆ་དང་། རིན་པོ་ཆེའི་ཅོད་པན་དང་། གཡས་པས་མི་འང། ་པ་སྦྱིན་པ་དང་། གཉིས་པས་མདའ་རྣ་རྩེར་འགེངས་པ།། གཡོན་པས་གཞུ་འཛིན་པ་དང་། ཨུད་པ་ལ་དམར་པོ་གཉིས་པ་ན་བསྡམས་པ་དང་། འོད་དཔག་མེད་ཅོད་པན་བཞུགས་པའི་ཕུག་ལ་གནས ་བའི་ཀུ་རུ་ཀུལླེའོ།། ཀུ་རུ་ཀུལླའི་འོག་ཏུ་ནི་སྒྲ་གཅན་འཛིན་ནོ།། དེའི་སྟེང་དུ་འདོད་པའི་དབང་ཕྱུག་ཆུང་མ་དང་བཅས་པའོ།། འདོད་པའི་ལྕིའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ་བ ་དམར་པོའི་གདན་ནོ།། དེ་ལ་གནས་པའི་སྣ་ཚོགས་པའི་ཆ་བྱད་ཅན་གྱི་བཅོམ་ལྡན་འདས་མ་བྲིས་ལ། རས་རིས་རབ་ཏུ་གནས་པ་བྱའོ།། དེའི་མདུན་དུ་མཆོད་པ་རྣམ་པ་བཅོ་བརྒྱད ་བྱས་ལ་ཡར་གྱི་ངོ་ཆས་བརྒྱད་ཟླ་བ་ཉི་མ་བར་བཟླས་པར་བྱའོ།། སྒྲོལ་མའི་སྙིང་པ་ནི་འང་ཡིན་ཏེ།། ཨོཾ་ཀུ་རུ་ཀུལླེ་ཧྲཱི་ཧཱུ~ཾ་སྭཱ་ཧཱ། ཞེས་བྱ་བའི་སྔགསོ།། དེ་ནས་སྡོམ་དུ ་པ་འབུམ་ཙམ་བྱས་ལ། ཡང་སྟོན་ཟླ་ཐ་ཆུངས་སམ།། དཔྱིད་ཟླ་འབྲིང་པོ་འམ། དབྱར་ཟླ་འབྲིང་པོའི་སངས་རྒྱས་ལ་མཆོད་པའི་དུས་ཚོགས་ཀྱི་ཉིན་པར་ཐོ་རངས་ཀྱི་ཁྲུས་བྱས་ལ་གས ་སྤྱོང་བཟུང་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ།། ཉན་ཐོས་ཀྱི་དགེ་འདུན་མཆོད་རྟེན་གསོལ།། དེ་ནས་ཐེག་པ་ཆེན་པོ་གསང་སྔགས་པའི་ཆགས་མཆོད་སོན་བྱས་ནས་ཡོན་ཕུལ་ལ། དབུས་མོ ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་ཇི་ལྟར་འདོད་པའི་དངོས་གྲུབ་བླང་བར་བྱའོ།། ཉན་ཐོས་ཀྱི་དགེ་འདུན་གང་ན་བཞུགས་པ་དང་། ཐེག་པ ་ཆེན་པོ་ལ་དགའ་བའི་ཚོགས་རྣམས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ། གང་ན་བཅོམ་ལྡན་འདས་མའི་རས་རིས་བཀྲམ་པའི་ཕྱོགས་དེར་ཉེ་བར་སོང་ལ། དངོས་གྲུབ་གང་འདོད་པའི་དོན་དུ་བྱིག ་པ་འཛིན་པས་བསམ་གཏན་དང་ལྡན་པར་གནས་ལ་ཡི་གེ་གྲངས་ཀྱི་འོབུ་མ་བཟླས་པར་བྱའོ།། ཆ་གཅིག་གིས་ནི་ཤེས་རབ་འཕེལ།། ཆ་གཉིས་ཀྱིས་ནི་དབང་དུ་བྱེད།། གང་ཞིག་ཆ་ནི་གསུམ་པ ་ཡིས།། མིས་ནི་དུག་ཀྱང་འགུགས་པར་འགྱུར།། ཚོགས་ཤིང་འགྱིང་བའི་བུད་མེད་རྣམས་དང་ནི། འཇིག་རྟེན་ཐམས་ཅད་ཀྱིས་ནི་མཆོད་པར་འགྱུར།། སྦྱོར་བ་གོམས་པས་ལྷ་མོ་མཛེས་རྣམས ་ལ།། སྔགས་འཆང་དེས་ནི་ཇི་ལྟར་འདོད་པར་སྤྱོད།། མིང་ཙམ་གྱིས་མཚུངས་མེད་དུག་ཅན་འབྲོས།། གདངས་ཀའི་གཙོ་བོའི་འོད་ཀྱིས་དཔལ་ལྡན་དག་ཀྱང་ཉ་བཞིན་འགྱུར།། བཟླས ་བརྗོད་ལྡན་པས་ངག་གི་དབང་ཕྱུག་བྱེད་འགྱུར་བས།། རིགས་པས་འགྱིངས་པའི་སྟོབས་ཅན་མཁས་པ་འང་ལན་མེད་བྱེད།། རིག་པ་འཛིན་པ་གླང་པོ་རྟ་ཡི་རྒྱབ་ཏུ་ཞོན་པ་དང་།། ་རིག་པ་མ་ཛེས་པས་ལེགས་པར་འཁྱུད་ཅིང་མགུལ་ནས་འཇུས་པ་ལས།། སྔགས་རིག་པ་ཡི་གཙོ་བོའི་སྟོབས་ཀྱིས་རྒྱལ་བར་འགྱུར།། མཔར་གྱུར་པ་ཡི་རྒྱལ་སྲིད་ལོང་སྤྲོད་དག་ལ་ཡིད་ཀྱིས ་སྤྱོད།། འདོད་པའི་ལྷ་ལས་དགའ་བའི་བུ་ལ་སོགས་པས་རི་ཁྲོད་མ།། དེ་བཞིན་སྲད་མེད་བུ་ལས་དཔའ་མོ་མི་ཕྱེད་པ་ལས་བདེ་སོགས་དང་།། ཚོགས་བདག་ལས་ནི་དྲི་མེད་དབྱངས་ཀྱི་དབང་ཕྱུག ་དཀར་མོ་དང་།། ས་འཛིན་ལྷ་ལས་ཕུན་སུམ་ཚོགས་མངའ་སྔགས་ཀྱིས་རྣམ་རྒྱལ་བྱེད།། གསང་སྔགས་ལྡན་པར་བཅོམ་ལྡན་འདས་མ་གང་ཞིག་སྒོམ་བྱེད་པ།། དེས་ནི་སྣ་ཚོགས་གཏེར་དང་གསེར ་དངུལ་དང་རྣཆ་དང་།། གོས་ལ་སོགས་པའི་ནོར་རྣམས་ཀུད་ལ་ཆེད་དུ་གང་བསམས་པ།། སེམས་ཀྱིས་ཐམས་ཅད་མ་ལུས་ཀུན་དས་ལོང་སྤྱོད་བྱེད།། རྒྱལ་པོ་ལས་ནི་རྒྱལ་སྲིད ་དབང་པོའི་ཡུལ་འདས་པ་ཡི་ཤིང་ལས་འབྲས་བུ་དང་།། ཀླུ་དང་ཀླུ་ཆུང་རྒྱ་མཚོ་རྣམས་ལས་ཆུ་རྣམས་འགུགས།། སྔགས་དང་ལྡན་པ་འཐུང་ཞིང་ཟས་ལ་སྔགས་ཀྱིས་དག་པར་བྱེད།། སྐྱེ་བོ་སྔགས་མེད་པ ་ནི་ལོང་སྤྱོད་གྲུབ་པ་ཡང་།། ནགས་སྐྱེས་གླང་པོ་རྟ་མཆོག་རི་དགས་དང་ལྡན་པ།། དགུ་བཅས་གདངས་ཀ་ཅན་གྱི་སྦྲུལ་མཆོག་དང་།། ཆུ་སྲིད་ཆུ་གླང་སྟག་དང་བསེ་དག་དང་།། རང་གི་སྔགས་ཀྱི་སྟོབས་ཀྱིས ་བཀུག་ནས་ནི།། ཞོན་ཡང་ངོ་མཚར་མེད་པར་བྱས་པ་འི་མིག་དག་གིས།། བལྟ་བར་གལ་ཏེ་གསང་སྔགས་གྲུབ་པ་དེ་ཡི་ས་མཐོང་བར་འགྱུར།། གལ་ཏེ་སྙིང་རྗེའི་ལྟ་བས་འཇིག་རྟེན་འདི་ལྟར ་སྡུག་བསྔལ་བས།། རྒུད་པར་གྱུར་པའི་མི་མཉམ་པ་ལ་སྔགས་པ་དེས།། ཡིད་བཞིན་དོར་བུ་བཞིད་དུ་འཇིག་རྟེད་ལ་པན་སྒྲོལ་མ་ཡན།། འཇིག་རྟེན་མ་ལུས་སྒྲོལ་མར་བྱེད་ཅིང་ཞིབ ་བྱེད།། བདུད་རྣམས་བཅོམ་ནས་ནོར་གྱི་ཆ་རྒྱན་འབེབས་པར་བྱེད།། དཔག་བསམ་ཤིང་དུ་གྱུར་ནས་འགྲོ་རྣམས་ཅི་འདོད་སྦྱིར་བར་བྱེད།། རོར་གྱི་དབང་ཕྱུག་མ་ལུས་པ་ཡི་ནོར་རྣམས་ཀུན་བཀུག་ནས།། ་སེམས་མ་ལུས་ཀུན་ལ་ཕན་ཕྱིར་སྦྱིན་པར་བྱེད།། དེ་བཞིན་ཕོངས་པའི་འཇིག་རྟེན་རྣམས་ཕྱིར་གོས་ངག་དང་།། སྟན་དདུ་ཁྱིམ་དང་བླ་རེ་དག་ཏུ་སྒྲོལ་མ་དང་།། རྒྱ་མཚོའི་གླིང་དུ་ཚོང་བའི་གྲུ་བཞིག་ཕོངས་པ་ལ།། ་གཟིངས་དང་གྲུ་ལ་སོགས་པར་སྒྲོལ་མ་འགྱུར།། སྒྲོལ་མ་དེ་བསྒོམས་རྣལ་འབྱོར་པ།། དང་པོ་སྡུག་བསྔལ་གྱུར་པ་དེ།། དེ་སྤངས་ནས་ནི་ཅུང་ཞིག་ན།། མིས་ནི་སྟོན་མོ་རྙེད་པར་འགྱུར།། གཉིས ་པར་གོས་ནི་ནིང་པར་འགྱུར།། དེ་བཞིན་བཙུན་མོ་དང་ཡང་འབྲད།། དེ་ནས་སོ་རྩི་ལོང་སྤྱོད་འགྱུར།། མ་བླངས་པར་ཡང་ཅི་འདོད་སྤྱོད།། གལ་ཏེ་མཚམས་སྤྱོད་ཡིན་ན་ཡང་།། ལྷ་མཆོག་བསྐྱེད་པའི་བུ ་སྤྱོད།། སེམས་ཅན་གསོད་ལ་དགའ་བ་ཡིས།། བསྟན་པ་འདི་ལ་འགྲུབ་མི་འགྱུར།། དགེ་བ་བཅུ་ལ་དགའ་མི་འགྱུར་ཞིང་།། ཐེག་པ་ཆེ་ལ་སེམས་ཅིག་པོས།། རྡོ་རྗེ་ཆོས་ཀྱི་དགའ་བཞིན་དུ།། དངོས་གྲུ ་མཆོག་ནི་ངེས་སྤྱོད་འགྱུར།། འདི་ནི་རས་རིས་ལ་འཇུག་པའི་རྟོག་པ་སྟེ་དང་པོའོ།། །། ཆོས་མཆོད་པ་ཡི་སྦྱོར་བ་ཡིས།། གང་གིས་ཆོས་ཉིད་བརྙེས་གྱུར་ན།། ཆོས་ཀྱི་དབྱིངསུ་རབ ་གྱུར་པ།། དེ་ནས་ཡང་དག་བཤད་པར་བྱ།། དེའི་རྗེས་ལ་དཔག་བསམ་ཤིང་གི་སྒྲུབ་པ་འབྱུང་བར་འགྱུར་རོ།། བྲག་གི་ཡི་གེ་ལས་བྱུང་བ།། དཔག་བསཔ་ཤིང་ནི་རྣམ་པར་སྒོམ།། ཨུད་པ་ལ་ཡོངསུ ་གྱུར་པ་ལས།། ཤིང་ནི་གཡོན་དུ་བསྒོམ་པར་བྱ།། སྣ་ཚེ་གས་ནོར་གྱི་ཆར་པ་དག། ན་མཁའི་དཀྱིལ་ནས་འབབ་པ་ཡིས།། འདོད་པའི་བསམ་པ་རྫོགས་བྱེད་པ།། དེ་ལྟར་སྒོམ་ད་རོར་བདག་འགྱུར།། ་གླིང་བཞི་པ་ཡི་སེམས་ཅན་རྣམས།། སེམས་ཀྱི་འོད་ཟེར་གྱིས་བཀུག་ནས།། རྟག་ཏུ་རིན་ཆེན་འདུན་རང་བཞིན།། དེ་དག་ལ་ནི་རབ་སྦྱིར་བྱ།། ཡོངས་ཀྱི་གཙོ་བོ་རིན་ཆེན་དང་།། དེ་བཞིན་རིན་ཆེན་རྒྱ་མཚོ་སྐྱེས།། བུང ་མེད་རིན་ཆེན་རྟ་རིན་ཆེན།། དེ་བཞིན་རལ་གྲི་རིན་ཆེན་དང་།། གླང་པོ་རིན་ཆེན་སོགས་རིན་ཆེན།། སངས་རྒྱས་རྣམས་ལ་ཡིད་ཀྱིས་དབུལ།། བུད་མེད་རྒྱད་གྱིས་བརྒྱར་བྱས་ལ།། སྣ་ཚོགས་གཟུགས་ཅིནི་འགྱིང ་རྣམས།། སངས་རྒྱས་འབྲས་བུ་འདོད་རྣམས་ཀྱིས།། སངས་རྒྱས་རྣམས་ལ་རྟག་ཏུ་དབུལ།། འདིས་ནི་སངས་རྒྱས་ཐམས་ཅད་དང་།། རིག་པ་འཛིན་པ་ཐོབ་པར་འགྱུར།། རིན་པོ་ཆེ་ནི་ཡོངསུ་རྒྱས་པའི།། ཡོངས་ཀྱི། ་གཙོ་བོ་ནོར་དབང་ཕྱུག། སངས་རྒྱས་རྣམས་ལ་དབུལ་བར་བྱ།། དེ་བཞིན་རིན་ཆེན་གཞན་དག་ཀྱང་།། གུས་དང་བཅས་པས་ཡོངས་བཏབ་ན།། རྡོ་རྗེ་ཆོ་སུ་གྱུར་ནས་ནི།། སེམས ་ཅན་ཀུན་གྱི་དོན་བྱེད་འགྱུར།། འདི་ནི་དཔག་བསམ་ཤིང་གི་སྒྲུབ་པའི་ཐབ་སོ།། སེམས་ཉིད་སངས་རྒྱས་ཐམས་ཅད་དོ།། སེམས་ཉིད་ཀྱིས་ནི་རྣམ་པར་གྲོལ།། སེམས་ཀྱི་འཆིང་བ་རྣམས་ལས་བར།། སེམས ་ཀྱིས་གྲོལ་བ་དང་ལྡན་འགྱུར།། སེམས་མ་གཏོགས་པར་དངོས་དོན་རྣམས།། གཞན་དག་གཞན་པར་མ་མཐོང་སྟེ།། སངས་རྒྱས་ཉིད་དང་དངོས་གྲུབ་ཀུན།། གང་ཕྱིར་ཕུན་ཚོགས་གཞན་མ་མཐོང་།། གང་ཡང་སྣོད ་སེམས་ཅནརྣམས།། འབྱུ་ང་འབྱུང་ལས་བྱུ་། བབ་མེད་ལྷག་པར་མཐང་མམས།། སེམས་མ་ཡིན། བ་ཏུ་སྟནས།། དངས་བ་པ་རྣམས་ཅད་ཙས། ་མེ་ལོང་སྨྲས་བྱས་ན།། རང་བཞིན་བློ་བུར་བ་ཡོ་སྤྱོར།། རིམ་གྱིས་རབ་ཏུ་ཟད་པར་འགྱུར།། དབྱངས་ཡིག་དང་པོ་ལས་བྱུང་བ།། དྲི་མེད་རྫོགས་པའི་ཟླ་བ་སྟེ།། སེམས་ཉིད་ཟླ་བ་བསྒོ ་བྱས་ནས།། དེ་ཡི་སྟེང་དུ་ས་བོན་དགོད།། དྲོ་བ་རྣམས་ཀྱི་བཞི་པ་ནི།། མེ་ཡི་མདོག་གི་སྟེང་ན་གནས།། ཡི་གེ་ཨོཾ་དང་ཡང་དག་ལྡན།། ན་མཁའ་གཉིས་ཀྱི་རྣམ་པར་བརྒྱན།། དེ་ཡི་སྣ་ཚོགས་འོད་རྣམས། ་ཀྱིས།། འགྲོ་བ་དྲི་མ་མེད་བྱས་ནས།། སྟོང་གསུམ་འདི་སོགས་མཁའ་དབྱིངས་ཏེ།། ཀུ་རུ་ཀུལླེའི་རིར་ཞུགས་པས།། དེ་ཡིས་སྒྲོལ་མ་བསྐུལ་ནས་ནི།། བཀུག་ནས་མདུན་དུ་གནས་པར་བྱེད།། དེ་ནས ་མཁས་པས་ས་བོན་ལ། མཆོད་པ་ཆེན་པོའི་སྤྲིན་རྣམས་སྤྲོ།། མེ་ཏོག་སྤོས་ད་མར་མེ་དང་།། དེ་བཞིན་དྲི་དང་ལྷ་བཤོས་སོགས།། ཕྱག་རྒྱ་ཕྲེང་བ་དེ་བཞིན་དུ།། གར་དང་ཀླུ་ཡིས་མཆོད་སོགས ་མཆོད།། དཀོན་མཆོག་གསུམ་ལ་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤག། འགྲོ་བའི་དགེ་ལ་རྗེ་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། སྔགས་འདི་ལན་གསུམ་བརྗོད་རས་ནི།། དེ ་ནས་གཤེགས་གསོལ་བར་བགྱི།། སེམས་ནི་བྱམས་པས་གནས་བྱས་ལ།། སླར་ཡང་དེང་ནི་གཞག་པར་བྱ།། སྙིང་རྗེའི་སེམས་ནི་བསྐྱེད་བྱས་ནས།། རབ་དགའི་སེམས་ཀྱང་བསྐྱེད་པར་བྱ།། ཕྱི་ནས ་བཏང་སྙོམས་ལ།། སེམས་ཙམ་ལ་ནི་མཉམ་པར་གཞག། ཐ་མལ་རྣམ་པར་སྤང་བའི་ཕྱིར།། སེམས་ཀྱང་སླར་ཡང་སྟོང་པར་བྱ།། ཡང་སྲིད་ལེན་པའི་ཕུང་པོ་ལྔ།། སྟོང་པ་ཉིད་ཀྱི་མེ་ཡིས་སྲེག། ཨོཾ་ཤུ ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྲ་མ་ཀོཿ། ཡུད་ཙམ་སྤོང་བའི་རྣལ་འབྱོར་ཉིད།། བྱས་ནས་སེམས་ནི་ངལ་སོས་བྱ།། སྔོན་གྱི་དམ་བཅས་དྲན་བྱས་ནས།། ས་བོན་ཙམ་ཞིག་ཡང་དྲན་བྱ།། ་གཅིག་པུ་མྱ་ངན་འདས་པ་ཡིས།། སེམས་ཅན་བསྡུ། ས་པ་འགྱུར་བའི་ཕྱིར།། སྲིད་པའི་རྒྱ་མཚོ་མཐའ་མེད་ལས།། བངག་གིས་དེ་དག་ཅི་ལྟར་བསྒྲལ།། འདི་ལྟར་བསམས་ནས་བརྩེ་ལྡན ་དེས།། སེམས་མེད་པ་ཡིད་སྟོང་པ་ཡང་།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སེམས།། སེམས་ཉིད་ཀྱི་ནི་བསྐྱེད་པར་བྱ།། སངས་རྒྱས་བྱིན་རླབས་ལས་ས་བོན།། དེ་ལ་ཨུད་པ་ལ་ཞེས་པར་འགྱུར།། ཨུད ་བཔ་དཀྱིལ་དུ་ཟླ་བའི་གཟུགས།། ཡི་གེ་ཨ་ལས་བྱུང་བའོ།། སླར་ཡང་ཟླ་བ་དེ་ས་བོན།། དེ་ལ་འོད་ཟེར་འཕྲོས་གྱུར་པ།། དེ་ཡིས་མ་ལུས་འཇིག་རྟེན་ཁམས།། རྣམ་པར་སྤངས་པར་བསྒོམ་པར་བྱ།། ་ང་ཡིས་སྤངས་ཤིང་གསལ་བྱས་ནས།། འོད་ཟེར་ཀུན་གྱིས་སངས་རྒྱས་ཚོགས།། ཨུ་ཏྤལ་ལ་ཞུགས་བསྒོམ་པར་བྱ།། དེ་ལས་སྒྲོལ་མ་འབྱུང་བར་འགྱུར།། བསྟན་འདྲིའི་ལྷ་མོ་བཙོད་མདོག་ཅན།། ་རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་པའི།། དམ་ཚིག་གཟུགས་ནི་མཉམ་བསྐྱེད་ནས།། ཡེ་ཤེས་འཁོར་ལོ་ཡང་དག་བཀུག། ཡུད་ཙམ་གྱིས་ནི་ངེས་རྫོགས་པའོ།། ་ཡེ་ཤེས་འཁོར་ལོ་མདུན་གནས་པ།། དམ་ཚིག་ཕྱག་རྒྱའི་སྦྱོར་བ་ཡིས།། ཁ་ཡི་ལམ་ནས་གཞུག་པར་བྱ།། ལག་པ་ཐལ་མོ་སྦྱར་བྱས་ནས།། མཐེའུ་ཆུང་གཉིས་ནི་བསྒོམ་པར་བྱ།། གུང་མོ་གཉིས་ནི ་རྩེ་མོར་སྦྱར།། རྩེ་མོའི་ནང་དུ་མིང་མེད་གཞུག། མཛུབ་མོ་གཉིས་ནིང་བུ་མར་སྦྱར།། མཐེ་བོང་གཉིས་ནི་འོག་ཏུ་བཀུག། དམ་ཚིག་ཕྱག་རྒྱ་འདི་བཅིངས་ནས།། འཁོར་ལོ་བཀུག་ནས་གཞུག་པར་བྱ།། ་སངས་རྒྱས་རྣམས་ལ་ཚིགས་བཅད་འདིས།། དང་ང་བསྐུར་ཞེས་ནི་གསོལ་བ་གདབ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ། ཇི་ལྟར་མཆོད་ཆེན་གསོལ་མཛད་པ།། བདག་ཀྱང་བསྐྱབ་པའི་དོན་གྱི ་ཕྱིར།། ན་མཁའ་རྡོ་རྗེ་དང་བདག་སྩོལ།། རྒྱལ་བའི་དབང་བསྐུར་ཞེས་བྱ་བས།། སྤྱན་ལ་སོགས་པ་ལྔ་པའོ།། རྒྱལ་བོའི་མེ་ཏོག་དབང་བསྐུར་ཞིང་།། ཆེན་པོར་གྱུར་པ་དེ་གསོལ་མཛོད ་རྡོ་རྗེ་ཆེན་པོས་དབང་བསྐུར་བ།། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། གཽསང་བ་གསུམ་གྱི་གནས་ལས་བྱུང་།། སངས་རྒྱས་ཀུན་གྱི་སྦྱིན་པར་བྱ།། སངས་རྒྱས་སྒྲོལ་མ་དབང་བསྐུར་བས།། ཆོས ་ནི་གཟུགས་གི་ནོར་བུས་འགྱུར།། འོད་ཟེར་དམར་པོ་སྣ་ཚོགས་ཀྱིས།། འགྲོ་བ་གསུམ་པོ་སྣང་བར་བྱེད།། དབང་བསྐུར་རིན་ཆེན་པོབ་འགྱུར་ན།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད།། ཇི་ལྟར་སླར ་བསྟན་ཆོ་ག་ཡིས།། ལོ་ཕྱེད་བསྟན་པར་བརྩམས་ནས་ནི།། གཏོར་མ་དུས་གསུམ་བཏང་བར་བྱ།། སྔགས་འདི་ཡིས་ནི་ཁར་བའམ།། ཁུར་བ་ལ་སོགས་ཆོ་ག་ཡིས།། རྨི་ལམ་མཚན་མ་ཐོབ་པར་འགྱུ ་རལ་གྲིས་འོག་དངོས་གྲུབ་དང་།། མི་སྣང་བ་དང་བཅུད་ལེན་དང་།། མི་མཐོང་བ་དང་མཁའ་སྤྱོད་ཉིད།། དེ་བཞིན་དང་བྱུག་མིག་སྨན་དང་།། རྨི་ལམ་མཚན་མ་སོར་འགྱུར་ཞིང་། དངོས་གྲུབ་རང་ཞིང་འབྱུང། ་བར་འགྱུར།། གལ་ཏེ་དེ་ལ་དགའ་འགྱུར་ན།། གྲུབ་པ་ཕྲ་མོ་སྒྲོལ་མས་གྲུབ།། འཁོར་ལོ་སྒྱུར་ནས་རྒྱལ་སྲིད་དང་།། དབང་པོའི་ལོང་སྤྱོད་ཐམས་ཅད་བྱེད།། སྒོམ་དང་བཟླས་པར་ལྡན་པ་ལ།། རྨི་ལམ་དུས ་རབ་གྲུབ་བྱང་།། ཟླ་དགྲུབ་མའི་ཟླ་གཅིག། མཚན་གཅིག་རངས་པར་བཟླས་བྱས་ཏེ།། ཨུད་རལ་ཕྱག་རྒྱ་བཅིངས་ནས་ནི།། བཟླས་ནས་ཕྱག་རྒྱ་ཡུད་ཀྱིས་འབར།། ཕྱག་རྒྱ་འདི་ཡི་མཐུ་ཡིས་ནི།། བཙུན ་མོ་དང་བཅས་ཚངས་པ་དང་།། དབང་པོ་ཉི་དབང་དྲག་པོ་སོགས།། བཀུག་ནས་དབང་དུ་འགྱུར་བར་བྱེད།། དེ་ནས་བརྩམ་ས་ནས་དངོས་གྲུབ་ཀུན།། བདག་འཁོར་འཆི་བ་ལས་གྲོལ་འགྱུར། ་ཆུ་དང་འདམ་གྱི་སྐྱོན་དག་གིས།། པདྨ་གོས་པར་ནི་འགྱུར་ལྟར།། དངུལ་ཆུ་རེག་ནས་དུ་མར་འགྱུར།། བསྡུས་ནས་སླར་ཡང་གཅིག་ཏུ་འགྱུར།། ཐམས་ཅད་མཁྱེན་པ་ཉིད་འགྱུར ་།། དངོས་གྲུབ་ཐོབ་པའི་སེམས་དེ་བཞིན།། གྲུབ་པའི་དངུལ་ཆུས་རེག་གྱུར་ནས།། ཟངས་མ་གསེར་དུ་འགྱུར་བ་བཞིན།། གྲུབ་པའི་གསང་སྔགས་ཀྱིས་རེག་ནས། སྔགས་པ་སངས་རྒྱས་སྐུར་ཡང ་འགྱུར།། ལྷ་ཡི་དབང་ཕྱུག་དུ་འགྱུར་ཞིང་།། ཁམས་གསུམ་ཀུན་གྱི་དབང་ཕྱུག་འགྱུར།། སངས་རྒྱས་རིག་སུ་བྱུང་ནས་ནི།། འཁོར་ལོ་བསྐོར་བ་ཡང་འགྱུར་རོ།། བལྡམ་དང་རབ་ཏུ་འབྱུང་མཛད་པ།། ་དཀའ་བ་སྤྱོད་པའི་སྤྱོད་མཛད་ཅིང་།། བྱང་ཆུབ་སྤྱོད་པ་འང་སྤྱོད་མཛད་པ།། སངས་རྒྱས་ཉིད་ཀྱིས་དྲན་པར་མཛད།། ལྷ་ལས་བབས་དང་སྤྲུལ་པ་དང་།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། མྱ་ངན་འང། ་པ་ཆེན་པོ་དང་།། དུར་ཁྲོད་གཤེགས་པ་དེ་བཞིན་ནོ།། འཇིག་རྟེན་གསུམ་དུ་ལུས་སྤངས་ནས།། རྒྱལ་བ་ལོང་སྤྱོད་རྫོགས་སྐུ་ཡིས།། གནས་གཙང་མར་ནི་སླར་གཤེགས་ནས།། སྤྲུལ ་པར་བྱུང་བའི་སྐུ་ཡང་།། གླེགས་བམ་རས་རིས་རིམ་པ་ཡིས།། ཆོས་ཀྱི་སྐུ་ཡང་འཇུག་པར་མཛད།། གང་གིས་དེ་ཡི་གྲུབ་པའི་སྔགས།། སངས་རྒྱས་རྣམས་ཀྱིས་དེ་ཉིད་གསུངས།། དེ་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཉིད་ཀྱི་ཐུགས་ལ་རྣམ་པར་བརྟགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་ཇི་ལྟར་ན་སངས་རྒྱས ་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་སའི་ཕྱོགས་གང་དུ་དུས་བྱེད་པར་འགྱུར་བ་ཡིན།། དེ་ནས་ལ་གན་རྡོ་རྗེས་སངས་རྒྱས་དང་བྱང་ཆུབ་སེམས་དེ་དག་ལ་འདི་སྐད ་གསོལ་ཏོ།། གང་ཡང་བྱང་ཆུབ་སེམས་དཔའ་དག་གི་ས་འདི་སྐད་དུ།། ཅི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་མི་ཕྱེད་པའི་སྐུ་སའི་ཕྱོགས་འགའ་ཞིག ་ཏུ་དུས་བྱེད་པར་འགྱུར་བ་ཡིན་ཞེས་སྨྲ།། དེ་འདི་སྐད་ཉོན་ཅོག། བྱང་ཆུབ་སེམས་དཔའ་དག་གང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་བདེ་བ་ཅན་དུ་འགྲོ་བའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་སྨྲས་པ། ཅི་ལག་ན་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྐུ་སྤངས་ནས་བདེ་བ་ཅན་དུ་འགྲོ་འམ།། རིགས་ཀྱི་བུ་འོན་ཏེ་སྤྲུལ་པའི་སྐུ་སྤངས་ནས་ལོང་སྤྱོད་རྫོགས་པའི་སྐུས་བདེ་བ་ཅན་དུ་འགྲོ ་བར་འགྱུར།། ལག་ན་རྡོ་རྗེ་ཆོས་ཀྱི་སྐུ་སྤངས་ནས་འགྲོ་བར་འགྱུར་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན། ལག་མ་རྡོ་རྗེས་སྨྲས་པ། ཅི་ལྟར་སྒྱུ་མ་མཁན་གྱི་སྐྱེས་བུ་གང་ཞིག་དགོས་པའི་དོད་སྒྲུབ་པའི་ཕྱིར་སྐུ། ་མ་སྤྲུལ་ནས་དགོས་པ་སྒྲུབ་པར་བྱེད་དོ།། དེ་བཞིན་དུ། གདོད་ནས་གྲུབ་པའི་སངས་རྒྱས་རྣམས།། སེན་ཡོངསུ་བཟུང་བའི་ཕྱིར།། འཁོར་ལོས་སྒྱུར་བ་འདས་གྱུར་ནས།། སྐྱེ་བ་ཡོངསུ་འཛིན་པར་མཛད ་གང་ཚེ་སངས་རྒྱས་འདས་པ་ན།། དེ་ཚེ་འཁོར་ལོས་བསྒྱུར་བ་འབྱུང་།། དེ་གཉིས་མེད་པར་འཇིག་རྟེན་འདིར།། ནམ་ཡང་འབྱུང་བ་མ་ཡིན་ནོ།། གདུལ་བྱའི་འཇིག་རྟེན་ལ་རྟེན་ནས།། རྐང་གཉིས ་མཆོག་གིས་བརྟུལ་ནས་ནི། ལོ་ནི་བརྒྱད་ཅུར་ཞུགས་མཛད་དེ།། སངས་རྒྱས་རྒྱལ་བའི་གནསུ་གཤེགས། སངས་རྒྱས་སྒྱུ་མ་སྤངས་ནས་ནི།། རྒྱལ་བའི་ཕོ་བྲང་བདེ་བ་ཅན་དུ།། རབ ་ཞི་བདེ་བ་ཆེན་པོ་ལ།། ཀུན་ཏུ་དགའ་བའི་གཟུགས་ཀྱི། ས་བཞུགས། བྱེད་པོ་རྟག་པ་གཅིག་པུས་བཞུགས།། ཡིན་སྙམ་དྲང་སྲོང་རྣམས་སེམས་ཏེ།། དེ་ལྟའི་ངོ་བོ་དེ་མིན་ཞེས།། དེ ་ནི་སྐད་ཅིག་སྡོམས་པར་འདོད།། བདག་ཏུ་འཛིན་པས་འཁྲུལ་པ་རྣམས།། རྟག་ཏུ་རྟག་པའི་དོན་འདོད་པ།། མི་རྟག་ཉིད་ལ་འཇུག་བྱའི་ཕྱིར།། རྒྱལ་བ་རྣམས་ཀྱི་སྐུ་གཏོང་མཛད།། དངོས ་བོ་ཀུན་གྱི་དངོས་བདག་ཉིད།། བུགས་ཀྱིས་ཐམས་ཅད་མཁྱེན་ཏེ་བདག། འདི་གནས་འདི་གནས་མ་ཡིན་ཞེས།། བྱས་པའི་ངེས་པ་ཡོད་མ་ཡིན།། ཀུན་རྫོབ་བདེན་པ་ལ་བརྟེན་ནས།། སྟོང་གསུམ ་འདི་སོགས་གདུལ་བྱ་ལ།། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། ནམ་མཁའ་མཉམ་པ་རབ་ཏུ་འཇུག། སངས་རྒྱས་འབྱུང་བ་དེ་ཉིད་མིན།། སངས་རྒྱས་འགག་པའང་དེ་བཞིན་ཏེ། ཐམས་ཅད་རོ་གཅིག ་གྱུར་པ་ཡིན།། འབྱུང་དང་འཇིག་པའི་རང་བཞིན་ནོ།། དེ་ནི་ཆོས་དབྱིངས་གཟུགས་གཅིག་ཏུ།། སྒྲིབ་པ་ལྔ་པོ་སྤངས་པའོ།། ཟབ་ཅིང་རྒྱ་ནི་ཆེ་བའི་གཟུགས།། དེ་ཉིད་ངོ་བོར་དེ་ཉིད་བཞུགས།། གཉིས ་ཀ་ཡོད་པ་མ་ཡིན་ཕྱིར།། གདོད་ནས་ཡོད་པ་མ་ཡིན་ནོ།། དེ་ནི་གདོང་ནས་མ་སྐྱེས་པས།། སྐྱེ་བ་མ་ཡོན་འགག་མ་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ལག ་ན་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་ཁམས་གསུམ་ལ་རྗེསུ་སྟོན་པ་མཛད་པ། སྐྱེ་བ་མེད་པ་འགག་པ་མེད་པ་ཅི་ལྟ་བུ་ཡིན། སྨྲས་པ། ཀྱེ་བྱང་ཆུབ་སེམས་དཔའ་རྣམས་དེ་ཇི་སྙམ་དུ་སེམས། གང ་སངས་རྒྱས་ཇི་སྙེད་པ་དེ་གང་ཞིག་ཡོད་པ་ཡིན་ནམ།། འོན་ཏེ་མེད་པ་ཞིག་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ལག་ན་རྡོ་རྗེ་སངས་རྒྱས་རྣམས་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང ་ཡིན་ནོ།། ལག་ན་རྡོ་རྗེས་སྨྲས་པ། མ་སྐྱེས་པ་ནི་སྐྱེ་བ་ཡིན།། སྐྱེས་པ་ཕྱིར་ཡང་སྐྱེ་མི་འགྱུར།། དོན་དམ་ཉིད་དུ་དཔྱང་ན་ནི།། དེ་ཕྱིར་གདོད་ནས་མ་སྐྱེས་པ།། དེ་བཞིན་འཆི་བ་འཆིམ ་འགྱུར།། འཆི་བ་མེད་པ་འཚབ་མིད།། མི་གནས་པའི་གནས་པ་མེད།། གནས་པ་དེ་ལ་གནས་མི་དགོས།། གལ་ཏམ། སྐྱེས་ཉམས་འགྱུར་ཞིང་།། མི་སྐྱེས་པ་ཉིད་སྐྱེ་འགྱུ་ན།། ར ་གཽ་ནི་རྭ་ཉིད་ཀྱང་།། སྐྱེ་བ་དང་ནི་འགག་པར་འགྱུར།། གང་ཚེ་ཡོད་པ་སྨྲ་འགྱུར་ན།། སྐྱེས་པ་སླར་ཡང་སྐྱེ་བར་འགྱུར།། གལ་ཏེ་མེད་པ་སྐྱེ་ན་ཡང་།། མོ་ཤམ་བུ་ཡང་སྐྱེ་བར་འགྱུར།། དེ་ཕྱིར་ཐམས་ཅད ་མི་རིག་པ། འདུ་བྱེད་གསུམ་གྱི་མཚན་ཉིད་ཡིན།། ཕུང་པོ་ལྔ་ལྡན་འགྲོ་བ་རྣམས།། སྤང་བ་ཙམ་དུ་རྣམ་པར་ཤེས།། རེ་ཤིག་རིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་མྱ་ངན་འདས་པ་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ།། ཐམས་ཅད་བསྐྱེད་པ་མེད་པའི་ཕྱིར།། སྔགས་འདི་ལྟར་རྒྱུད་ཅི་ལྟར།། དཀྱིལ་འཁོར་སྒོམ་པ ་ཇི་ལྟ་བུ།། དངོས་གྲུབ་དེ་ནི་ཇི་ལྟར་འགྲུབ།། ལག་ན་རྡོ་རྗེས་སྨྲས་པ།། རྟེན་ཅིང་འབྲེལ་པར་འབྱུང་བ་ནི།། དངོས་པོ་རྣམས་ནི་འབྱུང་བ་ལྟར།། སྔགས་དང་ཕྱག་རྒྱ་སོགས་བརྟེན་ནས།། དངོས་གྲུབ་རྣམས་ནི་འབྱུང ་འང་འགྱུར།། དངོས་གྲུབ་རྣམས་ནི་ཀུན་རྫོབ་པ།། སངས་རྒྱས་ཕ་རོལ་ཕྱིན་པ་ཡང་།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད།། ཀུན་རྫོབ་ཉིད་དུ་རབ་སྒྲུབ་འགྱུར།། རྟོག་པ་གཉིས་པའོ།། ་སྔགས་བཟླས་པ་ཡི་ཆོ་གའི་རིམ།། དེ་ནས་ཡང་དག་བཤད་བྱ་བ།། གང་ཞིག་ཤེས་པ་ཙམ་གྱིས་ནི།། སྒྲུབ་པོས་དངོས་གྲུབ་འགྱུར་བ་སོ།། བྱུ་རུ་ཡིས་ནི་དབང་དུ་བྱེད།། པུས་ཀར་གོས་ནི་དྲུག་ཞི་བྱེད། ་ཤེལ་གྱིས་ཤེས་རབ་འཕེལ་བར་བྱེད།། ལས་གསུ་མ་ལ་ནི་སྦྱར་བར་བྱ།། སྐྱེ་གནས་ཀྱི་རྣམ་པར་དག་པ་ཨ་བ་ཤཱཏྠ་མདབ་མའི་རྣམ་པ་ལྟ་བུའི་བབ་ལུང་བྱས་ལ།། མྱ་ངན་མེད་པའི་ཤི ་ལ་མེ་སྦར་རས།། ཆོ་ག་བཞིན་དུ་ཨུད་པལ་དམར་པོ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ཏེ། གང་མཁན་གྱི་ཁྱིམ་ནས་མེ་བླངས་ལ་མངར་གསུམ་གྱི་བགོས་ནས་རྩ་བའི་སྔགས་དང་བྱ་བ ་ཡིན་ནོ།། ཕྱི་ནས་འཁྲུལ་འཁོར་བྱ་བ་ཡིན་ཏེ། ཟླ་མཚན་གྱིས་གོས་པའི་རིས་ལ་དཀྱིལ་འཁོར་གྲུ་གསུམ་བྲིས་ནས་དཀྱིལ་འཁོར་དུ་བསྒྲུབ་བྱ་དང་། སྒྲུབ་པ་པོའི་མིང་དང་བཅས་པའི་བསྐུལ་བའི་ཚིག ་དང་བཅས་པར་བྲིས་ཏེ་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག་བྱས་ནས། དེ་ནས་རྩ་བའི་སྔགས་ཀྱིས་སྤེལ་ནས་རྒྱ་སྐྱེགས་ཀྱི་ཁུ་བ་དང་། ལག་པ་གཡོན་པའི་སྲིན་ལག་གི་ཁྲག་དང་། ག་པུར་དང་། གུར ་གུམ་དང་། གླ་རྩི་རྣམས་ཀྱི་ཚོན་རྩིས་བྲི་བར་བྱའོ།། ཤེས་རབ་འཕེལ་བར་འདོད་ནབབ་ཁུང་དེ་ཉིད་དུ་ཨ་རྒའམ། ཀར་བ་རིའི་ཤིང་ལ་བྲམ་ཟེའི་སྦྱིན་སྲེག་གི་མེ་བླངས་ལ་སྤང་ལ། ཨ་ཏ་རུ་ཀའི་ཤོ ་མ་འམ། ཤུ་བག་གི་སྦྱིན་སྲེག་ཁྲི་བྱའོ།། དྲག་ཞི་བར་བྱེད་རབང་ཁུང་དེ་ཉིད་དུ་ཅད་དང་གྱི་ཤིང་ལ་བེ་སྦྲུང་ལ། བིད་ཏ་ཀ་རའི་མེ་ཏོག་གི་སྤྱོད་སྲེག་བྱའོ།། ་དེས་ནི་དུག་ཐམས་ཅད་ཞི་བར་འགུགས་པར་འགྱུར་རོ།། སྣ་ཚོགས་ཀྱི་ཟུག་ཟེར་རྣམས་མེད་པར་བྱེད་ཅིང་ཞི་བར་བྱེད་དོ།། མཁའ་ལྡིང་གི་རིག་པའི་རྒྱུད་ཀྱི་ཆོ་གའོ།། ཁམས་གསུམ་པོ་ཡི་ལམ ་ལ་གནས་པའི།། བཙུན་མོར་གྲགས་པ་ཇི་སྙེད་པ།། སྦྱིར་སྲེག་འཁྲུལ་འཁོར་སྦྱོར་བ་ཡིས།། དེཀུར་བཀུག་ནས་སྤྱོད་པར་བྱེད།། བྱམས་པ་ཆགས་པའི་ལྟ་བ་ཡིས།། སེམས་དེ་ཡིས་ནི་དབང ་དུ་བྱེད།། འགྲོ་བ་ཐམས་ཅད་དབང་བྱས་ནས།། སངས་རྒྱས་བྱང་ཆུབ་ངེས་པར་སྤྱོད།། འདི་ནི་དབང་དུ་བྱ་བའི་ཆོ་གའོ།། རྣམ་པ་ཀུན་མཁྱེན་ཞེས་བྱ་བ།། ཤེས་རབ་མེད ་པར་ཐོབ་མི་འགྱུར།། དེ་ཕྱིར་དེ་ཕོབ་འདོད་པ་གང་།། ཤེས་རབ་དད་པོ་བསྒྲུབ་པར་བྱ།། བཟླས་དང་སྦྱིན་སྲེག་སྦྱོར་བ་ཡིས།། ཆོས་རྣམས་ཀུན་ལ་སྤྱོད་པའོ།། བློ་ནི་དག་གས ་དྲི་མ་མེད།། ། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན།། རྣལ་འབྱོར་བ་ནི་གྲོལ་བར་འགྱུར།། གྲྀ་ཧ་བི་དེའི་ལོ་མ་དང་།། ཤ་ཏིང་ངོ་ནི་ཤིང་མ་པ་དང་།། བྲམ་ཟེ་མོ་ད་མག་ཏ།། སྦྲང་དང་བཅས་པས ་བཟའ་བར་བྱ།། ཤེས་རབ་འཕེལ་བར་བྱ་བའི་ཆོ་གའོ།། ། དེ་རྗེས་སྤྲས་རྩིར་མར་དང་བཅས།། འཁོར་ལོ་བཟང་རྩ་དེ་བཞིན་ཏེ།། མཆེ་བའི་དུག་གིས་བཟུང་བ་ལ།། བསྐུས་དང ་འཐུང་བས་ཞི་བར་མཛད།། དུག་གཞིལ་བའི་སྨད་ནོ།། ཛ་རི་ཙཏྟཱ་ལི་དག་དང་།། ནད་པའི་སཱི་ནི་མར་ཁུང་བཅས།། ལུས་ཀྱི་སྲིན་བུ་ཤི་བིའི་རོ།། ཟོས་ནས་དབང་དུ་འགྱུར་བ་ཡིན།། དབང་དུ་བྱ་བའི ་སྨན་ནོ།། དུག་འགུགས་པས་ནི་འགྲོ་བཞི།། ཤེས་རབ་འཕེལ་བས་སངས་རྒྱས་ཉིད།། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི།། སྐད་ཅིག་གིས་ནི་དབང་བྱེད་འགྱུར།། བདག་གཞན་དོན་རབ་བསྒྲུབ་པ་ལ།། ་ཐེག་པ་ཆེན་པོར་ཐབས་གཞན་མེད།། རིག་པ་ལན་གཅིག་བསྒྲུབས་པ་ཡིས།། འཕྲལ་དུ་ཡིད་ཆེས་བྱེད་པ་ཡིད།། ཧྲི། ཡིག་མྱོས་པའི་སྡོད་བསམས་མ།། བུད་མེད་རྣམས་ནི་འཛག་པར་འགྱུར།། ་ལྕེ་སྙིང་དཀྱིལ་དུ་ཧྲཱིཿདེ་ཉིད།། བསམས་ན་བློ་རྣམས་སྐྱེ་བར་བྱེད།། མཆེ་བས་བཟུང་བ་ལས་བསྒོམས་པ།། ཆོས་ཀྱི་ཡི་གེ་མཛེས་པ་ཡིས།། ཡི་གེ་དག་ནི་དུག་ཞི་བྱེད།། སྒྲོལ་མའི་སྙིང་པོ་ཁམ ་གསུམ་ལས།། རྒྱལ་བ་ཡིན་པར་བརྩེ་བ་ཅན་གྱིས་རྣམ་ཤེས་བྱ། ངག་གི་སྐྱོན་རྣམས་ཟད་པས་དུག་སེལ་རྣམས་ཀྱི་སྤྱོད་སྤངས་པ་ས།། ཤེས་རབ་འཕེལ་འགྱུར་ལུས་ཀྱི་སྤྱོད་རྣམས ་ཟད་པས་དབང་དུ་བྱེད།། དེ་ཕྱིར་འགྲོ་བ་འདི་དག་མི་དགེ་བ་ལས་ཞེན་པས་དངོས་གྲུབ་ཐོབ་པོ་འགྱུར།། དེ་ཕྱིར་རྒྱལ་བའི་སྲས་ཀྱི་ཕན་ཕྱིར་མི་དགེ་བ་རྣམས་སྤང་བར་བྱ་ཕྱིར་བགྱི།། ་ཕྱག་རྒྱ་བཅིངས་པོའི་ཁྱད་པར་གྱི་ནི་ངེས་པར་ལུས་ཀྱི་སྟོན་རྣམས་ཟད་པར་འགྱུར།། སྔགས་ཀྱིས་ལྕེའི་ཚོགས་ཀྱི་སྐྱོན་རྣམས་གང་ཡིན་སེམས་ཀྱི་སྟོན། བྲུས་མ་གཏན་དགའ་བའི་སེམས་ཀྱིས། ་དགའ་བ་དད་པ་དྲི་མེད་ཀྱིས།། ལུས་ཀྱི་ཡིད་རྣམས་གཡོ་བ་མེད་པ་དེ་ཚེ་སངས་རྒྱས་བྱིན་གྱིས་རློབས། སྡིག་མེད་མག་གིས་སྡིག་ལྟ་ཞིང་ནོ་སྙིང་རྗེ་ལྡན་པའི་འཇིག་རྟེན་གསུམ་གྱི་རྒྱལ་པོར ་འགྱུར།། སྦྱིན་པས་བསོད་ནམས་སྟོབས་ལྷག་གྱུར་པར་ས་སྟེང་གཙོ་བོ་སྦྱིན་བདག་བརྩོན་འགྲུས་ལྡན་པར་འགྱུར།། ལེ་ལོ་སྤངས་པས་མཁས་པས་དམྱལ་བའི་སྡུག་བསྔལ་ཅུང་ཟད་ཀྱང་མི་མྱོང་། ་དེ་ཕྱིར་སངས་རྒྱས་སྲས་ཀྱི་སྙིང་རྗེའི་ནོར་དང་བརྩོན་འགྲུས་སྤྱོད་པ་དག་ལ་རྟེན།། ན་མཁའི་དཀྱིལ་དུ་སངས་རྒྱས་རྣམས་བལྟས་བསམ་གཏདན་སྟོབས་ཀྱིས་སངས་རྒྱས་རྣམས ་ལ་སེམས།། རྨི་ལམ་མ་ཡང་རྟག་ཏུ་བདག་ཉིད་སངས་རྒྱས་རྣམས་ཀྱིས་བསྐོར་བ་མཐོང་།། མཁས་པས་འཆི་བའི་ཚེ་ཡང་རིབ་རྩེར་གཤེགས་དང་།། གཞོན་པ་སྣ་ཚོགས་ཞོན་པའི་སངས་རྒྱས་རྣམས ་སྙིང་རྗེའི་བདག་ཉིད་ཅན་གྱིས་མཐོང་གྱུར་པ།། སྡིག་པ་བྱས་པས་དམྱལ་བའི་གྲོང་ཁྱེར་མཐོང་བར་འགྱུར།། དེ་རྣམས་རྣམ་པར་དག་པའི་རྒྱུད་ཡིན་ཏེ།། བློ་ཡང་དེང་ནི་གནས་པར་འགྱུར།། དེ་ཡི་ཕྱིར་ན ་ཅི་ནས་ཀྱང་།། གོས་དཀར་དག་གིས་བཙུན་པོར་འདོང་།། དེ་ཉིད་དུག་ནི་ཞི་བྱེད་པས།། རྟ་མགྲིན་གྱིས་ནི་གོ་འཕངས་གནས།། འད་དང་ཆགས་རྡོ་རྗེའི་ཚིགས་འབྱུང་བ།། འགྲོ་བ་གསུམ ་བོ་དབང་དུ་བྱེད།། འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་སྒྲུབ་པའོ།། །། དེ་ནས་སྦྱོར་བ་གཞན་འབྱུང་བར་འགྱུར་ཏེ།། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི།། སླར་ཡང་གྲུ་གསུམ་གཞན ་ཞིག་གོ།། དབང་པོ་ཕྱོགས་ནས་བརྩམས་ནས་ནི།། ཨོཾ་ལ་སོགས་པས་མཁས་པས་བྲི།། མཚམས་དྲུག་ཏུ་ནི་ས་བོན་དྲུག། ཆོས་ཀྱི་ས་བོན་དཀྱིལ་དུའོ།། ཡི་གེ་ཕུ་ཡི་ནང་བྱས་པ།། ད་ནི་སྒོ་མ ་མ་བམ་བྲི།། སྦྲུལ་བསྐང་བའི་རྒྱུད་དོ།། དེ་ནས་བུད་མེད་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར།། སྦྱོར་བ་གཞན་བཤད་པར་བྱ།། འདབ་མ་བདུན་པོའི་ཨུད་པལ་བྱས་ལ་ཡི་གེ་བདུན་སྦྱར་བར་བྱའོ།། དེའི་ལྕེ ་བ་ལ་ཧྲིཿགཉིས་ཀྱིས་བརྟེན་པོའི་བསྒྲུབ་བྱའི་མིང་དབང་དུ་བྱ་བའི་ཆོ་ག་བཞིན་དུ།། གྲོག་འམ་ཡང་མེ་ཏོག་དང་བཅས་པའི་རས་ལ་བྲིས་ལ་རིག་པའི་རོལ་བུ་བྱས་ནས་དཔུང་པོ་ལ་བདགས་པར་བྱའོ།། ་བདག་པོ་བུད་མེད་བྲན་དུ་འགྱུར།། རྒྱལ་པོ་འང་ཞབས་འབྲིང་ཉིད་དུ་འགྱུར།། སྲུང་བའི་དོན་དུ་འཁྲུལ་འཁོར་འབྱུང་བ་འགྱུར་།། སུཾ་ཏྤ་ལ་ཁྭ་ཇོས་བཞི་བྱས་ནས་ནི།། དེ་ལ་དབུསུ་རླ་བ་དྲི།། ཤར ་དུ་མདའ་ནི་བྲི་བར་བྱ། ལྷོ་ཉིད་དུ་ནི་གཞུ་བྲིའོ།། མི་འཇིགས་ལག་པ་ནུབ་ཏུའོ།། བྱང་དུ་ཨུཏྤལ་བྲི་བར་བྱ།། དབུས་ཀྱི་ཟླ་བར་བསྲུང་བྱ་སྟེ།། ས་བོན་བདུན་གྱིས་བསྐོར་བའོ།། འཁོར་ལོའི་ཕྱི་ཡི་རིམ་པ ་ལ།། ཨུད་པ་ལ་ཕྲེང་བས་རྒྱན་པའོ།། འདི་ནི་གྲོ་ག་ལ་བྲིས་ལ།། རང་གི་དཔུང་ལ་གདགས་པར་བྱ།། གཞན་ཡང་བྱིས་པ་རྒན་པོ་དར་ལ་བབཔ།། འཁྲུལ་འཁོར་གྱིས་ནི་རིང་སྲུང་འགྲུབ། གལ་ཏེ་དབང ་བྱུག་བབ་པར་བྱ་འདོད་ན།། ས་བོན་གྱི་གྲོང་ཁྱེར་བྲིས་ལ་དེའི་དཀྱིལ་འཁོར་དུ་གཞུ་བྲི་བར་བྱའོ།། གཞི་དཀྱིལ་དུ་རིན་པོ་ཆེའི་རྣམ་པ་ལྟ་བུའི་ཨུད་པལ་གྱི་མྱུ་གུ་བྲི་བར་བྱའོ།། ཨུད་པལ་སྙིང་བའི ་དབུ་སུ་ཡི་གཽ་རྗེ་ལ་ཡི་གེ་བདུན་གྱིས་བསྐོར་བའོ།། ས་ལེ་སྭ་མ་གྱི་བྱང་དུལ་མངོན་པར་བྲིས་ལ་ཁྱིམ་གྱི་སྟེང་དུ་ངེས་པར་བཞགཔར་བྱའོ།། ཕྱི་རོལ་ནས་ཨུད་པ་ལའི་ཕྲེང་བས་མངོན ་པར་བསྐོར་བར་བྱས་ལ་ཚེས་བཅུ་གཉིས་སམ་བརྒྱད་ལ་རིན་པོ་ཆེ་དང་ལྔ་དང་ལྡན་པའི་བུམ་པ་གང་བས་ཕབ་ལ་ཁྲུས་བྱས་ནས་མཆོད་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱས་ན། ལོ་གཅིག་གིས་ནོར ་འཛིད་དང་མཚུངས་པར་འགྱུརརོ།། དེ་ལྟ་བུའི་རིག་པའི་རིལ་བུ་ཡང་དག་པར་གདགས་པར་བྱའོ།། དེ་ནས་སྦྱོར་བ་ཡང་འབྱུང་བར་འགྱུར་ཏེ།། མིག་དམར་ལ་བབ་པ་ན་འགྲོ་བུ་གར་རྒྱལ་དུ་གནས་པ་རྙེད ་ལག་པའི་མཐིལ་དུ་བཞག་ནས། སྔགས་འབུམ་ཕྲག་གཅིག་བརྒྱ་བཟླས་པ་ན་རྒྱན་པོ་འདེབས་པ་ན་ཕ་རོལ་པོ་ལས་རྒྱལ་བར་འགྱུརརོ།། འགྲོར་བུ་དེས་བླངས་ལ་ཀུ་རུ་ཀུལླེའི་སྔགས་བརྒྱན ་བརྒྱད་བཟླས་ནས། ཚེས་བཅུ་གཉིས་སམ། བརྒྱད་ལ་ཁྲུས་བྱས་ནས་མཆོད་ལ་དར་གྱི་ནང་དུ་གཏུམས་ནས་དཔུངས་པ་ལ་བཏགས་ན།། འདིས་དོར་གྱི་དབང་ཕྱུག་ཆེན ་འགྱུར་རོ།། མགྲོན་བུ་དེ་སྡོང་དུ་བཅུག་པའི་ནང་དུ་སྦ་བ་བྱས་ན་ཉིན་རེར་དཀར་ཤ་པ་ཎི་རེ་རྙེད་པར་འགྱུརརོ།། ངོར་སྒྲུབ་པ་དང་། རྒྱལ་སྲིད་སྒྲུབ་པ་དང་། རྒྱན་པོ་རྙེད་པ་དང་། འབྲས་བུ་སྒྲུབ་པའི་རྒྱུད་ངོ་།། ་རྟོག་པ་གསུམ་པ་རྫོག་སོ།། ། གང་གིས་རྡུལ་ཚོན་མཐོང་ཙམ་གྱིས།། སངས་རྒྱས་མྱུར་དུ་ཐོབ་པར་བྱེད།། དཀྱིལ་འཁོར་དུ་མབོང་བའི་རིམ་པ་བཞིན།། དེ་ནས་ཡང་དག་བཤད ་བྱབ་གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་ཉེ་བར་རྒྱན་། དེ་ཡི་དཀྱིལ་དུ་ལྷ་མོ་བཀོད།། བྷ་གའི་རྣམ་པ་ཁ་དོག་ལ་གས།། མངའ་ནི་ཤར་དུ་བྲི་བར་བྱ་བ།། གཞུན་ལྷ་ཡི ་ཕྱོགསུའོ།། མི་འཇིགས་ལག་པ་ནུབ་ཏུ་སྟེ།། བྱང་དུ་དེ་བཞིན་ཨུད་བ་ལའོ།། མཚམས་ཀྱི་ཆ་ནི་བང་དུའོ།། རྡོ་རྗེ་འཁོར་ལོ་སོག། ས་དེ་བཞིན།། གོས་དམར་པོ་ཡི་སྟོང་གཡོགས་བགོས ་དར་དམར་པོས་གདོང་བཀབ་པའི་སློབ་མ་གཞུགས་པར་བྱའོ།། འདིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་འཁོར་ལོར་མེ་ཏོག་བསྐུར་བར་བྱས་ཏེ། པྲ་ཏཱིརྱཱ་བཛྲ་ཧོ་ཞེས་བྱའོ།། གཡོགས་པ ་བཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ།། དཀྱིལ་དུ་བབ་ན་ནི་དབང་དུ་བྱས་པའི་ལས་ལ་དབང་བྱས་པའི་ལས་ལ་དབང་བར་འགྱུརརོ།། མི་འཇིགས་སྦྱིན་པ་ལ་བབ་ན་ནི་དུག་འགུགས་པ་ལ་བསླབ ་བར་བྱའོ།། ཨུད་པ་ལ་བབས་ན། ཤེས་རབ་འཕེལ་བ་ལ་བསླབ་པར་བྱའོ།། གཞུ་ལ་བའ་ན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁེ་བསླབ་པར་བྱའོ།། འཇུག་པའི་དུས་སུ་འདི་སྐད་སྨྲ་བར་བྱའོ།། ཁྱོད ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དི་དཀྱིལ་འཁོར་དུ་མ་བཞུགས་པ་ལ་གང་གི་ཡང་མདུན་དུ་བརྗོད་པར་བྱ་བ་མ་ཡིན་ནོ།། དམ་ཚིག་ཉམས་པར་གྱུར་ཏ་།། ཡང་བ་མ་སྤངས ་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ་ཞེས་བརྗོད་ནས། དེའི་རྗེས་ལ་དམ་ཚིག་སྦྱིན་པར་བྱ་སྟེ། དཀོན་མཆོག་གསུམ་ནི་མི་སྤང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རྒྱུད་ལས་གྲུབ་པ ་ཡིན་ནོ།། མནའ་བསྒྲག་པར་ཡང་བྱ་སྟེ།། ཆོས་ཀྱི་རྒྱལ་པོ་དམ་ཚིག་ཆེ།། ང་ལས་བླངས་ནས་འགའ་ཉམས་ན།། སངས་རྒྱས་བྱང་ཆུབ་སེམས་དཔའ་དག། གསང་སྔགས་སྤྱོད་མཆོག་སྤྱད་པ་རྣམས།། ་ཁྲག་ཆེན་དང་དེ་སྟོང་ཆེན་ཀྱང་།། དེ་ཚེ་ཕྱུང་ནས་གསོལ་བར་བྱེད།། ཆོས་ཀྱི་བསྟན་པ་སྤྱོང་བྱེད་པ།། ང་ལ་ཁྱོད་ཀྱིས་བརྙས་མི་བྱ།། རྟག་ཏུ་གོས་དམར་འགོ་བྱ་ཞིང་།། ཕྲེང་བ་དམར་པོ་བ ་བ་བྱ།། དམར་པོའི་དྲིས་ཀྱང་དབྱུག་བྱ་ཞིང་།། རིན་ཆེན་དམར་བ་སོགས་ཀྱིས་རྒྱན།། ཆགས་པའི་སེམས་ཀྱིས་བསྒོམ་བྱ་ཞིང་། སྔགས་ཀྱང་ཆགས་པའི་སེམས་ཀྱིས་བརླ།། བཅག ་ག་མ་སི་ན་པཱུར་དག་གིས།། ཕོ་བྲང་དག་ནི་བྲི་བར་བྱ།། མཚན་གྱི་ཕྱེ་མ་དག་གམ་ནི།། གུར་གུམ་དང་ནི་ཙན་ད་ན་དམར།། བྱི་རུའི་ཕྱེ་མ་དག་ཀྱང་རུང་།། ཀར་ཀེ་ཏ་ཡི་ཕྱེ་མས་བྲི།། སྦྱིན་སྲེག་ཡང་ན ་འཁོར་ལོའོ།། རབ་ཏུ་གནས་པ་དེ་བཞིན་ཏེ།། ཀུན་ཀྱང་དམར་བའི་རང་བཞིན་སྦྱར།། སངས་རྒྱས་ངུར་སྨིག་མཚོན་བྱེད་ཡིན།། སྲོག་ཆགས་བསད་པར་མི་བྱ་ཞིང་།། བདེན་པ་མིད་པ་ཡང་མི་བསླུ།། མ ་བྱིན་པར་ཡང་བླང་མི་བྱ།། གཞན་གྱི་ཆུང་མ་བསྙེན་མ་བྱ།། ལུས་ཀྱི་ལས་ནི་རྣམ་གསུམ་དང་།། ངག་གི་རྣམ་པ་ལནི་དག་དང་།། ཡིད་ཀྱི་རྣམ་པ་གང་གསུམ་པ།། མི་དགེ་བ་དག་སྤང་བར་གྱིས།། ཆོས ་དང་དེ་བཞིན་ཟང་ཟིང་དང་།། བྱམས་དང་མི་འཇིགས་ཞེས་བྱ་བ་ནི།། སྦྱིན་པ་ཁྱོད་ཀྱིས་རྟག་ཏུ་བྱིན།། མེད་ན་བསམ་གཏན་ལས་ཀྱི་སོ།། བསྡུ་བའི་དངོས་པོ་བཞི་དག་ཀྱང་།། ཁྱོད་ཀྱིས ་རྟག་ཏུ་བརྟེན་པར་བྱ།། ཕ་རོལ་ཕྱིན་པའི་སྐུ་དག་དང་།། སྟོབས་རྣམས་དང་ནི་དབང་དག་དང་།། བུད་མེད་འགྲོ་བ་བརྙས་མོ་བྱ།། སྒྲོལ་མའི་མིང་ཅན་ཁྱད་པར་དུ། གསང་སྔགས་སྤྱོད་པའི་ཁྱིམ་པས ་ཀྱང་།། བུད་མེད་དེ་ནི་བཱང་མི་བྱ།། གྲོང་ཁྱེར་སྒོ་དང་གྲོང་དག་དང་།། ཡུལ་གང་དུ་ནི་སྒྲོལ་མ་ནོ།། སྒོ་ལྗང་བཞི་མདོ་རྩིག་ངོས་དང་།། ། སུམ་མདོ་དག་ཏུ་ཁད་པར་དུ།། གནས་པའི་གནས་དེང་རྟག་ཕྱག་བྱ།། ་བསྟོད་ཅིང་མཆོད་པ་ཆེན་པོ་བྱ།། གནས་དང་གནས་པ་བྱས་ནས་ནི།། སྔགས་ལ་སོགས་པ་བསྒྲུབ་པར་བྱ།། སྒྲོལ་མིའི་མང་ན་བུད་མེད་གང་། ཁ་དོག་དམར་སེར་མགོ་ལེགས་མ། ་དེ་མཐོང་རྣལ་འབྱོར་གུས་པ་ཡིས།། ཡིད་ཀྱིས་ཕྱག་ནི་བྱ་བ་ཡི། ན།། བན་བླ་ཟེའུ་འབྲུའི་མེ་ཏོག་དང་།། དེ་བཞིན་ཀ་ར་བིར་འཛིན་། གཞན་ཡང་མེ་ཏོག་དམར་པོ་ལ།། བསྒྲུབ་པ ་པོས་ནི་འོག་མ་མི་བྱ།། དེ་ལྟར་སྡོམ་པ་བྱིན་པས་ནི།། གཙང་ཞིང་དག་པའི་ལྷ་རྫས་ཆུ།། བུམ་པ་བཞིན་གནས་པའི་ཆུས།། སློབ་མ་སྔགས་ཆུས་དག་པར་བྱ།། སློབ་དཔོན་གྱིས་ནི་རིམ་པ་བཞིན།། ་མདའ་གཞུ་སོགས་ཀྱི་ཕྱག་རྒྱས་བཀྲུ།། དང་པོར་མདར་ཅན་བུམ་པ་སྟེ།། གཉིས་པ་གཞུ་དང་ལྡན་པསོ།། གསུམ་པ་མི་འཇིགས་པ་ལག་སྟེ།། ཨུད་པལ་གྱིས་ནི་བཞི་པར་རོ།། ཇི་ལྟར་སངས་རྒྱས ་ཤཱཀྱ་ཡི།། སེང་གེ་སྲས་བཅས་རྡོ་རྗེ་འཛིན།། རྒྱལ་སྲིད་ཆེན་པོར་དབང་བསྐུར་ལྟར།། དེ་བཞིན་བདག་གིས་ཁྱོད་དབང་བསྐུར།། ཁྱོད་ཀྱི་སངས་རྒྱས་ཐམས་ཅད་ཉིད། དེ་ཉིད་དཀྱིལ་འཁོར ་འདི་རུ་རྙེང་།། རྡུལ་ཚོན་འདི་གཟིགས་སངས་རྒྱས་རྣམས།། རབ་ཏུ་དགྱེས་པར་གྱུར་པ་ཡིན།། འདི་ནི་འཆི་མེད་ནད་མེད་ཀྱང་།། མྱ་ངན་མེད་ཅིང་ཕོངས་པ་མེད།། ཐེག་པ་ཆེན་པོ་གཙང་མ་འདིས།། ཁྱོད་ཀྱིས ་རྫོགས་པར་བྱང་ཆུབ་ཐོབ།། མདང་སོགས་བཞི་ཡིས་དབང་བསྐུར་བས།། དམ་ཆོས་སྣོད་དུ་བྱས་ནས་ནི།། སློབ་མ་ལ་ནི་གསང་བ་དག། ཆོ་ག་བཞིན་དུ་སྦྱིན་པར་བྱ།། དེ་ལ་རེ་ཤིག་དང་པོར་ཀྵ་ལ ་བསྡིགས་པ་ལ་བསླབ་པར་བྱའོ།། ན་མོ་མར་ཉྫ་ཏྲ་ཡཱ་ཡ། ན་མོ་བུདྡྷ་བོ་དྷིས་ཏྭེ་བྷྱོ། ན་མོ་ཨ་སྥ་མ་ཧཱ་མཱ་ནྱརྱ་པླ་ཀ་ལ་ཡེ། ན་མོ་བབ་ཧེ་བྷྱོ།། པྲ་དྷཱ་ཀཽཊི་བྷྱཿཏདྱ་ཐཱ། ཨོཾ་ཧྲིཿཧྲིཿསརྦ་ནཱ་གཱ་ནཱ~ཾ། ཨ ་ནན་ཏན་ཀུ་ལཱ་ནཱཾ། བཱ་སུ་ཀཾ་ཀུ་ལཱ་ནཱཾ། ཤེ་ཁ་པཱ་ལ་ཀུ་ལཱ་ནེ། ར་ཀ་ཊ་ཀུ་ལཱ་ནཱཾ། པདྨ་ཀུ་ལཱ་ནཱཾ། ཀུ་ལི་ཀ་ཀུ་ལཱ་ནཱཾ། སུན་ད་ཀ་ཀུ་ལཱ་ནཱཾ། ག་ན་ཀ་ཀུ་ལཱ་ནཱཾ། མེ་ཀ་ཀུ་ལཱ་ནཱཾ། ཛ་ལ ་དཀུ་ལཱ་ནཱ། ཛ་ལ་དྷ་ར་ཀུ་ལཱ་ནཱ། བཛྫི་མུ་ཏ་ཀུ་ལཱ་ནཱི། ས་བརྟ་ཀུ་ལཱ་ནཱཾ། ཨེ་ས་བརྟ་ཀུ་ལཱ་ནཱཾ། ཀུ་མུ་ད་ཀུ་ལཱ་ནཱཾ། ཀ་ཧ་ར་ཀུ་ལཱ་ནཱཾ། སཽ་གནྡྷེ་ཀུ་ལཱ་ནཱ། ཧ་ན་ཧ་ན་ཤ་ར་ཎ། བནྡྷ ་བམ། ཏཱཊ་ཡ་ཏཱ་ཊ་ཡ། ཨུཏྤ་ལེན། བརྟད། ཨ་བྷ་ཡམ?། དེ་ཧིད་ཧི། པྲ་ལ་ཡ། ཀ་ལེ་བཛྲ་ལ་དང་། མ་བྡ་ཏ་ཡ་ན། བ་ར་ཤཱནྟ་ནཱ་ག་ན་བ་ཤི་ཀུ་རུ། ཀུ་རུ་ཀུ་རུ། པུ་ཀུ་རུ ་ཀུ་རུ་བ་ཡ། ཕུ་ཕུ་ཨ~ཾ་ཀུ་རུ་ཀུལླེའྀ་ཧྲིཿཧཱུཾ་སྭཱ་ཧཱ་པ།། ། སྔགས་འདིས་དགོན་པའི་ལྕི་བ་ལས་དཀྱིལ་འཁོར་བྱས་ལ།། ཆོ་ག་བཞིན་དུ་ཅན་དན་གྱི་པདྨ་མེངབ་མ་བརྒྱད་པ ་བྲིས་ལ།། ཤར་ལ་སོགས་པའི་མདབ་མ་ལ་དགའ་བོ་ལ་སོགས་པའི་ཀླུ་བརྒྱད་བཞག་ནས། ཤ་ཁ་ར་དང་། གུ་གུལ་རྒྱུ་སྐར་སྣར་མ་ལ་བབ་པའི་ཚེ་བརྒྱ་རྩ་བརྒྱད་བཟླས་ནས། ཀླུ་རྣམས་ལ ་བདུག་པ་བྱིན་ནས་དེ་ནས་མཆོད་པའོ།། གལ་འཆར་འབབ་པར་མི་འགྱུར་ན།། ཆང་གིས་ཁྲུས་བྱས་ལ་སེང་ལྡེང་གི་མེས་གདུང་བར་བྱའོ།། དེ་ལྟར་བྱས་ན་ཆང་འབ་པམ་གྱུར ་རོ། གལ་ཏེ་ཆར་མི་འབེབས་པར་བྱེད་ན་མཛེས་བེབས་པར་འགྱུརརོ།། རིག་པ་འཛིན་པ་དེ་དག་བྱ་བའི་ཟས་དང་ལྡན་པར་བྱ་བ་ཡིན་ནོ།། ཕྱིས་ནས་ཉེ་བར་བསྡུས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ།། ལྔ ་ཆེས་པ་བཅད་འདོད་ན།། སྦྲུལ་གདུལ་བའི་མི་ལས་སྤྲུལ་ཅིག་བླངས་ལ་ཙན་དན་གྱིས་བྱུགས་ནས་འོ་མ་བླུད་པ་བྱ་ཞིང་། སྔགས་འདི་ལན་བདུན་བསྔགས་པ་བྱས་པིའི་བུམ་པ ་དམར་པོ་མ་ཆོས་པའི་ནང་དུ་བཅུག་ལ་ཕྱག་རྒྱ་ཆེན་བས་རྒྱས་བཏབ་ནས། བུམ་པ་བཅག་པར་གྱུར་ན་དེ་མ་བག་ཏུ་ཆར་པ་གཅོད་པར་བྱེད་དོ།། ཕྱི་ནས་ཚོགས་ཀྱི་སྔོན་མོ་བྱ།། ཡ ་ན་ཉན་ཐོས་དགེ་འདུན་མཆོད། ཁྱེའུ་དང་བུ་མོ་ལའང་ཟས་སྒོམ་སྦྱིན།། དེ་ལྟར་བྱས་ན་ཀླུ་རྣམས་དགའ།། ཆར་ནི་འབབ་པར་འགྱུར་བའི་ཚེ།། གལ་ཏེ་འདི་ལྟར་མི་བྱེད་ན།། ཀླུ་རྣམས་དགའ་བར་མ་བྱས་པ།། ་མཛེ་ཡིས་བེབས་པར་གྱུར་པ་ཡན།། རྒྱལ་པོའི་བུ་དང་བཙུན་མོའི་འཁོར་དང་བཅས་པ་ཁྲུས་བྱས་ལི་ཕྱར་བཟློག་པའི་ཚེས་ལྔ་ལ།། ཕྱིར་ལྡོག་པའི་རྩ་བ་བཙལ་ནས་འོ་མ་འམ། ཡང་ན་མར ་དང་སྦྱར་ཏེ། དངུལ་གྱི་སྣོད་བླུགས་ལ་བཏུང་ཞིང་དགེ་སློང་ལ་གསོལ་བར་བྱས་ན།། ལོ་གཅིག་གི་བར་དུ་སྦྲུལ་གྱི་འཇིགས་པ་འབྱུང་བར་མི་འགྱུར།། དེ་ལ་མི་དགེ་བའི་ལས་ཀྱིས་གལ་ཏེ ་སྦྲུལ་གྱིས་གཟུང་ན་སྦྲུལ་དེ་ཉིད་འཆི་བར་འགྱུར་ཏེ། ལན་བདུན་མངོན་པར་བསྔགས་པར་འགྱུརརོ།། ཡང་མཛེ་ནད་སོས་པར་འདོད་ན། སྔགས་འདི་ཉིད་ཀྱིས་དུག་མེད་པར་བྱས་ནས་མཛེ་ནང ་སོས་པར་འགྱུརརོ།། རྩ་བའི་སྔགས་ཀྱིས་ཆུ་ལ་སྔགས་ལ་སྦྲུལ་གྱིས་བཟུང་བའི་རྨ་ལ་བཀྲུས་ན་དུག་མེད་པར་འགྱུར་རོ།། ཡང་ཀླུ་མཐོང་བར་འདོད་ན། ཨུཏྤལ་དམར་པོའི་མདབ་མ་ལ་ཡི་གེའི་གྲངས ་ཀྱིས་འབུམ་བཟླས་ནས། ཀླུ་གནས་ཤིང་བྱིན་གྱིས་བརླབས་པ་འཚེའུ་ལ་སོགས་པར་བཏབ་ན། དེའི་རྗེས་ལ་ཀླུའི་ཆུང་མ་འདར་བར་འགྱུར་རོ།། སྒྲུབ་པ་པོ་ལ་ཀྱེ་བཅོམ་ལྡན་འདས་ཅི་ཞིག་འགྱི ་ཞེས་བཀའ་ལུང་ནོད་པར་བྱེད་དོ།། སྔགས་པས་ཀྱང་འདོད་པ་དེ་བླང་བར་བྱའོ།། རྟོག་པ་བཞི་པའོ།། ། དེ་ནས་གཞན་ནུ་སྒྲ་གཅན་འཛིན་བཟང་པོས་གང་གི་ཚེ་བསོད ་སྙོམས་ལ་རྒྱལ་པོའི་ཁབ་དུ་ཞུགས་ནས་ཡང་ད་མའི་ཚལ་དུ་ཞུགས་ཏེ། ལྷུང་བཟེད་བཀྲུ་བའི་ཕྱིར་རྫིང་བུ་རིང་པོར་ཞུགས་པ་ན། གྲགས་འཛིན་མའི་བུ་དགེ་སློང་དཀར་པོ་དང ་འཁྲུལ་ནས་རྫིང་བུར་དྲངས་པ་དང་། དེའི་ཚེ་གཞོན་ནུ་སྒྲ་གཅན་འཛིན་བཟང་པོས་རིག་པ་འདིའི་ཟླ་སོ།། བཟླས་པ་ཙམ་གྱིས་ཇི་ལྟར་འགའ་ཞིག་རང་གི་ཁྱིམ་ནས་བྱུང་བ་བཞིན་དུ་སྒྲ་གཅན་འཛིན་འ ་པོ་ཡང་དེ་བཞིན་དུ།། བཅོམ་ལྡན་འདས་ཀྱི་བར་དུ་སོང་ངོ་།། ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡབ་ལགས་ཁྱོད་ཀྱིས་བདག་ལ་གསང་སྔགས་གང་སྩལ ་བའི་མཐུ་བདག་གིས་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་མཐོང་།། ཀླུ་རྣམས་དྲུང་དུའོ།། དེ་ལྟ་བས་ན།། བཅོམ་ལྡན་འདས་སྲོག་ཆགས་གཞན་དག་སྲུང་བའི་སླད་དུ ་སྔགས་འདི་བཅོམ་ལྡན་འདས་ཀྱིས་བསྟར་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཆེ་དེའི་དུས་སུ་སྔགས་འདི་དང་རྡོག་པ་འདི་ལག་རྡོརྗེ ་ལ་བསྐུལ་ནས་ཉད་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙདན་དང་། དགེ་བསྙེན་མ་རྣམས་ལ་བཀའ་དྲིར་གསལ་བར་བྱས་སོ།། རིགས ་ཀྱི་བུ་དེའི་ཕྱིར་གསང་སྔགས་འདི་དང་། རྟོག་པ་འདི་ཅན་དར་གྱི་དཀྱིལ་འཁོར་བྱས་ནས་ཀློག་པར་བྱེད་པ་དང་ལུས་ལ་དུག་གི་གནོད་པ་མི་འབྱུང་། དུག་གིས་འཆི་བར་མི་འགྱུར། ཤུ་བའི ་འཇིགས་པ་མི་འབྱུང་། གཡན་པའི་འཇིགས་པ་མི་འབྱུང་། མཛེ་ནད་ཀྱི་འཇིགས་པ་མི་འབྱུང་། ནད་ཀྱི་འཇིགས་པ་མི་འབྱུང་། ཀླུའི་འཇིགས་པ་མི་འབྱུང་། སྦྲུལ་གྱི་འཛིམ ་བ་མི་འབྱུང་། སུག་དང་གཅན་ཟན་གྱི་འཇིག་ས་པ་མི་འབྱུང་། དགྲའི་འཇིགས་པ་མི་འབྱུང་། དབུལ་བའི་ཇིགས་པ་མི་འབྱུང་། དུས་པ་ཡིད་པར་འཚོ་བའི་འཇིགས་པ ་མི་འབྱུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་སྲུང་བའི་ཕྱིར་ནག་པོ་ཆེན་པོ་ཉིད་ཀྱིས་བསོད་སྙོམས་ཀྱིས་གསོས་པའི་སྲིན་མོའི་འཕྲོག་མ་ལ་བྱིན་རོ།། དེ་ཡང་སྔོན་གྱི་ལས ་མི་དགེ་བ་ལ་སྐལ་པ་ངན་པར་གྱུར་པས་ནག་པོ་ཆེན་པོ་དང་རྗེ་སུ་འཐུན་བ་མ་ཡིན་པས་གནས་པར་མི་བྱེད། རྩེ་བར་མི་བྱེད། བསྟན་པ་སྲུང་བར་ཡང་མི་བྱེད་དོ།། དེ་ནས་སྲིན་མོ་དེ་ཡི་མུག་པར ་གྱུར་པ་དང་། དེ་ལ་ནག་པོ་ཆེན་པོ་དབང་དུ་བྱ་བར་འདོད་པས་ཀུ་རུ་ཀུལླེའི་རྟོག་པ་འདི་གསུང་སོ།། དེ་ནས་བཟུང་ནས་སྐལ་བ་ཆེ་ཞིང་བཟང་བ་དང་ལྡན་པར་འགྱུར་རོ།། རིགས་ཀྱི་བུ་དེའི་ཕྱིར ་སེམས་ཅན་དབང་དུ་བྱ་བར་འདོད་པས་གསང་སྔགས་འདི་ཉིད་ལ་གོམ་པར་བྱའོ།། གཞན་ཡང་ཤིན་ཏུ་དགའ་བའི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་ཆེ་ཞིང་མཚན་དང་ལྡན་པ་ཞིག་སྐྱེ་སོ།། ་ཀྱང་བློ་རྟུལ་བར་གྱུར་ཏོ།། དེ་ནས་ཤིན་ཏུ་དགའ་བས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བདག་གི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་ཆེ་ཞིང་མཚན་དང་ལྡན་པ་ཞིག་སྨྲས ་པར་གྱུར་ན། འོན་ཀྱང་བློ་རྟུལ་བར་གྱུར་ཏོ།། བཅོམ་ལྡན་འདས་དེ་ཇི་ལྟར་ན་དེའི་ཤེས་རབ་འཕེལ་བར་འགྱུར།། གལ་ཏེ་བདག་གི་བུ་དེའི་ཡི་གེ་དང་བཅས་པར་གྱུར་ན།། དེ་ལྟ་ན་ཁྱོད་ཀྱིས་བསྟན ་བརྗེསུ་སྲུང་བར་བགྱིའོ།། དེ་ལྟར་ན་གསན་ནས་བཅོམ་ལྡན་འདས་ཀྱི་དྲན་པ་སྔོན་དུ་བཞུགས་ནས་རྟོག་པ་འདི་དང་གས་སྔགས་འདི་བཀའ་སྩལ་ཏོ།། དེ་བཀའ་སྩལ་གྱིས་ཤིན་ཏུ་དག ་བའི་གཞན་ནུ་སཱར་མ་ཞེས་བྱ་བ་འདི་ཤེས་རབ་དང་ལྡན་པར་འགྱུར། ལོ་བཅུ་གཉིས་ཀྱིས་བསྟན་བཅོས་པ་མས་ཅད་འཇིགས་པ་མེད་པ་དང་། བཟའི་གནས་ཀྱི་བབས་བདལ ་མངོན་པར་ཤེས་པ་དང་ལྡན་པར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཕྱིར་ཤེས་རབ་ཆེན་པོ་འཕེལ་བར་བྱ་བའི་ཕྱིར་གསང་སྔགས་དང་། རྟོག་པ་འདི་ལ་བསླབ་པར་བྱ་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་བཀའ་སྩལ་པ། རོ་ཡི་སྐྱོན་དང་བྲལ་བ་ཡི།། དངུལ་ཆུ་ལེགས་པར་བླངས་ན་སུ།། རྡོ་རྗེ་རྟེན་གཤོང་དུ་བྱས་ནས། འཇིག་རྟེན་མགོན་དང་བཏགས་པར་བྱ།། སླ ་ཡང་ཆོས་སྐུ་དང་བཏགས་ལ།། དེ་བཞིན་འཛའ་བ་ཏི་ཀི་ཏི་ཀ་དང་།། བྱི་ནའི་ལོ་མའི་ཁུ་བ་དང་།། ཉི་མ་གསུམ་དུ་མཉེ་བར་བྱ།། བན་ད་ཀ་གོ་ལའི་འོ་མ་དང་།། ཧ་ཀ་བཛྲ་འོ་མ་ང།། རྣམ་ཕུག་པའི་བུ ་དང་།། ནུ་མའི་འོ་མ་དང་མཉེབ།། དངུལ་ཆུ་དང་ནི་རྩུབ་མོ་ཡིས།། ལན་འདུར་བར་དུ་བཀྲུ་ཞིང་མཉེ།། ལྕགས་ཀྱི་སྡོང་དུ་ལེགས་བཅུག་ནས།། འབྲི་ཏ་ར་ཏའི་ཟན་བཅུག་གཙོ།། ་ཀ་ན་ཀ་ཡི་མེ་ཏོག་གོང་བུ་དག། འོག་དང་སྟེང་དུ་ངེས་པར་བསྐོར།། རྩ་བའི་གསང་སྔགས་འཛུམ་བཟླས་ན།། དངུལ་ཆུང་ནི་གཡས་ནས་འཁོར།། མུ་སི་ཉི་མས་བསྒོས་པ་ལ།། གསང་སྔགས་དེས་ནི ་བཟླས་བྱས་ནས།། ལྕགས་སྣོང་མེ་ལ་བཞག་པ་ལ།། ཕྱི་མའི་སྦྱར་བ་ཅུང་ཞིག་བླུགས། མུ་ནི་ཅུང་ཟད་ཞུ་གྱུར་ནས། ནམཁའི་མདབ་མ་བཅུག་ནས་བཞུ།། ཕྱི་ནས་ཕྱི་ནི་ས་ལ་སྤྲམ།། དེ་ལམ་ཀ~ཾ་ཀི ་ཡང་གཞག། དངུལ་དང་ཟངས་ཀྱང་དེ་ནས་བཞུགས།། ། དེ་བཞིན་ལྕགས་ཀྱང་ལྔ་འགྱུ་རོ།། གཞན་ཀུན་དྲུག་འགྱུར་བ་ཞུ་བྱས་ནས།། ཉི་མའི་འོད་དང་མཉམ་པར་འགྱུར།། དེ་ཡི་རི་བིས ་གཞན་ཕུང་ཆེན།། མཁས་པར་བསྒྱུར་བར་བྱེད་པ་ཡིན།། མན་བཅས་ཕྲ་ཞིང་བསྒྱུར་ནུས་ན།། དངུལ་ཆུ་གྲུབ་པ་རེ་ཤེས་པར་བྱ།། མ་ཧེ་རང་དང་བཅས་པ་ཡི།། སྨྱོ་ཡི་འོ་མས་རྡོ ་བས་པ། བྱི་བ་མཆུ་རིངས་ཁྭ་དང་ནི།། གྲུབ་པའི་དངུལ་ཆུ་ནང་དུ་གཞུག། འདི་དང་དངུལ་ཆུ་འདྲེས་གྱུར་ན།། མར་ཀ་ཏ་ལ་སོགས་པའང་འཇུ།། ཀུ་རུ་ཀུལླེའི་རྣལ་འབྱོར་པས།། མི་གི་ཕྱིར་ནི་མུ་ཏིག་གཞུ། ་རྟག་ཏུ་གཟིགས་མ་རྩ་ཟོས་མ།། བུད་མེད་བརྒྱ་ལ་འདོད་པ་སྤྱོད།། མཚན་འདུན་ཙམ་ཞིག་སྦྱར་བས་ནི།། བརྟུལ་ཞུགས་ཅན་ནི་མཁའ་སྤྱོད་འགྱུར།། དངུལ་ཆུ་མངའ་སྤྱོད་སྒྲུབ་པའི་རྒྱུད་དོ།། ་ཞ་ཉེའི་རིལ་བུ་བྱས་ནས་ནི།། འབང་བུའི་ས་བོན་སྡོང་དུན།། ཁྲག་འཛག་ཀན་ནུའི་སྣོང་བཙུག་ནས།། ས་སྣོད་དམར་པོར་བཅུག་ནས་ནི།། དངུལ་ཆུ་དང་བཅས་ཞ་ཉིད།། འཆི་བར་འགྱུར་བར་བཅོམ ་མེད།། དེ་དང་དངུལ་ཆུ་སྲང་རེ་བསྲེས།། ཕྱི་ནས་སྲང་ཅིག་དྲུག་ཅུར་སྲེ།། རང་དང་མཉམ་པར་སྒྲུབ་བྱས་ནས།། དངུལ་གྱི་རིལ་བུ་བྱེད་པ་ཡིན།། སྒྲོལ་མས་དངུལ་ཆུ་གྲུབ་གྱུར་ནས།། སན་དོན་བྱེད་རུས་པར ་འགྱུར།། སེན་དོན་ལ་བསོད་ནམས་ཚོགས།། ཚོགས་ལས་བྱང་ཆུབ་མཆོག་ཏུ་འགྱུར།། དངུལ་ཆུ་སྒྲུབ་པའི་རྒྱུད་དོ།། །། བསྟན་པའི་ཀུན་ཏོའི་མེ་ཏོག་སྔོ།། ཙཽ་ཏྲ་ཀ་སྔོན་ཞེས་བྱ་དང་།། རྣལ་འབྱོར་པ ་ཨོཾས་ཟླ་གཅིག་ཏུ།། འོ་མ་དང་འབུངས་ལོ་སྟོང་འཚོ།། སྔགས་ཀྱི་བཀའ་ལས་ནག་པོ་བླང་།། འོད་མེའི་སྣོད་དུ་བཅུག་ནས་ནི།། ཚེས་བརྒྱད་ལ་སྒྲུབ་རྣལ་འབྱོར་པས།། ཉི་ཟླ་སྐར་མ་གནས་ཡང ་འཚོ།། ཡུང་དཔུང་དང་འདྲ་སྙེད་ནས།། འོ་མ་དང་མཉེས་འཐུངས་ནས་ནི།། ཚངས་པ་མདུན་ན་འདོན་མཉམ་པའི།། ཚེ་དང་ལྡན་འགྱུར་བ་ཙོམ་མེད།། དེ་བཞིན་ཤིང་ཆེན་འབྲས་བུ་ཡི།། ཆུ་ཤིང ་འབྲས་བུ་འདྲ་རྙེད་ནས།། གང་དང་གང་ན་གནས་པ་དེར།། གལ་ཏེ་གསོ་སྦྱོང་ལ་གནས་པ།། འོ་མ་དང་མཉེས་འབྲངས་ནས་ནི།། སྐྲ་དཀར་གཉེར་མ་རེངས་པར་འགྱུར།། བཅུད་ཀྱིས་ལེན ་སྒྲུབ་པའི་རྒྱུད་དོ།། བུ་འདོད་པས་ནི་བྷ་གའི་ཤིང་མེ་ཏོང།། བརྟུལ་ཞུགས་གནས་པའི་འོ་མ་དང་འབུངས་ནས།། དེ་ཡི་ཆུང་མ་གསོ་སྦྱོང་ལྡན་བྱས་ཏེ།། འབུངས་ནས་བསྐལ་བཟང་བུ་དང་ལྡན་པར་འགྱུར ་སྔགས་འདི་ཤུ་དག་གི་ནི་འབྲས་བུ་དག། བཏགས་ནས་འོ་མ་དང་ནི་བསྲེ་བྱས་ནས།། གལ་ཏེ་བཙུན་མོ་དང་ཡང་གསོ་སྦྱོང་ལྡན་བྱས་ཏེ།། འབྲངས་མ་རྒྱལ་བའི་མཚན་ལྡན་བུ་འོབ་འགྱུར། ་སྨན་ཞེས་བྱའི་རྩ་བ་གང་གི་འོ་མ་དང་། ཁྲུས་བྱས་འབུངས་ན་བུ་བཙས་འགྱུར།། དོན་གྲུབ་པ་ཡི་སྐུ་འདྲ་ཡོངསུ་རྫོགས་པའི་གཟུགས།། མཚོན་གྱིས་མཚོན་རྣམས་ཀྱིས་ནི་འཇིགས་པ་མེད་པའི་ནི། ་མངའ་ལ་ཤེས་ལ་རྩ་བ་ནས་བཏོན་ནམ།། རྩ་བ་བླངས་ནས་ལན་བདུན་མངོན་བསྔགས་ཏེ།། མགོ་བོ་ལ་ནི་ངེས་པར་བཅིངས་བྱས་ནས།། ལོ་གཅིག་རིམས་ནི་མེད་པར་བྱེད་པ ་རྣལ་འབྱོར་པས་ནི་གསར་ཤིང་རྩ་བ་དག། བླངས་ནས་གང་གི་མགོ་ལ་བཅིངས་བྱས་ན།། དེ་ཡི་ཉིན་བཞི་པ་ཡི་གནོད་པ་དག། རིམས་ཀྱིས་ཟིན་པ་རིམས་མེད་འགྱུར།། སོ་ཕག་དུ་བ་ཆང་དང་རྩབ་མོ་དང་། ་ར་གཉིས་པ་མི་རྒྱལ་བའི་ཁུ་བ་བཅས་པ།། ཟངས་མའི་སྣོད་དུ་བྱད་མེད་འོ་མ་དང་མཉེས་ནས།། མིག་ལ་བསྐུས་ན་མིག་གི་ནང་རྣམས་སེལ།། ཤིང་ཐོག་ཨུ་ཙ་ཏ་ཡི་རྩ་བ་བླངས་ནས་ནི། སྔགས་འདི ་བརྒྱ་ཕྱེད་བར་དུ་བཟླས་ནས་སུ།། ཇི་ལྟར་ལོང་པའི་འོ་མ་ང་འཐུངས་ན། དམ་པའི་མི་དབང་དེའི་མཚན་ལ་རུང་ནས།། ནག་ལ་ཞེས་བྱ་བར་རབ་གྲགས་པ།། དེའི་འོ་མ་ངག་དང་ལྡན་བྱས་པ།། དེས་ནི་མཚན ་མ་སྟོབས་བསྐྱེད་བུ་འཕེལ་བྱ་ཆེ་བསྐྱེད།། སྔགས་འདི་བརྒྱ་ད་བར་དུ་བཟླ་སུའོ།། གི་ཝང་དང་ནི་སོ་མ་སྐྱེས་པའི་ལྷ།། མེ་ཡི་དབང་པོའི་རྩ་བ་རྒྱུ་སྐར་བཟང་པོ་ལ།། དེ་ཡི་པྲལ་བར་ཐིག་ལེ་བྱས་ནས ་ནི།། ཐིག་ལས་དེ་མཐོང་འཇིག་རྟེན་གསུམ་དབང་བྱེད།། ཤི་བའི་རོ་ཡི་མིག་དང་སྙིང་དང་ལྕེ་དག་དང་།། དཔྲལ་བ་དང་ནི་དེ་བཞིན་སྣ་དག་དང་།། བླངས་ན་སྐར་མ་རྒྱལ་ལ་ནི།། ཏིལ་མར་ལ་བཅོས་སྐྱེ་བོ་དབང ་བྱེད།། སྦྲུལ་གྱི་དབང་པོའི་མགོ་བོའི་མིག་སྨན་དང་།། མིག་ངན་གཅོད་དང་མེ་ཏོག་ཞེས་བྱའི་ཁྲག། མིག་སྨན་དེ་ཡིས་མིག་ལ་བསྐུས་བྱས་ན། རྒྱལ་པོའི་བཙུན་མོ་དབང་དུ་བྱེད་པར་འགྱུར།། སྔགས་འདི་བརྒྱ ་བྱང་རྐང་པ་སར་བཞག་ན།། ས་ཡི་ནང་ན་ཡོད་པའི་ནོར་སུ་ལ་ན།། ནང་པ་དང་དུ་བཞག་པ་ཡོད་འགྱུར་བ།། དེ་ན་གཏེར་དག་ཡོད་པར་ཤེས་པར་བྱ།། ནང་པའི་བོལ་འགུལ་ནི་ནི་ཉེ་བར་འགྱུར།། རྐང་མཐིལ་མཐུས ་ན་རིང་ན་གནས་པ་ཡིན།། གང་ན་གཏེར་ཡོད་ཟེར་བ་བོས་པ་མངོན་བྱས་ནས།། རིག་པ་འཛིན་པས་ཉིན་རེ་བཞིན་ནི་འོག་ཏུ་བལྟ།། བྱིས་པ་མཆུ་རིངས་ཕྱི་མ་ནི།། གུ་གུལ་བཅས་པ་བྱུགས་ཙམ་གྱིས།། ་གླང་ཆེན་མྱོས་པས་གསལ་ཞིང་བདེ་བར་འབྱུང་བར་འགྱུར།། ཤིན་ཏུ་གནག་པའི་ཁྱི་མོ་ཡིས།། འོ་མ་བསྲུབས་ནས་མར་སར་གྱིས། བསྡུས་ནས་རྔ་ལྤགས་ལྷམ་གོན་ནས།། ཆུ་ཡིས་སྦེད་ནས་འགྲོ་བར ་འགྱུར།། ས་བཀོང་ཚ་ཉའི་ཚེར་མ་དག། བསྡུས་ནས་ཚང་ཚིང་ཁྱིམ་སྦས་ན།། ཆང་རྣམས་བརླག་ཏེ་ཕྱུང་ནས་སུ།། བཟང་པོ་ཉིད་དུ་འགྱུར་བ་ཡིན།། རྫ་མཁན་རྫ་མ་བསྲེགས་པའི་མེ།། བོག་གིས ་བཅག་པའི་ཤིང་བཙུགས་ནས།། དོ་མ་འབར་བར་མི་འགྱུར་ཏེ།། ཆང་བླུགས་ན་སླར་འབར་བར་འགྱུར།། ཟོང་ལ་གོང་སུན་སྔགས་བཟླས་ནས།། སྔོན་བསྔགས་ཚོང་བ་རྣམས ་བསྟན་ན།། རྣལ་འབྱོར་པ་ཡི་ཚོང་འགྲུབ་ཅིང་།། ཚོང་པ་རྣམས་ལ་ཁེ་ཆེར་རྙེང་།། ཆང་གི་ས་བོན་བྱེད་པ་ལ། སྤྲེའུ་ཡི་མི་ག་གཙང་བཅུག་ནས།། ཆང་སྣོད་བཅས་པ་བརླག་པར་འགྱུར། ་འགུ་ལས་འགྲུབ་སྤྱང་དུ་རུང་།། བ་གུ་ལ་ཡི་ཆུས་བཀྲུས་ན།། བྱིས་པ་མ་མས་བླངས་ནས་ནི།། འབྱུང་པོ་སྒྲ་ཡོས་འདུག་བྱས་ནས།། ངུ་སྨྲིག་བཀོན་པས་སོས་པར་འགྱུར།། བྱིས་པ་ནུ་ཞོ་འབྲངས་སྒྲུབ ་ན།། རྨ་བྱའི་སྒོ་བསྲེགས་ཐལ་བ་ཡིས།། མགུལ་བ་བཅིངས་པ་བྱས་ན་ནི།། སྦྱོར་བ་མཆོག་གིས་སླར་སོས་འགྱུར།། ཡ་དག་བ་ཀ་ནི་ཆོ་ག་དང་།། ལྡན་པའི་ཞ་ལ་བྱང་དུ་སྨཻ་བྱས་ནས།། ཁི་ཡི་ནང་དུ་ཆུག ་ནས་འདུག་ནི་ནོ།། འཆིང་དང་མཚོན་མ་མི་བྱམས་པ་ལས་བར།། ཀཱ་མ་ར་ཡ་ཡི་གོ་རྣམས་དང་ལྡན།། ཡི་གེ་ཀུན་ཀྱང་ཨེ་ཡིས་བརྒྱན་པ་ལ།། ཡང་དག་ཀ་བ་ཀའི་མཐའ་མར་ནི།། སྒོང་བཞི་དང་ཚད་གསུམ ་གཉིས་གཉིས་སྦྱིན།། དད་ཏིལ་ཨུད་པ་ལ་སར་པུ་ཀ་དང་།། ནི་ཚུལ་དང་འགི་རི་ཀར་ནི་ཆུས།། ལན་འདུན་བར་དུ་བཀྲུས་པའི་ཞ་ཉ་ཡི།། བྱང་བུ་པ་ནི་བློ་དང་ལྡན་པས ་བྲི། ཤིང་སྒྲོགས་ལྕག་སྒྲོག་ཁྲི་རང་གཡུལ་ངོ་རུ།། མཚོན་ཆའི་ཆར་འབབ་པ་དང་གཞན་དག་ནི།། ཞེ་སྡང་བ་དག་ངེས་པར་འཇོམས་བྱེད་པར།། རྒྱུད་ཆེན་འདིས་ནི་འགྲུབ་པར་འགྱུར་བ་ཡིན།། གང་གིས ་སྔགས་ཀྱི་རྒྱལ་པོ་བྲིས་ནས་ནི།། རིགས་པ་བྱས་ནས་དཔུང་པ་ལ་བཏགས་ན།། དེའི་དབང་ཕྱུག་ནོར་སྦྱིན་པ་དང་མཉམ་པར་འགྱུར།། གཞན་གྱི་མི་འཕྲོག་ནོར་གྱི་གཏེར་ཐོབ་འགྱུར།། ཨོཾ་ཀུ་རུ་ཀུལླེའི་སྭཱ་ཧཱ། ་ལྷུང་བཟེད་ལ་ནི་བཏགས་ནསུ།། ཡུལ་གྱི་མུ་གེ་བྷྱ་བའི་ཚེ།། སློངས་མོ་པས་ནི་གསོད་སྙོམས་པོའོ།། ཨུད་པལ་སྡོང་བུའི་ཕྱི་རོལ་འཁྲིགས་པ་ཡིས།། ཁུ་བ་འོ་མ་དང་བཀྲུས་ཐུང་མ ་ཀྱིས་འཐུངས་ན། རང་གི་ལས་ཀྱིས་མངལ་དྲུགས། བདག་ཀྱང་།། དེས་ནི་ངེས་པར་གནས་པར་བྱེད་པ་ཡིན། མ་ག་དྷ་ཡཽ་འབྲས་བུ་ལྔ་ཙམ་ཞིག། འརྟགས་ནས་བུད་མེད་གང་གིའོ ་མ་འཐུངས།། གསང་སྔགས་འདི་ཡི་མཐུ་རབ་ཆེ་བ་ཡི།། དེ་ནི་བདེ་བ་དང་ལྡན་བཅའ་བར་འགྱུར།། ནིམ་པས་བ་དུའོ་མ་ནི་བཏགས་ནས། རྡོ་རྗེ་ཆུ་དང་བསྲེགས་བྱས་ནས།། སྐྱེས་པའི་ཚེ་ན་མངལ་ནི ་བསྐུ་བྱས་ན།། བུད་མེད་དེ་ནི་བདེ་བར་བུ་བཙལ་འགྱུར།། གླང་པོ་མ་ག་ནིའི་ཤུ་དག་བཅས།། རྟ་ཡི་དྲི་དང་མ་ཧེའི་མར་སར་བཅས།། བ་ལ་དང་ལྡན་སྦྱོར་བ་བྱས་ནས་ནི།། ནུ་མ་དག་ནི་སྤྲུག་བྱེད་འཕེལ ་བར་བྱེད།། བཟའ་བ་ཐམས་ཅད་ཟོས་ནས་ནི།། སྭཱ་ནས་ཆུ་ནི་འཐུངས་ནས་ནི།། མགོ་བའི་དུས་མིན་སྐྲ་དཀར་དག། སྔགས་ཀྱི་སྦྱོར་བས་དེ་མེད་འགྱུར།། ཨ་བ་ཤི་ཡི་རྩ་བ་དང་།། ཀ་མ་ཙཀ ་གསེར་ཤིང་འབྲས།། ལྡན་པར་ག་པུར་ཆུས་བཏགས་ནས།། ལུས་མཆོག་བསྐུས་བསྲུབས་མཛུབ་མོ་འཇིགས།། འཁྲིག་པའི་ཆེན་མི་འཛག་ན།། བདག་པོ་མི་གུས་འགྲོ་བར་འདོད།། འཆིང་བ་ཡ་ནི་སྠི ་པར་འདོང་།། དེ་འཛག་བྱ་ཕྱིར་དེ་ཡིས་བསྐུ།། མཁྲིས་པ་སྦྱོར་ཆ་ངག་ཞིག་ལས།། མར་མེ་སྦར་བར་བྱས་ནས་ནི།། མི་འདོད་པ་ཡང་མྱུར་དུ་འབྱུང་།། དེ་ཡང་མངལ་དུ་ཡུན་རིང་གནས།། རྡོ་རྗེ་མེ་ཡིས་ཁྱིམ་ཚིག་ན།། ་མི་གང་སྔགས་ཀྱི་ཆང་གིས་མཐོར།། མི་ནི་འཆི་བར་གྱུར་ཏོ་ཞེས།། སྦྱོར་བ་འཇིག་རྟེན་དབང་ཕྱུག་གསུངས།། སེམས་ཅན་གང་དག་འཁོར་གནས་དང་།། འཇིག་རྟེན་མགོན་པོས་དེ་སྐད་བསྒྲགས།། རི་ཡི་རྒྱལ ་པོ་ཕོ་ཊ་ལར།། བཅོམ་ལྡན་གཞན་སྡུག་པས་སྡུག་པ།། སངས་རྒྱས་མར་གྱུར་ཅི་ཡང་མེད།། སེམས་ཅན་དོན་རྣམས་སྒྲ་བ་པའི་ཕྱིར།། སྔགས་སྤྱད་མ་ཡིན་ཅི་ཡང་མེད།། ཉམས་པ་སླར ་ཡང་གསོ་བར་བསམ།། བཅོམ་ལྡན་འདས་འཕགས་བ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་བཀའ་སྩ་ལ་ནས།། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་རྫོག་སོ།། ་རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། ལོ་རྱཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྗེས་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚའོ།། ཕྱག་འཚལ་སྒྲོལ ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེསར་བྱེ་བ་ལས་ནི་བྱུང་བ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།། གང་བ་བརྒྱན་བརྩེགས་པ ་